མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲས་འཇིགས་མེད་ནོར་བུའི་མྱ་ངན་འདུ་འཛོམས།

བོད་ཀྱི་དུས་བབ།
༢༠༡༡/༠༣/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཟླ་གསུམ་པའི་ཚེས་ ༡ ཉིན་གྱི་དགུང་མོའི་ཆུ་ཚོད་དྲུག་པ་ནས་བརྒྱད་པ་བར་དུ། བྷི་ལིམ་མིང་ཊོན་གྲོང་ཁྱེར་སྤྱི་ཁང་དུ་ འདས་པ་དམ་པ་འཇིགས་མེད་ནོར་བུའི་ནང་མི་དང་ ས་གནས་ཀྱི་གྲོགས་པོ་དང་མི་མང་རྣམས་འཛོམས་ཏེ། འཇིགས་མེད་ནོར་བུ་ལ་མྱ་ངན་ཞུ་བའི་འདུ་འཛོམས་ཤིག་བསྐྱངས་ཡོད་པ་དེར་ས་གནས་ཀྱི་མི་སྣ་ ༢༠༠ ལྷག་ཙམ་འབྱོར་ཡོད་པ་རེད།

ལྕམ་དཀོན་དབྱངས་ལགས་ཀྱིས་མྱ་ངན་འདུ་འཛོམས་འདི་གཙོ་སྐྱོང་གནང་སྐབས་གསུངས་དོན། “ངས་མྱ་ངན་འདུ་འཛོམས་འདི་འདྲ་བྱེད་སྟངས་ཤེས་ཀྱི་མེད། འོན་ཀྱང་། གྲོངས་མཁན་རང་ཉིད་ཀྱི་བུ་ཡིན་པའི་དབང་གིས་ངས་འདི་ལྟར་བྱེད་རྒྱུའི་བློ་སྤོབས་བྱས་པ་ཡིན། ཡིན་ན་ཡང་དཀའ་ལས་ཁག་པོ་འདུག དེར་བརྟེན་འདི་ནི་ངའི་མི་ཚེའི་ནང་འདི་ལྟར་བྱེད་དགོས་པ་མཐའ་མ་དེ་ཡིན་པར་སྨོན།”ཞེས་གསུངས་ཤིང་། འཇིགས་མེད་ནོར་བུ་དམ་པ་དེ་ནི་ ཕྱག་ལས་རླབས་ཆེན་པོ་ཞིག་གནང་བཞིན་པའི་སྐབས་སུ་གྲོངས་པ་མ་ཟད། དེ་ཡང་ རང་གི་ཁྱོ་ག་ ལྟག་མཚེར་རིན་པོ་ཆེས་ཤུལ་དུ་བཞག་པའི་ལས་དོན་དེ་སྒྲུབ་བཞིན་པའི་སྐབས་སུ་གྲོངས་པ་དེ་ངོས་འཛིན་ཡོད་པ་གསུངས་ཡོད་པ་རེད།

སྒོ་མང་དགེ་བཤེས་བློ་བསྟན་དང་དགེ་བཤེས་སྦྱིན་པ་བསོད་ནམས་གཉིས་ཀྱིས་བོད་ལུགས་ལྟར་གྱི་སྨོན་ལམ་གསུངས་ཡོད་པ་དང་། དེ་དང་ལྷན་དུ་ཡེ་ཤུའི་ཆོས་དཔོན་བཙུན་མ་ཞིག་གིས་ཡེ་ཤུའི་ལུགས་ཀྱི་སྨོན་ལམ་གསུངས་ཡོད་པ་རེད། སྤུན་ཀུན་དགའ་ནོར་བུ་ལགས་ཀྱིས་ཀྱང་། “འཇིགས་མེད་ནོར་བུས་མགོ་འཛུགས་བྱས་པའི་ཐེངས་འདིའི་གོམ་བགྲོད་ལམ་ལྷོང་དང་བཅས་མཇུག་སྒྲིལ་བ་ཡིན་ལ། འདས་པོ་དམ་པའི་སྲས་གཉིས་ཀྱིས་ཀྱང་གོམ་བགྲོད་ལ་སླེབས་ཐུབ་པ་དེ་ལ་ནི་འདས་པོ་ཁོང་གིས་ཧ་ཅང་སྤོབས་པ་བྱེད་ཀྱི་རེད།”ཅེས་གསུངས་ནས། བོད་ནང་གི་བོད་མིའི་སྡུག་བསྔལ་དང་མནར་གཅོད་འདི་དག་མི་རབས་རྗེས་མ་རྣམས་ཤེས་རྟོགས་སྤེལ་ཆེད་འདི་འདྲའི་གོམ་བགྲོད་སོགས་ཀྱི་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་སོང་།

ཐེངས་འདིའི་འདུ་འཛོམས་ཐོག་གསུང་བཤད་མཐའ་མ་གནང་མཁན་ནི། འདས་པོ་དམ་པའི་སྐུ་ཟླ་ཡཱ་ལཱན་རེད། “ང་ཆུང་མ་ཞིག་དང་། དེ་ཡང་བྱིས་པ་ཆུང་ཆུང་གསུམ་གྱི་ཨ་མ་ཡིན་པའི་ཆ་ནས་ འདས་པོ་ཁོང་མེལ་ལེ་སུམ་བརྒྱ་དང་དགུ་བརྒྱ་ལ་གོམ་བགྲོད་བྱེད་རྒྱུ་ལ་ངས་བརྒྱ་ཆ་བརྒྱའི་རྒྱབ་སྐྱོར་བྱེད་དཀའ་བ་ཞིག་འདུག འོན་ཀྱང་། བོད་ནང་ལ་གནད་དོན་ཞིག་ལྷགས་བཞིན་པ་འདི་འཛམ་གླིང་མི་མང་ལ་ཤེས་རྟོགས་བྱེད་དུ་འཇུག་རྒྱུ་ནི་འདས་པོ་དམ་པའི་དམིགས་ཡུལ་རེད་ལ། ཁོང་གིས་གཞོན་སྐྱེས་ཚོ་ལ་ བོད་དོན་འདི་རྩ་བ་ནས་ཡལ་བར་མ་འདོར་རོགས། བོད་འདི་སྐྱོབ་དགོས་པ་རེད་ཅེས་གསུངས་བཞིན་སྐུ་སྲོག་ཤོར་བ་རེད། དེ་ནི་རིན་ཐང་ཡོད་པ་ཞིག་རེད།” ཅེས་གསུངས་སོང་།

འདིར་འཛོམས་པའི་མི་སྣ་དག་གི་ཁྲོད་འདས་པོ་དམ་པའི་གྲོགས་པོ་དང་བློ་ཉེ། དེ་བཞིན་ཡབ་གཞིས་ལྟག་མཚེར་རིན་པོ་ཆེའི་ཁྱིམ་ཚང་གི་དགའ་བོ་ཉེ་བོ་དང་གྲོགས་པོ། དེ་བཞིན་རྒྱབ་སྐྱོར་བ་སོགས་འདུས་ཡོད་པ་རེད་ལ། ས་གནས་ཀྱི་བོད་པ་ཚོས་ཀྱང་སྨོན་ལམ་དུ་མཉམ་ཞུགས་བྱས་ཡོད་པ་མ་ཟད། ས་གནས་སུ་ལོ་གསར་སོགས་ཀྱི་རྟེན་འབྲེལ་ཡང་ཞུ་འཆར་མེད་པ་རེད། འཇིགས་མེད་དམ་པ་དེའི་ཤུལ་ལུས་ནང་མིའི་ཁོངས་སུ་ ཡུམ་དང་། ཇོ་ཇོ་གཉིས། བུ་གསུམ། ཆུང་མ་བཅས་ཡོད་པ་རེད།

དགེ་འདུན་རབ་གསལ།

 

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༧ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༨ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༨ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༨ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

མཆན། 8

  1. རྨ་ཆུའི་སྐལ་བཟང་། says:
    ལོ་ 15 སྔོན།

    དངོས་གནས་བོད་གངས་ཅན་གྱི་ཁྱིམ་རྒྱུད་ཆེན་པོ་འདི་ཚོར་འགྲན་ཟླ་ཞིག་གང་ན་
    ཡོད་ལྟོས་དང་ནང་མི་ཀུན་གྱིས་གནད་ལ་འཁེལ་པའི་བཀའ་མོད་ག་འདྲ་གནང་འདུག།དངོས་གནས་བསམ་ཡོད་ཀྱི་བོད་མི་ཞིག་ཡིན་ན་འདས་ཟིན་པའི་བོད་ཀྱི་
    དཔའ་པོ་དཔའ་མོ་དེ་དག་གི་ཤུལ་བཞག་རེ་འདུན་སྒྲུབ་ཆེད་རང་དོན་རང་ཆས་ཀྱི་འབད་རྒྱུ་ཧ་ཅང་གལ་ཆེ་བ་ལས།རང་དོན་གཙོ་སྒྲུབ་དང་
    ཕྱོགས་ཞེན་འཐེན་ཁྱེར་གྱི་ཉི་མ་ཕུད་ན་དེ་ནི་ཡ་ང་དགོས་ཞིག་རེད།
    འདས་པོ་ཁོང་ལ་ལུས་རྟེན་བཟང་པོ་ཞིག་ཐོབ་པ་དང་ཤུལ་ལས་ནང་མི་རྣམས་ལ་ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པའི་སྨོན་ལམ་ཞུ་ཞུ་ཞུ།།།

    Reply
  2. Ngawang Norbu says:
    ལོ་ 15 སྔོན།

    ༄༅། །སྲས་དམ་པ་འཇིགས་མེད་ནོར་བུ་ལགས་དབུ་བརྩམ་པའི་བོད་རང་བཙན་ཆེད་གོམ་བགྲོད་དེ་བཞིན་འཇུག་སྐྱོངས་གནང་ཆེད་གཅེན་པོ་ཀུན་དགའ་ནོར་བུ་ལགས་དང་དམ་པ་དེའི་སྲས་བགྲེས་འབྲིང་གཉིས་ཀྱང་ཕེབས་པར་སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་གཅིག་མུ་མཐུད་ནས་གཅེན་པོ་ཀུན་དགའ་ནོར་བུ་ལགས་ནས་ཡབ་དང་གཅུང་པོ་དམ་པ་རྣམ་གཉིས་ཀྱི་ལས་འགུལ་འདི་བཞིན་འཇུག་ཁྱོང་ཡོང་བའི་རེ་བ་དང་འབོད་བསྐུལ་ཡང་ཞུ་གི་ཡོད། ཐུགས་རྗེ་ཆེ། །

    Reply
  3. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    རྒྱལ་གཅེས་པ་ཨ་མཆོད་འཇམ་ཚུལ་ལགས་་དེང་སང་གི་དུས་ཚོད་འདི་ལ་གོང་ཁྲན་ཏང་གི་རྗེས་སུ་འཇུག་མཁན་ཞིག་དང་རྒྱ་མཁས་དབང་ཚོའི་་གྲོགས་པོ་ཡིན་ན་་་་་རྒྱལ་གཅེས་པ་ཁྱེད་དང་ཀླུ་མཁར་བྱམས་གཉིས་ཀྱིས་ཀྱང་རྒྱབ་སྐྱོར་གནང་བཞིན་འདུག་ག་་་་་་་་་་་་་་་་ཧཧཧཧཧཧཧཧཧཧཧཧ

    Reply
  4. ཁམས་པའི་ཕོ་རྒོད། says:
    ལོ་ 15 སྔོན།

    ང་ཚོ་ཚང་མས་གདུང་སེམས་མཉམ་སྐྱེད་བྱས་ཡ་དེ་དཔེ་མི་སྲིད་པ་གལ་ཆེན་པོ་
    རེད་མཐས་ཅིག་ཏུ་རྒྱབ་སྤྱོར་བྱེད་དགོས་

    Reply
  5. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    བོད་རང་བཙན་འདི་མི་ལ་མ་དགོས་པ་མ་ཟད་ལྷ་ལ་ཡང་མི་དགོས་པ་འདྲ། ཡང་ན་རང་བཙན་དོན་གཉེར་བ་དག་ལ་ལྷ་ཡིས་ཀྱང་མགོན་སྐྱོབ་མེད་པ་འདྲ། བྱས་རྗེས་ཅན་རེ་བྱུང་སྐབས་འདི་ལྟར་རྩེ་བཏོག་བརྒྱབས་ནས་ཁྱེར་འགྲོ་བ་འདི་ཨང་་

    Reply
  6. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    རྒྱལ་གཅེས་པ་ལྷ་སྲས་འཇིགས་མེད་ནོར་བུ་ལགས་ཀྱི་ཆེད་དུ་མྱ་ངན་དང་བོད་རང་བཙན་པ་ཡོངས་སུ་གདུང་སེམས་བསྐྱེད་ཞུ་རྒྱུ་ཡིན།

    གངས་ཅན་མི་རིགས་ཆེད་དུ་ཚེ་འཕོས་པ།
    ལྷ་སྲས་འཇིགས་མེད་ཁྱེད་ལ་གུས་ཞབས་དང།
    ཁྱེད་སྙིང་སྟོབས་དེ་ལ་བསྔགས་བརྗོད་གཉིས།
    མ་བཅོས་སེམས་ངོས་ནས་དག་འབུལ་ཞུ།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    གདུང་སེམས་ཡོད།

    Reply
  8. རྟ་བོར་བ། says:
    ལོ་ 15 སྔོན།

    འདས་བོ་དམ་པ་འཇིག་མེད་ནོར་བུ་མཆོག་ལ་མྱ་ངན་གུས་འདུལ་དང་ནང་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese