རྩིས་དྲུང་ས་མིག་གསལ་བསྒྲགས།ཨང༌།༢༠༽
༄༅། །སཾ་བྷོ་ཊ་བོད་སློབ་སྤྱི་ཁྱབ་ཡིག་ཚང་ཁྱབ་ཁོངས་གཏན་ཉིན་སློབ་ཁག་གི་ནང་རྩིས་དྲུང་དགོས་མཁོ་ཡོད་ན་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་རིགས་རྣམས་ནས་དགོས་མཁོའི་ལག་ཁྱེར་ཡིག་ཆ་ངོ་བཤུས་ཁག་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༡ རེ་གཟའ་ཟླ་བ་འགྱངས་མེད་གོང་ཞུས་ཡིག་ཚང་དུ་གཤམ་གསལ་ཁ་བྱང་ཐོག་འཚང་སྙན་འབུལ་དགོས།
ཀ༽ རྩིས་དྲུང༌། Accountant) ས་མིག་ ༢ གཤམ་གསལ་ཕོགས་རིམ་ཚད་གཞི་ལྟར་ཟླ་རེའི་གླ་ཕོགས་ཁྱོན་བསྡོམས་སྒོར་ ༩༣༥༥་༠༠ ཐོབ་རྒྱུ།
7200-50-7400 -EB- 70-7470-7750 -EB- 100-7850-8250 -EB- 130-8380-8900
དགོས་མཁོའི་ཤེས་ཚད་དང་ལོ་ཚད།
༡། ཉུང་མཐར་(B.Com)གྲུབ་འབྲས་ཨང་སྡེ་གཉིས་པ་ལེགས་ཐོན་ལག་ཁྱེར་མཉམ་རྩིས་རྒྱབ། (Tally)སློབ་སྦྱོང་ལྡན་པ།
༢། བོད་ཀྱི་སྐད་ཡིག་ཤེས་ཚད་གང་ལེགས།
༣། རང་ལོ་ ༣༠ ལས་མ་བརྒལ་བ་ཞིག་དགོས།
གོང་གསལ་རྩིས་དྲུང་ཚོར་སྤྱི་ཡོངས་སུ་ཚང་དགོས་པའི་ཆ་རྐྱེན།
༡། ཚད་ལྡན་སྨན་ཁང་གང་རུང་ནས་གཟུགས་ཐང་ལས་འཕེར་ཡིན་པའི་ངོས་སྦྱོར་ལག་ཁྱེར།
༢། རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་ཁྱེར།
༣། དྭང་བླང་དཔྱ་དངུལ་ལག་དེབ།
༤། སྐྱེས་ལོ་སྐྱེས་ཚེས་ལག་ཁྱེར།
༥། ཤེས་ཚད་ལག་ཁྱེར་ཁག་དང་གྲུབ་འབྲས་ཨང་ཤོག
༦། ད་ལྟ་ལས་ཀ་བྱེད་མུས་ཡིན་ཚེ་འབྲེལ་ཡོད་ནས་དགག་བྱ་མེད་པའི་ངོས་སྦྱོར།
།སཾ་བྷོ་ཊ་བོད་སློབ་སྤྱི་ཁྱབ་ཡིག་ཚང་ནས། ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༢༤ ལ།།
The Director,Sambhota(STSS),Session Rd.P.O.Dharamsala-176215,Distt.Kangra(H.P.)