མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨི་ཇིབ་ཡར་ལངས་ཀྱི་རྒྱལ་ཁ།

བོད་ཀྱི་དུས་བབ།
༢༠༡༡/༠༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཨི་ཇིབ་ཡར་ལངས་ཀྱི་ཉིན་ ༡༨ ཀྱི་རྗེས་ཏེ། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ཨི་ཇིབ་སྲིད་འཛིན་མུ་བྷ་རག་འུ་ཐུག་ཐབས་ཟད་ཐོག་སྲིད་འཛིན་ལས་དགོངས་པ་ཞུ་དགོས་བྱུང་ཡོད་ཅིང་། ད་ཆར་ཨི་ཇིབ་རྒྱལ་ས་གཙོས་པའི་གྲོང་ཁྱེར་ཆེ་ཁག་གི་ངོ་རྒོལ་བྱེད་མཁན་གྱི་ནང་ཚོགས་ཚོས་རྒྱལ་ཁའི་གླུ་དབྱངས་ལེན་བཞིན་ཕྱིར་རང་རང་གི་ས་གནས་སུ་ལོག་བཞིན་ཡོད་འདུག

སྲིད་དབང་སྒེར་གཅོད་པ་མུ་བྷ་རག་སྲིད་འཛིན་ལས་ཕྱིར་འཕུད་བཏང་རྗེས། ཨི་ཇིབ་ཀྱི་སྲིད་གཞུང་གསར་བ་གཏན་འཁེལ་མ་བྱུང་བར་རྒྱལ་ཁབ་ཀྱི་དབང་ཚད་དེ་དམག་དཔུང་གིས་འཛིན་རྒྱུ་བྱས་ཡོད་འདུག་ལ། ཨི་ཇིབ་མི་མང་ཚོས་དམངས་གཙོའི་ལམ་སྲོལ་ཐོག་ནས་གང་མགྱོགས་གཞུང་གསར་པ་འཛུགས་རྒྱུར་རེ་སྒུག་བྱས་ཡོད་འདུག

ཐེངས་འདིར་ཨི་ཇིབ་སྲིད་གཞུང་མགོ་རྟིང་སློག་པ་དེས་དཀྱིལ་ཤར་ཡུལ་གྲུའི་ཆབ་སྲིད་ཀྱི་འགྱུར་འགྲོས་ཆེན་པོ་ཞིག་མཚོན་ཡོད་པ་མ་ཟད། སྲིད་དབང་སྒེར་གཅོད་འོག་ཡོད་པའི་མི་རིགས་དང་མང་ཚོགས་དཀྱུས་མ་མང་པོ་ཞིག་ལ་སེམས་ཤུགས་ཆེན་པོ་བསླངས་ཡོད་འདུག ཁ་སང་ཕྱི་ཚེས་ ༡༣ ཉིན་ཨི་ཇིབ་དམག་མིའི་བར་བརྒལ་གཞུང་གི་མགོ་ཁྲིད་ཚོས་ཨི་ཇིབ་གྲོས་ཚོགས་ཕྱིར་འཐེན་དང་དེ་སྔའི་རྩ་ཁྲིམས་ཕྱིར་བསྡུ་བྱས་ཏེ། མང་ཚོགས་ཀྱི་མངོན་འདོད་ལྟར་འབྱུར་འགྱུར་ཟླ་ ༦ ནང་ཚུན་དུ་དམངས་གཙོའི་སྲིད་གཞུང་གསར་པའི་མགོ་ཁྲིད་འོས་བསྡུ་གནང་ཐུབ་པ་བྱ་རྒྱུའི་ཁས་ལེན་བྱས་འདུག

སྲིད་འཛིན་མུ་བྷ་རག་གི་དགོངས་པ་ཞུས་ཏེ་མི་གཅིག་དབང་འཛིན་ལམ་ལུགས་ཀྱི་ཨི་ཇིབ་གཞུང་འཕོ་འགྱུར་ཕྱིན་པ་དེར། ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་མཉམ་འབྲེལ་རྒྱལ་ཚོགས་ཕྱི་སྲིད་དྲུང་ཆེ། ཨ་རབ་གནའ་མཐུན་དྲུང་ཆེ། དབྱིན་ཇིའི་སྲིད་བློན། ཧྥ་རན་སིའི་སྲིད་འཛིན་སོགས་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་སྲིད་བློན་མང་པོ་ཞིག་གིས་དགའ་བསུ་ཞུས་ཡོད་པ་དང་། ད་ལྟའི་ཨི་ཇིབ་བར་བརྒལ་དམག་མིའི་གཞུང་གིས་གང་མགྱོགས་དམངས་གཙོའི་ལམ་སྲོལ་ཐོག མང་ཚོགས་ཀྱི་འདོད་མོས་ལྟར་སྲིད་གཞུང་གསར་པའི་འོས་བསྡུ་དྲང་བདེན་དང་ཕྱི་གསལ་ནང་གསལ་ཡོང་རྒྱུར་འབོད་སྐུལ་ཞུས་འདུག

ཐེངས་འདིའི་ཨི་ཇིབ་མི་མང་གི་ཡར་ལངས་ལམ་ལྷོངས་བྱུང་སྟེ། སྲིད་འཛིན་མུ་བྷ་རག་གིས་དགོངས་པ་ཞུ་དགོས་བྱུང་པ་དེར། ཨི་ཇིབ་རྒྱལ་ཁོངས་གཙོས་པའི་འཛམ་གླིང་གང་སར་དགའ་འབོད་ཤུགས་ཆེན་བྱེད་ཀྱིན་ཡོད་ཅིང་། ཉེ་ཆར་ཊོ་ནེ་ཤེ་ཡའི Tuisia ཡར་ལངས་ཀྱིས་ཨི་ཇིབ་ཡར་ལངས་ལ་ཤུགས་རྐྱེན་ཐེབས་ཡོད་པ་དང་། ཐེངས་འདིར་ཨི་ཇིབ་གཞུང་མགོ་རྟིང་སློག་པ་འདིས་ཡེ་མན་ Yemen དང་ཨལ་ཇི་རི་ཡ། ཨེ་རན་བཅས་ལའང་ཤུགས་རྐྱེན་ཐེབས་ཏེ། ཁ་སང་ཕྱི་ཚེས་ ༡༢ ཉིན་ཨལ་ཇི་རི་ཡའི་ནང་ཡང་མང་ཚོགས་ཀྱི་ཡར་ལངས་གཞི་རྒྱ་ཆེན་པོ་ཞིག་བྱས་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༡༠ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༡༢ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

མཆན། 4

  1. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    གལ་ཏེ་འོས་ཤོག་ལྡུག་པ་ཡི། ཐོབ་ཐང་བོད་ལ་ལྡན་གྱུར་ན།
    རང་བཙན་ཉིན་མོ་གཅིག་ཡིན་ཡང། རྨི་ལམ་མངོན་དུ་འགྱུར་བ་དཀོན།

    ཆོལ་གསུམ་ལར་ཞེན་གཅིག་གྱུར་ངང། མུ་མཐུད་རང་ཉིད་སྲུང་ཐུབ་ན།
    ནམ་ཞིག་རང་བཙན་མ་ལོན་ཡང། རང་སྐྱོང་ཆེན་མོ་ལག་པར་གནས།

    རང་སྐྱོང་རང་བཙན་ཐོབ་པ་དཀའ། དེ་བས་ཀྱང་ནི་སྐྱོང་ཐབས་དཀའ།
    རང་གཞན་ཀུན་ལ་སྨན་ངེས་ན། རང་སྐྱོང་གཞན་སྐྱོང་ཁྱད་པར་མེད།

    བོད་ལ་ཡོད་པ་ས་གཞི་གཅིག ཚང་ལ་མ་ནོར་དམ་ཆོས་གཉིས།
    ལེགས་པར་བསམ་ན་འདི་དག་ཀྱང། ཐུན་མོང་ལ་ནི་དབང་འོས་ཆོས།

    གོ་ལ་ཆག་གྲུམ་འཆོར་བའི་དུས། ཇོ་མོ་གླང་མ་ཇི་ལྟར་བརྟན།
    མིའི་རིགས་ནད་ཀྱིས་ཐེབས་པ་ན། བོད་རིགས་བདེ་ཐང་ཇི་ལྟར་གནས།

    སྐྱིད་ཀྱི་རྟ་བོ་མཉམ་ཞོན་དང། སྡུག་གི་ཁུར་བོ་མཉམ་འཁུར་དེ།
    བྱེ་བྲག་ཀུན་ལ་འོས་ན་ཡང། དོན་དམ་འཛམ་གླིང་སྐྱིད་སྡུག་ཉིད།

    Reply
  2. སྣང་གསལ། says:
    ལོ་ 15 སྔོན།

    ཨེ་ཇཻབ་ མིདམངས་ཀྱིས་ཡར་ལང་གིས་རྒྱལ་ལ་འཚམས་དྲིན་བཀྲ་ཤིས་བདེ་ལེགས་ཞུ་། གུང་ཁྲན་དེ་ཡང་དེ་བཞིན་མཐའ་སྒྲོལ་ཏོང་དགོས།་ གང་མགྱོག་།།

    Reply
  3. སྐྱེས་སར་ཀླུ་སྒྲུབ། says:
    ལོ་ 15 སྔོན།

    དཔེ་མེད་ཅིག་རེད་་་་་་

    Reply
  4. ཉི་མ་རྒྱལ། says:
    ལོ་ 15 སྔོན།

    བོད་པ་ཚོས་ད་དུང་ཞི་བའི་མི་མང་མདུན་སྐྱོད་ཆེན་མོ་ཞིག་ལྷར་གསོ་དགོས་ཀྱི་འདུག ཨི་ཇིབ་ཡར་ལངས་ཀྱི་རྣམ་པ་ལ་མིག་དཔེ་ལེན་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese