ཉེ་ཆར་ཚུར་ཕུ་ཀརྨ་བླ་བྲང་ལ་དངུལ་གྱི་དོན་རྐྱེན་ཞིག་བྱུང་ཡོད་པའི་ཐད། འདི་གའི་གསར་འགོད་པས་ཚུར་ཕུ་བླ་བྲང་གི་མཁན་པོ་དགའ་དབང་ལགས་སུ། ད་ལྟའི་གནས་སྟངས་གང་འདྲ་ཆགས་ཡོད་མེད་སྐོར་ལ་བཅར་འདྲི་ཞུས་ཡོད།
དྲི་བ། ཀརྨ་བླ་བྲང་ལ་དངུལ་གྱི་དོན་རྐྱེན་ཞིག་བྱུང་ཡོད་པའི་ཐད། ད་ལྟ་གནས་སྟངས་གང་འདྲ་ཆགས་ཡོད་དམ།
ལན། ད་ལྟ་ཁྲིམས་གཏུག་འགྲོ་བཞིན་པ་རེད། ཁྲིམས་བཤེར་གྱི་དུས་ཚོད་ད་དུང་བསླེབ་ཡོད་པ་མ་རེད། ཉེན་རྟོག་པས་བླ་བྲང་ལ་སྔོག་བཤེར་བྱས་རྗེས་དངུལ་གཉེར་བ་རབ་རྒྱས་ཆོས་བཟང་ཨོའུ་ནཱ་ Una རུ་བཀག་ཉར་བྱས་སོང་། ཨོའུ་ནཱ་ཉེན་རྟོག་པས་རབ་རྒྱས་ཆོས་བཟང་ལ་ཉེས་རྡུང་བཏང་འདུག འདི་ང་ཚོའི་ཁྲིམས་རྩོད་པའི་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཡོད། ཁྲིམས་ཁང་གིས་བརྟག་དཔྱད་བྱས་རྗེས་ལན་བསྟེར་ཟེར་ཡང་ད་སྔ་ལན་འབྱོར་མ་སོང་། རྩིས་ཁྲའི་སྐོར་ལ་ཉིན་ཤས་རྗེས་སུ་འདྲི་གཅོད་བྱ་རྒྱུ་ཡིན་ཟེར། གནད་དོན་འདི་དངུལ་གྱི་དོན་རྐྱེན་ཞིག་ཡིན་སྟབས། བླ་བྲང་གི་ངོས་ནས་དངུལ་གྱི་ཡོང་ཁུངས་དང་རྩིས་ཁྲ་སྟོན་ཆོག་ཆོག་ཡོད།
དྲི་བ། ད་ལྟའི་ཆར་རྒྱ་གར་ཉེན་རྟོག་པ་ཚོས་རྒྱལ་བ་ཀརྨ་པ་མཆོག་གི་ཉིན་རེའི་མཛད་རིམ་ཐད་འགོག་རྐྱེན་དང་སྟངས་འཛིན་རིགས་ཡོང་གི་འདུག་གམ།
ལན། ཉེ་སྔོན་དོན་དག་འདི་མགོ་འཛུགས་སྐབས་བླ་བྲང་དང་རིན་པོ་ཆེ་སོགས་ལ་སྐུ་ངལ་ཕྲན་བུ་བཟོས་པ་རེད། དེའི་རྗེས་ནས་རིན་པོ་ཆེ་མཆོག་ལ་སྐུ་ངལ་གང་ཡང་བཟོས་མ་སོང་། ད་ཆར་ཀརྨ་པ་མཆོག་གི་མཛད་རིམ་དང་བླ་བྲང་ཡིག་ཚང་གི་ལས་དོན་སོགས་རྒྱུན་ལྡན་ལྟར་འགྲོ་བསྡད་ཡོད། དངུལ་གྱི་སྐོར་ལ་ཉེན་རྟོག་པས་སྔོག་བཤེར་སྐབས། རྒྱལ་ཁབ་ ༢༦ ཙམ་གྱི་དངུལ་ཡོད་པ་རེད། དེ་དག་ཧིན་སྒོར་ས་ཡ་ལྔ་དང་འབུམ་གསུམ་ལྷག་ ༥༣༦༥༢༦༥ དང་། རྒྱ་སྒོར་ས་ཡ་གཅིག་དང་འབུམ་གཉིས་ལྷག་ ༡༢༠༡༡༡༧ ། ཨ་སྒོར་འབུམ་བདུན་དང་ཁྲི་གཅིག་ལྷག་ ༦༡༠༦༢༡ ། ཐའེ་ཝན་གྱི་སྒོར་མོ་འབུམ་བདུན་དང་ཁྲི་བཞི་ལྷག་ ༧༢༩༠༠༠ ། ཧོང་ཀོང་སྒོར་མོ་འབུམ་ལྔ་དང་ཁྲི་དྲུག་ལྷག་ ༥༦༦༩༤༠ ། བལ་སྒོར་འབུམ་བཞི་དང་ཁྲི་གཉིས་ལྷག་ ༤༢༡༨༩༢ བཅས་རེད། འདི་དག་ཧིན་སྒོར་ལ་ཕབ་ཏེ་རགས་རྩིས་བྱས་ན་ཧིན་སྒོར་འབུམ་ ༥༠༠ ཙམ་ལ་གནས་འདུག དངུལ་འདི་དག་གིང་ཡོང་ཁུངས་དང་རྩིས་ཁྲ། བྱུང་འཛིན་སོགས་བརྒྱ་ཆ་ ༩༠ ཙམ་ཁུངས་སྐྱེལ་ར་སྤྲོད་གསལ་བོ་བྱེད་ཐུབ་ཀྱི་ཡོད།
དྲི་བ། ཉེ་ཆར་ཨོའུ་ནཱ་ས་གནས་སུ་རྒྱ་གར་བ་གཉིས་ཀྱི་རླངས་འཁོར་ནས་ཐོན་པའི་ཧིན་སྒོར་འབུམ་ ༡༠༠ དེའི་སྐོར་གསལ་བཤད་ཅིག་གནོང་དང་།
ལན། ང་ཚོས་དངུལ་ལྡི་ལིའི་རྒྱ་གར་ཡུལ་མི་ཞིག་ལ་བཅོལ་ཡོད་པ་རེད། ཉེ་སྔོན་བླ་བྲང་གིས་ནོར་གླིང་ཉེ་འཁྲིས་སུ་ས་ཆ་ཞིག་ཉོས་ཡོད་སྟབས། ང་ཚོའི་དངུལ་གཉེར་བ་རབ་རྒྱས་ཆོས་བཟང་གིས་དངུལ་བཅོལ་ས་དེ་ནས་ཧིན་སྒོར་འབུམ་ ༡༠༠ བླངས་ཏེ་ས་བདག་ལ་སྤྲད་ཅིང་བྱུང་འཛིན་ཡང་བླངས་ཡོད་པ་རེད། འོན་ཀྱང་། ང་ཚོས་དངུལ་བཅོལ་ཡུལ་དེ་མི་སྒེར་བ་ཞིག་ཡིན་སྟབས། དངུལ་སྤྲོད་ལེན་སྐབས་སྤྱིར་བཏང་གི་ཤོག་བུ་ཞིག་གི་ཐོག་ཏུ་དབྱིན་ཡིག་གིས། ས་ཉོས་པའི་རིན་འབབ་ཏུ་ཧིན་སྒོར་འབུམ་ ༡༠༠ ས་བདག་མི་གཉིས་ཀྱི་ལག་ཏུ་སྤྲད་ཡོད་པ་དང་། སྤྲོད་མཁན་ཚུར་ཕུ་བླ་བྲང་གི་རབ་རྒྱས་ཆོས་བཟང་ཡིན་ཞེས་བྲིས་ཡོད་པ་རེད། ང་ཚོའི་མིས་ཕར་སྤྲད་ཟིན་པའི་ས་རྟགས་དང་། ས་བདག་གིས་ཚུར་བླངས་ཟིན་པའི་ས་རྟགས་བཅས་བརྒྱབ་ཡོད། བྱུང་འཛིན་གྱི་མ་ཡིག་ང་ཚོའི་མིས་ཉར་ཞིང་། ངོ་བཤུས་ཤིག་མི་དེ་གཉིས་ཀྱི་ལག་ཏུ་བཞག་འདུག ཁོང་གཉིས་དངུལ་ཁྱེར་ནས་ངྷ་རམ་ས་ལར་ལོག་སྐབས་ཨོའུ་ནཱ་ནས་རྒྱ་གར་ཞིབ་བཤེར་བས་བཏོན་པ་རེད། སྐབས་དེར་དངུལ་དང་མཉམ་དུ་བྱུང་འཛིན་ངོ་བཤུས་དེ་ཡང་རྒྱ་གར་ཉེན་རྟོག་པའི་ལག་ཏུ་རག་ཡོད་ས་རེད།
དྲི་བ། ཐེངས་འདིར་རྒྱ་གར་ཉེན་རྟོག་པས་ཧ་ཅང་ཛ་དྲག་གི་རྣམ་པར་བསྒྱུར་བ་དང་། རྒྱ་གར་གསར་ལམ་ཁག་ནས་ཀྱང་དཔལ་རྒྱལ་བ་ཀརྨ་པ་མཆོག་ལ་བསྙོན་འཛུགས་སྣ་ཚོགས་བྱས་པའི་ཐད་དགོངས་ཚུལ་གང་འདྲ་ཡོད་དམ།
ལན། འདིའི་སྐོར་ལ་ང་རང་སྒེར་གྱི་བསམ་ཚུལ་ཞིག་ཞུ་རྒྱུ་ཡིན། རྒྱ་གར་ཉེན་རྟོག་པ་ཚོས་ཧང་སང་མདོག་གིས་དོན་དག་ཆེན་པོ་བཟོས་པ་དང་། གསར་ལམ་ཁག་ནས་ཀྱང་གཞི་རྩ་མེད་པའི་སྐད་ཆ་འདྲ་མིན་བཤད་པ་དེར་རྒྱུ་མཚན་ཁ་ཤས་མཐོང་གི་ཡོད། དང་པོ། ཕྱི་མི་ནང་མིའི་ཁྱད་པར་མིན་ནམ་དྲན་གྱི་འདུག མི་སུ་ཞིག་ཡིན་རུང་ཞེན་ཁོག་ཕྲན་བུ་ཡོད་ཡོད་པ་རེད། གཉིས་པ། མཚན་སྙན་གྲགས་ཀྱི་ཁྱད་པར་ཡིན་རྒྱུ་རེད། སྤྱི་ཚོགས་ནང་ཆེ་མཐོང་དང་སྐད་གྲགས་ཅུང་ཡོད་མཁན་ཞིག་ཡིན་ན། བཤད་སྤྱོད་ཏོག་ཙམ་མ་འགྲིག་པ་ཡིན་ན་གླེང་སློང་ཤུགས་ཆེན་ཆགས་འགྲོ་བ་རེད། མི་དཀྱུས་མ་ཞིག་དམར་ཧྲེང་དུ་སོང་ཡང་གླེང་མཁན་ཡོང་གི་མ་རེད། གསུམ་པ། སྤྱི་ཚོགས་ནང་གི་གླེང་སློང་བྱེད་སྟངས་ལ་བལྟས་ན། ཆེད་དུ་ཀརྨ་པ་ནག་པོ་བཟོ་ཕྱིར་རྒྱབ་ཏུ་དངུལ་གྱི་འགྲོ་སོང་གཏོང་མཁན་ཞིག་མེད་དམ་སྙམ། གང་ཡིན་ཟེར་ན། ང་ཚོའི་བླ་བྲང་གི་ངོས་ནས་གསལ་བཤད་དང་། ཁུངས་སྐྱེལ་ཅི་ཙམ་བྱས་ཀྱང་དེ་དག་མི་བཤད་པར་གཞི་རྩ་གང་ཡང་མེད་པའི་སྐྱོན་འཛུགས་སྣ་ཚོགས་བྱས་ཡོང་གི་འདུག
དྲི་བ། ཀརྨ་བླ་བྲང་གིས་ས་ཉོས་པའི་གནས་ཚུལ་སྐོར་ལ་འགྱུར་བ་འདྲ་ཕྱིན་ཡོད་མེད་དང་། ཐེངས་འདིར་རྒྱ་གར་ཉེན་རྟོག་པས་གཞུང་བཞེས་བཏང་ཟིན་པའི་ཧིན་སྒོར་འབུམ་ ༥༠༠ དེ་ཕྱིར་རག་རྒྱུར་རེ་བ་འདུག་གམ།
ལན། ཉེ་ཆར་རྒྱ་གར་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་རྩོད་པ་འདིར་ཕེབས་སྐབས། ང་ཚོས་དངུལ་དེ་དག་ས་བདག་ལ་སྤྲད་ཟིན་པའི་བྱུང་འཛིན་དང་བཅས་ཡོད་སྟབས། ཁྲིམས་ཐོག་ནས་བཤད་ན་དངུལ་དེ་ཕ་རོལ་བོའི་དངུལ་ཆགས་ཡོད་པ་རེད་ཅེས་ལབ་སོང་ལ། ང་ཚོའི་ངོས་ནས་ཀྱང་ཐོག་མའི་ཧིན་སྒོར་འབུམ་བརྒྱ་དེ་ས་བདག་རང་གི་ཡིན་པ་ཞིག་ལས་ང་ཚོའི་ཡིན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། དེ་བཞིན། ས་དེ་ཡང་ཕྱོགས་གཉིས་ཀ་མོས་མཐུན་ཐོག་ཉོས་པ་ཞིག་ཡིན་སྟབས། ང་ཚོའི་ངོས་ནས་ལས་གཞི་མུ་མཐུད་དུ་འགྲོ་རྒྱུ་དེ་རེད། ས་བདག་གིས་ད་ཆར་གང་འདྲ་བྱེད་ཀྱི་ཡོད་མེད་ཤེས་མ་སོང་། དེ་བཞིན། ཉེན་རྟོག་པས་གཞུང་བཞེས་བཏང་བའི་དངུལ་དེ་དག་ཀྱང་། ང་ཚོའི་ངོས་ནས་དངུལ་ཉར་སྟངས་ཀྱི་ཐད་ནས་ནོར་འཁྲུལ་ཅུང་ཙམ་ཤོར་ཡོད་ངེས་རེད་ལ། དེ་བསྟུན་གྱི་ཁྲལ་དང་ཉེས་ཆད་ཅིག་ཀྱང་ཕོག་སྲིད་པ་རེད། དེ་མིན་དངུལ་ཡོང་ཁུངས་རྩིས་ཁྲ་དང་བཅས་ཁུངས་སྐྱེལ་གསལ་བོ་ཡོད་སྟབས། ཉེན་རྟོག་པས་ཁྱེར་བའི་དངུལ་རྣམས་ཕྱིར་རག་རྒྱུར་རེ་བ་བྱེད་ཀྱི་ཡོད།
དྲི་བ། ད་ཆར་ཁྲིམས་བཤེར་གྱི་རིམ་པར་བསླེབས་ཡོད་སྟབས། བླ་བྲང་གི་ངོས་ནས་བདེན་པ་ར་སྤྲོད་དང་། ཁྲིམས་རྩོད་པ་སོགས་ཀྱི་ཐད་གྲ་སྒྲིག་གང་འདྲ་ཡོད་དམ།
ལན། ང་ཚོས་གནད་དོན་འདི་ཁྲིམས་གཞིར་བཞག་གི་ཐོག་ནས་འགྲོ་རྒྱུར་གྲ་སྒྲིག་གིས་ཁྲིམས་རྩོད་པ་གནད་ཞུ་བྱས་ཡོད། དངུལ་དེ་དག་གི་ཐོག་ལ་སེམས་ཁྲལ་ཞེ་དྲག་མེད། རྒྱུ་མཚན་ནི། དངུལ་དེ་དག་ཚུར་ཡོང་ཁུངས་གཙང་མ་གཙང་རྐྱང་རེད་ལ། ཕར་གཏོང་ས་ཡང་ཆོས་དང་རིག་གཞུང་། འཕྲོད་བསྟེན་སོགས་རེད། དངུལ་ཅི་ཙམ་ཡོད་ཀྱང་ཚུར་ཡོང་ས་མི་མང་རེད་ལ་སླར་འཐིམ་ས་ཡང་མི་མང་ཆགས་ཡོད། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པ་དང་། མི་མང་གི་ཁེ་ཕན་ལ་གནོད་གཞི་དེ་འདྲ་གཅིག་ཀྱང་མེད། གཞན། དངུལ་གྱི་གྲངས་ཚད་ཐད་ནས་བཤད་ན། ཕྱོགས་གཅིག་ནས་ཧིན་སྒོར་འབུམ་ ༥༠༠ ཟེར་བ་དེ་ཆེན་པོ་རེད་དེ། ཕྱོགས་གཞན་ཞིག་ནས་བཤད་ན་དེ་ཙམ་ཆེན་པོ་མ་རེད། གང་ཡིན་ཟེར་ན། རྒྱ་གར་གྱི་ཚོང་པ་ཐབས་ཆག་ཅིག་ལ་ཡང་ཧིན་སྒོར་འབུམ་ལྔ་བརྒྱ་མེད་པར་ཚོང་རྒྱག་ཐུབ་པ་མ་རེད། འོན་ཀྱང་། ང་ཚོར་བློ་ཕམ་ཆེ་ཤོས་དེ་རྒྱལ་བ་ཀརྨ་པར་རྒྱ་གར་གསར་ལམ་ཁག་ཏུ་བསྙོན་འཛུགས་འདྲ་མིན་བྱེད་ཀྱི་ཡོད་པ་དེ་རེད།
གནད་དོན་འདི་རྒྱལ་ཁབ་ཀྱི་སྲུང་བྱ་དང་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས། རྒྱ་གར་དབུས་གཞུང་ཡིན་ན་འདྲ་ལ། མངའ་སྡེ་གཞུང་ཡིན་ནའང་འདྲ། དོགས་པ་རྣམ་རྟོག་གང་ཞིག་ཡོད་ཀྱང་། ཞིབ་འཇུག་མཐིལ་ཕྱིན་པ་ཞིག་གནང་རོགས། ཞེས་ང་ཚོས་ཕར་འབོད་སྐུལ་ཞུ་བཞིན་ཡོད། མི་དཀར་པོ་ལ་ཞ་ནག་པོ་གཡོགས་པ་འདི་ཧ་ཅང་མི་འོས་པ་ཞིག་ཡིན་སྟབས། ད་རེབ་ཕྱི་གསལ་ནང་གསལ་ཞིག་ཡོང་རྒྱུ་གལ་ཆེ་ཤོས་ཆགས་འདུག
དྲི་བ། ཐེངས་འདིར་ཉེན་རྟོག་པས་སྔོག་བཤེར་སྐབས་བླ་བྲང་ནས་རྒྱལ་ཁབ་འདྲ་མིན་གྱི་ཁ་པར་བྱང་བུ་སོགས་ཅ་དངོས་འདྲ་མིན་ཐོན་ཚུལ་བཤད་པ་དེ་བདེན་པ་རེད་དམ།
ལན། རྒྱལ་བ་ཀརྨ་པ་རྒྱ་གར་ལ་འབྱོར་ཏེ་ལོ་བཅུ་གྲངས་ཕྱིན་ཡོད་པ་རེད། ག་དུས་ཡིན་ཡང་རྒྱ་གར་གཞུང་དང་ཉེན་རྟོག་པ། དེ་བཞིན་གསང་བའི་ལས་ཁུངས་སོགས་ཀྱི་ལྟ་རྟོག་ཡོད་པ་རེད། འོན་ཀྱང་ད་བར་སུ་གང་གིས་ཀྱང་དེ་འདྲའི་དོགས་གཞི་དང་ཉེན་བརྡ་བྱུང་མྱོང་མེད། བླ་བྲང་ནས་རྒྱ་ནག་གི་ཁ་པར་བྱང་བུ་དང་རྒྱལ་ཁབ་འདྲ་མིན་གྱི་ཅ་དངོས་ཐོན་ཡོད་སྐོར་བཤད་པ་དེ་དག་བདེན་པ་མ་རེད། ལྷག་པར་དུ་རྒྱལ་བ་ཀརྨ་པ་སྒེར་ལ་ཁ་པར་འདུག་ཟེར་བ་དེ་རྫུན་གཏམ་རེད། ནམ་རྒྱུན་ཁོང་གིས་ཁ་པར་བེད་སྤྱོད་གཏོང་གི་མེད། ཁོང་གིས་མི་སུ་གང་ལ་ཡང་ཁ་པར་ནས་འབྲེལ་བ་གནང་གི་མེད། དེ་བཞིན། རབ་རྒྱས་ཆོས་བཟང་གི་ཁ་པར་ནང་རྒྱ་ནག་གི་ཨང་གྲངས་འདུག་ཟེར་བ་ཡང་རྫུན་གཏམ་རེད། རབ་རྒྱས་ཆོས་བཟང་ལ་དྭགས་ནས་སྐྱེས་པའི་རྒྱ་གར་མི་ཁོངས་ཤིག་རེད། ཁོང་ལ་རྒྱ་ནག་དང་བོད་ནང་སོགས་སུ་ངོ་ཤེས་གྲོགས་པོ་སུ་གང་ཡང་མེད། ཉེན་རྟོག་པས་ཁང་པ་གང་དག་སྔོག་བཤེར་བྱས་པ་དང་། ཁྲིམས་སྒྲིག་གང་གི་འོག་ནས་སྔོག་བཤེར་བྱས་པ། སྔོག་བཤེར་སྐབས་ཅ་ལག་གང་དག་རག་ཡོད་པ་སོགས་ཀྱི་ཡིག་ཆ་ཞིག་ང་ཚོར་སྤྲད་སོང་། དེའི་ནང་སྐད་ཆ་དེ་དག་གཅིག་ཀྱང་ཡོད་པ་མ་རེད།
དྲི་བ། ཐེངས་འདིའི་དོན་རྐྱེན་སྐབས་བོད་གཞུང་དམངས་གཉིས་ངོས་ནས་རྒྱབ་སྐྱོར་རོགས་རམ་གང་འདྲ་བྱུང་ཡོད་པ་དང་། གནད་དོན་འདི་བརྒྱུད་དེ་མ་འོངས་པར་དཔལ་རྒྱལ་བ་ཀརྨ་པ་མཆོག་གི་མཛད་འཕྲིན་ལ་དོ་ཕོག་འགྲོ་སྲིད་དམ།
ལན། བོད་གཞུང་དམངས་གཉིས་ཀྱི་ངོས་ནས་རྒྱབ་སྐྱོར་དང་རོགས་འདེགས་བྱས་པ་ང་ཚོས་རེ་བ་བྱས་པ་ལས་ལྷག་ཅིག་བྱུང་སོང་། ཐེངས་འདིར་ཁོང་ཚོའི་བྱེད་སྟངས་ལས་བོད་གཞུང་དམངས་གཉིས་ཀ་དཔལ་རྒྱལ་བ་ཀརྨ་པར་ཡིད་ཆེས་བརྒྱ་ཆ་བརྒྱ་བྱེད་ཀྱི་ཡོད་པ་གསལ་བོ་ཆགས་སོང་། འདི་ལ་ང་ཚོའི་བླ་བྲང་གི་ངོས་ནས་སེམས་གཏིང་ནས་དགའ་སྤྲོ་སྐྱེ་འོས་པ་ཞིག་དང་། སྙིང་ཁུང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་དགོས་པའི་གནས་སྟངས་ཤིག་ཆགས་སོང་།
ཐེངས་འདིའི་དོན་རྐྱེན་བརྒྱུད་དེ། གནད་དོན་གཉིས་ཀྱི་ཐད་རྐྱེན་ངན་གྲོགས་ཤར་ཆགས་རྒྱུ་རེད་བསམ་ཡོད། དང་པོ། རྒྱ་གར་གཞུང་གིས་ད་བར་རྒྱལ་བ་ཀརྨ་པར་དོགས་པ་ཟ་བཞིན་ཡོད་ཀྱང་། ཞིབ་འཇུག་མཐིལ་ཕྱིན་བྱས་ཏེ་དཀར་ན་དཀར་ས་དང་། ནག་ན་ནག་སར་བསྐྱལ་ཡོད་པ་མ་རེད། ཐེངས་འདིའི་ཞིབ་བཤེར་བརྒྱུད་དེ་རྒྱལ་བ་ཀརྨ་པ་རྒྱ་གར་གཞུང་ལ་དཀར་པོ་དཀར་རྐྱང་ཆགས་ཡོང་གི་རེད་དྲན་ཡོད། གཉིས་པ། ཚུར་ཕུ་བླ་བྲང་གི་ལས་བྱེད་དག་གི་ལས་དོན་ཚགས་ཚུད་མེད་པ་དང་། འགྲོ་སྟངས་འདུག་སྟངས་མ་ཤེས་པར་འཐུས་ཤོར་དང་ནོར་འཁྲུལ་བཟོས་ཡོད་པའི་རིགས་མ་འོངས་པར་གཙང་མ་ཞིག་དང་མ་འོངས་པའི་དངུལ་རྣམས་ཁྲིམས་མཐུན་ཐོག་ཉར་ཆོག་པའི་གནས་སྟངས་ཤིག་ཀྱང་ཆགས་ཡོང་གི་རེད་བསམ་གྱི་འདུག
བོད་མི་མང་པོ་ཞིག་ཀརྨ་པར་གནད་ཚུལ་བྱུང་བ་འདི་ལ་བློ་ཕམ་ཆེ་པོ་བྱེད་ཀྱིས་འདུག་མོད་།
འོན་ཀྱང་ངས་གནད་ཚུལ་འདི་ལ་བློ་ཕམ་བྱེད་དགོས་དོན་མི་འདུག
ཀརྨ་པ་ནི་མི་གཙང་མ་ཡིན་པ་མི་ཚང་མིས་ཤེས་གསལ་རེད་།་
གནད་དོན་འདིས་བླ་རྫོནདང་གྲ་རྫོན་རྣམས་ལ་ནན་བརྡར་གསལ་པོ་ཞིག་གཏང་བ་རེད
ཐེངས་འདིར་རྒྱ་གར་གྱི་ཉེན་རྟོག་པ་དང་གསར་འགོད་པས་གཞི་མེད་ལོག་བཤད་དང་སྐྱོན་འཛུག་བྱས་པ་འདིས་༧་རྒྱལ་དབང་ཀརྨ་པ་ནོར་འཁྲུལ་ཅན་ཞིག་གཏན་ནས་བཟོ་ཐུབ་མེད་པ་འདིས་དྲང་བདེན་ཟེར་བ་དེ་ལ་རྒྱལ་ཁ་ཞིག་ཡོད་པ་ང་ཚོས་ཤེས་ཐུབ།
འདིའི་སྐོར་ལ་ཤེས་ཡོན་པ་དང་རྩོམ་པ་པོ་གཞུང་དང་གཞུང་འབྲེལ་མ་མ་ཡིན་པ་སྐྱེ་བོ་སྒེར་ཡན་ཆོད་ཀྱིས་སྐྱིད་སྡུག་མཉམ་མྱོང་བྱས་པ་འདིས་བོད་མི་རིགས་འདི་རྡོག་རྩ་ཆིག་སྒྲིག་བརྟན་པོ་ཡོད་པ་ཡང་གསལ་པོ་ཤེས་ཐུབ།
འོན་ཀྱང་གཟུར་གཉས་བློ་ལྡན་བཞིན་སྐབས་འཚོལ་རིང་ལུགས་པ་འགའ་ཤས་ཀྱི་༧་རྒྱལ་དབང་ཀརྨ་པ་ལ་ཟུར་ཟ་དང་སྐྱོན་བརྗོད་བྱེད་པའི་གོ་སྐབས་ཀྱང་རགས་ཡོད་ཁོང་ཚོས་གོ་ཁའི་ཨ་མས་དམོད་མོ་བྱེད་པ་བཞིན་རྒྱུ་མཚན་མེད་པའི་འཁྱལ་གཏམ་ལ་སུས་ཀྱང་ཡ་ལེན་བྱེད་མི་ཐུབ།
ད་ཐེངས་གི་གནས་ཚུལ་འདིའི་ཉམས་མྱོང་ལ་སློབ་སྦྱོང་བྱེད་ནས་བླ་བྲང་འགན་ཁུར་མཁན་ཚོས་ནམ་སྔོན་མ་ལྟར་ང་ཆེ་ཁོ་བཙན་གྱི་ངང་ཚུལ་དང་།ཡུལ་ལྷ་གཞི་བདག་གི་བྱེད་སྟངས་མི་འཛིན་པར།་་་་་་་བསམ་བློ་གསར་བརྗེ་དང་།་་་་་་་འགྲོ་སྟངས་ལེགས་བཅོས་བྱེད་ནས་དད་ལྡན་མི་སྣ་ལ་ངོས་ལེན་བྱེད་སྟངས་དང་།གཞུང་དང་གཞུང་འབྲེལ་བ་མ་ཡིན་པ་སྐྱེ་བོ་སྒེ་ཡན་ཆོད་ལ་བསྟུན་མཁས་དང་།ལས་ཀ་བྱེད་ཕྱོགས་ལ་ཡར་རྒྱས་དང་སྒྱུར་བཅོསངེས་པར་དུ་བྱེད་དགོས་བ་ཞིག་རེད།གལ་སྲིད་དེ་ལྟར་མ་བྱས་པར་སྔོན་མ་བཞིན་ལམ་སྲོལ་དང་ལྟ་གྲུབ་མུ་མཐུད་ནས་རྒྱུན་སྐྱོངས་བྱ་ན་ཡང་ཉི་མ་གཅིག་ལ་ཡང་བསྐྱར་མཛུབ་མོ་ཁ་ནང་ལ་བཅུག་ནས་བློ་འགྱོད་བྱེད་དགོས་བ་ཞིག་ཡོང་བ་ནི་ཕལ་ཆེར་བཤད་ཐུབ།རྨ་ཁ་དང་ན་ཟུག་ལ་མི་ལྟ་བར་བཤའ་བཅོས་བྱེད་དགོས་བ་དུ་མ་ཞིག་ལྷག་ཡོད་པ་ངེས་པར་དུ་ཤེས་དགོས།
ཀརྨ་པ་ནི་བོད་ཀྱི་བླ་ཆེན་གྱི་གྲས་ཤིག་ཡིན་པས་ང་ཚོས་ཁོང་གི་བསླབ་གཉེར་མཐར་ཕྱིན་ནས་བོད་ལ་ཕན་པའི་བླ་མ་ཞིག་ཏུ་འགྱུར་བའི་སྨོན་ལམ་དང་རེ་བ་ལོས་བྱེད། འོན་ཏང་བོད་གཞུང་ནས་བླ་ཆེན་འདྲ་འདྲ་ཡིན་པ་ལ་ཀརྨ་པ་ལ་དམིགས་བསལ་བརྩི་མཐོང་བྱེད་དགོས་པ་གང་ཡིན་ནམ། ས་སྐྱ་གོང་མ་དང་དགའ་ལྡན་ཁྲི་པ་སོགས་ལ་སྐུ་སྲུང་བ་གཏོང་མི་དགོས་པར་ཀརྨ་པ་ལ་གཏོང་དགོས་པ་གང་ཡིན་ནམ། ཁོང་ལ་རྒྱ་མི་དང་མགོ་སེར་ཚོས་ཕུལ་བའི་དངུལ་མང་པོ་ཡོད་ཙམ་ཡིན་ན་རྒྱ་གུང་ཕྲན་ལའང་དངུལ་གྱི་ཆར་པ་དབབ་ཏུ་ཡོད་པས་ང་ཚོས་ད་ནི་གུང་ཕྲན་ལའང་མགོ་འབུལ་ལུས་འབུལ་ཅིའི་ཕྱིར་མི་བྱེད། དངོས་གནས་བྱེད་ན། གསེར་རྟ་མཁན་པོ་དང་སེར་ཤུལ་མཁན་པོ་སོགས་ལའང་རྒྱ་ཡི་སློབ་མ་ཁྲི་སྟོང་མང་པོ་ཡོད་ཀྱང་ཀརྨ་པ་ལྟར་དངུལ་མང་པོ་མི་ཡོང་བ་ཅི་ཡིན། མི་མང་པོ་ཞིག་དབང་སྒྱུར་བྱེད་པ་ལ་ཡང་ན་ཡོན་ཏན་འགྲན་ཟླ་བྲལ་བ་ཞིག་དགོས་ལ། ཡང་ན་རྟོགས་པ་མཐོ་པོ་མི་ལ་རས་པ་ལྟ་བུ་ཞིག་དགོས། ཡང་ན་དངུལ་རྫོགས་རྒྱུ་མེད་པ་ཞིག་དགོས་པ་ཡིན། ཀརྨ་པ་ལ་ད་ལྟར་མངོན་གསལ་དོད་ཤོས་སུ་ཡོད་པ་ནི་དངུལ་མང་པོ་དེ་ཡིན། དངུལ་མང་པོ་དེ་དག་བེད་སྤྱད་ནས་བོད་མི་མང་པོ་དང་རྒྱ་དཀར་ནག་གཉིས་ལ་ཚོར་ཧ་ཅང་སྐྱེན་པའི་ས་མཚམས་ཁུལ་གྱི་མི་མང་པོ་ཐོག་མར་ཀརྨ་པ་རང་གི་ཅི་གསུང་ཁ་ལ་ཉན་པའི་སློབ་མར་སྡུད་རྒྱུར་འབད་བརྩོན་བྱེད། དབང་དུ་བསྡུས་ནས་རིམ་པས་དེ་དག་རྒྱ་ནག་པོའི་ཕྱོགས་སུ་དྲང་མི་ཡོང་ངམ་སྙམ་པའི་དོགས་པ་རྒྱ་གར་གཞུང་གིས་བྱེད་པ་ལས་སྲང་ལམ་དུ་རྒྱུག་མཁན་གྱི་སོ་པ་ཆུང་རིགས་ཡིན་མིན་ནི་དོགས་པའི་གནས་མེད་དོ། ཀརྨ་བླ་བྲང་གི་ལས་མི་ཚོས་བོད་གཞུང་ལ་ཁ་གཏོང་རྐྱང་དང་རྒྱ་མི་འཇལ་བཅར་བར་འབྱར་གང་ཐུབ་བྱེད་པ་ནི་ངོ་ཚ་དགོས་པ་ཞིག་གོ། ཤིན་ཏུ་ཡ་མཚན་པ་ནི་ཀརྨ་པས་རྡོར་གདན་དུ་གསུང་ཆོས་གྱི་སྐབས་ཤིག་ཏུ་རྒྱ་མི་སྤྱི་དང་ལྷག་པར་ཐའི་འོན་གྱི་རྒྱ་མི་ནི་ང་གསོ་སྐྱོང་མཁན་གྱི་ཕ་མ་ལྟ་བུ་ཡིན་ཟེར་བ་དང་། ཡང་སྐབས་ཤིག་ཏུ། ངར་རྒྱ་ནག་གཞུང་ལ་སྐྱོན་བརྗོད་གང་ཡང་བྱ་རྒྱུ་མེད་ཟེར་འདུག་པས་བོད་མི་སྐྱབས་བཅོལ་བ་ཞིག་གིས་དེ་འདྲ་ལབ་སྲོལ་གང་ན་ཡོད། དེང་སང་རྙོག་དྲ་ལྷག་དུས་ཀརྨ་པས་རྒྱ་གཞུང་ལ་རང་དབང་དེ་ཙམ་མེད་པའི་སྐྱོན་བརྗོད་བྱེད་པ་ནི་རང་དོན་ལ་ཐུག་པ་ལས་སྤྱི་དོན་ལ་ཐུག་ནས་མིན་པ་ལོང་བས་ཀྱང་ཤེས་ནུས་སོ། །
ཤེས་རབ་ལགས་ཀྱིས་བྲིས་པའི་༼ཀརྨ་པ་ལ་སྐྱོན་བརྗོད་དེ་ཚོ་གཞི་མེད་རེད་ཟེར་དགོས་དོན།༽ཞེས་པའི་སྙན་རྩོམ་དེ་ཉིད་མཁྱེན་འདོད་ཡོད་ན་དྲྭ་བྱང་(www.sherab.org) འདིར་གསལ།།
ཉེ་ཆར་མནས་ཚུལ་འདི་ཅུང་འཇམ་པ་ལྟར་བྱུང་སོང་ཡང་དེ་རིང་ཡང་བསྐྱར་ལབ་གླེང་གི་གསར་འགྱུར་ཞིག་ནང་རྒན་བསྟན་པ་ཡར་འཕེལ་གྱིས་དོག་འདྲི་འཆར་བཀོད་འདི་ནང་ཀརྨ་པའི་བླ་བྲང་ནས་ལེགས་ཆ་ལེན་རྒྱུ་མང་པོ་ཞིག་འདུག་པས་གོ་སྐབས་འདིའི་དམིགས་ཡུལ་མཐའ་དག་ངེས་པར་དུ་ཡིད་འཇོག་བྱེད་རོག་རྒན་བསྟན་པ་ཡང་འཕེལ་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ༈ སྲས་འཇིགས་མེད་ནོར་བུ་དགོང་པ་རྫོགས་པ་ལ་སྙིང་ནས་བློ་ཕམ་བྱུང་། ཁོང་མ་འོང་པར་བོད་ཀྱི་བསྟན་དོན་ལ་ཞུམ་པ་མེད་པའི་དཔའ་བོ་ཞིག་ཏུ་ཡང་བསྐྱང་ཕེབས་ཐུབ་པའི་སྨོན་ལམ་ཡང་ཡང་བཏབ་གི་ཡོད། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ
འདི་ནི་བཅར་འདྲི་ཚད་ལྡན་ཞིག འོན་ཀྱང་དུས་ལྟར་མ་ཐོན་ཕངས།
ད་དུང་རྒྱ་གར་ཉེན་རྟོག་པ་དང། ས་བདག་གང་དང་དངུལ་བཅོལ་ས།
དངུལ་གཉེར་རྩིས་གཉེར་འབྲེལ་ཡོད་ཚོར། བཅར་འདྲི་ཁ་གསལ་བྱེད་གལ་ཆེ།
གལ་ཏེ་འབུལ་དངུལ་ཕྱིར་སློག་གི ཐག་གཅོད་འབྱུང་ཐབས་ཅི་ཕན་ལ།
བཅར་འདྲི་རིགས་དང་ཧིན་ཡིག་དང། དབྱིན་ཡིག་སོགས་སུ་སྒྱུར་སྤེལ་གལ།
རྐྱེན་ངན་གྲོགས་སུ་སྒྱུར་ཐབས་ནི། བློ་གྲོས་ནང་གི་དྭངས་མ་དང།
བྱ་བའི་ནང་གི་འགངས་ཆེན་ཡིན། འཕྲིན་ལས་རླུང་རྟ་འཕུར་བར་སྨོན།
༧རྒྱལ་དབང་ཀརྨ་པ་སྐུ་ཕྲེང་ན་རིམ་ནི་བོད་ཀྱི་ལོ་རྒྱུས་ཀྱི་གླེག་བམ་ཁྲོད་ནས་མཛད་རྗེས་རིང་ཤོས་ཤིག་དང་། ནང་བསྟན་ཆོས་ལུགས་ཀྱི་ནང་ནས་ཀྱང་གོ་ས་ཚད་ངེས་ཅན་བཟུང་ཡོད་པའི་སྐྱེས་བུ་སྙན་གྲགས་ཆེ་ཤོས་ཤིག་ཆགས་ཡོད། ཀརྨ་པ་སྐུ་ཕྲེང་གཉིས་པ་དང་གསུམ་པ་ལྔ་པ་བཅས་རྒྱ་སོག་གི་ཡུལ་གྲུ་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་། རྒྱ་སོག་གི་དཔོན་པོ་ཚོས་ཞབས་རྡུལ་སྤྱི་བོས་བླངས།
དེ་ནས་བཟུང་རྒྱ་ནག་དང་སོག་པོའི་ནང་དུ་རྒྱལ་དབང་ཀརྨ་པ་ལ་དད་པ་བྱེད་མཁན་གྱི་སློབ་མ་སློབ་རྒྱུན་དང་བཅས་པ་ཁྲི་འབུམ་གྱིས་ཚད་བཟུང་མི་ཐུབ་པས་༧རྒྱལ་དབང་ཀརྨ་པའི་སྐུ་མདུན་དུ་རྒྱ་མི་རིགས་ཀྱིས་དད་པ་བྱས་ནས་ཕུལ་བའི་དངུལ་དངོས་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་རྒྱ་ནག་གི་གསང་ཉུལ་བ་ཞིག་རེད་ཅེས་ནམ་ཡང་ཤོད་མི་ཐུབ། སྐུ་ཕྲེང་བཅུ་བདུན་པ་ལ་ཆ་མཚོན་ན་བོད་མི་རིགས་ཀྱི་གཉན་འཕྲང་ཛ་དྲག་ཆེ་བའི་དུས་འདིར་ལུས་སྲོག་ལོངས་སྤྱོད། ཐོབ་སྙན་གྲགས་ཡོད་ཚད་རྒྱབ་ལ་གཡུག་ནས་༧གོང་ས་མཆོག་དང་བོད་མི་རིགས་ལ་གདོང་གཏད་ནས་རི་བོ་ཧི་མ་ལ་ཡ་གོམ་པས་འཇལ་ནས་གཞན་ཡུལ་དུ་སླེབས་པའི་སྐྱབས་བཅོལ་བ་ཞིག་ཡིན་པ་ལས་རྒྱ་ནག་གིས་བཏང་བའི་སོ་པ་ཞིག་གཏན་ནས་མིན།ད་ལྟའི་ཆར་༧རྒྱལ་དབང་ཀརྨ་པའི་མཚན་སྙན་གྲགས་དབང་ཐང་གཟི་བརྗིད་བཀའ་སློབ་གསུང་སྟངས་དང་ཀུན་སྤྱོད་ཁུར་སྟངས་སོགས་ལ་བལྟས་ན་མ་འོངས་པར་འཛམ་གླིང་ཞི་བདེའི་གཟེངས་རྟགས་ལ་ཡང་རེ་བ་ཡོད་པ་ཞིག་ཆགས་ཡོད། བོད་མི་རིགས་ཀྱི་ཁོང་ལ་རེ་བ་དང་ཡིད་ཆེས་བྱེད་ས་ལ་བལྟས་ན་གསེར་མདོག་གི་ཉི་མ་སེར་པོ་རྒྱལ་བ་དོན་གྱི་བདག་པོ་སྐུ་ཕྲེང་བཅུ་བཞི་པ་ནུབ་རི་ལ་ཡོལ་བའི་དབང་དུ་བཏང་ཡང་། ༧རྒྱལ་དབང་ཀརྨ་པ་དུང་ཟླ་བཞིན་འཇིག་རྟེན་ལ་འོད་སྣང་འབྱེད་མཁན་ཞིག་ཆགས་རྒྱུ་ཉག་གཅིག་རེད། རྒྱལ་བ་ཀརྨ་པ་ནི་འཛམ་གླིང་སྤྱི་ལ་དབང་བའི་ནང་བསྟན་ཆོས་ལུགས་ཀྱི་རླབས་ཆེན་གྱི་མི་སྣ་ཞིག་ཡིན་པས་ཁོང་གི་མཛད་འཕྲིན་གྱི་ཁྱབ་ཚད་ཀྱང་ཁྱབ་ཕྱོགས་ཆུང་ཆུང་ཞིག་འཚོལ་ན་གཏན་ནས་མི་འགྲིག
དམིག་བསལ་དུ་ཁོང་གིས་བོད་མི་རིགས་དང་འབྲེལ་བའི་བསྟན་པ་ཆབ་སྲིད་རིག་གཞུང་སྲུང་སྐྱོབས་ཀྱི་འགན་ཁུར་ནས་ཏཱ་ལའི་བླ་མའི་མཐོ་སློབ་ཀྱི་ཐེབས་རྩ་ཆེད་དུ་ཨ་སྒོར་ས་ཡ་གཅིག་གནང་ཡོད་ཅིང་། དེ་མ་ཡིན་པའི་ཚོགས་པ་སྒྲིག་འཛུག་གང་ས་རུ་ཤེས་ཡོན་དང་རིག་གཞུང་སྲུང་སྐྱོབས་ཀྱི་ཆེད་དུ་རྒྱབ་སྐྱོར་མི་ཉུང་བ་ཞིག་གནང་བཞིན་ཡོད་པ་ནི་ཚགས་པར་དུས་དེབ་གང་ས་རུ་མཐོང་རྒྱུ་ཡོད་པ་ཞིག་རེད། ཕྱོགས་གཅིག་ནས་བལྟས་ན་རྒྱལ་དབང་ཀརྨ་པ་རྒྱ་གར་ལ་ཕེབས་ནས་ལོ་བཅུ་ལྷག་ཕྱིན་ཟིན་ཡང་བཞུགས་ས་བརྟན་པོ་ཞིག་ཀྱང་ཐོབ་མེད་ལ་ད་དུང་ཡང་ཁྱིམ་ཚང་གཞན་ལ་གནས་ཚང་གཡར་ནས་བཞུགས་ཡོད་པ་དང་།རྒྱལ་ཁབ་ཕྱི་ནང་ཡར་མར་ཕེབས་བཞུགས་ལ་ཡང་འོ་བརྒྱལ་འཕྲད་བཞིན་ཡོད། དེ་ནི་སུས་ཀྱང་འགྲེལ་བཤད་མ་དགོས་པར་རྒྱལ་དབང་ཀརྨ་པའི་ཞབས་ཞུ་འགན་ཁུར་མི་སྣ་ཚོ་ལ་འཇོན་ཐང་དང་ནུས་པ་མེད་པའི་རྟགས་གསལ་བསྟན་ཡོད། ངས་སྲང་ལམ་བར་ནས་གོ་ཚུལ་ལྟར་བྱས་ན་ཀརྨ་པའི་བླ་བྲང་ནི་མི་རབས་རྒྱུན་འཇགས་ཀྱི་ལུག་སྲོལ་གྱིས་བཙན་བཟུང་བྱས་ནས་ཁོ་རང་ཚོའི་ཁ་ཕྱོགས་ལས་ཤེས་ལྡན་མི་སྣ་སུ་ཡང་བླ་བྲང་གི་ལས་སྣེ་ལ་སླེབ་ཀྱི་མེད་པ་མ་ཟད་ཞབས་ཞུ་འགན་ཁུར་མི་སྣ་ཚོར་སྐད་ཡིག་རང་རྐྱ་ཕེར་བ་ཤེས་མཁན་མེད་པ་དང་། བོད་ཀྱི་རིག་གནས་ལོ་རྒྱུས་སུམ་རྟགས་དང་དག་ཡིག་ཐ་ན་སྙན་ཞུ་ཡག་པོ་འབྲི་ཤེས་མཁན་ཞིག་ཀྱང་དཀོན་པོ་ཡིན་པ་གོ་རྒྱུ་འདུག། ༧རྒྱལ་དབང་ཀརྨ་པའི་བླ་བྲང་ཆེན་པོ་འདི་དེ་ལྟར་རུལ་སུང་དང་འཐུས་ཤོར་ལ་སོང་ན་བོད་མི་རིགས་ཀྱི་གནད་འགག་ཆེ་བའི་ས་མིག་ཅིག་ཉམས་ཆགས་ལ་འགྲོ་རྒྱུ་ཡིན་པ་གོར་མ་ཆགས། རྒྱུ་མཚན་དེས་རྒྱལ་ཁབ་ཕྱི་ནང་ལ་ཡོད་པའི་དད་ལྡན་མི་སྣ་ཚོ་དང་རྒྱལ་དབང་ཀརྨ་པ་སྐུ་སྒེར་ལ་ཤ་ཚ་བའི་སྐྱེ་བོ་ཚོས་མ་བསྐུར་དྭངས་བླང་གིས་མཉམ་རུབ་བྱེད་ནས་བླ་བྲང་དེ་ཡར་རྒྱས་དང་ཚགས་ཚུད་དུ་གཏོང་བའི་ཐབས་ཤེས་ལ་འབད་དགོས་ཤིང། གཟུར་གནས་ཀྱི་རྩོམ་པ་པོ་ཚོས་འདི་སྐོར་ལ་སྨྱུག་ཁ་མཉམ་རུབ་ཀྱིས་དགག་སྒྲུབ་ཀྱི་རྣོ་སོ་གཅིག་ཏུ་གཏད་དགོས། ཉེ་ཆར་གྱི་དོན་རྐྱེན་ངན་པ་དེ་༧རྒྱལ་དབང་ཀརྨ་པ་སྐུ་སྒེར་གྱི་ནོར་འཁྲུལ་ཞིག་མིན་ཡང་བླ་བྲང་གི་ལས་ཀ་བྱེད་མཁན་ཚོ་ལ་རྣམ་དཔྱོད་དང་ཤེས་འཇོན་མེད་པའི་རྒྱུ་མཚན་ལ་བརྟེན་ནས་ཞབས་འདྲེན་དེ་ལྟར་བཞག་པ་ནི་འཇིག་རྟེན་ཀུན་གསལ་རེད། ལོ་རྒྱུས་ཡུན་རིང་ལྡན་པའི་༧རྒྱལ་དབང་ཀརྨ་པའི་བླ་བྲང་ནི་བློ་གྲོས་ཁབ་མིག་ལས་ཕྲ་བའི་སྐྱེ་བོ་ཤེས་འཇོན་མེད་མཁན་ཚོ་དང་། ས་ཕྱོགས་གང་སའི་ཕན་མ་ཐོག་པའི་ལས་མེད་ར་མ་ལུག་ཚོས་ཨུ་ཚུགས་ཀྱིས་འཚང་ཁ་རྒྱག་ས་ཞིག་མ་ཡིན་པས་ལས་ཀ་མ་འཇོན་མཁན་དེ་ཚོ་རང་འགན་རང་ཁུར་གྱིས་བཟང་སྤྱོད་ངང་ནས་དགོངས་པ་ཞུ་སྟེ། བླ་བྲང་ནང་ལ་ཆོས་ཆབ་སྲིད་སྐད་ཡིག་སོགས་གང་ནས་ཀྱང་མཁྱེན་རྒྱ་ཡངས་ཤིང་འབུར་དུ་ཐོན་པའི་ནུས་པ་ཅན་གྱི་ཤེས་ལྡན་མི་སྣ་གསོག་ཉར་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་ཞིག་རེད། ཀརྨ་པའི་བླ་བྲང་དེ་ལྟར་ཉམས་ན་བོད་ཀྱི་རིགས་གཞུང་དང་བསྟན་པ་ཆབ་སྲིད་ཀྱི་ལྟེ་བ་ཞིག་ཉམས་པ་ཡིན་པས་། མཚུར་ཕུ་བླ་བྲང་དེ་ཚགས་ཚུད་དུ་གཏོང་བའི་ལས་འགན་དེ་ཀརྨ་པ་ལ་དད་ཞེན་ཡོད་པའི་མི་རེ་ངོ་རེ་ནས་འགན་ཁུར་དང་། དོ་སྣང་བྱ་རྒྱུ་དེ་འཕྱི་མ་དྲག་ན་སྔ་དྲག་མེད།༧རྒྱལ་དབང་ཀརྨ་པའི་སྐུ་མདུན་ལ་ཕུལ་བའི་དངུལ་དངོས་ཡོད་ཚད་འདས་པོའི་རྣམ་ཤེས་དང་།གསོན་པོའི་སྐྱབས་འཇུག་ཞུ་ཆེད་དུ་ཕུལ་བ་ཞིག་ཡིན། འཆི་གསོན་མང་པོའི་རེ་བ་བྱལྕི་མོ་ཞིག་བྱས་ནས་ཕུལ་བའི་དངུལ་དངོས་དེ་ཚོ་ཕར་འགྲོ་ཚུར་ཡོང་གི་རྩིས་ཁྲ་ཡག་པོ་མ་བྱས་པར་ལྐོག་ཟ་རུལ་སུང་དུ་འགྲོ་ན། དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གང་ནས་བལྟས་ཀྱང་མི་རུང་པས་སྒྲིག་འཛུག་ཚགས་ཚུད་བཏང་ནས་རྒྱལ་ཁབ་དང་། ཚོགས་པ་སྒྲིག་འཛུག་སྤྱི་མཚུངས་བཞིན་རྩིས་ཁྲ་ཚད་ལྡན་བཟོ་རྒྱུ་དེ་གལ་ཆེ། སངས་རྒྱས་ཀྱི་བསྟན་པ་ནི་སེངྒེ་བཞིན་ཕྱི་རོལ་གནོད་པས་ཚུགས་མི་ཐུབ་ཀྱང་ནང་གི་གནོད་པས་བསྟན་པ་འཇིག་ཉེན་ཆེ་ཇི་སྐད་དུ་གསུང་པ་བཞིན། ༧རྒྱལ་དབང་ཀརྨ་པའི་བསྟན་པ་དེ་ཕྱི་རོལ་གྱི་གནོད་པས་མི་ཚུགས་ཀྱང་ནང་གི་ལས་བྱེད་ཚོས་ལས་ཀ་བྱེད་ཕྱོགས་མ་འགྲིག་ན་ཏན་ཏན་ཡར་ཐར་མེད་པའི་གཡང་ཁ་ནས་འཕེན་ངེས་པས་འབྲེལ་ཡོད་ཚང་མས་ཡིད་གཟབ་བྱེད་དགོས།
ད་དུང་མི་ཚོས་སྲང་ལམ་བར་ན་ཡོངས་གྲགས་ཀྱི་སྐྱུག་བྲོ་བའི་བཤད་ཚུལ་ཞིག་ལ་རྒྱལ་དབང་ཀརྨ་པ་མཇལ་དུ་འགྲོ་དུས་ཡིག་ཁུག་་དམར་པོ་ཁུར་མཁན་དང་། ངོ་སོ་མཐོ་བའི་སྐྱེ་བོ་བརྒུྱུད་ན་ཀརྨ་པའི་ཞབས་ཞུ་ཚོས་མཇའ་ཁ་ལས་སླ་བོ་རགས་ཀྱི་ཡོད་ཅིང་། དེ་མེད་ན་མཇལ་ཁ་ཡང་ལས་སླ་བོ་རགས་ཀྱི་མ་རེད་ཟེར་བའི་གནས་ཚུལ་འདུག། རྒྱལ་དབང་ཀརྨ་པ་ལ་དད་པ་ཡོད་མཁན་ཚོ་མཇལ་ཁ་ལ་འགྲོ་དུས་རང་ཉིད་སྒེར་གྱི་ངོ་སོ་དང་ཁེ་ཕན་ཡོད་མེད་ལ་བལྟས་ན་རྒྱལ་དབང་ཀརྨ་པའི་མཚན་སྙན་བཙོང་བ་དང་བསྟན་པའི་ཞབས་འདྲེན་བླ་ན་མེད་པ་ཡིན་པས་ཚང་མས་དེའི་སྐོར་ལ་ཡིད་གཟབ་དགོས། མཐའ་དོན་༧རྒྱལ་དབང་ཀརྨ་པའི་བསྟན་པ་ཕྱོགས་ཀུན་ལ་ཁྱབ་ཅིང་མཛད་འཕྲིན་ཉི་ཟླ་དང་མཉམ་པའི་སྨོན་འདུན་བཅས།
༧རྒྱལ་དབང་ཀརྨ་པ་སྐུ་ཕྲེང་ན་རིམ་ནི་བོད་ཀྱི་ལོ་རྒྱུས་ཀྱི་གླེག་བམ་ཁྲོད་ནས་མཛད་རྗེས་རིང་ཤོས་ཤིག་དང་། ནང་བསྟན་ཆོས་ལུགས་ཀྱི་ནང་ནས་ཀྱང་གོ་ས་ཚད་ངེས་ཅན་བཟུང་ཡོད་པའི་སྐྱེས་བུ་སྙན་གྲགས་ཆེ་ཤོས་ཤིག་ཆགས་ཡོད། ཀརྨ་པ་སྐུ་ཕྲེང་གཉིས་པ་དང་གསུམ་པ་ལྔ་པ་བཅས་རྒྱ་སོག་གི་ཡུལ་གྲུ་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་། རྒྱ་སོག་གི་དཔོན་པོ་ཚོས་ཞབས་རྡུལ་སྤྱི་བོས་བླངས།
དེ་ནས་བཟུང་རྒྱ་ནག་དང་སོག་པོའི་ནང་དུ་རྒྱལ་དབང་ཀརྨ་པ་ལ་དད་པ་བྱེད་མཁན་གྱི་སློབ་མ་སློབ་རྒྱུན་དང་བཅས་པ་ཁྲི་འབུམ་གྱིས་ཚད་བཟུང་མི་ཐུབ་པས་༧རྒྱལ་དབང་ཀརྨ་པའི་སྐུ་མདུན་དུ་རྒྱ་མི་རིགས་ཀྱིས་དད་པ་བྱས་ནས་ཕུལ་བའི་དངུལ་དངོས་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་རྒྱ་ནག་གི་གསང་ཉུལ་བ་ཞིག་རེད་ཅེས་ནམ་ཡང་ཤོད་མི་ཐུབ། སྐུ་ཕྲེང་བཅུ་བདུན་པ་ལ་ཆ་མཚོན་ན་བོད་མི་རིགས་ཀྱི་གཉན་འཕྲང་ཛ་དྲག་ཆེ་བའི་དུས་འདིར་ལུས་སྲོག་ལོངས་སྤྱོད། ཐོབ་སྙན་གྲགས་ཡོད་ཚད་རྒྱབ་ལ་གཡུག་ནས་༧གོང་ས་མཆོག་དང་བོད་མི་རིགས་ལ་གདོང་གཏད་ནས་རི་བོ་ཧི་མ་ལ་ཡ་གོམ་པས་འཇལ་ནས་གཞན་ཡུལ་དུ་སླེབས་པའི་སྐྱབས་བཅོལ་བ་ཞིག་ཡིན་པ་ལས་རྒྱ་ནག་གིས་བཏང་བའི་སོ་པ་ཞིག་གཏན་ནས་མིན།ད་ལྟའི་ཆར་༧རྒྱལ་དབང་ཀརྨ་པའི་མཚན་སྙན་གྲགས་དབང་ཐང་གཟི་བརྗིད་བཀའ་སློབ་གསུང་སྟངས་དང་ཀུན་སྤྱོད་ཁུར་སྟངས་སོགས་ལ་བལྟས་ན་མ་འོངས་པར་འཛམ་གླིང་ཞི་བདེའི་གཟེངས་རྟགས་ལ་ཡང་རེ་བ་ཡོད་པ་ཞིག་ཆགས་ཡོད། བོད་མི་རིགས་ཀྱི་ཁོང་ལ་རེ་བ་དང་ཡིད་ཆེས་བྱེད་ས་ལ་བལྟས་ན་གསེར་མདོག་གི་ཉི་མ་སེར་པོ་རྒྱལ་བ་དོན་གྱི་བདག་པོ་སྐུ་ཕྲེང་བཅུ་བཞི་པ་ནུབ་རི་ལ་ཡོལ་བའི་དབང་དུ་བཏང་ཡང་། ༧རྒྱལ་དབང་ཀརྨ་པ་དུང་ཟླ་བཞིན་འཇིག་རྟེན་ལ་འོད་སྣང་འབྱེད་མཁན་ཞིག་ཆགས་རྒྱུ་ཉག་གཅིག་རེད། རྒྱལ་བ་ཀརྨ་པ་ནི་འཛམ་གླིང་སྤྱི་ལ་དབང་བའི་ནང་བསྟན་ཆོས་ལུགས་ཀྱི་རླབས་ཆེན་གྱི་མི་སྣ་ཞིག་ཡིན་པས་ཁོང་གི་མཛད་འཕྲིན་གྱི་ཁྱབ་ཚད་ཀྱང་ཁྱབ་ཕྱོགས་ཆུང་ཆུང་ཞིག་འཚོལ་ན་གཏན་ནས་མི་འགྲིག
དམིག་བསལ་དུ་ཁོང་གིས་བོད་མི་རིགས་དང་འབྲེལ་བའི་བསྟན་པ་ཆབ་སྲིད་རིག་གཞུང་སྲུང་སྐྱོབས་ཀྱི་འགན་ཁུར་ནས་ཏཱ་ལའི་བླ་མའི་མཐོ་སློབ་ཀྱི་ཐེབས་རྩ་ཆེད་དུ་ཨ་སྒོར་ས་ཡ་གཅིག་གནང་ཡོད་ཅིང་། དེ་མ་ཡིན་པའི་ཚོགས་པ་སྒྲིག་འཛུག་གང་ས་རུ་ཤེས་ཡོན་དང་རིག་གཞུང་སྲུང་སྐྱོབས་ཀྱི་ཆེད་དུ་རྒྱབ་སྐྱོར་མི་ཉུང་བ་ཞིག་གནང་བཞིན་ཡོད་པ་ནི་ཚགས་པར་དུས་དེབ་གང་ས་རུ་མཐོང་རྒྱུ་ཡོད་པ་ཞིག་རེད། ཕྱོགས་གཅིག་ནས་བལྟས་ན་རྒྱལ་དབང་ཀརྨ་པ་རྒྱ་གར་ལ་ཕེབས་ནས་ལོ་བཅུ་ལྷག་ཕྱིན་ཟིན་ཡང་བཞུགས་ས་བརྟན་པོ་ཞིག་ཀྱང་ཐོབ་མེད་ལ་ད་དུང་ཡང་ཁྱིམ་ཚང་གཞན་ལ་གནས་ཚང་གཡར་ནས་བཞུགས་ཡོད་པ་དང་།རྒྱལ་ཁབ་ཕྱི་ནང་ཡར་མར་ཕེབས་བཞུགས་ལ་ཡང་འོ་བརྒྱལ་འཕྲད་བཞིན་ཡོད། དེ་ནི་སུས་ཀྱང་འགྲེལ་བཤད་མ་དགོས་པར་
དངོས་གནས་རེད།མཁན་པོ་ལགས་དངུལ་དེ་དག་ལས་ད་རེ་འདི་ནང་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེར་བསྙོན་འཛུགས་བྱས་པ་དེ་ལ་གནད་ཆག་གི་མི་འདུག
ཡིན་ཡང་རྒྱ་གར་ཉེན་རྟོག་པ་གཞན་གྱི་དངུལ་གྱིས་དབང་སྒྱུར་འོག་ཏུ་མ་སོང་བར་དཀར་ནག་དབྱེ་བ་གསལ་བོ་ཞིག་བྱེད་རྒྱུ་རེ་བ་ཡོད།
གནད་དོན་ག་རེ་ཡིན་ན་ཡང་བདེན་པ་བདེན་སར་འཁྱོལ་བ་བྱེད་རྒྱུ་གལ་ཆེན་པོ་འདུག མ་ཟད་གནས་ཚུལ་འདིའི་རིགས་ཕྱི་གསལ་ནང་གསལ་བཟོ་རྒྱུ་དེ་བས་གལ་ཆེ།
ཉེ་བའི་ཆར་རྒྱལ་དབང་ཀརྨ་པར་འགལ་རྐྱེན་འཕྲད་པ་དེ་ཁོང་ཙམ་མ་ཡིན་པར་བཙན་བྱོལ་སྤྱི་ཚོགས་ཀྱི་མཚན་སྙན་དང་རྩ་དོན་སོགས་ལ་གནོད་སྐྱོན་དང་གྱུང་གུནཆེན་པོ་བཟོས་ཡོད་པས། བླ་བྲང་ནས་དགོངས་སེལ་ཞུ་དགོས་པའི་དུས་ལ་བབས་འདུག ད་ཐེངས་ཀྱི་དོན་རྐྱེན་དེ་བརྒྱུད་ནས་བླ་བྲང་ནས་བོད་གཞུང་ལ་ཡིད་ཆས་བློ་འགས་མང་ཙམ་བྱེད་དགོས་ པའི་སླབ་བྱ་ཡག་པོ་ཞིག་རག་ཡོད་ཚོད་རེད། ད་བར་བླ་བྲང་ནས་མ་འཇོན་པ་དང་འཐུས་ཤོར་ཕྱིན་པ་ཚང་མ་བོད་གཞུང་ལ་གཡོགས་རྐྱང་བྱས་ནས་བསྡད་སོང་ཧ།ཁྱེད་ཚོ་ལ་འཇོན་ཐང་དང་སྟོབས་འབྱོར་ག་ཚོད་ཡོད་ན་བོད་གཞུང་ལ་བསྟུན་དགོས་མི་དགོས་པའི་དུས་ཤིག་ནམ་ཡང་ཆགས་སྲིད་ཀྱི་མ་རེད། ད་དུང་བླ་བྲང་ནས་རྒྱུན་དུ་ཁོང་ཚོར་འབྲེལ་བ་ཡོད་པ་ཞིག་མིན་ན་བཙན་བྱོལ་ནང་གི་ཚོགས་པ་ཆེ་ཆུང་དང་མི་སྣ་སོགས་ལ་མཐོང་ཆུང་སྣང་མེད་གཏོང་གི་ཡོད་པ་དངོས་ཡོད་ཡིན་ཞིང། དཔེར་བླ་ང་ལ་སྙན་ཞུ་སོགས་འབུལ་དུས་ནམ་ཡང་ཡིག་ལན་གཏོང་གི་མེད་པ་ལྟ་བུ་རེད། མ་འོངས་དེ་རིགས་མི་གནང་བའི་འབོད་སྐུལ་ཞུ་བཞིན་ཡོད།
གོང་འཕྲོས།
ཅ༽རྒྱ་ནག་གི་དངུལ་ལོ་དེ་ཚོའི་ཨང་གྲངས་ རིམ་པ་བསྟར་ཆགས་སུ་ཡོད་པ་རེད་ཟེར་བ་ཡང༌། མཁན་པོ་དགའ་དབང་གིས་གསུངས་ན། རྒྱ་མིའི་དངུལ་ལོ་བམ་ཆ་རེ་ཙམ་དང་། ཁྲི་ཆག་རེ་ཙམ་ཨང་གྲངས་འགྲིག་ཡོད་ན་ལས། མང་བ་དེ་གཅིག་ལོ་དང་གཉིས་ལོ་ལྔ་ལོ་སོགས་ཅི་རིགས་ཡོད་པ་རེད་ཟེར།
༡༽རྒྱ་ནག་གཞུང་གིས་ཕྲུ་གུ་ལོ་༡༤་ཅན་ཞིག་སོ་ལ་ བཏང་བ་དང༌། དངུལ་དེ་ཡང་རྒྱ་ནག་གི་དངུལ་དང༌། དེ་ཡང་གསར་པ་ཨང་གྲངས་བསྟར་ཆགས་སུ་ཡོད་པ་རྐྱང་རྐྱང་བཏང་ཡོང་དོན་གང་ཡིན་ནམ། རྒྱ་ནག་གཞུང་དེ་བླུན་པོ་ལུག་འདྲ་བ་ཞིག་ཡོད་པ་ཡིན་ནམ་རྒྱ་གར་གཞུང་དེ་ལྐུག་པ་ གླང་འདྲ་བ་ཞིག་གི་གྲལ་ལ་བཞག་པ་ཡིན། ཡང་ན་རྐང་བཙུགས་ནས་རྒྱ་ནག་རང་ཉིད་ཀྱི་སོ་པ་དེ་རྒྱ་གར་ལ་རྩིས་སྤྲོད་འདོད་ ཡོད་པ་མ་རེད་དམ།
༢༽དངུལ་མང་ཆེ་བ་གསར་པ་ལྟར་ཡིན་སྲིད། གང་ཡིན་ཟེར་ན། རང་གི་བླ་མ་དང་དགེ་འདུན་པར་འབུལ་རྒྱུའི་དངུལ་དང་ཁ་དར་སོགས་ག་རེ་ཡིན་ཀྱང་ གསར་པ་ཞིག་འབུལ་སྲོལ་ཡོད། དེ་ཡང་ཁྲི་ཆག་རེ་ཙམ་ཨང་གྲངས་བང་རིམ་ལྟར་ཡོང་བ་ཧང་སང་དོན་ཅི་ཡོད། ཁྲི་ཆག་གཉིས་གསུམ་ནས་འབུམ་ཕྲག་ཕུལ་མཁན་ཡང་ཡོད་ཆོག
ཆ༽རྒྱ་གར་བྱང་ཕྱོགས་ཧི་མ་ལ་ཡི་རི་རྒྱུད་ དུ་ས་ཆ་མང་པོ་ཉོས་ནས་དགོན་པ་རྒྱག་བཞིན་ཡོད་པ་དང༌། དེ་ནི་རྒྱ་ནག་སོ་བའི་རྟེན་གཞི་ལ་དམིགས་པ་རེད་ཟེར། དད་ལྡན་མི་མང་གང་ན་ཡོད་པ་དེར་དགོན་པ་མ་བརྒྱབ་ན་ག་བར་བརྒྱབ་དགོས་སམ། ཝ་ཁང་ཐོག་ལ་མ་བཙུགས་ན་ག་བར་བཙུགས། ཆུ་ཝ་ནང་ནས་མ་འབབ་ན་ག་ནས་འབབ།
༡༽ཀརྨ་པ་མཆོག་ནས་ཧི་མ་ལ་ཡི་རི་རྒྱུད་དུ་ས་ཇི་ ཙམ་ཉོས་ཡོད་པ་དང༌། དགོན་པ་ག་ཚོད་བཞེངས་ཡོད་པ་མི་ཤེས་མོད། གལ་སྲིད་ཡོད་པ་ཡིན་ན་ལུགས་དང་མཐུན་པ་ཞིག་རེད། ཀརྨ་པར་དད་པ་བྱེད་མཁན་མང་བ་ཡོད་ས་ཧི་མ་ལ་ཡིའི་རི་རྒྱུད་དུ་དགོན་པ་མ་བརྒྱབ་ པར། དད་ལྡན་སུ་ཡང་མེད་པའི་ར་ཇི་སི་ཐན་བྱང་ཐང་ན་བརྒྱབ་དགོས་ལུགས་བརྗོད་ན་རྒྱུ་ མཚན་དང་མཐུན་ནམ།
༢༽རྒྱ་གར་གྱི་ཧིན་དུ་དགོན་པ་དེ་ཚོ་ཡང་ཧིན་དུ་ ཆོས་ལ་དད་པ་ཡོད་མཁན་གྱི་མི་མང་གང་ན་ཡོད་པ་དེར་བརྒྱབ་ཡོད། དཔེར་ན་རྒྱ་བལ་གཉིས་ལྟ་བུ། དེ་མིན་རྒྱ་ནག་དང་ཨ་རབ་ལྟ་བུའི་ནང་ས་ཉོས་ནས་ཧིན་དུ་དགོན་པ་བརྒྱབ་ཡོད་དམ། ཕལ་ཆེར་བརྒྱབ་ཡོད་ཀྱི་མ་རེད། མ་བརྒྱབ་པའི་རྒྱུ་མཚན་གང་ཡིན་ནམ། དེར་དད་པ་མེད་པའི་རྒྱུ་མཚན་གྱིས་མ་ཡིན་ན་གཞན་ཅི་ཞིག་ཡིན་ནམ།
༣༽རང་གི་ཆོས་ལུགས་མ་དར་བའི་ཕྱོགས་སུ་དགོན་པ་ མ་བརྒྱབ་པ་དེས་ཁོང་གི་ལྷག་བསམ་རྣམ་དག་དེ་སྟོན་ཡོད། དེང་སང་ཆོས་ལུགས་ཁ་ཤས་ཀྱིས་ཆོས་ལུགས་གཞན་པ་བསྒྱུར་ཐབས་དང༌། རང་གི་ཆོས་ལུགས་ཁྱབ་སྤེལ་ཆེད། ཐོག་མར་མཆོད་རྟེན་ལྟ་བུ་ཆུང་ཆུང་ཞིག་བཞེངས་པ་ནས་འགོ་བཙུགས་ཏེ། དེ་ནས་རིམ་པས་ཆོས་ལུགས་ཀྱི་བཙན་འཛུལ་དང་རྒྱ་སྐྱེད་ཀྱིན་ཡོད།
ཇ༽ཀརྨ་པའི་ལྕམ་སྲིང་མའི་གཟིམ་ཤག་ན་རྒྱ་ ནག་གི་ཁ་པར་ཀ་ཊི་འདུག་ཟེར། མཁན་པོ་དགའ་དབང་གིས་བཤད་པ་ལྟར་ན། དེ་ནི་མེ་མེད་པའི་དུ་བ་དང༌། སྤྲིན་མེད་པའི་ཆར་འབབ་པ་རང་རེད།
༡༽ཀརྨ་པ་མཇལ་མཁན་རྒྱ་རིགས་ཆུ་རྒྱུན་བཞིན་ཆད་ མེད་ཡོང་གི་ཡོད་པས། རྒྱ་རིགས་དེ་ཚོས་ཁ་པར་ལུས་ཡོད་སྲིད་ལ་ཆུ་ཚོད་དང་ཞྭ་མོ་ཚུན་ཆད་ལུས་ཡོད་སྲིད། ཁ་པར་ལུས་ཡོད་ན་ཀར་ཊི་ཡོད་ཡོད་མ་རེད། ཡང་ན་གླག་ལྟ་མཁན་གྱི་ཉེན་རྟོག་པ་སྔོག་བཤེར་བྱེད་མཁན་དེ་ཚོས་མར་གཡུག་རྗེས་ ཡར་སྒྲུག་ཡོད་ཀྱང་སྲིད། ཡང་ན་བོད་ནས་ཡོང་མཁན་ཞིག་གིས་རྗེས་མ་ཕར་འགྲོ་སྐབས་བེད་སྤྱོད་ཆེད་ཉར་ཡོད་ ཀྱང་སྲིད།
༢༽འོ་ན་རྒྱ་ནག་གཞུང་དང་ཁ་པར་ཐོག་ཕར་ཚུར་ག་རེ་ ལབ་རེས་བྱས་ཡོད་པའི་ཚིག་ཐོ་སྟོན་དང༌། ཉེ་སྔོན་བལ་ཡུལ་མའོ་ཚོགས་པས་རྒྱ་ནག་ནས་དངུལ་དགོས་སྐོར་བཤད་པ་རྒྱ་གར་གྱི་ གསང་བའི་ལས་ཁུངས་ཀྱིས་བཏོན་པ་བཞིན་གྱིས་དང༌། རྒྱ་གར་གཞུང་གིས་ལོ་བཅུ་རིང་བརྟག་དཔྱད་དང་སྲུང་སྐྱོབ་བྱས་པ་མ་རེད་དམ།
༣༽འོན་ཀྱང་དོན་དམ་དུ་ཕྱག་མཛོད་དང་ཞབས་ཕྱི་ ཚོའི་བཞུགས་ཤག་སྔོག་པ་ལས་ཀརྨ་པའི་གཟིམ་ཤག་ལྟ་ཅི། ལྕམ་སྲིང་མའི་གཟིམ་ཤག་ཀྱང་སྔོག་བཤེར་རྩ་ནས་བྱས་མེད་པ་དང༌། ཕྱག་མཛོད་ཀྱི་གཟིམ་ཤག་སྔོག་པ་ཡང་གང་ཞིག་རྙེད་པ་ཚང་མ་ཐོ་ལ་བཀོད་ནས་བཞག་ཡོད་ ལ། དེའི་ནང་ཁ་པར་གྱི་སྐོར་རྩ་བ་ནས་འཁོད་མེད་ཅེས་བླ་བྲང་གི་མགྲིན་ཚབ་པ་མཁན་པོ་ དགའ་དབང་ནས་གསུངས་འདུག
༤༽གལ་སྲིད་ཞབས་ཕྱི་ཞིག་གི་ཁང་པ་ནང་ཡོད་པའི་ དབང་དུ་བཏང་ཡང་དེ་ཀརྨ་པ་དང་འབྲེལ་བ་ཇི་ལྟར་ཡོད་དམ། ཀརྨ་པའི་ཞབས་ཕྱི་ཚོས་བྱས་པ་ཚང་མ་ཀརྨ་པས་བྱས་པ་ཡིན་ན། རྒྱ་གར་གྱི་སྲིད་བློན་ལྕམ་ཨིན་དྷ་ར་གྷན་དྷི་རང་གི་ཞབས་ཕྱི་སྐོར་སྲུང་པས་ བཀྲོངས་པ་མ་རེད་དམ། དེ་ཡང་ལྕམ་རང་ཉིད་ཀྱིས་རང་ཉིད་བཀྲོངས་པ་རེད་ཟེར་དགོས་སམ།
ཉ༽དཔལ་རྒྱལ་དབང་ཀརྨ་པ་དང་དངུལ་གྱི་དོན་ རྐྱེན་གཉིས་བར་འབྲེལ་བ་མེད་པའི་སྐོར། དེ་རིང་ཧི་མ་ཅལ་མངའ་སྡེ་གཞུང་གིས་གསལ་བཤད་བྱས་འདུག་ཅིང༌། དེ་སྔོན་ཚེས་༣༡་ཉིན་ཨུ་ཎ་ཉེན་རྟོག་དཔོན་ཀ་པུར་ནས་ཀྱང་དེ་མཚུངས་བཤད་འདུག་ མོད། གལ་ཆེ་ཤོས་ནི་སོ་པ་ཡིན་པའི་ཁུངས་སྐྱེལ་དེ་གསར་འགོད་པ་དེ་ཚོས་བྱེད་དགོས་ངེས་ རེད། དེ་མིན་གང་ཟག་སྒེར་གྱི་མཚན་མཐོང་ལ་གནོད་སྐྱོན་བཏང་བའི་ཞུ་གཏུག་བྱེད་འོས་ ཤིང་། གང་ཟག་སྒེར་གྱི་མཚན་མཐོང་ལ་གུན་གསབ་དགོས་ན་ཧིན་སྒོར་འབུམ་ལྔ་བརྒྱ་དྲུག་ བརྒྱ་ཞིག་གིས་ལ་དག་པ་ཞིག་ག་ནས་ཡིན་ཏེ། སོ་པའི་གནད་དོན་ནི་ཆེས་ཚབས་ཆེའི་གནད་དོན་ཞིག་ཡིན་པས་སོ།
ཏ༽འོ་རེད། ད་དུང་འབྲེལ་ཡོད་མི་སྣས་བརྗོད་བྱུང་ཟེར་མཁན་སྐོར་ཞིག་ཡོད། རང་བཙན་འཐབ་རྩོད་པ་གྲགས་ཅན་སྐུ་ཞབས་བསྟན་འཛིན་བཙོན་འགྲུས་ནས་ཟེར་ན། གསར་འགོད་པ་འགའ་ཤས་ཀྱིས་ཉེན་རྟོག་པས་བཤད་བྱུང་ཟེར་བ་དང༌། འགའ་ཞིག་གིས་རྒྱ་གར་གཞུང་གི་དཔོན་པོ་དེ་འདྲ་ཞིག་གིས་གསུངས་བྱུང་ཟེར་བ་ལས། མི་ཡི་མིང་དང་ལས་ཁུངས་སོགས་གང་ཡང་བཤད་རྒྱུ་མི་འདུག་ཟེར། ངོ་མ་ཡ་མཚན་རེད། རྒྱ་གར་དཔོན་རིགས་དེ་ཚོས་གསར་འགོད་པར་བཤད་ཆོག་པ་ལ་དོ་བདག་བླ་བྲང་དང་འབྲེལ་ ཡོད་བོད་གཞུང་ལྟ་བུ་ལ་བཤད་མི་ཆོག་པ་གང་ཡིན་ནམ།
ཐ༽དངུལ་སྨར་ཉར་བ་དེ་ཁྲིམས་འགལ་ཡིན་པའི་ རྒྱུ་མཚན་ཏག་ཏག་ཅིག་མི་འདུག །དངུལ་ལག་ན་སླེབས་པ་དང་དངུལ་ཁང་ནང་འཇོག་པ་དུས་མཉམ་ག་འདྲ་ཡོང་གི་རེད། ཞལ་འདེབས་ཤིག་བསྡུས་པ་ཆ་བཞག་ན། ས་ཡ་མང་པོ་འབུལ་མཁན་ཡོང་སྲིད། དེ་དག་རྩིས་ཆག་བརྒྱབ་རྗེས་གཞི་ནས་དངུལ་ཁང་ནང་བཅོལ་བར་འགྲོ་དགོས་པ་མ་རེད་དམ། དངུལ་ཁང་དུ་འགྲོ་བའི་ལམ་བར་ནས་དངུལ་སྨར་ཁུར་འདུག་ཅེས་བཅོམ་ན་ཁྲིམས་དང་ཇི་ ལྟར་མཐུན་ནམ། དངུལ་ཁང་ནང་བཅོལ་འཇོག་ཆོག་པའི་བཀའ་ཁྲོལ་ཞུས་ནས་མ་ཐོབ་ན་དངུལ་ཁང་ནང་ཇི་ལྟར་ བཅོལ་དགོས་སམ།
ད༽ད་ནས་མཐའ་མའི་བདེན་མཐའ་གསལ་བའི་ཡིད་ཆེས་ ཡོད། ད་རེས་གཙོ་བོར་གསར་འགོད་པའི་སྐྱོན་བརྗོད་བྱས་པ་གོ་རིག་ཚང་མར་དཔྱད་པ་རེ་བཏབ་ པའི་ཁུལ་ཡིན་གྱི། གནད་དོན་དེའི་རྒྱབ་ལ་སུ་ཞིག་ཡོད་སྲིད་པ་ཡང་ཚོད་དཔག་དཀའ་བ་ཞིག་མ་ཡིན་ཏེ། ཀརྨ་པ་རྒྱ་ནག་གི་སོ་པ་ཡིན་པའི་ནག་ཕོགས་པ་ཡིན་ན། ཐོག་མར་བོད་དོན་འཐབ་རྩོད་ལ་དོ་ཕོག་ཐེབས་རྒྱུ་དང༌། དེ་ནས་རྒྱ་གར་གྱིས་རྒྱ་ནག་ལ་ཡ་ལན་བྱེད་པའི་སྟོབས་ཤུགས་རིམ་པས་ཉམས་གུད་འགྲོ་ རྒྱུ་ཡིན་ལ། དེའི་བར་ན་ཁེ་སང་ཚང་མ་ཐོབ་མཁན་དེ་རྒྱ་ནག་ཆགས་རྒྱུ་ཡིན་པས་རེད། དེ་ཚོའི་སྐོར་ཁོམ་པ་བྱུང་ན་རྗེས་སུ་དཔྱད་པར་འདོད་དོ༎
ཀརྨ་པ་ལ་སྐྱོན་བརྗོད་དེ་ཚོ་གཞི་མེད་རེད་ཟེར་དགོས་དོན
རྩོམ་པ་པོ། ཆབ་མདོ་ཤེས་རབ།
ཟླ་༡་ཚེས་༢༦་ཉིན་ཀརྨ་པའི་བླ་བྲང་ནང་གི་དངུལ་ གྱི་དོན་རྐྱེན་དེ་ཐོན་རྗེས་རྒྱ་གར་གྱི་གསར་ལམ་ཁག་ཅིག་སྨྱོ་བ་ལྟར་གང་བྱུང་ གིས་ཚོད་དཔག་དང་སྐྱོན་བརྗོད་བྱེད་འགོ་བཙུགས་བྱུང༌། འོན་ཀྱང་ཇི་ཙམ་བསམས་ཀྱང་ཁོང་ཚོའི་སྐྱོན་བརྗོད་ཚིག་གཅིག་ལ་ཡང་རྒྱུ་མཚན་ཏིང་ འབྲུ་ཙམ་ཞིག་མཐོང་རྒྱུ་མེད་པས། གནད་དོན་དེར་དབྱེ་ཞིབ་ཀྱི་རྩོམ་ཡིག་ཅིག་འབྲི་འདོད་ཐེངས་མང་བྱུང་ཡང༌། རྒྱ་ནག་གི་སོ་པ་ཟེར་བའི་ཚིག་དེ་རྒྱལ་དབང་ཀརྨ་པ་དང་སྦྱར་ནས་བརྗོད་པར་ཤིན་ཏུ་ མ་བདེ་བ་ཞིག་བྱུང༌ནས་ད་བར་ལུས། འོན་ཀྱང་དེང་སང་བོད་ཡིག་གི་ཚགས་པར་དང་དྲ་རྒྱ་ཚང་མའི་ནང་མཐོང་རྒྱུ་དང་ཐོས་ རྒྱུ་ཡོད་པ་ཞིག་ཆགས་འདུག་པས་གོམས་འདྲིས་སུ་སོང་བ་འདྲ། དེ་རིང་རྩོམ་ཡིག་འདི་འབྲི་བར་དཀའ་ངལ་དེ་ཙམ་མ་བྱུང༌།
དེ་ཡང་བཙན་བྱོལ་བོད་གཞུང་དམངས་གཉིས་དང་ཕྱི་ རྒྱལ་བ་བོད་རིག་པ་མཁན་ཅན་མང་པོས་མགྲིན་གཅིག་ཏུ་རྒྱ་གར་གྱི་ཚགས་ཤོག་དང་དྲ་ རྒྱ་ཁག་ཅིག་གི་སྐྱོན་བརྗོད་དེ་ཚོ་ནི་གཞི་མེད་ཀྱི་སྐྱོན་བརྗོད་ཡིན་པར་ཚིག་ ཐག་བཅད་འདུག་ལ། ང་རང་ཡང་དེ་དེ་བཞིན་འདོད། དེ་ཡང་དད་པ་དང་དག་སྣང་གིས་བལྟས་པ་མ་ཡིན་པར། སྐྱོན་བརྗོད་དེ་ཚོ་རེ་རེ་བཞིན་དཔྱད་ཙ་ན་གནས་ལུགས་དང་རྒྱུ་མཚན་སྤུ་ཙམ་ཡང་ མཐོང་རྒྱུ་མེད་པས་རེད། དེས་ན་ཐོག་མར་སྐྱོན་བརྗོད་མཁན་ཚོས་གཤམ་གསལ་དོན་གནད་འདི་དག་ལ་གསལ་བཤད་བྱེད་ དགོས་པའི་རེ་བ་ནན་པོ་བཏོན་རྒྱུ་ཡིན།
ཀ༽གལ་སྲིད་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ རྒྱ་ནག་གཞུང་གིས་ཆེད་དུ་གཉེར་ནས་སོ་ལ་བཏང་བ་ཡིན་ན། གཤམ་གསལ་གནད་དོན་འདི་དག་ལ་འགྲེལ་བཤད་ཇི་ལྟར་བྱ་རྒྱུ་ཡིན་ནམ།
༡༽ཀརྨ་པ་མཆོག་ཐོག་མར་བཙན་བྱོལ་ལ་ཕེབས་སྐབས་ དགུང་ལོ་༡༤་ཡིན་ལ། ལོ་ན་ཆུང་ཆུང་དེ་འདྲ་ཞིག་མི་རིགས་དང་སྐད་རིགས་མི་གཅིག་པའི་ལུང་པ་ཞིག་ནང་སོ་ ལ་བཏང་ན། དེས་གསང་བའི་གནས་ཚུལ་ཞིག་མཁོ་སྒྲུབ་ཇི་ལྟར་བྱེད་ཐུབ་བམ། རྒྱ་གར་གྱི་ལོ་རྒྱུས་ནང་། རྒྱ་གར་གྱི་བྱིས་པ་ཆུང་ཆུང་དེ་འདྲ་རྒྱལ་ཁབ་གཞན་དུ་སོ་ལ་བཏང་བའི་ལོ་རྒྱུས་ག་ ཚོད་ཡོད་པ་ཡིན་ནམ།
༢༽བོད་པ་ཚང་མར་རྒྱལ་བ་རིན་པོ་ཆེ་ལ་དད་སེམས་ ཆེན་པོ་ཡོད་པ་དེས་རྒྱ་ནག་གཞུང་བོད་རིགས་ཚང་མ་ལ་ཡིད་ཆེས་མི་ཐུབ་པར་ཆགས་ཡོད་ ལ། དེའི་ནང་ནས་བོད་པའི་ཆོས་བྱེད་ཀྱི་དགེ་འདུན་དང་དགོན་པར་ཡིད་ཆེས་གཏན་ནས་མེད། དེས་ན་རྒྱལ་བ་རིན་པོ་ཆེས་ངོས་འཛིན་བྱས་པའི་བླ་སྤྲུལ་ཞིག་གིས་རྒྱ་ནག་གི་སོ་ པ་བྱེད་པའི་ཡིད་ཆེས་ཤིག་རྒྱ་ནག་གཞུང་ལ་ཅིའི་ཕྱིར་འབྱུང་ངམ།
༣༽ དེང་སང་རྒྱ་ནག་གཞུང་གིས། བོད་པ་སུ་ཞིག་རྒྱལ་བ་རིན་པོ་ཆེ་མཇལ་ཁ་སོང་བ་ཚུན་ཆད་ལ་དམ་དྲག་དང་། ལས་བྱེད་དང་སློབ་གྲྭ་ཡིན་ན་ཕྱིར་འབུད་བྱེད་བཞིན་ཡོད་པ་ལ། ཁོང་ཉིད་གོང་ས་མཆོག་གི་མདུན་དུ་ཆོས་ཞུ་བར་བཏང་ན་ཡང་། རྒྱ་ནག་གི་བཤད་སྟངས་ལྟར་ན་ཏཱ་ལའི་རྗེས་འབྲང་དང་ཏཱ་ལའི་རུ་ཚོགས་ཀྱི་ཚོགས་ མིར་མི་ཆགས་པའི་གདེང་ཚོད་ག་འདྲ་སླེབས་པ་ཡིན་ནམ།
༤༽ཁོང་རྒྱ་ནག་གཞུང་གིས་ཆེད་དུ་གཉེར་ནས་བཏང་ ཡོད་ན། ཁོང་ཕེབས་ཚར་རྗེས་རྒྱ་ནང་གཞུང་གིས་མཚུར་ཕུ་དགོན་པ་དང༌། ཡབ་ཡུམ་ཚང་མ་དམ་དྲག་བྱས་པ་དང༌། འབྲེལ་ཡོད་མི་སྣ་མང་པོ་དུས་བཀག་བཙོན་འཇུག་བྱེད་དོན་གང་ཡིན་ནམ། དེང་སང་ཁོང་གི་ཕ་ཡུལ་ལ་ཡང་དམ་དྲག་བྱེད་བཞིན་ཡོད་ལ། ཐ་ན་ཁོང་གི་སྐུ་པར་ཡང་འདོགས་ཆོག་གི་མེད།
༥༽ཀརྨ་པ་བཙན་བྱོལ་ལ་ཕེབས་པ་དེས། རྒྱ་ནག་གཞུང་གིས་བོད་དང་ལྷག་པར་ཆོས་ལུགས་ཐོག་འཛིན་པའི་སྲིད་ཇུས་ནོར་འཁྲུལ་ ཡིན་པ་དེ་གསལ་སྟོན་བྱས་ཡོད་ལ། དེ་ལ་བརྟེན་ནས་རྒྱ་ནག་གཞུང་དེ་རྒྱལ་སྤྱིའི་ཐོག་ངོ་ཚ་ཁ་སྐྱེངས་ཆེན་པོ་ཆགས་ ཡོད། རྒྱ་ནག་གཞུང་གིས་ཚོར་སྣང་སྐྱེན་པའི་གནད་དོན་དེའི་ཐོག་གི་ཕམ་ཉེས་ནི་ཕམ་ཉེས་ ཆེ་ཤོས་ཤིག་སྟེ། ད་སྐབས་ཀྱི་རྒྱ་ནག་གཞུང་ལ་མཚོན་ན་རྒྱ་གར་གྱི་གསང་བ་ཡོངས་རྫོགས་ཐོབ་ཀྱང་ རུང༌། ཀརྨ་པ་རྒྱ་ནག་དང་ཁ་བྲལ་བའི་གྱོང་གུན་དེ་བསབས་ཐབས་བྲལ་བ་རེད།
༦༽རྒྱ་ནག་གཞུང་ངོ་ཚ་ཁ་སྐྱེངས་དེ་ལས་གཡོལ་ཆེད་ དང༌། བོད་ལ་འཛིན་པའི་སྲིད་ཇུས་དེ་ཡང་དག་པ་ཞིག་ཡིན་པ་སྟོན་ཐབས་སུ་ཀརྨ་པ་རྒྱ་ནག་ གཞུང་གི་བཙན་འོག་ནས་བྲོས་བྱོལ་སོང་བ་མ་ཡིན་པར། རྒྱ་ནག་གཞུང་གི་མོས་མཐུན་ཡོད་པའི་ཐོག་ནས་སོང་བའི་རྣམ་པ་ཞིག་ཐོག་མ་ནས་སྟོན་ ཐབས་བྱས་ཡོད་ལ། རྒྱུ་མཚན་དེས་ཁོང་རྒྱ་ནག་གཞུང་གིས་མངགས་པ་རེད་ཟེར་མཁན་དེ་ཚོ་རང་ཉིད་རྒྱ་ནག་ གི་ཤུགས་རྐྱེན་ཐེབས་མེད་པར་ཇི་ལྟར་སྨྲ་ཐུབ་བམ།
༧༽རྒྱ་ནག་གཞུང་གིས་རྒྱ་གར་ཤར་ཕྱོགས་ན་ག་ལན་ཌི་དང་མ་ན་པུར་ནང་གི་NSCN(IM) ཞེས་པའི་ཚོགས་པ་ལ་གོང་ས་མཆོག་དང་། ཨ་རུ་ན་ཅལ་ལ་སོ་ལྟ་བྱེད་རྒྱུར་མངགས་ཡོད་སྐོར་Outlook India་ཞེས་པའི་དུས་དེབ་ནང་བཏོན་འདུག །ཀརྨ་པ་མིག་ནང་རི་ལྟར་མཐོང་མཁན་ཀྱི་ཚགས་ཤོག་དེ་ཚོས་NSCN་གནས་ཚུལ་དེ་རྒྱ་གར་ མི་མང་གིས་དོ་སྣང་ཡོང་ཐབས་སུ་ཀརྨ་པའི་སྐོར་བཤད་པ་ལྟར་བསྐྱར་བཀོད་ཡང་བཀོད་ བྱས་ནས་བསྒྲགས་ཡོད་དམ།
༨༽རྒྱལ་དབང་ཀརྨ་པ་དང་བོད་མི་རིགས་གཉིས་བར་མི་ ལོ་དགུ་བརྒྱ་ལྷག་རིང་ཆོས་དང་ཟང་ཟིང་གི་འབྲེལ་བ་ཡོད་པས། བོད་མིའི་སེམས་ནང་དད་གཞེན་གྱི་བག་ཆགས་ཆེན་པོ་ཡོད་པ་བཤད་མ་དགོས་ཀྱང༌། ཆོས་ཁས་ལེན་མིན་དང་ནང་པ་ཡིན་མིན་ལ་མ་ལྟོས་པར། གཞོན་སྐྱེས་གཙོ་བོར་གྱུར་པའི་བོད་ཕྱི་ནང་གི་བོད་པ་ཚང་མས་ཁོང་ལ་དགའ་མོས་ཆེན་ པོ་བྱེད་པའི་རྒྱུ་མཚན་གཙོ་བོ་ནི། ཁོང་བཙན་བྱོལ་ལ་ཕེབས་ཏེ་བོད་ནང་ཆོས་དད་རང་དབང་མེད་པ་སོགས་རྒྱལ་སྤྱིའི་ཐོག་ རྒྱ་ནག་གཞུང་ལ་བརྡ་ལན་གསལ་པོ་སྤྲད་གནང་ཡོད་པ་དེ་ཡིན་པ་རེད།
༩༽བོད་ཀྱི་བླ་ཆེན་ཞིག་གིས་རྒྱ་ནག་གི་སོ་ པ་བྱས་ཚེ་རྒྱ་གར་ལས་ཀྱང་བོད་པ་ཚོས་སྔོན་ལ་ཤེས་ངེས་ཡིན། དེ་འདྲའི་ཐོག་བོད་པ་རྣམས་ཧ་ཅང་གི་ཚོར་སྣང་སྐྱེན་པོ་ཡོད། པཎ་ཆེན་རིན་པོ་ཆེ་གོང་མ་དེ་བོད་ལ་བཀའ་དྲིན་ཆེན་པོ་ཡིན་པར་ད་ཆ་ཚང་མས་ཧ་གོ་ ཡོད་ཀྱང༌། སྔོན་མ་ཁོང་གིས་ཐབས་མཁས་གནང་སྟེ། གསུང་བཤད་ཀྱི་ཐོག་མར་མེས་རྒྱལ་ལ་དགའ་གཞེན་དང་ཏང་ལ་དགའ་གཞེན་ཞེས་འབོད་ཀྱིན་ པ་དེ་ཡིས་རྐྱེན་བྱས་ནས་བོད་པ་ཚོས་བར་སྐབས་ངོ་རྒོལ་བྱེད་པ་ཡང་བྱུང་ཡོད།
༡༠༽དཔལ་ཀརྨ་པ་ལ་རྒྱུ་དངོས་ཀྱི་ཁེ་ཕན་ཡང་དགོས་ དོན་མེད་ལ། རྒྱ་ནག་གཞུང་གི་ཐོབ་གོ་གནས་དེ་བས་དགོས་དོན་མེད། ཡོད་དབང་དུ་བཏང་ཡང༌། ཀརྨ་པའི་མཚན་གནས་ལ་དཔག་པའི་རིམ་པ་ཞིག་ལས་སོ་བྱས་པའི་འཐོལ་པ་གང་ཡང་ཡོང་མི་ སྲིད། ཀརྨ་པའི་མཚན་སྙན་དང་མཛད་འཕྲིན་གོ་ཐོབ་ཚང་མ་ནི་ནང་པའི་ཆོས་དང༌། བོད་མི་རིགས་ལ་བརྟེན་ནས་བྱུང་བས་ན། གལ་ཏེ་རྒྱ་ནག་གི་སོ་པ་བྱས་ན་དེ་ཚོ་ཚང་མ་ཉིན་མ་གཅིག་ལ་མེད་པ་ཆགས་རྒྱུ་ཡིན་ པར་ལྐུག་པས་བལྟས་ཀྱང་རྒྱལ་ཁམས་ཟེར་བའི་དཔེ་ལྟར་རེད། འོ་ན་ཀརྨ་པ་རྒྱ་ནག་གི་སོ་ལ་དྭང་བླངས་བྱེད་དགོས་པའི་རྒྱུ་མཚན་ཅི་ཞིག་ཡོད་དམ།
ཁ༽རྒྱ་མིས་ཆེད་དུ་གཉེར་ནས་བཏང་བ་ཞིག་མིན་ན་ ཁོང་རྒྱ་གར་དུ་ནམ་ཡང་བྲོས་ཐུབ་ཀྱི་མ་རེད་ཟེར། ཀརྨ་པ་བཞུགས་ས་ལ་ཁྲི་དང་ཕེབས་ས་ལ་ཆིབས་ཊོར་ཡག་པོ་དགོས་པ་བཤད་མ་དགོས། འོན་ཀྱང་བྲོས་ས་ལ་ཐུག་སྐབས་མི་དཀྱུས་མ་དང་མི་འདྲ་བར་ཆེད་དུ་འཕགས་པ་གང་ཡང་ དགོས་དོན་མེད།
༡༽བོད་པ་རྒྱ་གར་དུ་བྲོས་པའི་ལམ་བར་ནས་མང་པོ་ ཞིག་རྒྱ་ནག་གི་མཐའ་སྲུང་དམག་མིས་འཛིན་བཟུང་བྱེད་པ་བདེན་པ་ཡིན་ཀྱང༌། ད་བར་ལོ་རེ་བཞིན་བོད་མི་སྟོང་ཕྲག་མང་པོ་བྲོས་ཐུབ་ཀྱི་ཡོད་ལ། ཆུང་བྱིས་པ་ནས་རྒན་མགོ་སེའི་བར་དང༌། རྒྱ་ནག་གཞུང་གི་འཛིན་བཟུང་བཀའ་རྒྱ་ནང་ཡོད་པའི་མི་སྣ་ཡང་མང་པོ་བྲོས་ཐུབ་ཀྱི་ ཡོད། ཀརྨ་པ་ཡང་དེའི་ནང་གི་གཅིག་ཡིན་པས་ཧང་སང་དགོས་དོན་ཅི་ཞིག་ཡོད་དམ།
༢༽འཛམ་གླིང་ནང་དམ་དྲག་ཆེན་པོའི་འོག་ནས་བྲོས་ ཐར་བ་མང་པོ་ཡོད་ལ། ལྕགས་ཀྱི་བཙོན་ཁང་ནས་བྲོས་ཐུབ་མཁན་ཡང་མང་པོ་ཡོད། ཉེ་བའི་ཆར་ནས་བཤད་ཀྱང་ལྐོག་ཟ་བྱས་ནས་སྲོག་ཐོག་གི་ཉེས་པ་ཕོག་མཁན་དང༌། གཞན་ཡང་ཕ་ལུང་ཀོང་གི་སྲོལ་བཏོད་པ་ལི་ཧོང་ཀྲི་དང་མང་གཙོ་དོན་གཉེར་བ་མང་པོ་ གཅིག་རྗེས་གཉིས་མཐུད་དུ་ཕྱི་རྒྱལ་ལ་བྲོས་ཐར་ཡོད། དེ་ཚོ་ཡང་རྒྱ་ནག་གཞུང་གིས་ཕྱི་རྒྱལ་ཁག་ཏུ་སོ་ལ་བཏང་བ་ཡིན་ནམ།
༣༽ཀརྨ་པ་ནི་ཧ་ཅང་གི་བྲོས་བདེ་པོ་དང་ཆ་རྐྱེན་ མང་པོ་ཡོད། སྐུ་མཚམས་ལ་བཞུགས་སྐབས་སྐུ་མཚམས་མ་གྲོལ་བར་ནང་དུ་མི་གཞན་ཡོང་མི་ཆོག །གལ་ཏེ་སྒེ་ཁུང་ནས་ཕྱིར་ཐོན་པ་ཡིན་ན་རྒྱ་མི་ལྟ་སྲུང་བས་ཟླ་ཤས་བར་ཤེས་མི་ ཐུབ་ལ། ན་བཟའ་བརྗེ་མོ་བརྒྱབ་པ་ཡིན་ན་ཁོང་མཐོང་མྱོང་མཁན་གྱི་བོད་པ་ཡིན་ཀྱང་དོ་སྣང་ འབྱུང་མི་སྲིད། ཁོང་བྲོས་ཕེབས་སྐབས་ཀྱང་ཐབས་ལམ་དེ་བེད་སྤྱོད་བཏང་གནང་འདུག
༤༽ད་དུང་རྒྱ་ནག་གཞུང་དང་འབྲེལ་ཡོད་རྣམས་དོགས་ པ་མི་ཟ་བའི་ཆེད། ཐོག་མར་སྐུ་མཚམས་ལ་བཞུགས་ཚུལ་བསྟན་པ་དང༌། དེ་ནས་དགུན་དུས་གངས་འབབ་པའི་སྐབས་དང་བསྟུན། དཀའ་སྤྱད་ཆེན་པོས་ཧི་མ་ལ་ཡི་རི་བོ་བརྒལ་བ་དང༌། དེ་ཡང་ནམ་རྒྱུན་ཀྱི་བོད་པ་བྲོས་ལམ་ཡོངས་གྲགས་རྣམས་ནས་མ་ཕེབས་པར། མངོན་གསལ་དེ་ཙམ་མེད་པའི་གསང་ལམ་བརྒྱུད་ནས་ཕེབས་གནང་འདུག
༥༽ཁོང་བྲོས་བྱོལ་དུ་ཕེབས་དགོས་པའི་རྒྱུ་མཚན་ ནི། རྒྱ་ནག་གཞུང་གིས་གོང་ས་རྒྱལ་བ་རིན་པོ་ཆེ་ལ་ཁ་གཏོང་བཅུག་པ་དང༌། རྒྱ་ནག་གིས་ངོས་འཛིན་བྱས་པའི་པཎ་ཆེན་ངོས་ལེན་དགོས་པ་སོགས་ཀྱི་གནོན་ཤུགས་ དང༌། སྐུ་སྐྱེ་ཕེབས་པ་ནི་སྐུ་གོང་མའི་མཛད་པ་མཐའ་སྐྱོང་ཆེད་ཡིན་ལ། སྐུ་གོང་མའི་མཛད་པ་སྐྱོང་བ་ལ་ཀརྨ་ཀམ་ཚང་གི་དབང་ལུང་མན་ངག་དེ་ཚོ་མེད་དུ་མི་ རུང་བ་ཡིན་ཅིང༌། དེ་ཚོའི་རྒྱུན་ཚང་མ་རྒྱ་གར་ལ་མ་གཏོགས་མེད་པའི་རྐྱེན་ཀྱི་ཡིན་ལུགས་སོགས། རྒྱ་གར་དུ་བྲོས་ཕེབས་དགོས་པའི་རྒྱུ་མཚན་ལྔ་ཡོད་པ་ཀརྨ་པའི་མགྲིན་ཚབ་པ་ཀརྨ་ སྟོབས་ལྡན་ནས་བཤད་ཡོད།
ག༽ཀརྨ་པའི་བླ་བྲང་གི་མཛོད་ཁང་ནང་དངུལ་ འབོར་ཆེན་ཐོན་པ་ཟེར་བ་ནི། རྒྱལ་པོའི་བང་མཛོད་ནང་གསེར་དང༌། མི་རྒྱའུ་གདོང་ལ་སྤུ་འདུག་ཟེར་བ་དང་འདྲ་བར་ཧང་སང་དགོས་དོན་གང་ཡང་མེད།
༡༽ ཀརྨ་པའི་མཛོད་ཁང་ནས་ཐོན་པ་རེད་ཟེར་བའི་དངུལ་ཀྱི་སྡོམ་འབོར་དེ་ནི། ཧིན་དུའི་བླ་ཆེན་ཤང་ཀར་ཨཅརྱ་ལྟ་བུ་གཅིག་གི་དངུལ་འབོར་གྱི་བརྒྱ་ཡི་ཆ་དང་ སྟོང་གི་ཆ་ཡང་མེད་ངེས། རྒྱལ་ཁབ་ཡོད་མེད་དང་མི་འབོར་མང་ཉུང་གི་ཆ་ནས་བོད་ཀྱི་ཀརྨ་པ་དང་རྒྱ་གར་གྱི་ ཤང་ཀར་ཨཅརྱ་གཉིས་བསྡུར་ཐབས་མེད་ཤས་ཆེ་ཡང་། ཁོང་རྣམ་གཉིས་ལ་དད་པ་བྱེད་མཁན་གྱི་རྒྱལ་ཁོངས་དང་མི་རིགས་མང་ཉུང་བྱས་ན་ཀརྨ་ པ་མང་བ་མེད་ན་ཉུང་བ་མེད། རྒྱ་སོག་གཉིས་པོ་ཆ་བཞག་ན། ཀརྨ་པ་དང་ལོ་བདུན་བརྒྱ་བརྒྱད་བརྒྱའི་སྔོན་ནས་འབྲེལ་བ་ཡོད་པ་རེད།
༢༽འཛམ་གླིང་ནང་མི་འབོར་མང་ཤོས་རྒྱ་ནག་རེད། དེར་ཤང་ཀར་ཨཅརྱ་ལ་དད་པ་བྱེད་མཁན་ག་ཚོད་ཡོད་དམ། ཀརྨ་པར་དད་པ་བྱེད་མཁན་ས་ཡ་མང་པོ་རེད། དེ་བཞིན་ཀརྨ་པར་དད་པ་བྱེད་མཁན་ཉི་ཧོང་དང་ཐའེ་ཝན། སོག་པོ་དང་ཀོ་རི་ཡ་སོགས་ཨེ་ཤ་ཡ་དང༌། ཨ་རི་དང་ཡོ་རོབ་སོགས་ནུབ་ཕྱོགས་ཀྱི་མགོ་སེ་རིགས་ག་ཚོད་ཡོད་དམ། ཁོང་ཚོས་ཀརྨ་པའི་མདུན་ནས་མར་བྱིན་རླབས་དང་གསུང་ཆོས་ཞུས་རྗེས་ཡར་དངུལ་འབུལ་ བ་ཡིན། ལྷག་པར་རྒྱ་རིགས་སོགས་ཨེ་ཤ་ཡ་དེ་ཚོ་མཇལ་ཁ་ཡོང་རིམ་བཞིན་ལག་པ་སྟོང་པ་ཡོང་ སྲོལ་མེད།
༣༽དངུལ་ག་ཚོད་ཐོན་ཡོད་པ་གསར་ལམ་ཁག་གིས་བཤད་ སྟངས་མི་མཐུན་ཀྱང་མང་ཆེ་བས་ཧིན་སྒོར་ལ་ཕབ་ན་འབུམ་བཞི་བརྒྱ་ལྔ་བརྒྱ་ཞིག་ཐོན་ པ་རེད་ཟེར། ཀརྨ་པའི་བླ་བྲང་ལ་དངུལ་དེ་ཙམ་མ་གཏོགས་མེད་ན་ང་རང་ཡང་བློ་བདེ་པོ་མ་བྱུང༌། ལྷོ་ཕྱོགས་ཀྱི་དགོན་པ་སེར་འབྲས་དང་རྣམ་གྲོལ་གླིང་སོགས་ཀྱི་འདུ་ཁང་ཆེན་མོ་ རེ་ལ་ཧིན་སྒོར་འབུམ་སྟོང་ཕྲག་དང་སྟོང་ཕྲག་གི་སྐད་ཅ་རེད། བོད་པ་ཞིག་གི་ངོས་ནས་བཤད་ན་ཀརྨ་པའི་བླ་བྲང་ལ་སྒོར་འབུམ་ལྔ་བརྒྱ་འདུག་ཟེར་ན་ ཧང་སང་རྒྱུ་ལྟ་བཞག །དེ་ཙམ་མ་གཏོགས་མེད་པ་ཡིན་ནམ་སྙམ་ནས་སེམས་ཁྲལ་བྱེད་ངེས་རེད།
ང༽རྒྱ་ནག་གི་དངུལ་ལོ་འདུག་ཟེར་བ་ནི་དེ་ བས་བཞད་གད་དང༌གནས་ལུགས་རྒྱུ་མཚན་གང་ཡང་མེད་པའི་གཏམ་འབའ་ཞིག་རེད། ཁྲིམས་རྩོད་པ་སྐུ་ཞབས་ནཱ་རེ་ཤུ་མ་ཐུར་ཡིས། རྒྱ་ནག་གི་དངུལ་ཡོད་པའི་རྒྱུ་མཚན་གྱིས་རྒྱ་ནག་གི་སོ་པ་ཆགས་ཀྱི་ཡོད་ན། དེ་ལས་ཨ་རིའི་དངུལ་མང་བ་འདུག་པས་ཁོང་ཨ་རིའི་སོ་པ་རེད་ཟེར་ཆོག་གམ་ཞེས་བཤད་ ཡོད།
༡༽ཀརྨ་པར་འབུལ་བ་འབུལ་མཁན་མང་ཆེ་བ་དེ་བོད་ རིགས་དང་རྒྱ་རིགས་གཉིས་ཡིན་ལ། དེ་གཉིས་ཀྱིས་སྤྱོད་པའི་དངུལ་དེ་རྒྱ་མིའི་དངུལ་ལོ་ཡོན་ཟེར་བ་དེ་རེད། མི་གཞན་ཞིག་ལ་རྔན་པ་ཞིག་སྤྲད་དགོས་ཀྱང༌། སྤྲོད་མཁན་རང་རང་གི་ལུང་པ་ནས་ཐོན་པའི་བཅའ་དངོས་སམ་དངུལ་ལོ་སྤྲད་པ་དགའ་པོ་ བྱེད་སྲོལ་ཀུན་ལ་ཡོད་པས། རྒྱ་ནག་གི་མི་ཚོས་ཀྱང་རང་གི་ལུང་པའི་དངུལ་ལོ་ཕུལ་བ་དགའ་པོ་བྱེད་པ་རེད།
༢༽ མ་གཞིར་རྒྱ་ནག་གི་སོ་པ་རྒྱ་གར་ནང་ཡོང་དུས་རྒྱ་ནག་གི་དངུལ་ལོ་ཁུར་དགོས་པ་ག་ རེ་ཡིན་ནམ། གུང་ཁྲན་ཏང་གི་གསང་བའི་སྒྲིག་གཞི་ཞིག་ཁྱོད་ཚོས་ཧ་གོ་བ་ཡིན་ནམ། ཡིན་ན། དེའི་ནང་གནད་དོན་གཞན་པ་ག་རེ་འདུག །གལ་སྲིད་རྒྱ་གར་གྱི་སོ་པ་ཞིག་རྒྱ་ནག་ཏུ་གཏོང་བ་ཡིན་ན། དེ་ལ་རྒྱ་གར་གྱི་དངུལ་ལོ་རུ་པེ་བསྐུར་གྱི་རེད་དམ་ཡང་ན་རྒྱ་མིའི་དངུལ་ལོ་ ཡོན་ལ་བརྗེ་བསྒྱུར་བྱས་ནས་བསྐུར་གྱི་རེད།
༣༽བལ་ཡུལ་ལྟ་བུ་ཞིག་ནང་ཆ་བཞག་ན། བོད་པ་དང་ཁ་ཚ་རའི་ཚོང་པ་དེ་ཚོ་མང་ཆེ་བ་ལ་རྒྱ་ནག་གི་དངུལ་ལོ་ཡོན་དང༌། རྒྱ་གར་གྱི་དངུལ་ལོ་རུ་པེ་གཉིས་ཀ་ཡོད་རེད། འོ་ན་དེ་ཚོ་རྒྱ་དཀར་ནག་གཉིས་ཀའི་སོ་པ་རེད་ཟེར་ཐུབ་བམ། ཐུབ་ན། རྒྱ་ནག་གི་སོ་པ་ཞིག་ལ་རྒྱ་གར་གྱིས་ཅི་ཞིག་སོ་བརྒྱབ་པར་དངུལ་སྤྲད་པ་དང༌། དེར་ཡིད་ཆེས་ག་འདྲ་སླེབས་པ་རེད་དམ།
ཅ༽རྒྱ་ནག་གི་དངུལ་ལོ་དེ་ཚོའི་ཨང་གྲངས་ རིམ་པ་བསྟར་ཆགས་སུ་ཡོད་པ་རེད་ཟེར་བ་ཡང༌། མཁན་པོ་དགའ་དབང་གིས་གསུངས་ན། རྒྱ་མིའི་དངུལ་ལོ་བམ་ཆ་རེ་ཙམ་དང་། ཁྲི་ཆག་རེ་ཙམ་ཨང་གྲངས་འགྲིག་ཡོད་ན་ལས། མང་བ་དེ་གཅིག་ལོ་དང་གཉིས་ལོ་ལྔ་ལོ་སོགས་ཅི་རིགས་ཡོད་པ་རེད་ཟེར།
༡༽རྒྱ་ནག་གཞུང་གིས་ཕྲུ་གུ་ལོ་༡༤་ཅན་ཞིག་སོ་ལ་ བཏང་བ་དང༌། དངུལ་དེ་ཡང་རྒྱ་ནག་གི་དངུལ་དང༌། དེ་ཡང་གསར་པ་ཨང་གྲངས་བསྟར་ཆགས་སུ་ཡོད་པ་རྐྱང་རྐྱང་བ
མཁན་པོ་དགའ་དབང་ལགས་སུ་མངོན་པར་བསྟོད་དོ། ། ད་དུང་མཚུར་ཕུ་བླ་བྲང་གི་ལས་བྱེད་རྣམས་ཀྱི་བྱ་བ་བཟོ་བཅོས་བཏང་དགོས་འདུག ད་ལོ་རྡོར་གདན་དུ་ཀརྨ་པ་མཇལ་ཁ་བཏང་སྐབས་ཁ་པར་རིན་གོང་ཆེ་བ་དང་། གཞས་ཉན་ས། པར་ཆས་སོགས་ཞིབ་གཤེར་བྱེད་མཁན་སྐུ་སྲུང་བ་རྣམས་ལ་བཅོལ་ཏེ་མཇལ་ཁ་ཚར་ཏེ་མར་ཡོང་དུས་གར་སོང་ཆ་མེད་དུ་སོང་བ་གྲངས་ཀྱི་མི་ཆོད་པ་ཆགས་ཡོད། དེ་ནི་ལས་བྱེད་ཀྱི་མ་འཇོན་ས་མིན་ནམ།
ད་ལན་༧རྒྱལ་བ་ཀརྨ་པའི་བླ་བྲང་ལས་འཕྲོས་པའི་དོན་རྐྱེན་དེའི་སྐོར་མཁན་པོ་དགའ་དབང་ལགས་ནས་གསལ་བཤད་གནང་བར་སྙིང་ནས་སྤྲོ་བ་ཆེ། ང་ཚོ་གཞི་བྱེས་བོད་རིགས་ཚང་མའི་༧རྒྱལ་བ་ཀརྨ་པ་དེ་མཆོད་རྟེན་དཀར་ཆུང་བཞིན་ཡིན་ལ་ཡིན་དོན་ལྟར་ངོ་འཕྲོད་བྱུང་། མ་གཞི་གསར་འགོད་པ་ཚོའི་ལས་དོན་ངོ་མ་ནི་ཚོང་འབྲེལ་ཡིན་སྟབས་ལྟ་མཁན་མང་བ་བྱུང་ན་དེ་གཙོ་བོར་འཛིན་པ་ལས་དངོས་འབྲེལ་གཙོ་བོར་འཛིན་པ་ཞིག་ཕལ་ཆེར་ས་སྟེང་འདིར་བརྙེད་དཀའ། དེའང་དམིགས་བསལ་རྒྱ་གར་བའི་གསར་འགོད་པ་ཕལ་ཆེར་ནི། མི་རིགས་རིང་ལུགས་གཙོ་བོར་བཟུང་སྟེ་ནང་ཁུལ་འཁོན་འཁྲུག་དང་། ཐབ་རྫིང་སློང་ཐབས་ཤིག་བྱུང་ན་དེ་ནི་ཁོང་ཚོའི་དམིགས་འདུན་ངོ་མ་ཡིན་པས་བོད་མི་སྐྱབས་བཅོལ་བ་ཚོའི་རྣམ་ཀུན་ནས་ཟབ་དགོས། དཔེར་ན་༧སྐྱབས་མགོན་རིན་པོ་ཆེ་མཆོག་ལའང་མཚན་སྨད་ཇི་ཞུས་ང་ཚོ་ཚང་མའི་ཤེས་གསལ་རེད། ཀརྨ་པའི་བླ་བྲང་ལ་དངུལ་དོན་པ་དེ་ཧང་བསང་དགོས་པ་ཅི་ཡང་མིན། དཔེར་ན་རྒྱ་གར་བའི་དཔོན་རིགས་ཚོས་ལྐོག་ཟ་རུལ་བསུང་ལ་གཟིགས་དང་དུང་ཕྱུར་དང་། བྱེ་བ་མང་པོ་མི་གཅིག་གིས་རང་དོན་ཆེད་ཟོས་པ་དེ་ཁོང་ཚོའི་མ་མཐོང་བ་ཡིན་ནམ། དངུལ་དེ་དག་ནི་ང་ཚོ་རྒྱལ་ཁབ་དེའི་མི་མང་གི་དངུལ་ཡིན་པ་ལས་ཁོང་ཚོར་སྤྲད་པ་དང་བདག་པ་ག་ལ་ཡིན། ཀརྨ་པ་ལ་མཚོན་ན་དད་ལྡན་མི་མང་སྟོང་ཚོ་མང་པོས་དྭང་བླང་གིས་ཕུལ་བའི་དཀོར་ཡིན་པ་དང་། དེའང་གཏོང་ས་ཆོས་རྩ་དང་། སྤྱི་ཚོགས་བདེ་དོན། སློབ་གསོའི་ལས་འགུལ། ཉམ་ཐག་རིགས་སོགས་ལ་གནང་བ་དེ་གཞུང་སྒེར་སུས་ཀྱང་མ་མཐོང་བ་ཡིན་ནམ། དྭོག་པ་མེད་པར་དྭོག་འདྲོགས་དང་། རེ་བ་མེད་པར་རེ་དྭོག་མང་པོ་ཞིག་བྱེད་ན་རི་ཕར་ནང་ནས་རྒྱ་མིའི་ཇི་བྱས་རྒྱ་གར་བ་ཚོའི་སེམས་ལ་ངེས་པར་བཞག་དགོས། བོད་དོན་གླེང་རྒྱུ་མེད་ན་རྒྱ་མི་ལ་རྡིག་བསྐུལ་ཇི་ལྟར་བྱེད་ཆབ་སྲིད་ཀྱི་ཐོག་ནས་ངེས་པར་སོམས་ཤིག།།
གསར་འགོད་པས་དོན་རྐྱེན་དེའི་ཐད་མུ་མཐུད་མཇུག་སྐྱོང་གནང་བཞིན་པར་སྤྲོ་བ་བརྟས། ད་དུང་རྒྱུན་མཐུད་ནས་དུས་ནས་དུས་སུ་གནས་ཚུལ་མཁོ་འདོན་གནང་རོགས་ཞུ།
འདི་དང་འབྲེལ་བ་མེད་ཀྱང་བློ་ཕམ་གྱི་གནས་ཚུལ་ཞིག་ལ་༧གོང་ས་༧སྐྱབས་མགོན་ཆེན་པོའི་༧སྐུའི་གཅེན་པོ་དམ་པ་སྟག་འཚེར་རིན་པོ་ཆེའི་སྲས་འཇིགས་མེད་ནོར་བུ་ལགས་ཐེངས་འདིའི་རང་བཙན་གོམ་བགྲོས་སྐབས་མོ་ཊ་ཞིག་གིས་བརྡུངས་ནས་བཀྲོངས་འདུག ད་ལྟ་བོད་ཀྱི་དུས་བབ་དྲྭ་རྒྱའི་གསར་འགྱུར་ནང་སླེབས་མི་འདུག