བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཀརྨ་བླ་བྲང་གི་དངུལ་གྱི་དོན་རྐྱེན་དེ་ཆབ་སྲིད་དང་འབྲེལ་བ་མེད་པ་དང་། ཀརྨ་པ་སྐུ་སྒེར་དང་འབྲེལ་བ་གང་ཡང་མེད་སྐོར་གསལ་བཤད་གནང་འདུག་ལ། དེ་དང་མཉམ་དུ་བླ་བྲང་གི་དངུལ་གཉེར་གཙོས་པའི་དངུལ་དང་འབྲེལ་ཡོད་ཚོར་རྒྱ་གར་གཞུང་གིས་ཉེས་ཆད་ལྕི་མོ་གཅོད་སྲིད་སྐོར་ཡང་གསུངས་འདུག
བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ཉིན་འདི་གར་འཇར་མན་དང་སུད་སུ་སོགས་སུ་ཕྱོགས་སྐྱོད་གནང་གི་ཡོད་པ་ལྟར། ཕྱི་ཚེས་ ༡༧ ཉིན་འཇར་མན་གྱི་རྒྱལ་ས་བྷར་ལན་དུ་བོད་རིགས་མི་མང་དང་བོད་དོན་རྒྱབ་སྐྱོར་བ་སོགས་ལ། ཉེ་ལམ་རྒྱུད་སྟོད་ཀརྨ་བླ་བྲང་གི་དངུལ་གྱི་དོན་རྐྱེན་སྐོར་ལ་གསལ་བཤད་གནང་འདུག སྐབས་དེར་བཀའ་ཁྲི་མཆོག་གིས་གསུང་རྒྱུར། ཀརྨ་པ་རིན་པོ་ཆེ་མཆོག་གི་གནས་ཚུལ་སྐོར་དེ་བོད་མི་ཡོངས་རྫོགས་ལ་དོ་ཕོག་འགྲོ་བའི་གནས་ཚུལ་སྐྱོ་བོ་ཞིག་བྱུང་བ་རེད། དེར་ང་ཚོས་འགེབ་ཐབས་ཡོད་པ་མ་རེད། འོན་ཀྱང་གནས་ཚུལ་ངོ་མ་གང་འདྲ་ཞིག་རེད་ཟེར་ན། ཚུར་ཕུ་བླ་བྲང་གི་ཞབས་ཞུ་བ་དེ་ཚོས་ཀརྨ་པ་མཆོག་གི་ཞལ་སློབ་རྗེས་འཇུག་ཚོས་སྐྱབས་རྟེན་བསྔོ་རྟེན་ལ་ཕུལ་བའི་དངུལ་དེ་དག་དོ་དམ་བྱེད་སྟངས་ཚུལ་མཐུན་མ་བྱུང་བའི་དབང་གིས་དཔལ་འབྱོར་འདུ་འགོད་དང་། འབབ་ཁྲལ་གྱི་ཁྲིམས་དང་འགལ་བའི་ལས་ཀ་ཞིག་ཆགས་པ་རེད།
འོན་ཀྱང་། འདི་ལ་ཆབ་སྲིད་ཀྱི་འབྲེལ་བ་གང་ཡང་ཡོད་པ་མ་རེད། གནད་དོན་འདི་ཆབ་སྲིད་དང་འབྲེལ་བ་མེད་པ་ཞིག་དང་། རྒྱལ་བ་ཀརྨ་པ་རང་ལ་འབྲེལ་བ་མེད་པ་ཚང་མས་མཁྱེན་དགོས་པ་རེད། རྒྱ་གར་གཞུང་དང་ཧི་མ་ཅལ་གཞུང་གིས་ཀྱང་། ཀརྨ་པ་མཆོག་དོན་དག་འདི་དང་འབྲེལ་བ་མེད་པ་དང་། ཆབ་སྲིད་ཀྱི་གནས་ཚུལ་ཞིག་མིན་པ་གསལ་བོར་ཤེས་ཡོད་པ་རེད། འོན་ཀྱང་གསར་འགྱུར་བརྒྱུད་ལམ་ཁག་གིས་འཁྱོགས་བཤད་དང་ལོག་བཤད་མང་པོ་ཞེ་དྲག་བྱས་པ་རེད། གསར་འགྱུར་བརྒྱུད་ལམ་ཟེར་བ་དེ་མཚམས་རེར་ཕན་ཐོགས་པོ་དང་། མཚམས་རེར་གནོད་ཚབས་ཆེན་པོ་ཡོང་གི་རེད། རལ་གྲི་སོ་གཉིས་མ་ལྟར་མཚམས་རེར་ཕ་རོལ་ལ་རྨ་བཟོ་ཐུབ་ཅིང་། མཚམས་རེར་ཚུར་ཕྱོགས་ལ་ཡང་རྨ་བཟོ་གྲབས་བྱེད་ཀྱི་ཡོད། ཆུང་ཆུང་ཆེན་པོ་བཟོ་བ་དང་ཆེན་པོ་ཀྱོག་ཀྱོག་བཟོ་བའི་གནས་སྟངས་ཤིག་ཡོད་སྟབས། ཀརྨ་པ་མཆོག་རྒྱ་ནག་དང་འབྲེལ་བ་ཡོད་པའི་དོགས་པ་བསླངས་པ་སོགས་བྱུང་ཡོད། དེ་དག་བདེན་པ་མིན་པའི་གནས་ཚུལ་ཡིན་སྟབས། ཉི་མ་ཁ་ཤས་རྗེས་རང་བཞིན་གྱིས་ཡལ་འགྲོ་བ་ཞིག་རེད། ཅེས་གསུངས་འདུག
ཡང་ཁོང་གིས་དངུལ་ཉར་སྟངས་སྐོར་ངོ་སྤྲོད་གནང་དོན། རྒྱ་གར་ནང་ལ་དངུལ་བདག་ཉར་བྱེད་སྟངས་ཀྱི་ཁྲིམས་དང་། ལོ་རེ་རེའི་འབབ་ཡོང་གི་ཐོག་ལ་འབབ་ཁྲལ་སྤྲོད་དགོས་པའི་ཁྲིམས། ལོ་རེར་དངུལ་འབོར་ཆེན་པོ་ཡོད་ན། དེ་གང་ནས་བྱུང་བ་དང་གང་དུ་གཏོང་བ་སོགས་བྱུང་སོང་བསྡད་གསུམ་གྱི་རྩིས་ཁྲ་འབབ་ཁྲལ་ལས་ཁུངས་ལ་གསལ་བོ་བཟོ་དགོས་ལ། ཕྱི་རྒྱལ་གྱི་དངུལ་ཡོང་གི་ཡོད་ན། ཕྱི་དངུལ་ནང་འདྲེན་བྱེད་པའི་ལག་འཁྱེར་དགོས་པ་དང་། ལག་འཁྱེར་སྤྲོད་མཁན་གྱི་ལས་ཁུངས་ལ་ལོ་རེ་རེའི་རྩིས་ཁྲ་སྤྲོད་དགོས་པ་སོགས་ཀྱི་འགྲོ་ལུགས་མང་པོ་ཡོད། དེ་དག་ཀརྨ་བླ་བྲང་གིས་ཏག་ཏག་བསྒྲུབ་ཐུབ་ཡོད་པ་མ་རེད། ཅེས་དང་།
༢༠༠༠ ལོར་ཀརྨ་པ་རྒྱ་གར་ལ་ཞབས་སོར་བཀོད་རྗེས་ལོ་གཅིག་ཡས་མས་ཤིག་ལ་བླ་བྲང་གི་ལས་དོན་ཚང་མ་ཆོས་དོན་ལས་ཁུངས་ཀྱིས་ཕྱག་རོགས་ཞུས་པ་རེད། སྐབས་དེར་ཕྱི་རྒྱལ་ནས་དངུལ་ཕུལ་བ་རྣམས་ཆོས་དོན་ལས་ཁུངས་ཀྱི་ཕྱི་དངུལ་ནང་འདྲེན་གྱི་ལས་འཁྱེར་འོག་ནས་བླ་བྲང་ལ་འབུལ་བཞིན་ཡོད་པ་རེད། དེའི་རྗེས་སུ་བླ་བྲང་རང་གིས་ཕྱི་དངུལ་ནང་འདྲེན་བྱེད་པའི་ལག་འཁྱེར་བཟོ་རྒྱུའི་སྙན་ཐོ་རྒྱ་གར་གཞུང་ལ་སྤྲད་པ་དང་། བླ་བྲང་གི་མཚན་ཐོག་ནས་དེབ་སྐྱེལ་བྱས་པའི་ཡིད་ཆེས་དགེ་རྩ་དེ་འདྲ་བཙུགས་རྗེས། དངུལ་གྱི་ལས་དོན་ཡོངས་རྫོགས་བླ་བྲང་རང་ནས་གནང་རྒྱུ་བྱས་ཏེ་ཕུལ་བ་རེད། འོན་ཀྱང་རྒྱ་གར་གཞུང་ནས་བཀའ་འཁྲོལ་ཞུ་རྒྱུའི་རིགས་དུས་ཐོག་ལ་ཞུ་མ་ཐུབ་པ་དང་མ་རག་པ། དེ་བཞིན་དུས་ནས་དུས་སུ་དངུལ་ཁང་ལ་མ་བཅོལ་བར་ནང་ནས་ཉར་བ་སོགས་ཀྱི་དབང་གིས་གནས་ཚུལ་འདི་བྱུང་བ་རེད། ཅེས་གསུངས་འདུག
ཡང་ཁོང་གིས་ཀརྨ་བླ་བྲང་གིས་ས་ཆ་ཉོ་བའི་ལས་འཆར་སྐོར་ངོ་སྤྲོད་གནང་དོན། དོན་དག་འདི་རིགས་བླ་བྲང་གི་ཞབས་ཞུ་བ་དེ་ཚོས་མ་བྱུང་བ་རེད་མ་གཏོགས་ཀརྨ་པ་མཆོག་གིས་གཅིག་ཀྱང་མཁྱེན་གྱི་ཡོད་པ་མ་རེད་ལ། བཙན་བྱོལ་བོད་གཞུང་གིས་དེ་བས་ཀྱང་གང་ནས་ཤེས། སུ་གང་གིས་ཀྱང་ཤེས་ཀྱི་ཡོད་པ་མ་རེད། བླ་བྲང་གི་མཚན་ཐོག་ནས་དངུལ་ཁང་ནང་རྩིས་ཁྲ་ཡོད་པ་རེད། བླ་བྲང་གིས་དེབ་སྐྱེལ་བྱས་པའི་ཡིད་ཆེས་དགེ་རྩ་ཡི་མཚན་ཐོག་ནས་ཀྱང་དངུལ་ཁང་དུ་རྩིས་ཁྲ་ཡོད་པ་རེད། དངུལ་ཡོངས་རྫོགས་དེ་དག་ནང་བཅོལ་ཡོད་ཤག་མ་གཏོགས་དངུལ་རྐྱང་དེ་འདྲ་མང་པོ་ཞིག་བླ་བྲང་རང་ན་ཉར་ཡོད་པ་སུ་གང་གིས་ཀྱང་ཤེས་ཀྱི་ཡོད་པ་མ་རེད། ཅེས་དང་།
རྒྱལ་བ་ཀརྨ་པོ་རིན་པོ་ཆེ་མཆོག་ལ་བཞུགས་ཡུལ་ཚད་ལྡན་ཞིག་ད་བར་བྱུང་ཡོད་པ་མ་རེད། བཙན་བྱོལ་གཞུང་གི་ངོས་ནས་ཀརྨ་པ་བཞུགས་སའི་གཟིམ་ཤག་ཚད་ལྡན་ཞིག་དང་། ཀརྨ་པ་མཆོག་གི་ཞལ་སློབ་ཚོས་སློབ་གཉེར་གནང་ས་ཞིག་དགོས་ཀྱི་འདུག་ཟེར་ནས་ ༢༠༠༢ ལོ་ཙམ་ནས་ས་ཆ་ཞིག་བཙལ་ཡང་ཚད་ལྡན་ཞིག་རག་མེད། ༢༠༠༨ ལོ་ཡས་མས་ལ་ཏེ་ལོ་པུར་དུ་ས་ཆ་ཞིག་ལ་དགོངས་པ་བཞེས་ཀྱང་། དེ་ཡང་ཁྲིམས་མཐུན་མ་བྱུང་བར་མི་གཞན་ཞིག་གི་མིང་ཐོག་ཏུ་ཡོད་སྟབས་མཐར་ཕན་མ་ཐོགས་པ་རེད། དེའི་རྗེས་རྒྱུད་སྟོད་གྲྭ་ཚང་གི་ས་ཐོག་ཏུ་ཕོ་བྲང་རྒྱག་རྒྱུའི་འཆར་གཞི་སྒྲིག་ཀྱང་། རྒྱུད་སྟོད་གྲྭ་ཚང་གི་ས་ཡང་ཁྲིམས་མཐུན་མིན་སྟབས་ལག་ལེན་བསྟར་མ་ཐུབ་པ་རེད། ད་རེབ་རྒྱུད་སྟོད་ཀྱི་ཉེ་འཁྲིས་ཤིག་ཏུ་ས་ཆ་ཞིག་ལ་འཆར་བཟོས་ཏེ། བོད་གཞུང་བདེ་སྲུང་ལས་ཁུངས་དང་ཆོས་དོན་ལས་ཁུངས་གཉིས་ཀའི་ཕྱག་རོགས་ཞུ་བཞིན་ཡོད་ཀྱང་། རྗེས་སུ་ཤེས་སྐབས་བདེ་སྲུང་དང་ཆོས་དོན་གཉིས་ཀས་གནས་ཚུལ་ཕྱེད་ཀ་མ་གཏོགས་ཆ་ཚང་བ་ཞིག་ཤེས་མི་འདུག བཙན་བྱོལ་གཞུང་གི་ངོས་ནས་ཁྲིམས་མཐུན་རང་གི་ཐོག་ནས་འགྲོ་བཞིན་ཡོད་ཤག་མ་གཏོགས་ས་བདག་དང་བླ་བྲང་གི་བར་དུ་ཁྲིམས་འགལ་གྱི་བཀའ་མོལ་ཞིག་འགྲོ་བཞིན་ཡོད་པ་ཁྱོན་ནས་ཤེས་ཀྱི་ཡོད་པ་མ་རེད། ཅེས་གསུངས་འདུག
བཀའ་ཁྲི་མཆོག་གིས་དོན་རྐྱེན་འདི་ཐོག་མའི་བྱུང་རིམ་སྐོར་གསུངས་དོན། ཕྱི་ཟླ་ ༡ ཚེས་ ༢༧ ཉིན་རྒྱ་གར་སྐོར་སྲུང་བས་བླ་བྲང་སྔོག་བཤེར་བྱས་སྐབས་གཞི་ནས་ཧ་གོ་བ་རེད། བླ་བྲང་གིས་ཕྱི་ཚེས་ ༢༥ ཉིན་ལྡི་ལིར་ས་བདག་ལ་ཧིན་སྒོར་འབུམ་ ༡༠༠ སྤྲད་འདུག དངུལ་དེ་མི་གཉིས་ཀྱིས་ཡར་ངྷ་རམ་ས་ལར་འཁྱེར་ཡོང་སྐབས། ཕྱི་ཟླ་ ༡ ཚེས་ ༢༦ ཉིན་ཨོའུ་ནཱ་རྫོང་ནས་ཉེན་རྟོག་པས་རླངས་འཁོར་སྔོག་བཤེར་བྱས་འདུག ཉིན་དེར་རླངས་འཁོར་ཡོངས་རྫོགས་སྔོག་བཤེར་བྱེད་ཀྱི་ཡོད་པ་རེད། ཉིན་དེ་ནི་རྒྱ་གར་གྱི་རྒྱལ་ཚིགས་དུས་ཆེན་ལ་ཁེལ་ཡོད་སྟབས་སྲུང་སྐྱོབ་དམ་པོ་བྱེད་ཀྱི་ཡོད་པ་རེད། ཅེས་དང་།
ཉེན་རྟོག་པས་སྔོག་བཤེར་སྐབས་དངུལ་རྐྱང་འབུམ་ ༡༠༠ རླངས་འཁོར་ལས་ཐོན་ཡོད་སྟབས། མི་དེ་གཉིས་ཨོའུ་ན་སྐོར་སྲུང་བའི་འཛིན་བཟུང་བྱས་ཏེ་འདྲི་རྩད་བྱེད་སྐབས། ཀརྨ་བླ་བྲང་གི་དངུལ་གཉེར་གྱི་ལག་ནས་འཁྱེར་ཡོང་ཚུལ་བཤད་འདུག་པས་ངྷ་རམ་ས་ལ་ནས་དངུལ་ཉར་དེ་འཛིན་བཟུང་བྱས་འདུག དེའི་ཕྱི་ཉིན་ཉེན་རྟོག་པས་རྒྱུད་སྟོད་ཀརྨ་བླ་བྲང་སྔོག་བཤེར་སྐབས། དངུལ་གཉེར་གྱི་ཤག་ནས་དངུལ་མང་པོ་དེ་འདྲ་ཞིག་ཐོན་པ་རེད། རྒྱུ་མཚན་དེའི་དབང་གིས་ད་ལྟའི་གནས་སྐབས་ལ་བླ་བྲང་གི་དངུལ་གཉེར་དང་གྲྭ་བ་གཞན་ཞིག དེ་བཞིན་མགོན་པོ་ཟེར་བ་ཞིག་བཅས་མི་གསུམ་དང་། དངུལ་འཁྱེར་ཡོང་མཁན་མི་དེ་གཉིས་དང་རྒྱ་གར་ས་བདག ལྡི་ལའི་དངུལ་ཁང་ཞིག་གི་འགན་འཛིན་བཅས་མི་ ༧ འཛིན་བཟུང་འོག་ཡོད་པ་རེད།
མཇུག་ཏུ་ཁོང་གིས་ཀརྨ་བླ་བྲང་གི་དངུལ་དང་འབྲེལ་བ་ཡོད་མཁན་ཚོར་རྒྱ་གར་གཞུང་གིས་ཉེས་ཆད་ལྕི་མོ་གཅོད་སྲིད་སྐོར་གསུངས་དོན། དངུལ་རྐྱང་ཕོན་ཆེན་པོ་དེ་འདྲ་ཞིག་ས་བདག་ལ་སྤྲད་པ་དེ་དཔལ་འབྱོར་གྱི་ཁྲིམས་ཐོག་ནས་ཁྲིམས་འགལ་ཆེན་པོ་རེད་ལ། དངུལ་ཁང་དུ་མ་བཅུག་པར་བླ་བྲང་ནང་དངུལ་མང་པོ་ཉར་བ་དེ་ཡང་ཁྲིམས་འགལ་ཆེན་པོ་རེད། དེ་དག་གི་བྱུང་སོང་བསྡད་གསུམ་གྱི་རྩིས་ཁྲ་འབབ་ཁྲལ་ལས་ཁུངས་ཀྱིས་ཤེས་མེད་པ་དེ་ཡང་ཁྲིམས་འགལ་ཆགས་ཡོད་སྟབས། དྲུང་ཡིག་དང་དངུལ་ཉར་སོགས་དཔལ་འབྱོར་འདུ་འགོད་དང་འབྲེལ་བ་ཡོད་མཁན་ཚོར་ཏན་ཏན་ཉེས་པ་ཆེན་པོ་ཕོག་གི་རེད་ལ། ལོ་མང་པོར་བཙོན་ཁང་ནས་ལྷག་རྒྱུའི་ཉེན་ཁ་ཡང་ཡོད་པ་རེད། དེ་དག་ང་ཚོས་སྐྱོབ་ཐབས་ཡོད་པ་མ་རེད། འོན་ཀྱང་ཀརྨ་པ་རིན་པོ་ཆེ་མཆོག་ལ་སྐུ་ངལ་ཡོང་བ་དང་། ཀརྨ་པ་མཆོག་དོན་རྐྱེན་འདི་དང་འབྲེལ་བ་ཡོད་པ་དེ་འདྲ་ཡོང་གི་མ་རེད། མ་འོངས་པར་ཡང་ཁྲིམས་ཁང་ནས་ཁྲིམས་ཐག་བཅད་ཡོང་སྐབས་གསལ་བོ་ཆགས་འགྲོ་བ་རེད།
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།
ད་རེ་དོན་རྐྱེན་འདི་ནང་དུ་དངུལ་ལས་རྒྱལ་བ་ཀརྨ་པ་མཆོག་ལ་མཚན་ཤས་བཟོ་བ་དེ་དག་བཟོད་མི་ཐུབ་པ་ཞིག་འདུག གོང་དུ་གསལ་བྱེད་བྱས་ཡོད་པ་བཞིན་རྒྱལ་བ་ཀརྨ་པའི་དཀའ་ངལ་དང་གནས་ཚུལ་ཆ་ཚང་ཤེས་མཁན་དག་གིས་བཟོས་པ་མིན་ནམ་སྙམ་པའི་རྣམ་རྟོག་ཤར་གྱི་འདུག
༧རྒྱལ་དབང་ཀརྨ་པས་ཨ་མ་རྗེ་བཙུན་པདྨ་ལ་མཐོ་སློབ་ཀྱི་ཆེད་དུ་ཨ་སྒོར་ས་ཡ་གཅིག་གནང་ཡོད་ཅིང་ཉིས་སྟོང་དགུ་ལོར་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ལ་ཧིན་སྒོར་འབུམ་གཅིག་གནང་ཡོང་་་ཡང་ཉིས་སྟོང་བཅུ་ལོར་བོ་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་ཆེད་དུ་ཧིན་སྒོར་གཅིག་འབུམ་ལྔ་ཁྲི་གནང་ཡོད་དེ་ཚོ་ཤེས་ཡོན་དང་བོད་མི་རིགས་དང་འབྲེལ་བའི་ལས་དོན་གྱི་ཆེད་དུ་སོང་བ་རེད་བསྔག་བརྗོད་ཡོད།དེ་རིང་བླ་བྲང་གི་ལས་བྱེད་ཚོས་རང་རྒྱུ་བདག་པོ་རྒྱག་སྟངས་མ་ཤེས་པར་ཧིན་སྒོར་འབུམ་དྲུག་བརྒྱ་བདུན་བརྒྱ་རྒྱ་གར་གྱི་ཉེན་རྟོག་པའི་ལག་ལ་སྤྲད་པ་དེ་བློ་ཕམ་བྱེད་དགོས་བ་ཞིག་རེད་་་བོད་པའི་ན་གཞོན་མང་པོ་ཞིག་ཤེས་ཡོན་སྦྱང་བསམ་ཡང་སློབ་ཡོན་མ་རགས་ནས་འགྲོ་མ་ཐུབ་པ་ཅི་འདྲའི་མང་པ་ཡོད་་་་དངུལ་འདི་དེ་ཚོའི་ཆེད་དུ་ཕྱིན་པ་ཡིན་ན་དངོས་གནས་དད་རྫས་ཆུ་ཟོས་ལ་མ་སོང་པ་རེད་་་དཀོན་མཆོག་མཁྱེན་དངུལ་འདི་འདྲའི་མང་པོ་འཕྲོ་བརླགས་ཕྱིན་པ་ནི་ཕྱག་མཛོད་དང་ཞབས་ཞུ་གླན་པ་ལུག་འདྲ་བ་དེ་ཚོས་ནམ་ཡང་བཤགས་མི་ཐུབ་པའི་བྱས་ཉེས་ཞིག་རེད།
“ཕྱི་སྡོད་རྒྱ་མི་”ཞེས་པའི་ལག་ཁྱེར་ལེན་ཏེ་རྒྱ་ནག་ཏུ་འགྲོ་མཁན་སུ་ཡིན་ཡང་ངས་འོས་ཤོག་མི་རག་ཐག་གཅོད་ཡིན།
“ཕྱི་སྡོད་རྒྱ་མི་”ཞེས་པའི་ལག་ཁྱེར་དེ་ལེན་མཁན་ཚོ་བོད་མི་མིན་ཞེས་ཟེར་གྱི་ཡོད་པ་དངོས་ཡོད་རེད་སེམས།
བློ་སེང་གི་“ཕྱི་སྡོད་རྒྱ་མི་”ཁྱེར་ནས་རྒྱ་ནག་ལ་འགྲོ་བ་ཙམ་གྱི་ཧ་ཅང་ནོར་བ་རེད།
ཟམ་གདོང་གིས་“ཕྱི་སྡོད་རྒྱ་མི་”ལག་ཁྱེར་ལེན་ནས་འགྲོ་ན་སྒྲིག་གི་རེད་ལབ་ཡོད་ཀྱི་རེད་་་་་ཟམ་གདོང་གི་བློ་སེང་“ཕྱི་སྡོད་རྒྱ་མི་”བཟོས་ཚར་འདུག།
འོ་ད་དཔེ་བསགྶ་ཚར་བཞག
རྒྱལ་དབང་ཀརྨ་པའི་ཞབས་དྲུང་དུ་་ལས་ཀ་བྱེད་མཁན་ཚོ་གློག་ཀླད་དང་ལག་ཐོག་ཁ་པར་རིན་གོང་ཆེས་ཚད་མཐོ་བ་རྐྱང་རྐྱང་བཟུང་ནས་ཡུལ་ལྷ་གཞི་བདག་བཞིན་སུ་ཞིག་ལ་མགོ་མི་སྒུར་སྙམ་པའི་སྤོབས་སེམས་དེ་རྒྱ་གར་གྱི་ཁྲིམས་ལ་ཐུག་དུས་ངོམ་ས་མི་འདུག་ཨ་་་་་ནམ་རྒྱུན་དོན་ཆུང་ཆུང་ཐོག་ལ་རྫིག་ཉམས་བྱེད་ཅིང་་་་ནང་ཁུལ་ལ་ང་ཆེ་ཁོ་བཙན་གྱིས་འཐབ་རྩོད་རྐྱང་རྐྱང་བྱེད་དུས་སྤྱང་དྲུང་འཛོམ་པ་དེ་ཚོ་ད་དོན་ཆེན་འདི་ལྟར་ཐུག་དུས་་་་་ལྷོད་ཤིག་ཤིག་བྱ་ནས་སྡོད་པ་ངོ་མི་ཚ་འམ་་་་་་་་་་་་་་་ཞབས་ཞུ་ནུས་མེད་ཚོའི་འཇོན་ཐང་དེ་ནང་ཁུལ་དུ་ཕོར་ཁ་མཐོ་དམན་རྩོད་དུས་ག་འདྲ་ཡོད་ད་འཇོན་ཐང་ངོམ་པའི་དུས་ལ་བབ་པ་རེད་དྭ་་་་
རྟོགས་སད་ཀྱི་སྨྱུ་བུ་དང་བཛྲ་སུ་མ་ཏི་ལགས་ཁྱེད་གཉིས་གྱིས་གནས་ལུགས་མེད་པའི་སྐད་ཆ་མ་བཤད་ཅིག བོད་མི་སུ་ཡིན་ཡང་སོ་སོས་རྒྱ་གར་གྱི་ཁྲིམས་འགལ་བྱས་ཡོད་ན་་སོ་སོས་འཁུར་དགོས་བ་ལས་བོད་གཞུང་ལ་ཁོང་ཚོའི་ཚབ་ཏུ་བཙོན་ཁང་དུ་འགྲོ་མཁན་ཡོད་མེད་ཁྱོད་ཀྱིས་ལོས་ཤེས ལྷག་པར་བོད་གཞུང་ལ་རྒྱ་གར་གྱི་རྩ་ཁྲིམས་ནུས་མེད་གཏོང་བའི་ནུས་བ་ཞིག་གང་ན་ཡོད
འཛིན་བཟུང་བྱེད་ཟིན་པ་རྣམས་ལ་བོད་གཞུང་གིས་སྐྱོབས་ཐབས་མེད་པ་དེ་གང་ཡིན་ནམ།
འཛིན་བཟུང་བྱེད་ཟིན་པ་རྣམས་ལ་བོད་གཞུང་གིས་སྐྱོབས་ཐབས་མེད་པ་དེ་གང་ཡིན་ནམ།
གསལ་བྱེད་དེ་ལ་ཡག་པོ་ཞིག་གཟིགས་དང་།དེ་ནང་ཕྱོགས་སུ་ལྷུང་བའི་སྐད་ཆ་མང་པོ་ཞིག་དང་།ཁོ་རང་དཀར་ས་ཐོན་གང་ཐུབ་བྱས་འདུག
རྒྱལ་དབང་ཀརྨ་པས་དགོངས་གཞི་ལྟར་ལ་ཕྱག་མཛོད་ཀྱི་ལོ་ཡུན་དེ་ལོ་གཅིག་རང་བཀའ་གསལ་པོ་གནང་ཡོད་ཀྱང་ཕྱག་མཛོད་སྒྲུབ་དཔོན་རིན་པོ་ཆེའི་ཨུ་ཚུགས་ཀྱི་ལོ་བཞིལྔ་ཙམ་ལ་ཕྱག་མཛོད་བྱས་ནས་བསྡད་ཡོད།
ལོ་བཞི་ལྔའི་ལ་ལས་ཀ་འདི་བྱས་བ་རེད་ཟེར་ནས་གྲུབ་འབྲས་སྣ་གཅིག་སྟོན་རྒྱུ་མེད་པ་མ་ཟད་ཀརྨ་པ་ལ་དད་པ་དང་ཡིད་ཆེས་བྱེད་མཁན་གྱི་སྐྱེ་བོ་དྲག་ཞན་མཐོ་དམན་དུ་མ་ཞིག་པ་ཕོག་ཐུག་དང་བློ་ཕམ་འགྲོ་དགོས་བ་དུ་མ་ཞིག་བཟོས་ཡོད།
ད་ཐེངས་ཀྱི་དངུལ་གྱི་དོན་རྐྱེན་འདི་ཡང་གཅིག་ནས་ཕྱག་མཛོད་ལ་འཇོན་ཐང་མེད་པ་དང་གཉིས་ནས་ད་ལྟའི་ལས་བྱེད་ཚོ་ལ་འཇོན་ཐང་མེད་པ་གཉིས་ཀ་ལ་ལེན་ཁག་ཡོད་པ་ལས་ད་ལྟའི་དོན་རྐྱེན་འདིའི་ནང་ལ་ཡོད་པ་ཚོ་རྐྱང་རྐྱང་གིས་བཟོས་བ་ཞི་མིན།
གཙོ་བོ་ཕྱག་མཛོད་དང་མགྲོན་གཉེར་ཚོ་ལ་འཇོན་ཐང་མེད་པ་དང་བླ་བྲང་གི་ལས་བེད་ཚོ་ནང་ཁུལ་དུ་མཐུན་འབྲེལ་མེད་པའི་རྒྱུ་མཚན་གྱིས་ལས་ཀ་ཚགས་ཚུད་མ་བྱུང་པ་རེད།
ཉམས་མྱོང་འདི་ལ་ལྟ་ནས་མ་འོངས་འཇོན་དང་དང་རྣམ་དཔྱོད་འཆར་འགོད་དང་ཕུགས་བས་མ་མེད་པའི་ཕྱག་མཛོད་དང་མགྲོན་གཉེར་འགན་འཛིན་འདི་ལྟར་གཏན་ནས་བཞག་མི་རུང་་་་་་་་་་་་་་་་་་་་་་བླ་བྲང་ནང་ལ་འདི་འདྲི་ལས་བྱེད་འཇོན་ཐང་མེད་པ་རྐྱང་རྐྱང་བཞག་ན་མ་འོངས་པར་འདི་ལས་ཉེས་ཁ་ཆེན་བ་བཟོ་ངེས།ཕྱག་མཛོད་ཀྱིས་བླ་མ་གཡང་ས་ནས་འཕངས་བའི་ལོ་རྒྱུས་རིང་པོ་ཡོད་་་ཚང་མས་གཟབ་གཟབ་བྱེད་རོགས།
ཀརྨ་པ་མཁྱེན་་་་ཀརྨ་པ་མཁྱེན་་་་ཀརྨ་པ་མཁྱེན་་་་བླ་བྲང་ནས་ནས་མི་ཁ་ཤས་ཀྱིས་ཀརྨ་པ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་ཡོད་མདོག་བྱེད་ནས་་་་བསྟན་པ་ཡོད་ཚད་འདི་ཚོས་བཤིགས་སོང་་་ཨ་ཁ་ཁ་་་་མུ་མཐུད་ནས་སྐྱེ་བོ་འདི་ཚོ་བཞགས་ན་་་་་་་་་་་་་་་་་་་་་་་་་་་་
༧རྒྱལ་དབང་ཀརྨ་པ་མཆོག་རྒྱ་གར་ལ་ཕེབས་ནས་ལོ་བཅུ་ཕྱིན་ཟིན་ཡང་ད་དུང་གནས་ཚང་གཡར་གནས་བཞུག་དགོས་དང་།
དེ་རིང་དངུལ་གྱི་དོན་རྐྱེན་འོག་ནས་རྒྱལ་དབང་ཀརྨ་པ་ལ་མཚན་སྨད་རགས་དང་པར་མ་ཉེས་ཁ་གཡོག་དང་གཞི་མེད་སྐུར་འདེབས་འདི་ལྟར་རགས་པ་འདི་བླ་བྲང་གི་ཕྱག་མཛོད་དང་མགོན་གཉེར་སོགས་འགན་ཁུར་མི་སྣ་ཚོ་ལ་རྣམ་དཔྱོད་དང་ཤེས་འཇོན་མེད་པ་ལས་བྱུང་བ་ལས་གཞན་ཁ་གཡར་ས་དང་འགྲེལ་བཤད་རྒྱག་ས་ཞིག་གཏན་ནས་ལྷག་མེད།
༧རྒྱལ་དབང་ཀརྨ་པས་སྒྲུབ་དཔོན་རིན་པོ་ཆེ་ཕྱག་མཛོད་ལ་བསྐོ་བའི་སྐབས་སུ་ཁྱེད་རང་ཕྱག་མཛོད་བྱེད་ཡུན་དེ་ལོ་གཅིག་ཡིན་ལོ་གཅིག་གི་ནང་ལ་ལས་འགན་གཙོ་བོ་ས་ང་ལ་སྡོད་ས་ཞིག་བཟོ་རྒྱུ་དེ་ཡིན་ཞེས་བཀའ་གསལ་པོ་གནང་ཡོད་ཀྱང་ཕྱག་མཛོད་ཀྱིས་འཇོན་ཐང་དང་རྣམ་དཔྱོད་ཀྱིས་བཞུགས་ས་ཞིག་བཟོ་མེད་པ་མ་ཟད་ཏེ་ལོ་པུར་ལ་ས་ཞིག་ཉོས་ནས་དེ་ལ་རྙོག་དྲ་ཆགས་ནས་ཧིན་སྒོར་འབུམ་བརྒྱ་ཕྱག་ཁ་ཤས་རྒྱ་གར་ལ་ཤོར་བ་རེད་གནས་ཚུལ་དེ་གསང་བ་བྱས་ནས་ཡོངས་གྲགས་ལ་གོ་ཡོད་པ་མ་རེད།
རྒྱ་གར་གྱི་རྩ་ཁྲིམས་ཐོག་བཙན་བྱོལ་བོད་མིའི་ཁྲོད་ན་ཁྱོད་མ་གཏོགས་མི་གོ་ཆོད་པ་ཞིག་མི་མཐོང་།
བཀའ་བློན་ཁྲི་པའི་གསལ་བཤད་ལ་དེ་ཙམ་གོ་རྒྱུ་མི་འདུག གང་ལགས་ཤེ་ན། ཁ་སེང་ཀརྨ་པའི་བླ་བྲང་གིས་ ༢༠༠༢ ལོ་ནས་བཟུང་ཁྲིམས་མཐུན་ཆོག་མཆན་ཞུས་ཡོད་ནའང་རྒྱ་གར་གཞུང་གི་དེ་དག་མ་གནང་བར་ད་བར་ལུས་ཤོར་བའི་གནས་ཚུལ་ཞིག་མཚུར་ཕུ་བླ་བྲང་གི་ངོས་ནས་གསལ་བསྒྲགས་ཤིག་སྤེལ་འདུག་པས། དེ་ལྟར་ཡིན་ཚེ་བླ་བྲང་ལ་ཁྲིམས་ཐོག་ནས་སྐྱོན་ཆ་རིགས་ཨེ་ཡོད་ན་? དེ་ལ་གསལ་བཤད་རིགས་དགོས་ན་རྒྱ་གར་གཞུང་རང་གི་ཆོག་མཆན་མི་གནང་དགོས་པའི་སྐོར་གསུང་དགོས་པ་ལས་བླ་བྲང་གི་དེ་ལ་གསལ་བཤད་ཇི་ལྟར་བྱེད་ཕོད་དམ། ཁྲིམས་ལག་པར་ཡོད་མཁན་ཚོ་དང་ཁྲིམས་ཀྱི་འོག་ལ་ཡོད་ཚོའི་བར་ལ་ཁྱད་པར་ཧ་ཅང་ཆེན་པོ་ཡོད། དེའི་ནང་ནས་རྒྱ་གར་ལ་ཆ་བཞག་ན་དཔོན་ངན་ཚོའི་ཁྲིམས་བེད་སྤྱོད་བྱས་ནས་རང་ཉིད་མ་དགའ་བ་ཚོར་གཉའ་གནོན་གཏད་རྒྱུར་དར་སྲོལ་ཆེ་བས་བླ་བྲང་ནས་གསལ་སྟོན་ཐིལ་ཕྱིན་གནང་ཚེ་རྒྱལ་ཁབ་ཀྱི་ཁྲིམས་དེ་ལམ་ཀྱོག་ཞིག་བྱས་ནས་སླར་བླ་བྲང་རང་ཉིད་སྟིང་མི་ལྷུང་བའི་ངེས་པ་ག་ལ་ཡོད།
ངའི་དྲི་བར་བཙན་བྱོལ་བོད་གཞུང་ནས་ད་བར་ཀརྨ་པ་དེ་བཞུགས་གནས་ཚུལ་མཐུན་ཞིག་གནང་མ་ཐུབ་པ་དེ་གང་ཡིན་ནམ་?
ཪིན་པོ་ཆེ་མཆོག་གིས་དོན་དངོས་ཀྱི་གནས་ལུགས་གསལ་པོ་གསུང་བར་ཐུགས་རྗེ་ཆེ་ཞུ།་དོན་རྐྱེན་དེས་༸རྒྱལ་དབང་ཀརྨ་པ་མཆོག་ཙམ་ཡིན་པར་བཙན་བྱོལ་སྤྱི་ཚོགས་དང་བོད་མི་རིགས་ཀྱི་མཚན་སྙན་ལ་དོ་ཕོག་ཆེན་པོ་བཏང་སོང།
ཁ་གསལ་དྲང་བདེན་གསལ་བཤད་འདི། ཀུན་ལ་ཕན་པའི་བཀའ་སློབ་ཅིག
ཁྱེད་དང་ཁྱེད་འདྲ་འགའ་ཡོད་ན། བོད་མི་རང་མགོ་ཐོན་རེ་ཆེ།