མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉམས་མྱོང་དང་ཤེས་ཡོན་གཉིས་ཀ་ཡག་པོ་དགོས་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

བོད་རང་དབང་སློབ་ཕྲུག་ཚོགས་པའི་ངྷ་ས་ས་གནས་ཚོགས་གཙོ་ཟུར་བ་བསྟན་འཛིན་ཆོས་དབྱངས་ལགས་སུ་བཀའ་བློན་ཁྲི་པའི་འོས་མི་གསུམ་དང་འབྲེལ་ཏེ་བཅར་འདྲི་ཞུས་སྐབས། ཁོང་གིས་སྐབས་གསུམ་པའི་བཀའ་བློན་ཁྲི་པར་རབ་བྱུང་ན་ཉམས་མྱོང་དང་ཤེས་ཡོན་གཉིས་ཀ་ཡག་པོ་ཡོད་མཁན་ཞིག་དགོས་ཀྱི་འདུག་ཟེར།

དྲི་བ། སྐུ་ཉིད་ཀྱིས་སྐབས་གསུམ་པའི་བཀའ་བློན་ཁྲི་པར་ཉམས་མྱོང་ཅན་དང་ཤེས་ཡོན་གཉིས་ལས་གང་གལ་ཆེ་བར་མཐོང་གི་འདུག་གམ།

ལན། ངས་བསམ་པར་རབ་བྱུང་ན་ཤེས་ཡོན་དང་ཉམས་མྱོང་གཉིས་ཀ་ཡག་པོ་ཡོད་མཁན་ཞིག་དགོས་ཀྱི་འདུག དཔེར་ན་ཉམས་མྱོང་རྐང་གཅིག་ཀྱང་མེད་པར་ཤེས་ཡོན་ཡག་པོ་ཡོད་ནའང་དེ་ལ་དཀའ་ངལ་ཞིག་ཡོད་ལ། ཡང་ཉམས་མྱོང་ཚད་མཐོན་པོ་ཡོད་ནའང་ཤེས་ཡོན་མེད་ན་ཡང་དཀའ་ངལ་ཡོད། དེ་གཅིག་རེད། ཡང་ད་ལྟའི་ང་ཚོའི་སྤྱི་ཚོགས་ནང་ཧ་ལམ་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སུ་ཉམས་མྱོང་ཡོད་པ་ལས་ཤེས་ཡོན་མེད་པ་དང་། བློ་བཟང་སེང་གེ་ལགས་ནི་ཤེས་ཡོན་ཅན་ལས་ཁོང་ལ་ཉམས་མྱོང་མེད་པའི་ལྟ་སྟངས་ཤིག་སླེབས་ཀྱིན་འདུག ངས་བལྟས་ན་དེ་ནོར་འཁྲུལ་ཆེན་པོ་ཞིག་རེད། བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་མཚོན་ན་ད་ལྟ་སེ་ཀྲན་ཧྥོར་ཌི་གཙུག་ལག་སློབ་གྲྭ་ཆེན་མོ་ (Stanford University) རུ་དགེ་རྒན་གནང་བཞིན་པ་རེད། འཛམ་གླིང་ནང་དང་ཨ་རིའི་ནང་གི་སློབ་གྲྭ་ཆེན་མོ་ཞིག་གི་དགེ་རྒན་གནང་རྒྱུར་སྤྱིར་བཏང་བའི་སློབ་སྦྱོང་ཙམ་ལས་མེད་མཁན་ཞིག་དགེ་རྒན་དུ་བསྐོ་བཞག་བྱེད་མི་སྲིད། དེ་བཞིན་བློ་བཟང་སེང་གེ་ལྟ་བུ་ཡིན་ན་རྩ་བའི་ཆ་ནས་ཤེས་ཡོན་སློབ་སྦྱོང་གི་ཆུ་ཚད་མཐོན་པོ་ཡོད་ཐོག ཉམས་མྱོང་མི་འདུག་ལབ་ན་ཁོང་གིས་ས་གནས་མང་བོར་སྐོར་སྐྱོད་གནང་བ་དང་ཤེས་ཡོན་ཅན་དང་མཁས་དབང་མང་བོ་མཉམ་དུ་ཕན་ཚུན་བགྲོ་གླེང་དང་། ཚོགས་འདུ་ཆེ་ཁག་མང་པོའི་སྟེང་དུ་བཅར་བ་སོགས་བྱུང་ཡོད། དེར་བརྟེན་སྤྱིར་བཏང་ནས་ང་ཚོས་ཤེས་ཡོན་དང་ཉམས་མྱོང་ལས་གང་གལ་ཆེ་བ་རེད་ཟེར་དུས་ལྟ་སྟངས་འཁྲུག་ཚར་བ་རེད་སྙམ།

 

དྲི་བ། བློ་བཟང་སེང་གེ་ལགས་ཀྱིས་ཆིག་སྒྲིལ་དང་གསར་བཏོད། རང་མགོ་རང་ཐོན་བྱ་རྒྱུ་བཅས་ཁོང་བཀའ་བློན་ཁྲི་པར་བསླེབ་ཚེ་རྩ་དོན་ཆེན་པོ་གསུམ་གྱི་སྟེང་ཕྱག་ལས་གནང་གི་ཡིན་གསུང་གི་ཡོད། དེའི་ཐད་དགོངས་ཚུལ་ཅི་ཡོད།

ལན། ང་སྒེར་ངོས་ནས་བློ་བཟང་སེང་གེ་ལགས་དང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གཉིས་ལ་ཉམས་ཞིབ་གང་འཚམ་བྱས་པ་ཡིན་ལ། བློ་བཟང་སེང་གེ་ལགས་ཀྱིས་གསར་བཏོད་ཀྱི་འགྱུར་བ་ཤུགས་ཆེན་པོ་ཞིག་གཏོང་གི་ཡིན་གསུང་གི་འདུག་མོད། སྲིད་ཇུས་ཀྱི་སྟེང་དུ་ཕྱིན་ན་ད་ལྟའི་དཀའ་ངལ་ཆེ་ཤོས་བོད་དང་རྒྱ་ནག་གི་དཀའ་ངལ་དེ་རེད། དེའི་ནང་ནས་བོད་གཞུང་ད་ལྟའི་དབུ་མའི་ལམ་གྱི་སྲིད་ཇུས་སྟེང་དུ་འགྲོ་བཞིན་པ་རེད། ཡིན་ནའང་། ངས་བློ་བཟང་སེང་གེ་ལགས་ཀྱིས་དབུ་མའི་ལམ་གྱི་སྲིད་ཇུས་སྐོར་ལ་གསུངས་པ་དག་ད་ལྟའི་བཀའ་བློན་ཁྲི་པ་དང་བོད་གཞུང་གིས་གནང་བཞག་པ་རྣམས། མུ་མཐུད་དེ་གནང་རྒྱུ་ཙམ་ལས་དེའི་ནང་དུ་དམིགས་བསལ་གྱི་གསར་བཏོད་གང་ཡང་མཐོང་མ་སོང་། ང་ཚོར་གསར་བཏོད་དགོས་ཀྱི་ཡོད་ན་ད་ལྟའི་ཆབ་སྲིད་ཀྱི་དཀའ་རྙོག་འདི་ལས་གྲོལ་ཐུབ་པའི་གསར་བཏོད་ཅིག་དགོས་ཀྱི་ཡོད་ལ། དེ་ལྟ་བུའི་གསར་བཏོད་ཅིག་ངས་མཐོང་གི་མི་འདུག གསར་བཏོད་གསུངས་པ་ཙམ་གྱིས་མི་འགྲིག་པར་བོད་རྒྱའི་ཆབ་སྲིད་ཀྱི་གནས་བབ་ཆེད་དུ་གསར་བཏོད་འདི་འདྲ་ཞིག་གནང་གི་ཡིན། ཤེས་ཡོན་གྱི་ཆེད་དུ་འདི་འདྲ་ཞིག་གནང་གི་ཡིན། ཚོང་ལས་དང་གཞིས་ཆགས་ཁག་ཏུ་གསར་བཏོད་འདི་འདྲ་ཞིག་བྱ་རྒྱུ་ཡིན་ཞེས་གསུང་དགོས་ཀྱི་འདུག ཉེ་ཆར་བློ་བཟང་སེང་གེ་ལགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་གིས་བཅར་འདྲིའི་སྐབས་འདི་འདྲ་ཞིག་གསུངས་སོང་། དཔེར་ན། ཧོང་སུར་ལྟ་བུ་ཡིན་ན་གླང་ཆེན་མང་བོ་སླེབས་ཀྱི་འདུག དེ་འགོག་རྒྱུར་ཐབས་ཤེས་བྱ་རྒྱུ་ཡིན་ཟེར། དེ་འགོག་རྒྱུར་བོད་གཞུང་གིས་ད་ལྟའི་བར་དུ་ཐབས་ཤེས་མ་གནང་བ་དེ་འདྲ་མ་རེད། ད་ལྟ་བར་དུ་དུང་བྲུས་པ་དང་གློག་གཏོང་བ་སོགས་ཐབས་ཤེས་མང་བོ་ཞིག་གནང་ཚར་འདུག དེར་བརྟེན་བློ་བཟང་སེང་གེ་ཙམ་མ་ཟད་སུས་གསར་བཏོད་ཀྱི་སྐོར་གསུང་གི་ཡོད་ནའང་། ཐད་ཀར་དུ་ངས་ཆབ་སྲིད་ཀྱི་ཐད་ནས་གསར་བཏོད་འདི་འདྲ་ཞིག་དང་ཤེས་ཡོན་སྲིད་ཇུས་ཀྱི་ཆེད་དུ་གསར་བཏོད་འདི་འདྲ་ཞིག་བྱ་རྒྱུ་ཡིན་ཞེས་གསུང་དགོས་ཀྱི་འདུག་མོད། བློ་བཟང་སེང་གེ་ལགས་ཀྱིས་དེ་ལྟར་གསུངས་པ་ཞིག་མ་མཐོང་སྟབས། ཁོང་གིས་གསར་བཏོད་གང་འདྲ་ཞིག་གནང་མིན་ཐད་ང་ལ་གདེང་ཚོད་བསླེབ་ཐུབ་ཀྱི་མི་འདུག

 

དྲི་བ། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་ཁོང་ལ་དཀའ་ངལ་མ་ཡོང་སྔོན་ནས་གྲ་སྒྲིག་བྱ་རྒྱུ་དང་ཐབས་ཤེས་བྱ་རྒྱུའི་ཆ་རྐྱེན་ཞིག་ཚང་ཡོད་གསུང་གི་འདུག དེའི་ཐད་དགོངས་ཚུལ་ཅི་ཡོད།

ལན། ངས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་གསུང་པ་དེ་བཞིན་རེད་བསམ་གྱིན་འདུག དཔེར་ན། ༡༩༨༠ གྱ་གྲངས་ནང་གཞུང་ངོས་ནས་རྒྱབ་སྐྱོར་ཤུགས་ཆེན་པོ་མེད་ནའང་། ཨ་རིའི་ནང་མི་མང་གིས་རྒྱབ་སྐྱོར་ཤུགས་ཆེན་པོ་བསླེབ་ཡོང་དུས་བཀྲས་མཐོང་ལགས་ཀྱིས་གོ་སྐབས་དམ་འཛིན་བྱས་ཏེ། བོད་ཀྱི་རྩ་དོན་ཐོག་ལས་དོན་མང་བོ་ཞིག་བསྒྲུབས་པ་དང་ཕན་ཐོགས་ཀྱང་བྱུང་འདུག ཡང་ ༡༩༩༠ གོ་གྲངས་ནང་དུ་ཨ་རིར་བོད་མི་ཆིག་སྟོང་གཏོང་རྒྱུའི་ལས་གཞི་ལྟ་བུར་མཚོན་ནའང་ཁོང་གིས་གོ་སྐབས་ཤིག་ལེན་ཐུབ་པ་བྱུང་ཡོད། དེ་ཆབ་སྲིད་ཀྱི་གནད་འགག་ཅིག་རེད་བསམ་གྱིན་འདུག བཀྲས་མཐོང་ལགས་ཀྱིས་རྒྱ་ནག་གིས་ད་ལྟ་ནས་རྒྱལ་དབང་སྐུ་ཕྲེང་བཅོ་ལྔ་པའི་སྐོར་ལ་དམིགས་འབེན་ཆེན་པོ་ཞིག་བཟུང་ཡོད་སྟབས། གལ་སྲིད་ཁོང་བཀའ་བློན་ཁྲི་པར་བསླེབ་ན་དམིགས་བསལ་གྱིས་༧གོང་ས་མཆོག་གི་སྐུ་ཕྲེང་རིམ་བྱོན་གྱི་ཐོག་ཏུ་ཤུགས་རྒྱག་གི་ཡིན་གསུང་གི་འདུག ཁོང་གི་སྐུ་ཕྲེང་རིམ་བྱོན་སྐོར་ལ་བརྟན་པོ་ག་རེ་བཟོ་རྒྱུ་འདུག བོད་གཞུང་སྲ་བརྟན་དུ་གཏོང་ཆེད་ད་དུང་ག་རེ་གནང་དགོས་ཀྱི་འདུག དེ་བཞིན་དབུ་མའི་ལམ་ལྟ་བུར་མཚོན་ན་རྒྱ་ནག་གིས་ངོས་ལེན་ཡང་མེད་ལབ་དུས་ང་ཚོས་ངོས་ནས་ཐབས་ཤེས་ཤིག་བྱ་དགོས་ཀྱི་ཡོད་ལ། དེ་ལྟ་བུའི་དཀའ་ངལ་མང་བོ་ཞིག་གི་སྟེང་དུ་ད་ལྟ་ནས་དཀའ་ངལ་དུ་གཟིགས་ཐུབ་པ་དང་། དེའི་སྟེང་དུ་གདོང་ལེན་བྱེད་སྟངས་དང་ཐབས་གསར་བ་འཚོལ་རྒྱུ་ཡིན་གསུང་གི་འདུག དེ་དག་ངས་ཡག་པོར་མཐོང་གི་འདུག

 

དྲི་བ། བཀྲ་ཤིས་དབང་འདུས་ལགས་ཀྱིས་ཁོང་ལ་བཀའ་ཁྲིའི་རྒྱལ་ཁ་འཐོབ་ནའང་། གཞུང་གི་ལས་དོན་ཆེ་ཁག་ལ་འགྱུར་བ་གཏོང་རྒྱུའི་ནུས་པ་དང་དབང་ཚད་གང་ཡང་མེད་པར། གྲོས་ཚོགས་ཀྱི་གཏན་འབེབས་འོག་ནས་འགྲོ་དགོས་གསུང་གི་འདུག དེར་དགོངས་ཚུལ་ཅི་ཡོད།

ལན། དེའི་ཐད་དུ་ངས་བལྟས་ན་ལས་འགན་བསྒྲུབ་སྐབས་གཙོ་བོ་བཀའ་བློན་ཁྲི་པ་རང་ལ་རག་ལས་ཀྱི་རེད་སྙམ། སྤྱིར་བཀའ་བློན་ཁྲི་པའི་འགན་གཙོ་བོ་དེ་བོད་མི་མང་སྤྱི་འཐུས་ཀྱིས་གཏན་འབེབས་གནང་བའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་དེ་རེད། ཡིན་ནའང་། ལག་བསྟར་བྱེད་སྐབས་ལག་བསྟར་བྱེད་སྟངས་རྒྱ་ཆེན་པོ་རེད། དཔེར་ན་རྒྱ་ནག་མཉམ་དུ་སྐད་ཆ་བཤད་དགོས་ཀྱི་ཡོད་ནའང་། སྐད་ཆ་གང་འདྲ་བྱས་ཏེ་བཤད་རྒྱུ་ཡིན་ནམ། བྱེད་ཐབས་གང་དང་གང་ཡོད་དམ། བར་སྐབས་ཤིག་ལ་ཟམ་གདོང་རིན་པོ་ཆེ་མཆོག་གིས་མི་མང་ལ་སྐད་འབོད་མ་གནང་རོགས་གསུངས་པ་རེད། དེ་བཀའ་ཤག་ནས་གསུངས་པ་རེད་མ་གཏོགས་སྤྱི་འཐུས་ཀྱིས་བཀའ་སློབ་གང་ཡང་གནང་གི་མེད། ང་ཚོས་བོད་རྒྱ་འབྲེལ་མོལ་ཡོང་རྒྱུར་དམིགས་ཡུལ་བཅངས་ཡོད་སྟབས་ཐབས་ལམ་དེ་གང་འདྲ་བྱས་ཏེ་འཚོལ་ལམ་ཟེར་དུས། ཐབས་ལམ་དེ་བཀའ་ཤག་གིས་བསམ་བློ་གཏོང་དགོས་ཀྱི་ཡོད། སྐད་འབོད་བྱེད་མཁན་དག་ལ་རེ་སྐུལ་བྱས་ཏེ་སྐད་རྒྱག་རྒྱུ་མཚམས་འཇོག་པའམ། ཡང་ན་ཁོང་ཚོ་རྦད་དེ་ལོག་པ་རེད། སྐད་བརྒྱབ་དང་མ་བརྒྱབ་ཁོང་ཚོའི་འདོད་པ་རེད་ཟེར་བ་ལྟ་བུའི་རིགས་མང་བོ་ཡོང་གི་རེད།དེ་བཞིན་ད་ལྟའི་བཀའ་ཁྲིའི་སྐབས་སུ་སྐྱེ་ལྡན་བསོད་ནམས་ཞིང་ལས་ཀྱི་ལས་གཞི་ཞིག་འགྲོ་བཞིན་ཡོད་ལ། སྤྱིར་བཏང་ང་ཚོའི་སྲིད་ཇུས་ནང་བསོད་ནམས་པ་དེ་དག་གི་འཚོ་བ་ཡར་རྒྱས་གཏོང་རྒྱུ་ལྟ་བུའི་རིགས་ཤིག་ཡོད་ནའང་། སྐྱེ་ལྡན་བསོད་ནམས་ཞིང་ལས་ཀྱི་ལས་གཞི་དེ་སྤྱི་འཐུས་ཀྱིས་གཏན་འབེབས་གནང་བ་ཞིག་རེད་བསམ་གྱི་མེད། དེ་བཀའ་ཤག་རང་གིས་ཐུགས་འགན་བཞེས་ཏེ་མི་མང་གི་འཚོ་བའི་གནས་སྟངས་ཡར་རྒྱས་གང་འདྲ་བྱས་ཏེ་གཏོང་དགོས་ཀྱི་འདུག དེ་བཞིན་ནང་པ་ཞིག་ཡིན་སྟབས་སེམས་ཅན་ཆུང་ངུའི་རིགས་ལ་མ་གནོད་པ་དང་རྫས་ལུད་བེད་སྤྱོད་གཏོང་བ་ལྟ་བུའི་རིགས་ཤིག་རེད། དཔེར་ན། ཤེས་ཡོན་སྲིད་ཇུས་སྟེང་རིན་པོ་ཆེས་དམིགས་བསལ་གྱིས་ཐུགས་སྣང་ཞིག་བསླེབས་ཏེ་ཤེས་ཡོན་སྲིད་ཇུས་གསར་པ་ཞིག་འགྲོ་བཞིན་ཡོད། དེར་བརྟེན་བཀའ་བློན་ཁྲི་པའི་འགན་དེ་རྩ་བའི་གྲོས་ཚོགས་ཀྱིས་སྲིད་ཇུས་གནང་བ་ལྟར་འགྲོ་དགོས་ཀྱི་ཡོད་ནའང་། སྲིད་ཇུས་དེ་ལག་བསྟར་བྱེད་ཐུབ་དང་མ་ཐུབ་ཟེར་བ་དང་ཤུགས་ག་ཚོད་རྒྱག་ཐུབ་མིན། ནུས་པ་ཇི་ལྟར་འདོན་མིན་བཅས་ནི་བཀའ་བློན་ཁྲི་པ་རང་ལ་རག་ལས་ཀྱི་ཡོད་སྙམ།

 

དྲི་བ། ཁྱེད་ཀྱིས་ད་ལྟའི་བཀའ་བློན་ཁྲི་པའི་འོས་མི་གསུམ་གྱི་བོད་མི་རིགས་རང་གི་སྐད་ཡིག་གི་ཤེས་ཚད་ལ་གཟིགས་སྟངས་གང་འདྲ་ཡོད། གལ་སྲིད་ཁོང་ཚོར་བོད་སྐད་ཡིག་རང་སྟེང་གི་ཤེས་ཡོན་གནས་ཚུལ་ལེགས་པོ་མེད་ཚེ་དེ་ཉེན་ཁ་ཞིག་ཏུ་མཐོང་གི་ཡོད་དམ།

ལན། ངས་སྤྱིར་བཏང་ནས་ཁོང་ཚོ་ཚང་མ་བོད་སྐད་ཡིག་གི་གནས་ཚུལ་ཡག་པོ་ཡོད་ཀྱི་རེད་སྙམ། དམིགས་བསལ་གྱིས་བཀའ་ཟུར་བཀྲ་ཤིས་དབང་འདུས་དང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་རྣམ་གཉིས་ལ་མཚོན་ན། བོད་གཞུང་གི་འཛིན་སྐྱོང་ནང་དུ་ཕྱག་ལས་རྒྱུན་རིང་པོ་གནང་ཡོད་པ་རེད། ཕྱག་ལས་མང་ཆེ་བ་བོད་ཡིག་ཐོག་གནང་དགོས་ཀྱི་ཡོད། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ལ་མཚོན་ན་དངོས་སུ་ཕྱི་རྒྱལ་གྱི་མཐོ་སློབ་ཁག་ཏུ་ནང་ཆོས་དང་ཚན་རིག་བར་གྱི་ཞིབ་འཇུག་ཅིག་འགྲོ་བཞིན་པ་རེད། ཁོང་དེའི་ནང་གི་ཚོགས་མི་ཞིག་ཀྱང་རེད། སྐད་ཡིག་དང་རིག་གཞུང་སྟེང་ནས་ཞུས་ན་ཁོང་གིས་སེ་ཀྲན་ཧྥོར་ཌི་གཙུག་ལག་སློབ་གྲྭ་ཆེན་མོ་ (Stanford University) རུ་བོད་ཡིག་དང་བོད་ཀྱི་རྒྱལ་རབས་སློབ་ཀྱིན་ཡོད་སྟབས། བོད་ཀྱི་སྐད་ཡིག་དང་རིག་གཞུང་། རྒྱལ་རབས་བཅས་ཀྱི་ཐད་དུ་ཁོང་ཡག་པོ་ཡོད་སྙམ།

 

དྲི་བ། བཀའ་བློན་ཁྲི་པར་མི་སུ་བསླེབ་རུང་། འབྱུང་འགྱུར་གྱི་བཀའ་བློན་ཁྲི་པའི་དུས་ཡུན་ལོ་ལྔའི་ནང་བསྒྲུབ་དགོས་པའི་ལས་དོན་གལ་ཆེན་པོ་གང་དག་ཡོད་དམ།

ལན། གལ་ཆེ་ཤོས་བོད་ཀྱི་དཀའ་རྙོག་སེལ་རྒྱུར་ཐབས་ཤེས་བྱ་རྒྱུ་དེ་རེད་སྙམ། ད་ལྟ་བཙན་བྱོལ་བོད་གཞུང་གིས་དབུ་མའི་ལམ་གྱི་སྲིད་ཇུས་ཐོག་ནས་བོད་ཀྱི་ཆབ་སྲིད་ཀྱི་དཀའ་རྙོག་སེལ་རྒྱུར་ཐབས་ཤེས་བྱེད་ཀྱིན་ཡོད་ལ། དེའི་ཐད་དུ་བཀའ་བློན་ཁྲི་པར་མི་སུ་བསླེབ་ནའང་དམིགས་བསལ་གྱིས་ཤུགས་རྒྱག་དགོས་པ་རེད། མདོར་བསྡུས་ན་རྒྱ་ནག་གཞུང་གི་མི་སྣ་ཚོ་མར་མདུན་ཅོག་སྟེང་ཡོང་སྟེ་ང་ཚོ་དང་མཉམ་དུ་སྐད་ཆ་བཤད་དེ་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་ཐབས་ཤེས་བྱ་དགོས་སྙམ། དེ་གལ་ཆེ་ཤོས་གཅིག་རེད། གཉིས་ནས་གོང་ས་མཆོག་དགུང་ལོ་དེ་ཙམ་གྱིས་མཐོན་པོར་བསླེབས་ཡོད་སྟབས། ད་ལྟའི་དུས་ཚོད་ཛ་དྲག་པོ་རེད་ལ་༧གོང་ས་མཆོག་མ་བཞུགས་པའི་དུས་ཚོད་དེར་ང་ཚོར་དཀའ་ངལ་འཕྲད་མི་སྲིད་པ་མ་རེད། ད་ལྟ་ནས་གདོང་ལེན་གང་འདྲ་ཞིག་བྱ་རྒྱུའི་ཐད་དུ་འཆར་གཞི་བསྒྲིག་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་རེད། གསུམ་ནས་བཙན་བྱོལ་གཞུང་མུ་མཐུད་དེ་གནས་པ་དང་གང་འདྲ་བྱས་ཏེ་སྲ་བརྟན་དུ་གཏོང་དགོས་ཀྱི་འདུག དེའི་ཐད་དུ་དམིགས་བསལ་གྱིས་ཤུགས་རྒྱག་དགོས་པ་རེད་སྙམ། དེའི་རྗེས་སུ་རིམ་གྱིས་དཔལ་འབྱོར་གྱི་གནས་སྟངས་དང་ཤེས་ཡོན་གནས་སྟངས་བཅས་ཀྱི་སྟེང་དུ་བསླེབ་འགྲོ་ཡི་རེད།

 

དྲི་བ། སྐབས་གསུམ་པའི་བཀའ་བློན་ཁྲི་པའི་སྔོན་འགྲོའི་འོས་བསྡུའི་སྐབས་གྲ་མ་འགྲིག་པ་དང་། ཚགས་མ་ཚུད་པའི་གནས་ཚུལ་འདྲ་འདུག་གམ། ཡང་ན་དངོས་གཞིའི་སྐབས་ཡར་རྒྱས་གཏོང་རྒྱུ་གང་དག་འདུག

ལན། ངས་བཀའ་སྤྱིའི་སྔོན་འགྲོའི་འོས་བསྡུའི་སྐབས་མི་མང་གིས་འོས་ཡག་པོ་བླུགས་འདུག་བསམ་གྱི་ཡོད་ལ། བརྒྱ་ཆ་ལྟ་བུར་མཚོན་ན་མི་མང་གིས་འོས་བླུགས་པའི་བརྒྱ་ཆའི་ཚད་མཐོན་པོར་བསླེབས་འདུག སྔོན་འགྲོའི་འོས་བསྡུའི་སྐབས་མི་མང་གིས་འོས་བསྡུའི་ཆ་ཤས་བླངས་པ་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་དམངས་གཙོའི་གོ་རྟོགས་ཚད་མཐོན་པོ་ཡོད་མཁན་གྱི་རྒྱལ་ཁབ་དག་གི་བརྒྱ་ཆ་གཉིས་བསྡུར་ནའང་འདྲ་བོ་འདྲ་བོ་ཡོང་གི་འདུག ད་ལྟ་ངས་བསམ་པར་དངོས་གནས་དྲང་གནས་དམངས་གཙོ་དམངས་གཙོ་ལབ་བསྡད་པའི་གནས་སྟངས་དེ་ད་ལྟ་ཚད་མཐོན་པོ་དང་ཡག་པོར་བསླེབས་པར་མཐོང་གི་འདུག

ད་ལྟ་མི་མང་ནང་སོ་སོའི་མགོ་ཁྲིད་ལ་མི་སུ་འདྲ་ཞིག་ལ་འོས་ལྡུག་གི་ཡིན་མིན་ཐད་བགྲོ་གླེང་དང་བརྟག་དཔྱད། སོ་སོའི་མགོ་ཁྲིད་དེ་ཕྱི་གསལ་ནང་གསལ་ཐོག་ཤེས་ཐུབ་པ་དང་དེ་ལ་འོས་ལྡུག་རྒྱུ་བཅས་ཀྱི་ཐད་དུ། མི་མང་ལ་སློབ་སྦྱོང་རེག་པ་དང་གོ་རྟོགས་ཚད་མཐོ་རུ་ཕྱིན་པ་སོགས་ཧ་ཅང་གི་ཡག་པོར་མཐོང་གི་འདུག འདི་ལྟར་མི་མང་རང་གིས་འགན་ལེན་པ་དང་གྲོས་བསྡུར་བྱེད་པ་དེ་རྒྱ་ནག་གཞུང་ལ་བརྡ་ལན་ཆེན་པོ་ཞིག་དང་། ཁ་གཏད་ཆེན་པོ་ཞིག་བཅགས་པ་རེད་སྙམ། དཔེར་ན། དེང་སྐབས་ཚགས་ཤོག་ཅིག་ཏུ་གནས་ཚུལ་བཀོད་ནའང་འདྲ། ཇ་ཁང་ཞིག་ཏུ་མི་མང་གིས་སྐད་ཆ་བཤད་ཀྱི་ཡོད་ནའང་འདྲ། གང་ལྟར་བཀའ་བློན་ཁྲི་པའི་སྐོར་ཞིག་ཡིན་ཡིན་པ་རེད།

ཡིན་ནའང་། ངས་བསམ་པར་ང་ཚོས་བཀའ་བློན་ཁྲི་པར་དོ་སྣང་བྱེད་པ་ཞིག་སྤྱི་འཐུས་ཚོར་ཡང་བྱ་དགོས་ཀྱི་འདུག སྤྱི་འཐུས་སུ་ལ་འོས་ལྡུག་གི་ཡོད་ནའང་མི་རེ་རེ་བཞིན་ཁོང་ཚོས་སློབ་སྦྱོང་གང་དང་གང་བྱས་པ་དང་སྤྱི་ཚོགས་ནང་ཕན་ནུས་ལྡན་པའི་ལས་ཀ་གང་དག་བྱས་འདུག སྤྱི་འཐུས་དེས་མི་མང་གི་ཆེད་དུ་ནམ་རྒྱུན་ནས་ཐུགས་འགན་ག་རེ་བཞེས་ཀྱི་འདུག དེ་ཚོ་ཚང་མར་བཀའ་བློན་ཁྲི་པའི་འོས་མི་གསུམ་ལ་ཕྱི་གསལ་ནང་གསལ་གྱིས་བརྟག་དཔྱད་གནང་བཞིན་པ་ལྟར། མི་རེ་རེ་བཞིན་གྱི་གནས་ཚུལ་ཡག་པོ་ཤེས་རྒྱུ་གལ་ཆེན་པོ་རེད་སྙམ།

ང་ཚོ་ལ་བཀའ་སྤྱི་གཉིས་ཀ་ཡག་པོ་ཞིག་བསླེབ་ཚེ་མང་ཚོགས་ནང་དུ་དཀའ་རྙོག་ཉུང་བ་ཡོང་གི་རེད་ལ། དེ་བཞིན་བོད་གཞུང་གི་སྲིད་ཇུས་ཀྱང་ཚད་མཐོན་པོ་ཞིག་ཏུ་བསྐྱལ་ཐུབ་ཀྱི་རེད། མི་མང་གིས་དེ་ལྟ་བུའི་ཐུགས་འགན་ཞིག་བཞེས་ཐུབ་ཚེ་མ་འོངས་པའི་ང་ཚོའི་སྲིད་ཇུས་དང་སྒྲིག་འཛུགས་བརྟན་པོ་ཆགས་ཀྱི་རེད་ལ། བོད་གཞུང་གི་སྒྲིག་འཛུགས་ཅི་ཙམ་གྱིས་བརྟན་པོ་ཆགས་ན་དེ་ཙམ་གྱིས་༧གོང་ས་མཆོག་ཡིན་ནའང་། དགུང་ལོ་མཐོན་པོར་བསླེབས་ཡོད་སྟབས་ཐུགས་ལྷོད་ལྷོད་བྱས་ནས་བཞུགས་རྒྱུ་རག་གི་རེད། ཁོང་གིས་མི་མང་གིས་འགན་ཡག་པོ་བླངས་འདུག་དགོངས་ནས་ཐུགས་མཉེས་པོ་ཡང་ཡོང་གི་རེད། དེའི་ཆེད་དུ་མི་མང་གིས་ངེས་པར་དུ་ཤུགས་རྒྱག་དགོས་པ་རེད་སྙམ།

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༠ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 13

  1. ཁམས་པའི་ཕོ་རྒོད། says:
    ལོ་ 14 སྔོན།

    བཀའ་བློན་ཁྲི་པའི་འོས་མི་དེ་བུ་འཇོན་ཐང་ཅན་ཞིག་དང་ལྷག་གསམ་ཉམ་མྱོང་
    དྲང་བདན་ཚངས་བ་ཞིག་དགོས་།

    Reply
  2. གྲྭ་རྒོད says:
    ལོ་ 14 སྔོན།

    ང་ཚོའི་སྤྱི་ཚོགས་ནང་བཀའ་བློན་ཁྲི་བ་འོས་དང་མི་འོས་ཕལ་ཁྱེར་ཤེས་ཆོག་མིག་ཡོད་ཞིག་དང་སྒྲ་གོ་མཁན་ཞིག་ཡིན་ན་ད་ཤེས་ཆོག་གི་རེད། ཤེས་ཡོན་ཐད་བསམ་ཚུལ་རེ་འདོན་གྱི་ཡོད་ན་དོན་དངོས་སུ་ཕན་ཐོག་ཡོད་ལ་གྲུབ་འབྲེས་ཡང་ཡོད། འགའ་ཞིག་གིས་བྱེད་སྟེང་ལྟར་རང་གི་ལྟོ་གོས་ཁྱེད་གཞན་དོན་ཟེར་བ་དང་ཆབ་སྲིད་ཡོད་ཁལ་དང་སེམས་ཤུགས་ཆེ་འདོག་བྱས་པ་དེ་ཚོ་ངོ་མ་ངོ་ཚ་དགོས་པ་དག་རེད།དེ་ལས་བོད་སྤྱིའི་ཡར་རྒྱས་གསར་བའི་ལག་ལེན་རེ་ཨེ་རེག་ལྟ་རོགས།

    Reply
  3. བཟོད་པ་ལྷ་རྩེ། says:
    ལོ་ 14 སྔོན།

    སློབ་ཕྲུག་ཚོགས་པའི་ཚོགས་ཟུར་མཆོག་ནས་དྲི་ལན་ཡག་པོ་ཞིག་གནང་འདུག་པ་མ་ཟད་ཆབ་སྲིད་ཀྱི་གནས་ལུགས་ཀྱང་ལྡན་པ་སེམས་པས་ཐུགས་རྗེ་ཆེ། དགག་དགོས་མེད་པར་དགག་པ་ཡོངས་སྲིད་ཀྱང་དེ་ནི་རྒྱུན་ལྡན་གྱི་གནས་ཚུལ་དང་རང་རང་གི་རང་མདོག་བསྟན་པ་ཙམ་དུ་ཟད་དོ།

    Reply
  4. གྲྭ་རྒོད says:
    ལོ་ 14 སྔོན།

    བློ་བཟང་སེང་གེ་ཐོབ་ན་རེ་བ་ཆེ།མ་ཐོབ་ན་བོད་མི་ཚོའི་རང་གི་རང་ལ་ཅོང་སྤྲད་པ་ལས་གང་ཡང་མེད་པ་ངོ་ཤེས་དགོས།བཀྲས་མཐོང་ཟེར་བ་དེ་ནོར་བ་རེད་གང་ཡིན་ཟེར་ན་༸གོང་ས༸མཆོག་ཞལ་བཞུགས་སྐབས་སུ་ན་གཞོན་ཚོའི་ལག་ཏུ་འཇོག་དགོས་པ་རེད། དེ་ལས་ཟློག་ན་གང་ཤེས།

    Reply
  5. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    ་བཀྲས་མཐོང་ལགས་ཀྱིས་བོད་མི་གཅིག་སྟོང་ཨ་རི་ཡུལ་དུ་བཏང་ཐུབ་པའི་རྒྱུ་མཚན་གྱིས་བཙན་བྱོལ་བོད་མི་མང་པོ་འཚོ་བ་རང་མགོ་ཐོན་ཡོད། བཙན་བྱོལ་བོད་མི་ཚང་མ་ཨ་རི་ཡོད་པའི་བོད་མི་རྣམས་ཀྱི་དཔལ་འབྱོར་གྱི་ཆེད་རྐྱེན་ནང་བཞིན་ཡོད་པའི་དུས་སྐབས་སུ་བསླེབས་དུས་་་་གཞིག་ནས་བཙན་བྱོལ་བོད་མི་རྣམས་རང་མགོ་རང་ཐོན་རེད་ཞེས་འབོད་ཆོག
    བཙན་བྱོལ་བོད་མིའི་འཚོ་རྟེན་གྱི་ཆེད་དུ་བཀྲས་མཐོང་ལགས་ཀྱིས་བྱས་རྗེས་ཡག་པོ་བཞག་ཡོད་པར་བོད་མི་བརྒྱ་ཆ་བརྒྱད་ཅུ་ཡིས་ངོས་ལེན་གནང་བཞིན་པ་རེད། མ་འོང་པ་ཡང་རྒྱ་བལ་འབྲུག་གསུམ་ནང་གི་བོད་མི་ན་གཞོན་ལས་མེད་རྣམས་ཕྱི་རྒྱལ་ཁག་ཏུ་གཏོང་ཐུབ་མཁན་དང་གཏོང་འདོད་ཡོད་མཁན་སྐུ་ངོ་བཀྲས་མཐོང་ལགས་ལྷག་པ་སུ་གང་ཡང་མེད།
    གལ་སྲིད་ཕྱི་རྒྱལ་ཕྱིན་པ་ནོར་ཡོད་པར་འདོད་ན་བཙན་བྱོལ་བོད་མི་བརྒྱ་ཆ་བརྒྱད་ཅུ་ཐམ་པས་ནོར་བསྡད་ཡོད། ཡིན་ནའང་འདི་ནོར་འཁྲུལ་ཡིན་པར་ངོས་ལེན་བྱས་མཁན་ཚོ་ནི་བོད་མི་རིགས་དང་བཙན་བྱོལ་བོད་མིའི་འཚོ་བ་ལ་བསམ་བློ་མེད་མཁན་རྣམས་རེད།

    བཙན་བྱོལ་སྤྱི་ཚོགས་ནང་གི་ཕ་མ་སུ་ཡིན་ནའང་རང་ཕྲུ་གུ་ཨ་རི་ལྟ་བུ་ལ་འགྲོ་ནས་མི་ཚེ་སྐྱེལ་ཐུབ་པ་བྱུང་ན་བསམ་མཁན་མང་ཤོས་རེད། ཨ་རིའི་ཝིས་ས་ཞུ་མཁན་འགྲོ་སྐབས་སུ་བོད་མི་རྣམས་ཀྱིས་དགོན་པ་ལྷ་ཁང་དུ་འགྲོ་ནས་གསོལ་ཁ་དང་སྐྱབས་འཇུག་ཞུ་གི་ཡོད་ལ་རི་མཐོ་པོའི་ཐོག་ཏུ་བསང་གསོལ་བཏང་གི་ཡོད།

    འདི་ཚོ་ཚང་མ་བོད་མི་རྣམས་ཀྱི་ཨ་རིའི་སྒོར་མོ་དང་ཨ་རིའི་སློབ་སྦྱོང་ཐོབ་ཆེད་དུ་རེད། དཔེར་ན། བློ་སེང་བཞིན་རེད།

    Reply
  6. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་ཟུར་ལགས་ལ་དྲི་བ་ཁ་ཤས་ཡོད་ན་
    དྲང་བདེན་གྱི་ལན་ཁ་གསལ་ཡོད་པ་མཁྱེན།
    གུས་ཉིད་ཀྱིས་བཀྲས་མཐོང་དང་བློ་སེང་གཉིས་ཀྱི་ཤེས་ཡོན་དང་འཇོན་ཐང་
    ཉམས་མྱོང་།མ་འོང་འཆར་གཞི་སོགས་གཞིར་བཅོལ་ནས་ཞིབ་འཇུག་ཡག་པོ་
    བྱས་ཡོད་གསུངས་འདུག་པ་བརྟེན།
    བཀྲས་མཐོང་བཀའ་ཁྲི་སྐབས་ཨ་རི་ལ་བོད་མི་1000་སྟོང་བཏང་བའི་ཤུགས་
    རྐྱེན་ངན་པ་ཞིག་ལ་བརྟེན་ནས་བོད་མི་རྣམས་ཁ་འཐོར་དང་གཞིས་ཆགས་
    རྣམས་སྟོང་ལ་ཉེ་བ་དང་སློབ་གྲྭ་མང་པོ་ཞིག་སྒོ་རྒྱབ་དགོས་པའི་གནས་ཚུལ་
    ཡོད་བཞིན་པ། མ་ཟད་སློབ་ཕྲུག་མང་པོ་ཞིག་གིས་སློབ་སྦྱོང་ལ་དོན་གཉེར་མེད་པར་ཕྱི་རྒྱལ་ཁོ་ནའི་ཆེད་དུ་མི་ཚེ་དོན་མེད་དུ་ཤོར་བ།
    དགོན་པ་གྲྭ་ཚང་ནང་སློབ་གཉེར་ཉམས་འགྲོ་བ་དང་གྲྭ་ལོག་ཇེ་མང་དུ་སོང་བ།ཕྱི་རྒྱལ་ཁག་དུ་བོད་མི་མང་པོས་ཁྲིམས་འགལ་གྱི་ཐོག་ནས་ལས་ཀ་བྱེད་བཞིན་པ་མ་ཟད།རྒྱ་གར་ནང་གི་དགོན་པ་ཁག་དང་སློབ་གྲྭ་ཁག་གཞིས་ཆགས་སོགས་བཙུགས་ཐུབ་པ་བྱུང་བ་ནི་༸་གོང་ས་མཆོག་གིས་མཛད་རྗེས་ཆེ་ཁག་མང་པོ་ཡོན་ཀྱང་དེ་དག་ནི་གལ་ཆེན་ཤོས་དང་གྲུབ་འབྲས་ཆེན་ཤོས་ཐོབ་པ་རྩིས་གནང་གི་ཡོད་།ཡིན་ན་ཡང་བཀྲས་མཐོང་གིས་ཨ་རི་ལ་བོད་མི་1000་སྟོང་བཏང་བའི་མཛད་རྗེས་ཉེར་ལེན་ལ་བརྟེན་ནས་ད་ཆ་ཧ་ཅང་གི་གཉེན་ཁ་གཅིག་ཏུ་
    སླེབས་ཡོད་པ་ནི་དྲང་བདེན་དང་ལས་འབྲས་དཔང་བཞག་གིས་མིག་གིས་
    གཞིགས་བལྟས་ཞིག་བྱས་ན།ཨ་རི་ལ་བོད་མི་1000་སྟོང་བཏང་བ་དེ་བཀྲས་
    མཐོང་གི་མི་ཚེ་ནང་གི་ནོརའཁྲུལ་ཆེན་ཤོས་སུ་མཐོང་དགོས་པ་ལས་དགེ་
    མཚན་དུ་ངོས་འཛིན་བྱས་ན་ཐལ་ཆེ་བ་མ་ཡིན་ནམ།གཞིས་ཆགས་རྣམས་རྒྱུན་གནས་ས་བརྟན་གནས་ཐུབ་དགོས་པ་ནི་གོང་ས་མཆོག་གིས་དགོང་བཞེད་
    གཙོ་བོ་ཞིག་ཡིན་།བཀྲས་མཐོང་གིས་འཇོན་ཐང་དེ་གོང་ས་མཆོག་གི་དགོངས་པ་དང་འགལ་སོང་བ་མ་ཡིན་ནམ།

    Reply
  7. རིགས་བཟང་། says:
    ལོ་ 14 སྔོན།

    བློ་སེང་འདིས་བཤད་རྒྱུར། གལ་ཏེ་ཁོ་བཀའ་ཁྲིའི་འོས་ཁོངས་སུ་ཞུགས་མ་ཐུབ་ན། སྤྱི་འཐུས་ནང་དུ་ཕྱིར་འཐེན་བྱ་རྒྱུ་ཡིན་ཟེར་བའི་རྒྱུ་མཚན་ཅི་ཡིན་ནམ།
    སེར་མོ་བའི་སྡེ་དང་གཞོན་སྐྱེས་ཚོས་བསམ་བློ་གཏོང་རན་གྱི་དུས་རེད།
    བཤད་མཁས་པ་ཙམ་གྱིས་བཀའ་ཁྲི་འོས་ན་ལུག་རྫི་རྒད་པོ་ཚོ་གྲས་སུ་མང་པོ་འདུག
    ད་རེས་བཀའ་ཁྲི་ལ་འོས་ཤོས་དེ་བཀའ་ཟུར་བཀྲ་ཤིས་དབང་འདུས་རེད་ལགས།
    ཚང་མས་ཁོང་གི་མཛད་རྗེས་ལ་ཞིབ་ལྟ་ཐེངས་གཅིག་བྱེད་ཀྱི་རེ་བ་མི་ཆུང་།

    Reply
  8. གྲྭ་རྒོད says:
    ལོ་ 14 སྔོན།

    དྲ་གྲོགས་ཚོགས་མང་པོ་བཤད་ནས་དགོས་མེད་རེད་ཕལ་ཁྱེར་བའི་ཤེས་ཡོད་ཁལ་རེད།བློ་བཟང་སེང་གེ་ཐོབ་ན་གང་ཥྱུར་རེ་བ་ཡོད།བཀྲིས་མཐོང་ཐོབ་ན་ད་དུང་རྒྱུན་རིང་གྱི་རེད།དེ་གནད་དོན་ཞིག་རེད།

    Reply
  9. འབྲོག་རུ་ཆོས་གྲགས། says:
    ལོ་ 14 སྔོན།

    ཨ་མའི་བུ། དྲི་བ་རྣོ་འདྲ་འདྲ་ཏག་ཏག་བཏང་འདུག
    མུ་མཐུད་དུ་ཡིན།

    Reply
  10. ཨུ་ཚུགས་ཅན། says:
    ལོ་ 14 སྔོན།

    ཁ་གསལ་ཞིང་གོ་བདེ་བ་ཞིག་འདུག ཐུགས་རྗེ་ཆེ།

    Reply
  11. བསེ་རུ། says:
    ལོ་ 14 སྔོན།

    གནད་འགག་ཅན་གྱི་དྲི་བར་རང་གི་མཐོང་ཚུལ་ལྟར་ལན་འདེབས་ཞིབ་རྒྱས་གནང་འདུག་བཀའ་དྲིན་ཆེ།

    Reply
  12. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    ཉམས་མྱོང་དང་། ཤེས་ཡོན་གལ་ཆེན་པོ་རེད་ལ་ལྷག་བསམ་དང་འཇོན་ཐང་ཡང་མེད་དུ་མི་རུང་བ་ཞིག་རེད།

    Reply
  13. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    བཀུར་འོས་དུས་བབ་ཚང་གི་ཞབས་དྲུང་དུ།་་་་་་་་་་་་་་་་་་་་་་་་་་ཞུ་གསོལ།

    ཨི་ཇིབ་རྒྱལ་ཁབ་ཀྱི་ནང་དུ་འཐབ་རྩོད་ཀྱི་གནད་དོན་ང་རང་ཚོའི་བོད་མི་རྣམས་ཀྱི་ཤེས་དགོས་གལ་ཆེ་བ་མང་པོ་ཡོང་བཞིན་འདུག་པས་དུས་བབ་དྲ་ཐོག་ཏུ་གསར་འགྱུར་གང་མང་སྤེལ་རོགས་ཞེས་རེ་བ་ཞུ་རྒྱུ་ཡིན།

    ཨི་ཇིབ་རྒྱལ་ཁབ་ཀྱང་བོད་རྒྱལ་ཁབ་ནང་བཞིན་ལོ་རྒྱུས་རིང་པོ་ཡོད་མཁན་ཞིག་ཡིན་པར་འདྲ། བོད་མི་རྣམས་ཀྱི་ཤེས་དགོས་པའི་གནས་ཚུལ་གང་མང་སྤེལ་རོགས་རེ་བ་ཞུ་བཞིན་ཡོད་ལགས།

    དུས་བབ་ཚང་བཀའ་དྲིན་ཆེ།

    བོད་ཀྱི་དུས་བབ་འདི་ནི་བོད་མི་རིགས་ཀྱི་ཆེད་དུ་དྲ་རྒྱ་གལ་ཆེ་ཞིག་ཆགས་བསྡད་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese