མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་བཟའ་འཐོར།

བོད་ཀྱི་དུས་བབ།
༢༠༡༡/༠༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

 

ཕྱི་ཚེས་ ༦ ཉིན་ཧྥ་རན་སི་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་དོན།  ཕྱི་ལོ་ ༢༠༡༠ ལོར་རྒྱ་ནག་ནང་བཟའ་འཐོར་བྱུང་བའི་ཁྱིམ་ཚང་ཁྲི་ ༡༩༦ ། ༡ ལྷག་ལ་ཟིན་ཡོད་པ་དང་། གཉེན་འཐོར་གྱི་ཚད་བརྒྱ་ཆ་ ༡༤ ། ༥ ལ་བསླེབས་ཡོད། ད་ལོ་ཆ་སྙོམས་ཉིན་རེར་བཟའ་ཚང་ ༥༣༠༠ ལྷག་གཉེན་འཐོར་བྱས་ཡོད་འདུག 

རྒྱ་ནག་དམངས་སྲིད་ལས་ཁུངས་ཀྱི་བསྡོམས་རྩིས་ལྟར་ན། བཟའ་འཐོར་གྱི་གྲངས་འབོར་ཆེས་མང་པའི་ཞིང་ཆེན་ས་ཁུལ་གསུམ་ནི། ཟི་ཁྲོན་དང་ཅང་སུའུ། ཧྲན་ཏུང་བཅས་ཡིན་ཞིང་། ཟི་ཁྲོན་ཞིང་ཆེན་ནང་བཟའ་འཐོར་ཁྱིམ་ཚང་ཁྲི་ ༡༦ ། ༩ དང་། ཅང་སུའུ་ཞིང་ཆེན་ནང་བཟའ་འཐོར་ཁྱིམ་ཚང་ཁྲི་ ༡༢ །  ཧྲན་ཏུང་ཞིང་ཆེན་ནང་བཟའ་འཐོར་ཁྱིམ་ཚང་ཁྲི་ ༡༡ ། ༦ བཅས་ཡོད་འདུག

ཕྱི་ལོ་ ༢༠༠༣ ལོར་རྒྱ་ནག་གིས་གཉེན་འཐོར་སྒྲིག་ཡིག་བཟོས་པ་ནས་བཟུང་ད་ལྟའི་བར་བཟའ་འཐོར་གྱི་གྲངས་འབོར་ལོ་ལྟར་ཆ་སྙོམས་བརྒྱ་ཆ་ ༧ ། ༦༥ འཕར་ཡོད་འདུག  ཡིན་ནའང་། བོད་ཁུལ་ནི་བཟའ་འཐོར་ཆེས་ཉུང་བའི་ས་ཁུལ་ཆགས་ཡོད་པ་དང་། ད་ལོ་བཟའ་འཐོར་ཁྱིམ་ཚང་ ༤༥༩ ཙམ་ལས་བྱུང་ཡོད་མི་འདུག   

གནད་དོན་འདིའི་ཐད་རྒྱ་ནག་མི་དམངས་སློབ་ཆེན་གྱི་སྤྱི་ཚོགས་རིག་པའི་དགེ་རྒན་ཆེན་མོ་ཀྲིག་ལིས་ཀྲིན་གྱིས་བརྗོད་དོན། རྒྱ་ནག་ནང་བཟའ་འཐོར་འབྱུང་བཞིན་པའི་རྒྱུ་རྐྱེན་གཙོ་བོ་ནི། ད་ལྟ་རྒྱའི་སྤྱི་ཚོགས་ནི་དངུལ་སྒོར་ཁོ་ནར་སྐྱབས་སུ་འགྲོ་མཁན་གྱི་སྤྱི་ཚོགས་ཤིག་ཆགས་ཡོད་སྟབས། དངུལ་སྒོར་ནི་བཟའ་འཐོར་གྱི་གྲངས་འབོར་འཕར་བྱེད་ཀྱི་གཞི་རྩར་གྱུར་ཡོད། ཅེས་བརྗོད་འདུག   

རྒྱ་ནག་རྒྱལ་ཡོངས་བུད་མེད་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༠ ལོར་ཉམས་ཞིབ་བྱས་པ་ལྟར་ན། རྒྱ་ནག་གི་བུད་མེད་ཀྱི་བརྒྱ་ཆ་ ༧༠ ལྷག་གིས།  མ་འོངས་པའི་རང་གི་མི་ཚེ་གཉེན་སྒྲིག་ཐད་བཟུང་བའི་རེ་བ་ཆེ་ཤོས་ནི་ཁང་པ་ཡོད་པའི་འབྱོར་ལྡན་གྱི་སྐྱེས་པ་ཞིག་འཚོལ་རྒྱུ་དེ་ཡིན་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

སྐར་མ ༣༢ སྔོན་ལ།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 8

  1. གངས་ལྗོངས། says:
    ལོ་ 15 སྔོན།

    ང་རང་ཚོའི་བོད་ཀྱི་སྐད་ཡིག་ནང་ཡོད་པའི་བཟའ་མི་ཁ་བྲལ་དང༌། བཟའ་ཚང་ཁ་བྲལ་བརྗོད་པ་ཡོད་བཞིན་པ་དེ་བེད་སྤྱོད་མ་བཏང་བར། བསྡུས་མིང་གསར་པ་བཟོས་ན་གོ་དོན་རྟོགས་ཐུབ་རྒྱུའི་ཚོད་ལ་མགོ་རྨོངས་ཀྱི་གཞི་མིན་ནམ། ཁག་ཅིག་གིས་བོད་ཡིག་མཁས་པ་ཡིན་ཁུལ་གྱིས་སྔར་ཡོད་མིང་ཚིག་བེད་སྤྱོད་མ་བཏང་བར་གསར་གཏོད་བྱས་ཏེ་མི་དམངས་ལ་མགོ་འཐོམ་གཞིར་འགྱུར་བར་མ་ཟད། དམིགས་བསལ་བཙན་བྱོལ་གཞུང་གི་གསལ་བསྒྲགས་ཁག་ཅིག་ནང་ལས་བྱེད་པའི་གོ་གནས་ཀྱི་བསྡུས་མིང་བེད་སྤྱོད་བཏང་དྲག་པའི་སྐྱོན་ཆ་ཞིག་ཡོད་པ་མཐོང་ཚུལ་ཡོང་གི་ཡོད།

    Reply
  2. མཁས་བཙུན། says:
    ལོ་ 15 སྔོན།

    ༢༠༠༣ལོར་བཟའ་འཐོར་སྒྲིག་གཞི་ཅི་འདྲ་ཞིག་བཟོས་ཡོད་དམ།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བཟའ་ཟླ་དང་གཉེན་ཚན་ནི། སྤུན་མཆེད་མིན་པའི། གཉེན་འབྲེལ་ལ་གོ་བས། བཟའ་ཚང་ཁ་འཐོར་བ་ལ། བཟའ་འཐོར་ཞེས་པའི། བསྡུས་མིང་འདི། མི་ཐད་པ་མེད་ལ། བརྗོད་བདེ་ལ། གོ་བདེ་བ་ཡང་འདུག

    Reply
  4. བོད་ཀྱི་བུ་རྒོད་པོ། says:
    ལོ་ 15 སྔོན།

    དེ་འདྲ་རེད་དམ།་དྲ་གྲོགས་རྣམ་པ།

    Reply
  5. བོད་ཀྱི་བུ་རྒོད་པོ། says:
    ལོ་ 15 སྔོན།

    བོད་ཀྱི་སྤྱི་ཚོགས་སྤྱི་དང།་་རྡ་རམ་ས་ལར་ཡང་བཟའ་ཚང་འཐོར་བ་དང།་་་ཟུར་གསལ་དགའ་གྲོགས་སྒྲིག་མཁན་མང་བ་གོ་རྒྱུ་འདུག་་

    Reply
  6. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    བོད་ང་རྒྱ་མི་རིགས་གཉིས་ཀྱི་སྤྱོད་པ་ལ། བཟང་ངན་མཐོ་ལ་ཚད་རྒྱུ་ཙམ་ཞིག་རེད།
    དེ་བཞིན་ཤར་ནུབ་མི་རིགས་མ་ལུས་པ། གཅིག་གི་རྗེས་ལ་གཅིག་གིས་ཆོད་ཀྱིན་འདུག

    Reply
  7. གངས་ལྗོངས། says:
    ལོ་ 15 སྔོན།

    བོད་ཀྱི་དུས་བབ་ལས་ཁང་ལ་ཞུ་རྒྱུ། ཁྱེད་ཀྱི་གསར་ཤོག་ལས་ཁང་ནས་ཚིག་གི་གོ་དོན་རྟོགས་མ་ཐུབ་པའི་བསྡུས་ཡིག་བཟའ་འཐོར་དང་གཉེར་འཐོར་དེ་འདྲ་གསར་གཏོད་གནང་ན། བོད་ཡིག་ཤེས་མཁན་ཞིག་ཡིན་ནའང་དེ་ན་ཟ་རྒྱུ་ཞིག་ཡིན་ནམ། ཡང་ན་གྱོན་རྒྱུ་ཞིག་ཡིན་བསམ་སྟེ། མགོ་འཐོམ་དགོས་པ་ཡོང་གི་ཡོད་པས། ད་དུང་རླུང་འཕྲིན་ནང་དུ་བཟའ་འཐོར་དང་གཉེར་འཐོར་ཟེར་ཀློག་འདོན་བྱས་ན། བོད་ཡིག་མ་ཤེས་པས་དེ་བས་མགོ་འཐོམ་དེ་འཚོམ་མིན་འདུག་པས། མ་འོངས་པར་གོ་དོན་རྟོགས་མ་ཐུབ་པའི་བསྡུས་ཡིག་དེ་རིགས་བེད་སྤྱོད་མི་གཏོང་བའི་རེ་བ་ཞུ་གི་ཡོད།

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ་་་་་། བོད་ཁུལ་ནི་བཟའ་འཐོར་ཆེས་ཉུང་བའི་ས་ཁུལ་ཆགས་ཡོད་པ་དང་། ད་ལོ་བཟའ་འཐོར་ཁྱིམ་ཚང་ ༤༥༩ ཙམ་ལས་བྱུང་ཡོད་མི་འདུག
    ་་་་། ས་ཡ་དྲུག་གི་མི་འབོར་ལ་དཔག་པའི་བཟའ་འཐོར་ཧ་ཆང་མཐོ་དྲགས་པ་མ་རེད་དམ། སྤུན་ཟླ་ཚོས་གཟབ་དགོས། འཛམ་གླིང་གང་སར་བཟའ་འཐོར་གྲངས་འབོར་བྲི་གྱུར་ཅིག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese