ཕྱི་ཚེས་ ༡༤ ཉིན་ཨ་རིའི་རླུང་འཕྲིན་ཁང་གི་དབུ་འཛིན་ཁྲན་ཧྥོ་སཱི་ལགས་ཀྱིས་རྒྱ་སྐད་སྡེ་ཁག་གི་ལས་མི་ཡོངས་ལ་ཚོགས་འདུ་ཞིག་བསྐངས་ཏེ། རྒྱ་ཡིག་སྡེ་ཁག་གི་རྒྱའི་སྤྱི་སྐད་ཚན་ཆུང་ནས་ལས་གནས་ས་མིག་ ༣༨ དང་། རྒྱའི་ཨོ་སྐད་ཚན་ཆུང་ནས་ལས་གནས་ས་མིག་ ༧ བཅས་ཕྱིར་བསྡུ་བྱ་རྒྱུ་ཡིན་པ་གསལ་བསྒྲགས་བྱས་ཡོད་པར་མ་ཟད། དེའི་ཐད་ལས་མི་རྣམས་ཀྱི་དྲི་བར་ལན་འདེགས་ཀྱང་བྱས་ཡོད་པ་རེད།
སྐད་རིགས་ ༥༠ ལྷག་གི་ཐོག་རྒྱང་བསྲིང་བྱེད་བཞིན་པའི་ཁྲོད་ནས། ཉན་མཁན་ཆེས་མང་བའི་རྒྱ་སྐད་རླུང་འཕྲིན་དང་ཉན་མཁན་ཆེས་ཉུང་བའི་ཁཱི་རོ་ཁྲེ་ཡཱ་སྐད་ཀྱི་རླུང་འཕྲིན་ས་མིག་གཉིས་ཕྱིར་བསྡུའི་ལས་འཆར་དེ་ནི་རླུང་འཕྲིན་ཁང་རང་ངོས་ནས་གཏན་འབེབས་བྱས་པ་ཞིག་ཡིན་འདུག ཡིན་ནའང་། ཐེངས་འདིར་རླུང་འཕྲིན་ས་མིག་དེ་གཉིས་ཕྱིར་བསྡུ་དགོས་པའི་རྒྱུ་རྐྱེན་གཙོ་བོ་མ་དངུལ་འགྲོ་གྲོན་ལ་འབྲེལ་བ་མེད་སྐོར་བརྗོད་འདུག ཕྱི་ལོ་ ༢༠༡༢ ལོའི་ཨ་རིའི་རླུང་འཕྲིན་ཁང་གི་ལོ་འཁོར་གྱི་མ་དངུལ་འགྲོ་གྲོན་ཕྱི་ལོ་ ༢༠༡༡ ལོ་ལས་བརྒྱ་ཆ་ ༢་༥ སྤར་ཏེ་ཨ་སྒོར་དུང་ཕྱུར་ ༧་༦༧ ལ་སླེབས་ཡོད་པ་རེད།
གཞན་ཡང། ད་ལོར་ཨ་རིའི་རླུང་འཕྲིན་ཁང་གི་ཁྱབ་ཁོངས་སུ་གཏོགས་པའི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་ནག་ཨོ་མིན་སྐད་ཀྱི་རླུང་འཕྲིན་ས་མིག་ཀྱང་ཕྱིར་འཐེན་བྱ་འཆར་ཡོད་པ་དང་། ཟླ་སྔོན་མའི་ནང་བྷི་བྷི་སིའི་རྒྱ་སྐད་རླུང་འཕྲིན་ཡང་ཕྱིར་བསྡུ་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་པ་རེད།
ཕན་ནུས་ཤིན་ཏུ་ཆེ།
རྒྱ་མིས་ས་གནམ་འགེབས་དུས་སུ། རྒྱ་ལྕེའི་དུག་རླངས་འགོག་ཚུལ་འདི།
རྒྱལ་སྤྱིའི་འགོག་སྲུང་གལ་ཆེན་ཞིག ཡིན་ཀྱང་ཕན་ནུས་ཐོན་པ་དཀའ།