མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆ་རྐྱེན་ཇེ་བཟང་། རྣམ་གཡེང་ཇེ་ཆེ།

བོད་ཀྱི་དུས་བབ།
༢༠༡༡/༠༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༡ ཉིན་གོང་ས་མཆོག་གིས་འབྲས་སྤུངས་བླ་སྤྱིའི་འདུ་ཁང་དུ་དད་ལྡན་སེར་སྐྱ་ ༡༢༠༠༠ ཙམ་ལ་སྒྲོལ་མའི་རྗེས་གནང་དང་རྩ་ཤེ་ཊི་ཀའི་ཟིན་བྲིས་ཀྱི་ཆོས་འབྲེལ་མགོ་འཛུགས་གནང་འདུག

སྐབས་དེར་༧གོང་ས་མཆོག་གིས། ང་ཐེངས་འདིར་འབྲས་སྤུངས་དང་དགའ་ལྡན་ལ་བཅར་དགོས་དོན་གཙོ་བོ་ནི། ལོ་རྒྱུས་ལྡན་པའི་བཤད་གྲྭ་ཆེན་པོ་འདི་གཉིས་ཀྱི་ཕྱིའི་མཐུན་རྐྱེན་ཇེ་བཟང་དང་ནང་གི་རྣམ་གཡེང་ཇེ་ཆེར་འགྲོ་བཞིན་ཡོད་པ་གོ་རྒྱུ་འདུག སློབ་གཉེར་ལ་འཐུས་ཤོར་ཕྱིན་པ་མངོན་གསལ་དོད་པོ་མིན་ཡང་། རིམ་གྱིས་ལོ་ནས་ལོ་བསྟུད་དེ་འཐུས་ཤོར་ཕྱིན་ན་སླར་གསོ་བྱ་རྒྱུ་དཀའ་ལས་ཁག་པོ་ཡིན། ཞེས་དང་གསུངས་འདུག

ཁོང་གིས་སོག་རིགས་གྲྭ་རྒྱུན་ཚོར་དམིགས་ཏེ་བཀའ་གནང་དོན། དེ་རིང་འདིར་སོག་པོ་གཞུང་གི་ཕྱི་སྲིད་བློན་ཆེན་ཡང་ཕེབས་ཡོད། ཁོང་འདིར་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སོག་པོ་དང་བོད་གཉིས་བར་ལོ་ངོ་བརྒྱ་ཕྲག་མང་པོའི་འབྲེལ་བ་ཡོད། སོག་པོའི་གྲྭ་རྒྱུན་ཚོ་སྒོ་མང་གྲྭ་ཚང་དང་དམིགས་བསལ་གྱི་འབྲེལ་བ་ཡོད། ངོས་ལ་རྒྱལ་བ་རིན་པོ་ཆེའི་མིང་ཡོད་པའི་ཆ་ནས་གྲྭ་ས་འདི་ཞེས་དམིགས་སུ་བཀར་ནས་བཤད་རྒྱུ་མེད། འོན་ཀྱང་ང་རང་སྐྱེས་ཡུལ་གྱི་ཆ་ནས་བཤད་ན་ཨ་མདོ་བ་ཡིན། རྗེ་རིན་པོ་ཆེ་དང་ཕ་ཡུལ་གཅིག་པ་རེད། སྤྱིར་བཏང་འབྲས་སྤུངས་ལ་ཆ་བཞག་ན་སྒོ་མང་དེའི་ནང་ནས་སྟག་འཚེར་རིན་པོ་ཆེ་གཙང་པ་ཁང་ཚན་རེད། དེར་བརྟེན། གཙང་པ་ཁང་ཚན་གྱི་གྲྭ་རྒྱུན་ཞིག་ཡིན། ཞེས་གསུངས་འདུག

ཡང་ཁོང་གིས་བོད་ནས་གསར་དུ་ཕེབས་པ་ཚོར་གཟིགས་ཏེ། དེང་སྐབས་དཔལ་འབྱོར་ཡར་རྒྱས་འགྲོ་བ་དང་། ཕྱིའི་འཕྲུལ་རིགས་དང་ཚན་རྩལ་དར་རྒྱས་འགྲོ་བཞིན་ཡོད་པའི་སྐབས་འདིར་ནང་སེམས་འདུལ་སྦྱོང་དང་། བསམ་བློ་གཏོང་ཤེས་པ་ཞིག་དགོས་གལ་ཆེ་སྐོར་ཡང་ནན་གྱིས་གསུངས་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

ཆུ་ཚོད་ ༤ སྔོན་ལ།
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤

མཆན། 6

  1. སྤེན་རྡོར། says:
    ལོ་ 15 སྔོན།

    མདའ་འཕངས་ས་དེ་ལ་ཕོག་གི་ཡོད་ས་རེད། དོན་འགྲུབ་བཀྲ་ཤིས་ཀྱིས་རྣམ་པ་ཇི་ལྟ་བ་བཞིན་དུ་བྲིས་ཡོད་པ། ཤར་ཕྱོགས་ཁུག་རྟ་མིང་ཅན་གྱིས་དེ་ལྟ་བ་ཉིད་དུ་གོ་འདུག ཧ་ཧ་ཧ་ཧ་་་་་་་་་་་་་་

    Reply
  2. མེ། says:
    ལོ་ 15 སྔོན།

    རྩོམ་སྒྲིག་པ་ལགས། གསར་འགྱུར་འགོད་དུས་ཉམས་འཇོག་བྱ་རྒྱུ་གལ་ཆེ། ཁ་སང་གསར་འགྱུར་ཞིག་གི་ནང་དུ་༸གོང་ས་མཆོག་གིས་འབྲས་སྤུངས་ཀྱི་འདུ་ཁང་གསར་བ་དབུ་འབྱེད་གནང་ཚུལ་ཞིག་བཀོད་འདུག་ལ། གོང་འཁོད་གསར་འགྱུར་འདིའི་ནང་དུའང་༼སྤྱིར་བཏང་འབྲས་སྤུངས་ལ་ཆ་བཞག་ན་སྒོ་མང་དེའི་ནང་ནས་སྟག་འཚེར་རིན་པོ་ཆེ་གཙང་པ་ཁང་ཚན་རེད། དེར་བརྟེན། གཙང་པ་ཁང་ཚན་གྱི་གྲྭ་རྒྱུན་ཞིག་ཡིན།༽ཞེས་བཀོད་པ་ནི་ནོར་བ་རེད། འབྲས་སྤུངས་ཀྱི་འདུ་ཁང་གསར་བ་ཞིག་དབུ་འབྱེད་གནང་བ་མིན་པར་ར་སྟོད་གྲྭ་ཚང་གི་འདུ་ཁང་དབུ་འབྱེད་གནང་བ་རེད། འབྲས་སྤུངས་སྒོ་མང་ལ་ཁམས་ཚན་བཅུ་དྲུག་ཡོད་པའི་ཁོངས་སུ་གཙང་པ་ཁམས་ཚན་ཟེར་བ་ཞིག་མེད་པས་དེའང་འགོད་ནོར་ཐེབས་འདུག ཁོང་གིས་སྟག་འཚེར་རིན་པོ་ཆེ་བསམ་བློ་ཁམས་ཚན་རེད། དེར་བརྟེན་ང་ཡང་བསམ་བློ་ཁམས་ཚན་གྱི་གྲྭ་རྒྱུན་ཞིག་ཡིན་ཞེས་གསུངས་པ་རེད།

    Reply
  3. ཤར་ཕྱོགས་ཁུག་རྟ། says:
    ལོ་ 15 སྔོན།

    ཞིབ་རྒྱས་དོན་གྲུབ་བཀྲ་ཤིས་ཀྱི་གསུངས་མི་འདུག་ག ཧཧཧཧཧ མཎྟལ་ལྗགས་བཟོ་བཤད་ཡིད་ལ་དྲན་ནི་ཟིག་རེད

    Reply
  4. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    དྲ་གྲོགས་ཤེལ་དཀར་བློ་བཟང་ལགས། ཉིད་ཀྱིས་གསུངས་པ་ལྟར། ༧གོང་ས་མཆོག་གི་བཀའ་གསུང་ནི་རྒྱ་མཚོ་ལྟར་གཏིང་ཟབ་ཅིང་། ནམ་མཁའ་ལྟར་རྒྱ་ཆེ་ན་ཡང་། ང་རང་ཚུད་པའི་སྙིགས་མ་ལྔ་བདོའི་མི་སྲིན་སྐྱེས་པོའི་ཚོགས་རྣམས་ལ། ལེ་ལོ་དང་རྣམ་གཡེང་། སྒྱིད་ལུག་བཅས་ཀྱི་དབང་གིས་སྤྱན་རས་གཟིགས་དབང་མི་ཡི་རྣམ་གར་རོལ་བ་༧གོང་ས་ལྷ་མིའི་རྣམ་འདྲེན་མཆོག་གི་ཟབ་གསལ་གསུང་གི་བདུད་རྩིར་རོལ་བ་བསོད་ནམས་ཀྱིས་བསྐལ་བར་གྱུར་བས་ན། འདི་ལྟར་ཚིག་ཉུང་ཞིང་དོན་འདུ་བ། ཁ་གསལ་ཞིང་ཀློག་བདེ་བའི་ཚུལ་དུ་བཀོད་པ་ལེགས་ན། དེ་དོན་གྱིས་གུ་ཡངས་དང་དགོངས་བཞེས་གནང་རོགས།
    འོན་ཀྱང་སྐུ་ཉིད་ཀྱིས་རྒྱས་པར་གཟིགས་འདོད་ན་བོད་གཞུང་དྲ་རྒྱ་སོགས་སུ་ཕེབས་དང་། དེ་ཀར་ཧ་ཅང་ཞིབ་རྒྱས་སུ་ལྷུག་འདུག

    Reply
  5. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    བརྩེ་ཆེན་ཕ་མས་བུ་ལ་རྗེས་གདམ་བཞིན། །དེང་འདིར་མགོན་པོ་མཆོག་གི་གསུང་གྲོལ་རྣམས། །སྙིང་དང་རྣ་བའི་བདུད་རྩི་ཞུན་མ་དག །གངས་ཅན་རབ་བྱུང་རྣམས་ཀྱིས་ཅིས་མི་ཉན། །སྐུ་ཚེ་གང་པོར་གངས་ཅན་པའི་དོན་དུ། །ངལ་བ་ཀུན་སྤངས་མཛད་པའི་ཁུར་ཁྱེར་བ། །མགོན་པོ་ཆེན་པོ་མིག་མི་འཛུམ་པ་གང། །ཇི་སྲིད་ནམ་མཁའ་གནས་བར་ཞབས་བརྟན་གསོལ། །ཁ་དང་ཚིག་ཙམ་གསོལ་བ་མ་ཡིན་པར། །གཞིས་བྱས་གངས་ཅན་ཡོངས་ཀྱི་མགོན་པོ་ཁྱེད། །དུས་ཀྱི་གཉན་འཕྲང་འདི་ལས་མ་བརྒལ་བར། །གངས་ཅན་གདུལ་བྱའི་རེ་བ་མི་བཏང་གསོལ། །གཞིས་བྱེས་ཡོངས་ཀྱི་སྙིང་གི་འདོད་པའི་དོན། །མགོན་ཁྱེད་ཞལ་མཇལ་གསུང་ཐོས་ལས་ལྷག་པའི། །སྒྲུབ་བྱ་གཞན་དུ་འཚོལ་བ་མེད་པ་འདི། །མགོན་པོ་ཁྱེད་ཀྱི་ནམ་ཡང་མི་འདོར་གསོལ། །ནགས་ཕྱོགས་ཀླ་ཀློའི་མཐུ་དཔུང་ཕྱིར་གཞིལ་ནས། །ཆོས་ལྡན་པོ་ཏ་ལ་ཡི་གྷནྡོ་ལར། །གཞིས་བྱེས་ལྷན་དུ་འཛོམ་པའི་སྐལ་བཟང་འབུམ། །རང་དབང་རྫོགས་ལྡན་གསར་པ་མྱུར་འཁྲུངས་སྨོན།

    Reply
  6. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    གསར་འགོད་པ་ལགས།
    ༸གོང་ས་མཆོག་གི་གསུང་ནི་ཟབ་ཅིང་རྒྱ་ཆེ་བ་ཞིག་དང་ཀུན་ལ་ཕན་པའི་རང་བཞིན་ཅན་ཞིག་ཡིན་པས་འདི་ལས་རྒྱས་ཙམ་འདོན་སྤེལ་གནང་ཐུབ་ན་ཡག་པོ་འདུག
    ས་བཅད་མ་སྟོང་ཙམ་ཞིག་སྤེལ་པས་ཕན་ཐོག་དེ་ཙམ་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese