མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མའོ་ཡི་དུར་ཁང་གནས་སྤོར།

བོད་ཀྱི་དུས་བབ།
༢༠༡༡/༠༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

 

ཕྱི་ཚེས་ ༢༢ ཉིན་པའོ་ཞོན་དྲ་བའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དབུས་ཆབ་སྲིད་སྡེ་ཚན་གྱི་དྲུང་ཆེ་ཞིག་གིས་ཉེ་སྔོན་ཆབ་སྲིད་སྡེ་ཚན་གྱི་རྒྱུན་ལས་ཝང་ཐོ་ཀོ་དང་། རྒྱ་ནག་གི་སྲིད་བློན་གཞོན་པ་ཝང་ཀྲི་ཧྲན་གཉིས་གྱིས་རྒྱུན་ལས་ཚོགས་འདུ་ཞིག་གི་ཐོག མའོ་ཙེ་ཏུང་གི་དྲན་རྟེན་དུར་ཁང་དེ་མི་དམངས་དཔའ་བོའི་རྗེས་དྲན་ཁང་དུ་མིང་བསྒྱུར་དང་གནས་སྤོར་བྱ་དགོས་པའི་བསམ་ཚུལ་བཏོན་ཡོད་འདུག 

སྐབས་བཅོ་བརྒྱད་པའི་ཚོགས་ཆེན་རྗེས་གྲོང་ཁྱེར་སྤྱི་ཁྱབ་པར་ལས་འཕར་བྱ་རྒྱུར་རེ་བ་ཡོད་པའི་དྲུང་ཆེ་དེས་བརྗོད་པ་ལྟར་ན། མ་གཞི་ཝང་ཐོ་ཀོ་དང་ཝང་ཀྲི་ཧྲན་གཉིས་ཀྱི་བསམ་ཚུལ་དེར། རྒྱ་ནག་དབུས་ཆབ་སྲིད་འཐུས་མི་མང་ཆེ་བས་རྒྱབ་སྐྱོར་ཐོབ་མེད་ཀྱང་། ཞི་ཅིན་ཕེན་དང་ལི་ཁི་ཆང་སོགས་འབྱུང་འགྱུར་གྱི་མི་རབས་བཞི་བའི་རྐང་འཛིན་དཔོན་རིགས་ཚོས་མོས་མཐུན་བྱས་འདུག རྒྱུན་ལས་མང་ཆེ་བས་མོས་མཐུན་མ་ཐོབ་པ་དེ་ནི། ཧུའུ་ཅིན་ཐའོ་ནི་མའོ་རིང་ལུགས་པ་ཞིག་ཡིན་སྟབས། མའོ་རིང་ལུགས་པ་དག་གིས་རང་ཉིད་ལ་ཁ་རྡུང་དང་གནོན་ཤུགས་སྤྲོད་རྒྱུར་དོགས་པ་རེད། ཉིན་དེར་ཧུའུ་ཡིས་བསམ་ཚུལ་གང་ཡང་བཤད་མི་འདུག་ལ། ཧུའུ་ཡི་ལས་ཁུར་གྱི་དུས་ཡུན་རིང་མའོ་ཡི་དུར་ཁང་ལ་འགྱུར་མ་མི་གཏོང་བ་ཚང་མས་ཤེས་ཀྱི་ཡོད། ཅེས་བརྗོད་ཡོད་འདུག 

དྲུང་ཆེ་དེས་ཞི་ཅིན་ཕེན་དཔོན་སར་བསླེབས་རྗེས་གནད་དོན་དེའི་ཐད་ངེས་པར་དུ་འགྱུར་ལྡོག་འབྱུང་སྲིད་པའི་ངོས་འཛིན་གནང་གི་ཡོད་པ་དང་།  དེ་ནི་ཞི་ཅིན་ཕེན་རྒྱལ་སྲས་ཚོགས་པའི་ཤོག་ཁག་གི་མི་ཡིན་པས་རྒྱུ་མཚན་གྱིས་མའོ་ལ་མ་དགའ་བ་ཞིག་མ་ཡིན་པར། མའོ་ཡི་དུར་ཁང་གནས་སྤོར་དང་མིང་བསྒྱུར་བྱ་དགོས་དོན་ནི། དམངས་སེམས་གཅིག་བསྡུད་བྱ་ཐུབ་མིན་གྱི་གནད་དོན་ཞིག་ཆགས་ཡོད་པར་མ་ཟད། ལོ་རྒྱུས་ཁྲོད་རང་ཉིད་ལ་སྙན་གྲགས་རྒྱས་བྱེད་ཅིག་ཏུ་འགྱུར་གྱི་ཡོད་སྟབས། ཞིས་ཅིན་ཕེན་གྱིས་གོ་སྐབས་དེ་འཆོར་དུ་འཇུག་གི་མ་རེད་ཟེར།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

ཆུ་ཚོད་ ༡༢ སྔོན་ལ།
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠
བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༡༧/༧/༡༩
Mobile App

དཔའ་བོའི་མངོན་འདོད་རྒྱུན་མཐུད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་མགོ་བཙུགས།

༢༠༢༦/༠༧/༡༩
Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

༢༠༢༦/༠༧/༡༨

མཆན། 6

  1. tenzin says:
    ལོ་ 15 སྔོན།

    མའོ་ནི་ད་ཚོད་སེམས་མེད་བེམ་པོར་འགྱུར་ཟིན། གལ་སྲིད་ཁོ་ལ་རླུང་རྟ་རྒྱུགས་ནས་མི་ལུས་ཞིག་འཐོབ་ཡོད་ཚེ་རང་ཉིད་ཀྱི་རང་ལ་འཁང་ར་བྱེད་ཀྱི་ཡོད་པ་ཁོ་ཐག་རེད། སྐྱག་ཟན་མའོ་ཡི་སྐྱག་རོ་དེ་ད་དུང་ཉར་ན་དྲི་མ་ཚ་རོ་ལས་མེད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ང་ནི་རྒྱ་རིགས་དང་རྒྱ་མིའི་འབུ་སྲིན་གཅིག་ལ་ཡང་གནོད་འདོད་མེད་ནའང་། རྒྱ་རོ་མའོའི་རོ་འདི་མེད་པ་བཟོ་འདོད་ཡང་ཡང་ཡོང་བགྱིད་འདུག འདི་ཅི་ཡིན་ནམ། ང་ཆུང་དུས་མ་འོས་སྡིག་རྩུབ་གོ་དྲགས་པ་དང་། ཡང་ན་ཁོས་སྡིག་པ་བསགས་དྲགས་པ་དང་། ཡང་ན་ད་ལྟའི་རྒྱ་ཡི་གཞུང་འཛིན་པ་དེ་ཚོས་མའོའི་འདྲ་དཔར་ཤོག་དངུལ་ལ་སྤར་བས་ང་དང་ཤར་ཕྱོགས་པ་མང་པོ་གནོད་པ་འདིས་ཡིན་ནམ།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    མའོའི་རོ་རུལ་མེར་བསྲེག་གཏོང་དུས། དུ་བ་ཁ་སྣར་མ་འགྲོ་བར་གྱིས།

    Reply
  4. རིགས་བཟང་། says:
    ལོ་ 15 སྔོན།

    བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་ཤེས་ཞེས་གསུངས་པ་དངོས་ནས་བདེན་པ་རེད།
    མའོ་མེད་ན་ང་ཚོ་ལ་ད་ལྟའི་གནས་བབས་འདི་འདྲ་ཞིག་ཡོད་མི་སྲིད་། ལྷའི་བརྒྱ་བྱིན་དངོས་སུ་མ་བྱོན་ན།

    Reply
  5. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    དུར་ཁང་དེ་སྐྱག་ཁང་ལ་བསྒྱུར་དགོས་པ་རེད།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    མའོ་སྡིག་ཆེན་གྱི་རོ་དེ། གད་སྙིགས་མཉམ་དུ་གང་མགྱོགས་མེར་བསྲེག་ཐུབ་ན། གླིང་ཕྲན་ཨེ་ཤི་ཡེའི་ཁོར་ཡུག་གཙང་མ་བཟོ་ཡ་ལ་ཕན་བགྱིད་རེད། དུར་ཁང་དེ་རྩ་མེད་ཤུལ་མེད་དུ་མེད་པར་བཟོ་དགོས་འདུག དེ་ནས་བཟུང་རྒྱ་ནག་ནང་ལ་དམངས་གཙོའི་མཚན་ཉིད་ཚང་བའི་སྐྱ་རེངས་གསར་པ་གཞི་ནས་འཆར་འགོ་བཙུགས་པ་རེད། རྒྱ་མིའི་ལས་བྱེད་མའོའི་རོ་ལ་ཤི་འཐམས་རོ་འཐམས་བྱེད་མཁན་ཚོར་དགོངས་དག་ཞུ་རྒྱུ་དང་བཅས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese