མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚར་གོས་མེར་བསྲེག་གི་ལས་འགུལ།

བོད་ཀྱི་དུས་བབ།
༢༠༡༡/༠༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན་ཉེ་ལམ་ཁམས་རྟའུ་རྫོང་དང་མི་ཉག་སོགས་ཀྱི་བོད་མི་ཚོས་ཚར་གོས་མེ་ལ་བསྲེག་པའི་ལས་འགུལ་ཞིག་སྤེལ་བཞིན་ཡོད་འདུག་ཅིང་། ལས་འགུལ་དེ་སྤེལ་དགོས་པའི་རྒྱུ་མཚན་གཙོ་བོ་ནི་དེ་སྔོན་༧གོང་ས་མཆོག་གིས་གཅན་གཟན་དང་རི་དྭགས་ཀྱི་སྤགས་རིགས་གྱོན་ན་ཆོས་དང་འཇིག་རྟེན་གཉིས་གར་མཐུན་གྱི་མེད་སྐོར་བཀའ་གནང་བ་ལྟར། སྐབས་དེར་བོད་ཡུལ་སྟོད་སྨད་བར་གསུམ་ནས་གཅན་གཟན་རི་དྭགས་ཀྱི་པགས་རིགས་མེར་བསྲེག་བཏང་བའི་ལོ་རྒྱུས་རང་བཞིན་གྱི་ལས་འགུལ་རླབས་ཆེན་ཞིག་བསྒྲུབས་ཡོད།

དེ་བཞིན་དུ་ཚར་གོས་གཅིག་བཟོ་གྲུབ་བྱེད་པར་ཡང་ལུ་གུ་ ༥༠ ལ་ཉེ་བ་གསོད་དགོས་ཀྱི་ཡོད་སྟབས། ཚར་གོས་གྱོན་པའི་ལུགས་སྲོལ་འདིས་སྤྱིར་འབྲོག་པའི་ཕྱུགས་ཟོག་གི་འཕེལ་རྒྱས་ལ་འགོག་རྐྱེན་བཟོས་ཏེ་བོད་པ་རང་ཉིད་ཀྱི་དཔལ་འབྱོར་ཡར་རྒྱས་ལ་གནོད་ཚབས་ཆེ་བ་དང་། ཡང་སྒོས་མི་ཆོས་དང་འགལ་བའི་རྩུབ་སྤྱོད་དང་། ནང་པ་སངས་རྒྱས་པའི་དགོངས་པ་དང་འགལ་བའི་སྡིག་གསོག་གི་བྱ་སྤྱོད་འདི་རིགས་མཚམས་འཇོག་ཡོང་ཕྱིར་ལས་འགུལ་དེ་སྤེལ་བ་ཞིག་ཡིན་འདུག
འོན་ཀྱང་ས་གནས་རྒྱ་གཞུང་གིས་ཐེངས་འདིའི་བོད་མི་ཚོས་བྱེད་སྟངས་དེ་ནི་རྒྱལ་ཁབ་ལ་ངོ་རྒོལ་གྱི་རྣམ་འགྱུར་ཞིག་རེད་ཅེས་ལས་འགུལ་དེ་མཚམས་འཇོག་བྱ་དགོས་སྐོར་དང་། ད་དུང་ཚར་གོས་མེར་བསྲེག་སོགས་མང་ཚོགས་ཀྱི་དཔལ་འབྱོར་ལ་གྱོང་གུད་ཕོག་པའི་བྱ་འགུལ་དེ་རིགས་སྤེལ་ཚེ་སྣེ་ཁྲིད་མཁན་དག་འཛིན་བཟུང་བྱ་རྒྱུ་ཡིན་པའི་ཉེན་བརྡ་གཏོང་བཞིན་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

ཆུ་ཚོད་ ༢༠ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

ཆུ་ཚོད་ ༢༡ སྔོན་ལ།
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩

མཆན། 36

  1. JIGME says:
    ལོ་ 14 སྔོན།

    ཡང་སྐྱར་གཅིག་ཞུ་རྒྱར་ འབྲོག་པ་རྣམས་ཀྱི་ཤ་དང་པགས་པ་མ་སྤང་པའི་སྔོན་ལ་བླ་མ་དང་གྲ་པ་ཚང་མས་ཤ་དང་པགས་པ་སྤང་དགོས་ཀྱི་འདུག་ དེ་ཡིན་དང་མིན་དྲ་གྲོགས་ཚོས་གསུང་རོགས་གནང་

    Reply
  2. JIGME says:
    ལོ་ 14 སྔོན།

    ༸་གོངས་ས་མཆོག་ནས་སྟོང་ལ་ཉེ་བའི་རི་དགས་ཀྱི་པགས་པ་མ་གྱོན་གསུང་པ་ལས་ལུག་སྤགས་མ་གྱོན་གསུང་ཡོད་པ་མ་རེད་ དགུན་ཁ་དང་དཔྱིད་ཁ་གངས་ཆེ་བ་འབབས་དུས་ལུག་ཕྲུག་མང་པོ་ཤི་ཡི་ཡོད་པས་དེའི་་པགས་པ་ཤུས་ནས་གྱོན་པ་ལས་ བོད་པའི་འབྲོག་པས་ལུག་ཕྲུག་གཅིག་ཀྱང་བསད་མྱོང་ཡོ་མ་རེད་ཞེས་བཤད་ཆོག་གི་རེད་ དེར་རྟེན་བླ་མའི་གསུང་ལ་གོ་ནོར་ཐེབས་པ་དང་ལས་འགུལ་དེ་ནོར་བ་ཞིག་རེད་

    Reply
  3. chukzi says:
    ལོ་ 14 སྔོན།

    དེ་ཚོ་ལ་བཏག་དཔྱད་གཏང་ན་བཟང་ངམ་སྙམ།

    Reply
  4. མངའ་རིས་བུ། says:
    ལོ་ 14 སྔོན།

    བོད་གོས་མེ་ལ་སྲེགས།
    རྒྱ་གོས་རིན་འགོང་ཆེན་པོ་སྤྲད་དེ་ཉོས་ལ་གོན།
    བོད་པར་ཡོང་སྒོ་ཡོད་པ་དེ་ཚོ་མེད་བྱོས།
    རྒྱ་མིར་ཡོང་སྒོ་བཟོ་རོགས།

    གདོང་དམར་བོད་མི་ཤ་ཟན།
    རྒྱ་དམར་ཁ་ཟས་འབུ་བཟའ་རོགས།
    བོད་ལཱ་མེད་ན་རྒྱ་རྒན་ཡིན།
    བོད་ལཱ་མེད་ན་རོང་ཕྲུག་ཡིན།

    བོད་ཟས་སྤོང།
    བོད་ལཱ་སྤོང།
    བོད་སྐད་སྤོང།
    བོད་ཆོས་སྤོང།

    Reply
  5. གྲྭ་རྒོད says:
    ལོ་ 14 སྔོན།

    ལས་འགལ་འདི་ལྟ་བུ་རྒྱ་ནག་དགའ་དགོས་པ་ཞིག་རེད།དྲག་གནོན་ཞིག་ཡོངས་དོན་མེད་གང་ཡིན་ཟེར་ན་བོད་ལྭ་གྱོན་གྱི་མིན་ཞེས་པ་ལས་གཞན་གང་ཡང་མེད་པས་དེ་ཙམ་ཞིག་རེད།བོད་མི་ཞིག་གི་ལས་འགན་གཙོ་བོ་ནི་ཤེས་ཡོན་ཐོག་ཤུགས་རྒྱག་དེ་རེད།སྤྱིར་གོང༌༌༸ས་མཆོག་གི་གསུང་མ་གསུང་ལ་རེག་ལས་མེད་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་སུ་བསམ་བློ་གཏོང་ཐུབ་ན་དེ་དོན་དངོས་རེད།དེ་མིན་ཁྱབ་སྲིད་ལས་འགལ་སྤེལ་ཤེས་མ་ཤེས་བྱས་ན་གནོད་ཉིན་ཆེ།

    Reply
  6. གངས་རིའི་བུ says:
    ལོ་ 14 སྔོན།

    སྤུན་ཟླ་ཁྱེད་ཚོས་རྒྱ་མིས་དྲག་གནོན་མ་འཛེག་པར་སྐྱབས་མགོན་རིན་པོ་ཆེའི་བཀའ་བཞིན་སྒྲུབ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply
  7. ཁ་བ་ནག་པོ། says:
    ལོ་ 14 སྔོན།

    ངས་ཀྱང་ཚིག་འགའ་བཤད་ན་འདོད་བྱུང་། ངའི་ཕ་ཡུལ་དུ་ལུག་ནག་ར་བ་ཞེས་པའི་ཚོ་བ་ཆུང་ཆུང་ཞིག་ཡོད། བོད་ཡུལ་སྤྱི་ན་མཐོང་དཀོན་པ་ཞིག་ལ་ཚོ་བ་དེའི་ལུག་བརྒྱ་ཆའི་གོ་དགུ་དང་གྲངས་ཆུང་དགུ་ཡི་ཁ་དོག་ནག་པོ་ནག་རྐྱང་རེད། རྒྱ་དང་ཁ་ཆེ་བ་ཚོས་ལུ་གུ་ནག་ནག་གི་ཚ་རུའི་སྟོད་ཐུང་བཟོ་རྒྱུར་དགའ་་མོས་ཆེན་པོ་བྱེད་པས། ལོ་རེ་རེའི་དབྱར་ཁར་ལུ་གུ་ཚོ་ཟླ་བ་གསུམ་དང་ཡང་ན་གཉིས་ལས་སོན་མེད་པ་སྟོང་ཕྲག་དུ་མ་ཚ་རུ་གཅིག་པོའི་ཆེད་དུ་གསོད་བཞིན་པ་ངས་མངོན་སུམ་མིག་གིས་མཐོང་མྱོང་ལ། མཐོང་ཐེངས་རེ་རེར་ང་རང་བྱིས་པ་ཆུང་ཆུང་ཞིག་དང་འདྲ་བར་ངུ་མྱོང་བ་ཡང་ཐེངས་གཅིག་མིན། ལུ་གུ་ཆུང་ཆུང་དེ་ཚོ་གསོད་དུས་ཀྱི་འབའ་རྒྱངས་དེ་དག་ད་དུང་ངའི་རྣ་ལམ་དུ་ཞགས་འདུག དེ་ནི་བྱིས་པ་ཆུང་ཆུང་ཚོ་ངུ་བའི་སྐད་དང་གཅིག་པ་འདྲ་ཞིག་རེད། འདི་ལ་བསམས་ན་བོད་ཡུལ་དུ་ཚ་རུའི་ཆེད་དུ་ལུ་གུ་གསོད་མཁན་ཡོད་ལ། ལུ་གུ་དེ་ཚོའི་པགས་པས་བཟོས་པའི་ཚར་ལྭ་དང་ཚར་ཞྭ་གྱོན་ནས་འཕྱོར་ཉམས་དང་བཅས་འགྲོ་མཁན་ཡང་ཡོད་པས། གལ་སྲིད་བསད་ཚར་མི་གྱོན་པའི་དམ་བཅའ་འཇོག་མཁན་རེ་ཡོད་ན་ཧ་ཅང་བཟང་།

    Reply
  8. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    གླེན་ཆེ་ན་རང་མུན་བཅུག་པའི་ཉེན་འདུག ལས་འགུལ་འདི་ལ་དགེ་མཚན་ཆེན་པོ་ཞིག་མི་འདུག ཡང་ཁ་ཤས་ཀྱི་སྐབས་ཤིག་གཟི་དང་བྱུ་རུ་རྣམས་ཀྱང་བཅག་ཡོངས་བའི་ཉེན་ཁ་འདུག གང་ཡིན་ཞུ་ན་བརྡུང་ལེན་པ་ཞིག་གིས་ཀྱང་གཟི་དང་བྱུ་རུ་རྡོ་ཡིན་པས་སྐེ་ལ་འདོགས་ན་དགེ་མཚན་མེད་པའི་བཞས་ཚིག་སྔ་སོར་བཏང་འདུག་པས་མི་རིགས་འདི་རི་བོང་ཅར་འབྲོག་ལ་ཤིན་ཏུ་དགའ་བ་མ་ཚད། ལྷ་དད་དང་བླ་མའི་ཆོས་ལུགས་ཀྱིས་བདེན་དཔང་ཡིད་ཆེས་ལ་བློ་བརྟན་ནང་ནས་ཁེལ་བ་ཞིག་ཡིན་པར་བརྟེན་ཚར་གོས་མེར་བསྲེགས་དང་གཟི་བྱུར་བཅག་པ་སོགས་ཀྱིས་ལས་འགུལ་འདི་རིགས་སྤེལ་བ་ནི་དཔལ་འབྱོར་གྱི་གྱོང་རྒུད་དང་རང་གི་རང་ལ་གཞོག་གཅོད་ཤིན་ཏུ་ཛབ་ཆེན་ཡིན་པས་གཏན་མཚམས་འཇོག་ན་དགེ་མཚན་ངེས་པར་དུ་ཆེ།

    Reply
  9. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    སྤྱིར་བཏང་ན་གྲྭ་ཅན་ལྤགས་རིགས་མེར་བསྲེགས་ཀྱི་ལས་འགུལ་འདི་ཡག་པོ་ཞིག་ཡིན་ཡང་ལྤགས་རིགས་ཡོད་ཚད་༸གོས་ས་མཆོག་གིས་བསྲེགས་ཤོག་ཞེས་བཀའ་གནང་མེད་པར་བརྟེན་ད་ལྟའི་ལས་འགུལ་འདི་ཕྱོགས་གཅིག་ནས་བལྟས་ན་ཅུང་ཐལ་ཆེ་བའི་སྐྱོན་ཆེན་པོ་འདུག་པས་ཚར་གོས་མེར་བསྲེག་ལ་ཡི་རང་ཆེན་པོ་ཞིག་མི་འདུག་ཡིན་ན་ཡང་ཚར་བའི་ལས་ཚར་ཟིན་པས་ཕྱིས་འབྱུང་ཐུགས་བསམ་ཡག་པོ་བཞེས་རོག་ཞེས་ཞུ་གི་ཡོད། རང་གི་རང་ལ་གནོད་པའི་ལས་བྱས་པ་དེ་ནི་ཆོས་སྲིད་གང་ཐད་ནས་དེ་སྐྱོན་ཡིན་གྱི། ས་མཐོར་གནས་སྡོད་བྱ་དགོས་པའི་མི་རིགས་འདི་ལ་ཚར་གོས་མེར་བསྲེག་གྱིས་མི་རིགས་དང་རིག་གཞུང་ལ་ཕན་པའི་ལས་འགུལ་ག་ཚོད་ཙམ་སྤེལ་ཐུབ་པ་ཡིན་ནམ??????

    Reply
  10. དབྱར་ཁབ་ཀུན་བཟང། says:
    ལོ་ 14 སྔོན།

    དེ་ནི་ངོ་མ་ཡག་པོ་རེད།

    Reply
  11. ཤིང་ལོ། says:
    ལོ་ 14 སྔོན།

    རྩ་བའི་༸གོང་ས་མཆོག་གི་དགོངས་གཞི་ཡིན་ཟེར་ནས་ཆ་ཚང་མེར་བསྲེགས་བཏང་ནའང་ཁྱད་མཚར་ཞིག་ཡིན་ལ། བོད་ནང་གི་བོད་མི་ཚོར་རྗེས་སུ་ཡི་རང་ལོས་བྱེད། གཙ་བོོ་གནའ་དེང་གི་ཤེས་ཡོན་ཐད་ལ་ཤུགས་བརྒྱབ་ན་དགོངས་གཞི་རྨ་མེད་དང་། རླབས་ཆེན་དེ་ཡིན་ནོ།།

    Reply
  12. གྲྭ་རྒོད says:
    ལོ་ 14 སྔོན།

    ལས་འགལ་འདི་བོད་ལྭ་གྲོན་གི་མིན་ཟེར་བ་ལས་མེད་པ་དང་བོད་ཀྱི་གོམ་སྲོལ་ལ་ངོ་རྒོད་རང་རེད་རྒྱབ་སྐྱོར་གཏན་ནས་མེད་འདི་ང་བོད་པ་ཚང་ལ་སྐྱོན་མེད་པར་སྐྱོན་བརྗོད་བྱས་རང་རེད། ལུ་གི་བསད་ནས་ཚ་རི་བཟོ་མཁན་སུ་ཡོད་རེད།དེ་འདྲ་ཞིག་གཏན་ནས་བོད་པ་མེད།

    Reply
  13. གྲྭ་རྒོད says:
    ལོ་ 14 སྔོན།

    ལུ་གུ་རང་ཉིད་གསོད་མཁན་མེད་པར་ཤུ་བའི་ཚ་རི་བཟོའི་བ་ཡིན་པས་སྡིག་ལས་ཞིག་གང་དུ་འོང་པགས་པའི་གྱོན་ཆས་གྱོན་མཁན་ནང་སྡུག་ལས་ཀྱི་གྱོན་ཆས་རི་དྭག་དང་གཅན་འཛིན་ལས་གཞན་སྡིག་ལས་ཀྱི་གྱོན་ཆས་མེད་ཟེར་ནས་ཁ་མཚམ་གཅོད་ཐུབ། རྒྱས་མེད་པ་དང་མ་ཤེས་པ་ཡིན་ན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  14. གྲྭ་རྒོད says:
    ལོ་ 14 སྔོན།

    ཚར་གོས་མེར་བསྲེག་གི་ལས་འགུལ། ཟེར་བའི་ལས་འགུལ་སྤེལ་མཁན་རྣམས་ལ་ངས་གསལ་བྱེད་ཞིག་བྱེད་འདོད་བྱུང་།གང་ཡིན་ཟེར་ན་འབྲོག་པའི་ཚ་རི་ཞིག་བཟོ་གཏང་ལ་རྒྱས་མངའ་མེད་པས་འབྲས་རྟགས་རང་རེད།ལུ་གུ་བསད་ནས་ཚ་རི་བཟོ་མཁན་མི་གཅིག་ཡང་མེད་པ་ངས་བདེན་དབང་བྱེད་ཐུབ། བཤད་སྟེང་འདི་འབྲོག་པ་ཚོ་དམན་འབབ་བྱས་པ་རང་རེད།ང་རང་འབྲོག་པ་ཡིན་པ་དང་ཚ་རི་ལ་རྒྱས་མངའ་ཤིན་དུ་ཆེན་པོ་ཡོད་མཁན་ཞིག་ཡིན་པས་བཤད་པ་ཡིན།ལས་འགལ་འདི་སྤེལ་མཁན་དང་གསར་འགྱུར་འདི་སྤེལ་མཁན་དག་པག་རིགས་གྱོན་ཆས་ཀྱི་བཟི་སྟེང་དང་དེ་མཁོ་བསྒྲུབ་བྱེད་པའི་ཐད་རྒྱས་མངའ་གང་ཡང་མེད་པས་གསལ་བྱེད་འདི་ལྟ་བུ་དང་ལས་འགལ་འདི་ལྟ་བུ་སྤེལ་སྐབས་སྔོན་སོང་ལས་འགལ་དག་ཁོངས་མེད་དང་རྒྱུ་མཚན་མེད་པ་ཅན་ཆགས་ཉིན་ཡོད་པས་གང་གཟབ་བྱེད་རོགས་ཞུ།

    Reply
  15. ཤག་སྒང་པ། says:
    ལོ་ 14 སྔོན།

    སླར་ཡང་རླབས་ཆེ་བའི་ལས་འགུལ་འདི་ལ་ཧ་ཅང་ཡིད་རངས་རྒྱབ་སྐྱོར་བསྔགས་བསྟོད་ཡོད། ང་ཚོ་བཙན་བྱོལ་དུ་བཞུགས་མཁན་རྣམས་ནས་ཀྱང་འདི་དང་འདི་འདྲ་བའི་གོམས་ངན་མང་དག་ཅིག་ཡོད་པས་ཡང་བསྐྱར་ང་ཚོ་བསམ་བློ་ཞིག་གཏོང་དུ་རན་པར་སེམས། ཐུགས་རྗེ་ཆེ།

    Reply
  16. བཀྲ་ཤིས། says:
    ལོ་ 14 སྔོན།

    རྒྱན་ཆ་མི་འདོགས་རྒྱུའི་ལས་འགུལ་ཞིག་སྤེལ་བཞིན་འདུག
    ཁམས་ལ་ཐང་ལ་ཆ་མཚོན་ན་ལི་ཐང་རྫོང་གི་ཉེ་འགྲམ་དུ་གྲོང་སྡེ་ཆེ་ཁག་བདུན་ཙམ་ཡོད་པ་དང་། གནས་འབྱོར་གསར་ལྟར་ན་ཉེ་ཆར་གྲོང་སྡེ་ཁག་ཅིག་གིས་རྒྱལ་བའི་ཞབས་བརྟེན་ཉིན་འགར་འཚོགས་ནས་མཐའ་བསྡོམས་ཉིན་མོར་རྒྱན་ཆ་འདྲ་མིན་འདོགས་པ་དེ་རྒྱལ་བའི་བཀའ་དང་མི་མཐུན་པས་ང་ཚོས་ཧ་ཅང་ཐལ་ཆེ་བའི་རྒྱན་ཆའི་རིགས་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་དམ་བཅའ་བཞག་འདུག
    དངོས་གནས་གཞིས་ལུས་རྒྱ་ཆེའི་མི་མང་གི་ལྷག་བསམ་དང་སྤོབས་པ། ལ་རྒྱ་དང་དད་གུས་ལ་སུས་ཀྱང་འགྲེན་མི་ནུས་པ་ཞིག་རེད།

    Reply
  17. ཚང་མ། says:
    ལོ་ 14 སྔོན།

    ཆོས་འཇིག་རྟེན་གཉིས་ཀར་ཕན་གྱི་འདུག་པས་རྗེས་སུ་ཡི་རང་ཞུ།
    དགེ་རྩ་རྣམས་བྱང་ཆུབ་ཐོབ་པའི་རྒྱུ་རུ་འགྱུར་ཅིག

    Reply
  18. བཀྲ་ཤིས་དོན་གྲུབ། says:
    ལོ་ 14 སྔོན།

    རྟ་ནོར་བཀོལ་སྤྱོད་ཀྱི་ཞིང་ལས་མཚམས་འཇོག་བྱ་རོགས། རྟོལ་བུ་གསོད་པའི་བྱ་བ་མཚམས་འཇོག་བྱ་རོགས། མར་ཕྱིར་ཟ་བའི་སྡིག་ལས་མཚམས་འཇོག་བྱ་རོགས། དབྱར་རྩྭ་་རྐོ་བའི་སྡིག་ལས་མཚམས་འཇོག་བྱ་རོགས། མདོར་ན་འཇོག་རྟེན་སྒྲུབ་པའི་བྱ་བ་ཡོངས་རྫོགས་མཚམས་འཇོག་བྱ་རོགས།

    Reply
  19. བཀྲ་ཤིས་དོན་གྲུབ། says:
    ལོ་ 14 སྔོན།

    སྡིག་ལས་ལ་ངེས་པ་དོན་གྱིས་འཛེམས་ཀྱིན་ཡོད་ན་འཇིག་རྟེན་ལ་འཚོ་སྟངས་མེད། འཇིག་རྟེན་འདིར་སྡིག་ལས་མ་ཡིན་པ་ཞིག་གིས་འཚོ་བ་རོལ་ཐབས་མེད། དེ་ཕྱིར་འདི་ནི་བསམ་མེད་ཀྱི་ལས་འགལ་དང་། ཅོལ་ཆུང་གི་རྩེད་མོ། རྨོངས་འཐོམ་གྱི་འུར་འདྲོག་ཅིག་ལས་མ་འདས། མི་རིགས་ཤིག་གནས་པ་ལ་དངོས་ཤུགས་རྒྱུད་གསུམ་ནས་སྡིག་ལས་མཐའ་དག་སྤོང་ཐབས་མེད་པས་ལས་འགལ་འདི་འདྲ་མི་སྤེལ་རོགས། དེ་ལས་རྒྱལ་འཇོག་དུད་འཐེན། ཆིང་འཐུང་རྐུ་འཕྲོག་དང་། གཡུ་བྱུར་གསེར་འདོག་གི་འགྲན་བསྡུར་སོགས་མཚམས་འཇོག་པའི་ལས་འགུལ་སྤེལ་ཐུབ་ན་ཁ་ཚ་དགོས་གཏུགས་ཤིག་རེད། གཞིས་བྱེས་ཀུན་ཏུ་བོད་མི་ནི་རྒྱལ་འཇོག་གི་ཕུ་བོར་གྲགས་བཞིན་པ་མ་བརྗེད་རོགས།

    Reply
  20. བཀྲ་ཤིས་དོན་གྲུབ། says:
    ལོ་ 14 སྔོན།

    སྡིག་ལས་ལ་ངེས་པ་དོན་གྱིས་འཛེམས་ཀྱིན་ཡོད་ན་འཇིག་རྟེན་ལ་འཚོ་སྟངས་མེད། འཇིག་རྟེན་འདིར་སྡིག་ལས་མ་ཡིན་པ་ཞིག་གིས་འཚོ་བ་རོལ་ཐབས་མེད། དེ་ཕྱིར་འདི་ནི་བསམ་མེད་ཀྱི་ལས་འགལ་དང་། ཅོལ་ཆུང་གི་རྩེད་མོ། རྨོངས་འཐོམ་གྱི་འུར་འདྲོག་ཅིག་ལས་མ་འདས། མི་རིགས་ཤིག་གནས་པ་ལ་དངོས་ཤུགས་རྒྱུད་གསུམ་ནས་སྡིག་ལས་མཐའ་དག་སྤོང་ཐབས་མེད་པས་ལས་འགལ་འདི་འདྲ་མི་སྤེལ་རོགས། དེ་ལས་རྒྱལ་འཇོག་དུད་འཐེན། ཆིང་འཐུང་རྐུ་འཕྲོག་དང་། གཡུ་བྱུར་གསེར་འདོག་གི་འགྲན་བསྡུར་སོགས་མཚམས་འཇོག་པའི་ལས་འགུལ་སྤེལ་ཐུབ་ན་ཁ་ཚ་དགོས་གཏུགས་ཤིག་རེད། གཞིས་བྱེས་ཀུན་ཏུ་བོད་མི་ནི་རྒྱལ་འཇོག་གི་ཕུ་བོར་གྲགས་བཞིན་པ་མ་བརྗེད་རོགས།

    Reply
  21. བེ་རུ་བཀྲ་ཤིས says:
    ལོ་ 14 སྔོན།

    རྒྱབ་སྐྱོར་ཞུ་བཟང་སྤྱོད་ཀྱི་བྱ་བ་ཞིག་རེད། ཡིན་ན་ཡོང་ང་འབྲོག་པ་ཞིག་ཡིན་ཡོང་ལུ་གུ་གསད་ནས་་ཚར་ལྭ་བཟོ་བ་མཐོང་མྱུང་མེད། ཚར་ལྭ་བཟོ་བར་ལུ་གུ་གསོད་ཀྱི་མ་རེད། ལུ་གུ་ཟེར་ནོ་དཔྱིད་ཀྱི་དུས་སུ་རྩེབ་ཀྱི་ཡོད་པས་མང་པོ་རང་བཞིན་གྱི་ཤི་འགྲོ་གི་རེད། དེ་ནི་འབྲོག་པའི་ཡོང་འབབས་ཡག་ཤོད་ཞིག་ཡིན་པས་མི་མང་ཕན་གནོད་ལ་གཟིགས་རྒྱུ་དགོས་གལ་ཆེ་པོ་འདུག་སྙམ

    Reply
  22. གངས་སྐྱེས། says:
    ལོ་ 14 སྔོན།

    སྤྱིར་བཏང་ནས་བཤད་ན་ལས་འགུལ་དེ་ཡག་པོ་འདུག ཡིན་ན་ཡང་ཞིབ་ཏུ་བསམ་བློ་ཞིག་བཏང་ན་དེ་ཙམ་གྱི་དགོས་པ་མེད་པ་མ་ཟད་བོད་ཁམས་ཡོངས་སུ་དར་ཁྱབ་ཧ་ཅང་ཆེ་ཞིང་། བོད་པའི་ཐུན་མོང་མ་ཡིན་པའི་ངོ་བོ་དང་གཤིས་ལུགས་མཚོན་པའི་ལྭ་བ་དེ་དག་དེ་ལྟར་མེར་བསྲེགས་བཏང་ན་དངོས་གནས་འཕང་བ་ལ། དེ་ཙམ་དུ་མ་ཟད་ཚར་གོས་བཟོ་བ་ལ་ལུ་གུ་བསད་དེ་བཟོ་ཀི་ཡོད་པ་དེས་རྒྱུ་མཚན་གྱིས་ཟེར་བ་དེ་ནི་བདེན་པའི་དྲི་ཙམ་ཡང་དྲོ་རེ་རྐན། དངོས་གནས་སྡིག་སྤོང་དགེ་སྒྲུབ་བྱེད་པ་དང་གཞན་ལ་འཚེ་བ་སྤངས་དགོས་ཟེར་བ་དེ་བདེན་པ་རེད། ཡིན་ཡང་ཚར་གོས་བཟོ་བ་ལ་ཆེད་དུ་ལུ་གུ་བསད་དེ་བཟོ་ཀི་མེད། ང་ཚོའི་ཕ་ཡུལ་ནས་ཀྱང་ཚར་གོས་གྱོན་གྱིན་ཡོད་པ་རེད། འོ་ན་པགས་པ་ཇི་ལྟར་བསགས་དགོས་ཟེར་ན་དེ་ནི་དཔྱིད་དུས་ཤ་ཤེད་ཞན་པའི་ལུ་གུ་ཁ་ཤས་ཤི་ཚེ་དེ་འདྲ་བའི་པགས་པ་བསགས་ནས་ཚར་གོས་ལེགས་འགྲུབ་བྱུང་དགོས་པ་རེད་མ་གཏོགས། སྔོན་དུ་བཀོད་པའི་གནས་ཚུལ་དེ་ལྟར་ག་ལ་ཡིན། དེའི་ཕྱིར་མེར་བསྲེགས་གཏོང་མི་རུང་སྙམ།

    Reply
  23. ཁམས་པའི་ཕོ་རྒོད། says:
    ལོ་ 14 སྔོན།

    ཁམས་རྟེས་འུ་དང་མེ་ཉག་ཕྱོགས་ལ་དགའ་བསུ་ཞུ་་་་་་་གང་ཞེ་ན་སྡིག་གསོག་པའི་ལས་ལ་མི་གསོག་བའི་ཆེད་དུ་ལས་འགུལ་དེ་སྤེལ་བ་རེད་
    ང་ཚོ་འཆོལ་གསུམ་ཚངས་མས་དེ་འདྲ་བྱས་ན་ཡག་པོ་འདུག་
    མུ་འཐུད་ནས་དེ་འདྲ་བྱེད་རོགས་ཐུགས་རྗེ་ཆེ་ཞུ་།

    Reply
  24. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ལས་འགུལ་ལ་དགའ་བསུ་ཡོད།

    Reply
  25. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 14 སྔོན།

    གནས་ལུགས་དང་རྒྱུ་མཚན་ཤེས་པའི་བོད་པའི་མོ་རྒོད་རེད་རྒྱབ་སྐྱོར་ཞུ་དང་ཞུ།
    གནམ་གཤིས་དང་གང་གི་བབས་ལ་བཤད་ཀྱང་ཡར་རྒྱས་ཀྱིས་རྣམ་པ་ཤུགས་ཆེ་སྟབས་གྱོན་གོས་ཐད་དཀའ་ངལ་མི་ཡོང་རྒྱུར་གདོན་མི་ཟ་བས་བསམ་མེད་འགས་རང་སེམས་ལ་གུ་ཡངས་མེད་པ་དང་། སེམས་རྒྱ་ཆུང་བས་རྒྱབ་སྐྱོར་མེད་ལུགས་ཀྱི་རྒྱུ་མཚན་འབྲེལ་མེད་འདྲ་གླེང་གིན་འདུག་པ་བློ་ཁ ནང་དུ་ཕྱོགས་ནས་བསམ་བློ་མཐོང་།

    Reply
  26. ཇོ་མོ། says:
    ལོ་ 14 སྔོན།

    ཐུགས་རྗེ་ཆེ་ལས་འགུལ་སྤེལ་ནོ་ཡག་གི

    Reply
  27. མངའ་རིས་བུ། says:
    ལོ་ 14 སྔོན།

    རྒྱབ་སྐྱོར་ཡོད།སྡིག་སྤོང་དགེ་སྒྲུབ་བྱེད་པར།
    ལོ་རྗེས་མར་འབུ་རས་ཀྱི་གོས་བསྲེགས་རོགས།
    ལོ་གཉིས་པར་ཀོ་བའི་གོས་རིགས་བསྲེགས་རོགས།
    ལོ་གསུམ་པར་ཞིང་ལས་བྱེད་རྒྱུ་མཚམས་འཇོགས་རོགས།
    ལོ་བཞི་པར་ཚོང་ལས་བྱེད་རྒྱུ་མཚམས་འཇོག་རོགས།
    ལོ་ལྔ་པར་ཆང་འཐུང་རྒྱུ་མཚམས་འཇོག་རོགས།
    ལོ་དྲུག་པར་ཇ་འཐུང་རྒྱུ་མཚམས་འཇོགས་རོགས།
    ལོ་བདུན་པར་ཟས་ཀྱི་རིགས་བཟའ་རྒྱུ་མཚམས་འཇོག་རོགས།
    ལོ་བརྒྱད་པར་སེམས་ཅན་ལ་བཀོལ་སྤྱོད་བྱེད་རྒྱུ་མཚམས་འཇོག་རོགས།
    ལོ་དགུ་པར་དཀའ་ཐུབ་ལ་གནས་པ་བྱེད་རོགས།
    དེ་ནས་མངོན་སངས་རྒྱས་པའོ།
    ཐམས་ཅད་ཀྱི་སྔོན་དུ་བོད་ཀྱི་ཆོས་ལུགས་དང་གྲུབ་མཐའ་ནང་ཕན་ཚུན་དབར་ལ་ཕྱོགས་རིས་ཀྱི་ནད་ངན་ཐམས་ཅད་མཚམ་འཇོག་རོགས།

    Reply
  28. མགར: ནེ་ཙོ། says:
    ལོ་ 14 སྔོན།

    ཡག་པོ་འདུག རྒྱབ་སྐྱོར་ཡོད། འོན་ཀྱང་གཅན་གཟན་སོགས་རི་སྐྱེས་སྲོག་ཆགས་མ་གཏོགས། པགས་རིགས་ཡོད་ཚད་བེད་སྤྱོད་མི་བྱེད་པའི་འབོད་སྐུལ་ཡིན་ཚེ། འབྲོག་ལས་འཚོ་བའི་རྒྱུ་ཆ་འཚོལ་བསྡུ་བྱེད་པ་ལའང་ཐད་ཀར་འབྲེལ་ཡོད་པ་འདྲ་མ་ཡིན་ནམ

    Reply
  29. འདྲེ་མེ་འབུད། says:
    ལོ་ 14 སྔོན།

    སྤྱིར་ལས་འགུལ་འདིར་རྒྱབ་སྐྱོར་དང་རྗེས་སུ་ཡི་རངས་ཡོད་ལ། སྒོས་སུ་གསལ་བཤད་ཀྱི་ཚུལ་དུ་བརྗོད་དགོས་ཤིང་ཤེས་ཀྱང་དགོས་པ་ཞིག་ནི་ཚར་ལྭའི་ཕྱིར་དུ་ལུ་གུ་གསོད་པའི་གོམས་སྲོལ་ནི་ད་སྔ་བོད་པ་བྱུང་མྱོང་མེད་པ་ཞིག་ཡིན། ལུ་གུ་ཤི་བ་ལས་ཚར་ལྭའི་རྒྱུ་ཆ་འབྱུང་བཞིན་པ་ནི་འབྲོག་པ་ཚོས་གསལ་བོར་ཤེས་པ་ཞིག་རེད། དེའི་ཕྱིར་ཚར་ལྭའི་ཁོར་ཡུག་དང་ཐད་ཀར་འབྲེལ་བ་མེད་པ་ཚོས་གནས་ཚུལ་འདི་གསལ་བོ་མི་ཤེས་པ་ཡང་ཁག་མི་འདུག་སྙམ། དོན་དངོས་སུ་ཚར་ལྭ་ནི་ལུ་གུ་བསད་པའི་པགས་པ་མིན་པར་ཤི་བའི་པགས་པ་ཡིན་པ་དེ་རེད།

    Reply
  30. མི་ says:
    ལོ་ 14 སྔོན།

    ཨ་ཁུ་སྟོན་པ་འཕྱོམ་ཡ་མང་དྲག་ཐལ། ཚར་གོས་མེར་སྲེག་པ་ནི་བོད་ལྭ་མི་གྱོན་ཟེར་ནས་ལས་འགུལ་སྤེལ་བ་དང་གཅིག་འདྲ་རེད། བླུན་པོའི་བྱ་སྤྱོད་རེད། རྗེས་མ་ཞིག་ལ་ས་ཁུག་ག་གེ་མོ་ཞིག་ནས་བོད་སྐད་མི་བཤད་ཟེར་ནས་ཡང་ལས་འགུལ་སྤེལ་སྲིད་པ་རེད། མ་གཞི་ཟོག་ལུག་འཚོ་མཆོག་ཟེར་གི་ཡོད་པས། ལོ་ཤས་རྗེས་ནས་ཚར་ལྭ་གོན་མཁན་ཡོད་ཡང་གོན་རྒྱུ་ཡོད་རྒྱུ་མ་རེད།

    Reply
  31. རིགས་བཟང་། says:
    ལོ་ 14 སྔོན།

    སྤྱིར་ལྤགས་རིགས་ཀྱི་ལྭ་བ་གང་ཉུང་ཉུང་བྱས་ན་བཟང་མོད། ཡོད་ཚད་མེར་བསྲེག་གཏོང་བའི་བསམ་བློ་དེ་ལ་འཐད་པ་མེད་དོ།། ང་ཚོས་གནམ་གཤིས་ཀྱི་བབ་དང་བསྟུན་ནས་ལྭ་བ་གྱོན་དགོས་པས། ད་རེས་ཀྱི་བྱེད་སྟངས་འདི་ཅི་འདྲའི་གུ་དོག་པོ་ཞིག་རེད། ནོར་ལུག་འཚོ་དགོས་ན་ལྤགས་རིགས་ཡོད་ཡོད་པ་རེད།
    ང་འབྲོག་རྒན་ཞིག་ཡིན་པའི་ཆ་ནས་བཤད་ན་ཚར་ལྭ་ཆེད་དུ་ལུ་གུ་མང་པོ་གསོད་དགོས་པ་རེད་ཟེར་བའི་སྐད་ཆ་དེ་ངའི་མིད་པ་ནང་ལ་འགྲོ་མ་སོང་། དགོངས་དག

    Reply
  32. རྟོགས་སད་ཀྱི་སྨྱུ་བུ། says:
    ལོ་ 14 སྔོན།

    རྒྱབ་སྐྱོར་ཡོད། བཟང་སྤྱོད་ཀྱི་བྱ་བ་ཞིག་རེད།

    Reply
  33. ལྷ་མོ་དོན་གྲུབ། says:
    ལོ་ 14 སྔོན།

    བསམ་བློ་འདིར་རྒྱབ་སྐྱོར་ལོས་ཞུ། ཡིན་ན་ཡང་ཚར་གོས་མེ་བསྲེགས་པ་ལས། རྗེས་སུ་ཚར་གོས་མི་བཟོ་བའི་ལས་འགུལ་སྤེལ་ན་བཟང། ཚར་གོས་ཡོད་ཡོད་པ་དེ་ཚོ་ལོ་ལོན་ཚོར་སྦྱིན་ནས་གོན་བཅུག་ན་བཟང་ག ཡང་མིན་ན་སྤྲང་པོར་སྦྱིན་པ་བཏང་ན་ཆོག་ག ཡིན་གཅིག་མིན་གཅིག་བསྲེགས་དགོས་དོན་མེད་ཀ དེ་བཞིན་པགས་རིགས་ཀྱི་གོན་པ་ཡང་གང་ཐུབ་ཅི་ཐུབ་ཀྱིས་ཇེ་ཉུང་ལ་གཏོང་ཨེ་ཐུབ་བལྟ་བ་དང། དམར་ཟས་རིགས་ཀྱང་ཇེ་ཉུང་ལ་གཏོང་ཨེ་ཐུབ་བལྟ་དགོས། འདི་ཚང་མ་སྡིག་པ་དང་འབྲེལ་བ་ཁོ་ནའི་གནད་དོན་ཙམ་མིན།
    མི་གཙང་ཕྱི་དངོས་བསྲེགས་པ་ལོས་བཟང་མོད། སེམས་ཀྱི་དྲི་ངན་འཁྲུད་པ་དེ་བས་བཟང།
    སེམས་ཐག་གཙང་བཅད་ལས་གཞིར་ཕན་ནུས་ཆེ། ཡིན་ཡང་ཐབས་མཁས་ལས་འགུལ་སྤེལ་ཐབས་གལ།

    Reply
  34. དཔའ་ཆེན་དོན་གྲུབ། says:
    ལོ་ 14 སྔོན།

    ཨོ་་་་་་་ང་ཚོའི་ཕ་ཡུལ་ནས་ཚར་ལྭ་བཟོ་བར་ལུ་གུ་གསོད་ཀྱི་མ་རེད། ལུ་གུ་ཟེར་ནོ་དཔྱིད་ཀྱི་དུས་སུ་རྩེབ་ཀྱི་ཡོད་པས་མང་པོ་རང་བཞིན་གྱི་ཤི་འགྲོ་གི་རེད། ལུ་གུ་ཤི་སོང་ན་པགས་པ་བཀོག་ནས་ཚར་ལྭ་བཟོ་གི་རེད། གསོད་དགོས་ན་མི་བཟང་གི་མ་གཏོགས། ཆ་ཚང་བསྲེགས་དགོས་པ་ཨེ་ཡོད་ལ།

    Reply
  35. ཨ་གཙང་གནས་རྒྱམ། says:
    ལོ་ 14 སྔོན།

    འོ་རེ་རེ་བསམ་གཏོང་སྟངས་ཡག་པོ་ཞིག་རེད། སྙིང་སྟོབས་ཞིག་དང་ཡེད་ཆེས་ཞིག་ཡང་ན་ཤར་བསྐྱོད་ཀྱི་རྣམ་པ་ཞིག ཡིན་ན་ཡང་ཚ་རུའི་ཆེད་ལུ་གུ་གསོད་ཀྱིན་ཡོད་དམ།ཚར་ལྭ་མེར་བསྲེག་པ་རེད་མ་གཏོག་གོས་ལྭ་མེར་བསྲེག་ན་གླེན་རྟགས་རེད་སྙམ།

    Reply
  36. ཇོ་བོ་རྣམས་གཉིས། says:
    ལོ་ 14 སྔོན།

    ལས་འགུལ་དེར་བསྔགས་བརྗོད་ཡོད། ད་དུང་རྐོ་ལྷམ་དང་རྐོ་སྟོད་ཡང་མེར་བསྲེག་དང།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese