བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༢ པའི་མཛད་སྒོའི་ཐོག ཡུལ་ཕྱོགས་འདྲ་མིན་ནས་སླེབས་པའི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ཀྱང་མཉམ་ཞུགས་གནང་ཡོད་པ་ལྟར། ཐེངས་འདིའི་དུས་དྲན་ཐོག་མཉམ་ཞུགས་གནང་མཁན་སྙན་གྲགས་ཅན་གྱི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་སྐུ་ཞབས་ཡོན་ཧོང་པེན་ལགས་ཀྱིས། ཐེངས་འདིའི་གསུམ་བཅུ་དུས་དྲན་དང་འབྲེལ་ཏེ་འཇར་མན་རླུང་འཕྲིན་ཁང་གི་དྲི་བ་ཁག་ལ་ལན་འབེབས་གནང་ཡོད་པ་དང་། སྐབས་དེར་ཁོང་གིས་རྒྱ་དམར་གཞུང་གིས་བོད་དུ་འཛིན་པའི་ལྐོག་གཡོ་ངན་ཇུས་དང་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་བཀྲོངས་མཁན་ནི་ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཧོ་ཅིན་ཐའོ་ཡིན་པའི་སྐོར་ཐེར་འདོན་བྱས་ཡོད་པ་རེད།
དྲི་བ། དེ་རིང་གི་ཏཱ་ལའི་བླ་མའི་གསུང་བཤད་ཀྱིས་ཁྱེད་ལ་སེམས་ཚོར་ཅི་ཞིག་སྤྲད་སོང་། གསུང་བཤད་ནང་ཁོང་གིས་རྒྱ་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་ཀྱི་ཐད་ལ་སྐྱོན་བརྗོད་ཀྱང་གནང་འདུག
ཡོན་ཧོང་པེན། ངས་བསམ་ན། ཏཱ་ལའི་བླ་མའི་གསུང་བཤད་དེ་ནི་བོད་མིའི་ཆབ་སྲིད་ཀྱི་རེ་འདོད་དེ་ཡང་དང་བསྐྱར་དུ་གསལ་བརྗོད་གནང་བཞིན་པ་ཞིག་རེད། བོད་མིའི་རང་དབང་ཐོབ་འདོད་ཀྱི་རེ་སྙེགས་དེ་ནི་ཧ་ཅང་ལུགས་མཐུན་གྱི་རེ་འདུན་ཞིག་རེད། ཡིན་ནའང་། རྒྱ་གཞུང་གིས་བོད་ལ་དབང་བསྒྱུར་བྱས་པའི་དུས་རབས་ཕྱེད་ཀའི་རིང་ལ། བོད་དུ་རིག་གནས་ཀྱི་ངོས་ཐད་ནས་མི་རིགས་རྩ་མེད་བཟོ་བའི་སྲིད་ཇུས་ལག་བསྟར་བྱ་ཆེད། དམར་གསོད་ཆེན་མོ་དང་ཡ་ང་བའི་མནར་གཅོད་འོག་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་རྐྱེན་ལམ་དུ་བཏང་ཡོད་ལ། རྒྱ་དམར་སྲིད་དབང་གིས་བོད་མི་རིགས་ཐོག་ལ་བསུབ་ཐབས་བྲལ་བའི་མིའི་རིགས་ཀྱི་ནག་ཉེས་ཆེན་པོ་ཞིག་བཟོས་ཟིན་པར་མ་ཟད། རྒྱ་དམར་གཞུང་གིས་ད་དུང་མུ་མཐུད་ནས་བོད་མིའི་རིག་གནས་རང་བཞིན་གྱི་མི་རིགས་རྩ་མེད་བཟོ་བཞིན་ཡོད་པ་རེད། དེར་བརྟེན། ཏཱ་ལའི་བླ་མ་མཆོག་གིས་དབུ་ཁྲིད་པའི་བོད་མིའི་རང་དབང་འཐབ་རྩོད་དེར། འགྲོ་བ་མིའི་རིགས་ཡོངས་ཀྱིས་རྒྱབ་སྐྱོར་ཐོབ་ངེས་པར་མ་ཟད། གནས་ལུགས་དང་རྒྱུ་འབྲས་སྲུང་མཁན་གྱི་རྒྱ་ནག་པ་དག་གིས་ཀྱང་རྒྱབ་སྐྱོར་ཐོབ་ཐུབ་པར་ང་ལ་ཡིད་ཆེས་ཡོད།
དྲི་བ། ཏཱ་ལའི་བླ་མ་མཆོག་གི་རྒྱ་ནག་གི་སྐྱོན་བརྗོད་དེར་ཁྱེད་ལ་ལྟ་ཚུལ་ཅི་ཞིག་ཡོད། འོས་བབ་ཞིག་རེད་དམ་ཡང་ན་ཚད་བརྒལ་ཞིག་རེད།
ཡོན་ཧོང་པེན། ཁོང་གི་སྐྱོན་བརྗོད་ནི་ཞི་འཇམ་ལྡན་པ་ཞིག་རེད། ཏཱ་ལའི་བླ་མ་ནི་ཆོས་ཀྱི་དབུ་ཁྲིད་ཅིག་ཀྱང་ཡིན་པའི་ཆ་ནས། ཁོང་གིས་ཆོས་ལུགས་མི་སྣ་ཞིག་གི་ངོས་ཐད་ནས་དེ་ལྟ་བུའི་ཞི་འཇམ་གྱི་སྐྱོན་བརྗོད་གནང་བ་དེ་ནི། ངས་བསམ་ན་ཁོང་སྐུ་སྒེར་གྱི་མཚན་གནས་དང་འཚམ་པ་ཞིག་རེད། ཡིན་ནའང་། ད་ལྟའི་བོད་ཀྱི་གནས་སྟངས་དངོས་ལ་གཞིགས་ན། བོད་བརྒྱུད་ནང་བསྟན་དང་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ལས་དབང་དེ་ད་ལྟ་ཧ་ཅང་ཉེན་འཇིགས་གི་གནས་སྟངས་ཁྲོད་ལྷུང་ཡོད་པ་རེད། གལ་སྲིད། ནུས་པ་ལྡན་པའི་བྱེད་ཐབས་ཤིག་སྤྱད་དེ་རིག་གནས་འདི་མྱུར་སྐྱོབ་བྱེད་མ་ཐུབ་ཚེ། རྒྱ་དམར་གཞུང་གི་རིག་གནས་རང་བཞིན་གྱི་མི་རིགས་རྩ་མེད་བཟོ་བའི་སྲིད་ཇུས་དེ། གཅིག་བྱས་ན་མཐར་མཇུག་ཡིད་སྐྱོ་བའི་དོན་དངོས་ཤིག་ཏུ་མངོན་འགྱུར་འབྱུང་མི་སྲིད་པ་མ་རེད།
དྲི་བ། ཏཱ་ལའི་བླ་མིའི་གསུང་བཤད་ནང་མའོ་ཙེ་ཏུང་དང་ཧའོ་ཡོ་པང་གིས་བོད་ཀྱི་གནད་དོན་ཐད་འཛིན་པའི་དངོས་དོན་རིང་ལུགས་སྐོར་མང་པོ་བརྗོད་སོང་། དེའི་ཐད་ཁྱེད་ཀྱིས་ཅི་ལྟར་གོ་བ་ལེན་གྱིན་ཡོད་དམ།
ཡོན་ཧོང་པེན། མའོ་ཙེ་ཏུང་གིས་དེ་སྔོན་བོད་ལ་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་པ་དེ་ནི་མཐའ་གཅིག་ཏུ་གཡོ་སླུ་ཞིག་རེད། ཁོས་བོད་མི་དམངས་ལ་མགོ་སྐོར་བཏང་བ་རེད། གྲོས་མཐུན་དོན་ཚན་ ༡༧ བཞག་ཚར་བའི་རྗེས་སུ། ཁོས་གྲོས་དོན་དང་རྒྱབ་འགལ་ཏུ་གྱུར་བའི་སྐྱི་གཡའ་བའི་སྲིད་ཇུས་ཞིག་ལག་སྟར་བྱེད་མགོ་བརྩམས་ཡོད། དེར་བརྟེན། ངས་བསམ་ན་མའོ་ཙེ་ཏུང་གི་སྲིད་ཇུས་ནི་མགོ་གཡོག་མགོ་སྐོར་གྱི་སྲིད་ཇུས་ཤིག་རེད། སྐུ་ཞབས་ཧའོ་ཡོ་པང་ནི་ང་རང་ངོས་ནས་ཀྱང་གུས་བརྩི་བྱེད་བཞིན་པའི་མི་སྣ་ཞིག་ཡིན། ཁོང་ནི་རྒྱ་དམར་ཤོག་པའི་ལོ་རྒྱུས་ཁྲོད་ཧ་ཅང་མཐོང་དཀོན་པའི་རྒྱུ་འབྲས་བློ་མིག་ཅན་གྱི་མི་སྣ་ཞིག་རེད། ལོ་རབས་ ༨༠ པའི་ནང་སྐུ་ཞབས་ཧའོ་ཡོ་པང་དང་ངེད་གཉིས་བར་ཕན་ཚུན་འབྲེལ་བ་ཡོད། སྐབས་དེར་པེ་ཅིན་སློབ་གྲྭ་ཆེན་མོའི་ནང་ངས་དགེ་རྒན་བྱ་བ་སྒྲུབ་བཞིན་ཡོད་ལ། ཁོང་སྐབས་དེར་རྒྱ་དམར་གཞུང་གིས་ལས་དབྱུང་བཏང་ཚར་འདུག དེ་དུས་ངས་ཧའོ་ཡོ་པང་གིས་བོད་དུ་འཛིན་པའི་སྲིད་ཇུས་དེ་ཡང་དག་པ་ཞིག་ཡིན་པ་ཤེས་རྟོགས་བྱུང་། སྐབས་དེ་དུས་ཀྱི་སྐུ་ཞབས་ཧའོ་ཡོ་པང་ལགས་ཀྱི་སྐད་ཆ་ཞིག་ཡོད་པ་རེད། རིག་གསར་ཁྲོད་རྒྱ་དམར་གུང་བྲན་གྱིས་བོད་མིར་གནོད་འཚེ་བཟོས་པ་ཤེས་རྟོག་བྱུང་བའི་རྗེས་སུ། ཁོང་གིས། ༼ང་ཚོ་རྒྱ་དམར་གུང་བྲན་དམར་ཤོག་གིས་བོད་མི་རིགས་ལ་ནག་ཉེས་ཆེན་པོ་བཟོས་ཟིན༽ ཅེས་བརྗོད་མྱོང་ཡོད་པ་རེད། དེར་བརྟེན། ངས་བསམ་ན་ཏཱ་ལའི་བླ་མ་མཆོག་གིས་སྐུ་ཞབས་ཧའོ་ཡོ་པང་ལ་འཛིན་པའི་ལྟ་སྟངས་དེ་ཡང་དག་པ་ཞིག་རེད།
དྲི་བ། ཅིའི་ཕྱིར་རྒྱ་ནག་གི་ད་ལྟའི་སྲིད་འཛིན་དཔོན་རིགས་ཚོའི་ཁྲོད་ནས། ཏཱ་ལའི་བླ་མ་མཆོག་གིས་ཝུན་ཇ་པའོ་ཁོ་ན་མ་གཏོགས་ཧའོ་ཅིན་ཐའོ་ཡི་མིང་ཟུར་ཙམ་ཡང་མི་གླེང་བའི་དོན་ཅི་ཡིན་ནམ། ཁྱོད་ཀྱིས་བསམ་ན་དེའི་རྒྱུ་མཚན་ཅི་ཞིག་རེད་དམ།
ཡོན་ཧོང་པེན། དེ་ནི་ཧའོ་ཅིན་ཐའོ་ཡིས་རྒྱ་ནག་གུང་བྲན་དམར་ཤོག་པའི་ཆེས་མཐོའི་དབང་འཛིན་པའི་གོ་ས་ལོན་ཐུབ་པར་རྒྱུ་རྐྱེན་གཉིས་ཡོད་པས་རེད། གཅིག་ནི་ཚང་མས་ཤེས་གསལ་ལྟར་ཕྱི་ལོ་ ༡༩༨༩ ཟླ་ ༣ ནང་། ཧོ་ཅིན་ཐའོ་ཡིས་མགོ་ལ་ལྕགས་ཞྭ་གྱོན་ཞིང་ལག་ཏུ་མེ་མདའ་ཐོགས་པའི་དྲག་དམག་གི་སྣེ་ཁྲིད་དེ། ལྷ་སའི་སྲང་ལམ་དུ་ཞི་བའི་ངོ་རྒོལ་བྱེད་བཞིན་པའི་གྲྭ་བཙུན་དང་མང་ཚོགས་མང་པོ་དམར་གསོད་བྱས་ཡོད། དེར་བརྟེན། ཁོ་མ་གཞི་ནས་འགྲོ་བ་མིའི་རིགས་ལ་ནག་ཉེས་བཟོ་མཁན་གྱི་ཉེས་ཅན་པ་ཞིག་རེད། དེ་ལས་གཞན་པའི་དོན་དག་གཅིག་ནི་མི་མང་པོ་ཞིག་གིས་ད་དུང་ཤེས་རྟོགས་བྱུང་ཡོད་པ་མ་རེད། དེའི་སྐོར་ལ་མི་འགྱངས་པར་ངས་བརྩམས་དེབ་ཅིག་པར་འགྲེམས་བྱ་འཆར་ཡོད། དེ་ནི་ཕྱི་ལོ་ ༡༩༨༩ ཟླ་ ༡ པོའི་ནང་། ཧའོ་ཅིན་ཐའོ་ཡིས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ལྐོག་གསོད་ཀྱི་ཇུས་གཞིར་གཙོ་ཁྲིད་བྱས་ཡོད། པཎ་ཆེན་བླ་མ་མཆོག་དགོངས་པ་རྫོགས་པ་དེ་ནི་རྒྱུན་ལྡན་གྱི་དགོངས་པ་ཆོས་དབྱིངས་སུ་འཐིམ་པ་ཞིག་མ་ཡིན་པར། དེ་ནི་རྒྱ་དམར་གུང་བྲན་དམར་ཤོག་གིས་ལྐོག་གསོད་བྱས་པ་ཞིག་རེད། སྐབས་དེའི་ལས་དོན་ལ་གཙོ་འགན་འཁུར་མཁན་ནི་ཧའོ་ཅིན་ཐའོ་རེད། དེར་བརྟེན། ངས་བསམ་ན་ཏཱ་ལའི་བླ་མ་མཆོག་གིས་ཧའོ་ཅིན་ཐའོ་ཡི་མིང་ཟུར་ཙམ་ཡང་མ་གླེང་པ་དེ་ནི་འོས་ཤིང་འཚམ་པ་ཞིག་རེད།
གསར་འགོད་པ་ཚེ་རིང་རྒྱལ།
༸པཎ་ཆེན་སྐུ་གོང་མ་བཀྲོངས་མཁན་ཧའོ་ཅིན་ཐའོ་རེད་ཟེར། རྒྱལ་མཚན་ནོར་བུ་ལགས་ཧའོ་ཅིན་ཐའོས་པཎ་ཆེན་རྫུས་མར་བསྐོས་པ་མ་ཡིན་ནམ། ཧ་ཧ་ང་ཚོའི་རྒྱ་ཡི་ཆབ་སྲིད་པའི་དཔེ་སྟོན་ལ་གཟིགས་དང་། ༸པཎ་ཆེན་༸སྐུ་མ་རྟག་ཏུ་རྒྱལ་འགྱུར་ཅིག །
ཡོན་ཧོང་པེན། ༸པཎ་ཆེན་སྐུ་གོང་མ་བཀྲོངས་མཁན་ཧའོ་ཅིན་ཐའོ་རེད།
ཡོན་ཧོང་པེན། ༸པཎ་ཆེན་སྐུ་གོང་མ་བཀྲོངས་མཁན་ཧའོ་ཅིན་ཐའོ་རེད།
ཡོན་ཧོང་པེན། ༸པཎ་ཆེན་སྐུ་གོང་མ་བཀྲོངས་མཁན་ཧའོ་ཅིན་ཐའོ་རེད།
པཎ་ཆེན་སྐུ་གོང་མ་གཤེགས་རྗེས། སྐུའི་ཞབས་འབྲིང་བ་རྣམས་ཀྱང་ཡུན་རིང་འཚོ་བཞུགས་མ་གནང་བར་གྲོངས་པ་འདི་དག་ལ་བལྟས་ན་ལྐོག་གཡོ་ངན་བྱུས་ཆེན་མོ་ཞིག་བཤམས་ཡོད་པ་ཐག་གི་ཆོད།
གསར་འགོད་པར་ཐུགས་རྗེ་ཆེ།
བོད་དོན་རྒྱབ་བསྐྱོར་བ་ཡིན་ན་འདི་འདྲའི་མཁས་པ་ཡིན་དགོས་ཀྱི་རེད་མ་གཏོགས་བོད་རྒྱ་ཁོངས་ནས་མ་ཤོར་བའི་ཐབས་ངན་འཐེན་མཁན་རིགས་གཏན་ནས་མིན་པ་བོད་པ་ཚོས་ཤེས་དགོས་ཀྱི་ཡོད་པ་རེད་ལ། པཎ་ཆེན་སྐུ་གོང་མ་བཀྲོངས་པའི་ནག་ཉེས་འདི་རྒྱ་ཡན་དུ་གཏོང་སྲོལ་ཞིག་ཡོག་མ་རེད།
ད་ཚང་ལོས་གང་དགའ་ཇི་དྲག་གི་བསམ་ཚུལ་གསུང་རོགས།
ཐོག་མར་ང་ཚོའི་སེམས་གཏིང་གི་བླ་མ་དམ་པ་ཁོང་གི་བོད་རིགས་ལ་བཅིངས་པའི་བརྩེ་སེམས་ནི། ཡིག་འབྲུ་ཁྲི་བདུན་ལས་གསལ་སྟོན་བྱས་འདུག་པས་ངས་བསྐྱར་གླེང་མི་དགོས་མོད། དེ་རིང་རྒྱལ་སྤྱིའི་མཐོང་སར་དང་རྣ་བས་གོ་སར་ ༸པཎ་ཆེན་སྐུ་གོང་མ་བཀྲོངས་མཁན་ཧའོ་ཅིན་ཐའོ་རེད།
ཅེས་བ་འདི་གོ་དུས། བོད་གཞུང་དམངས་གཉིས་ཁུ་སིམ་མེར་འདུག་སྲོལ་ཞིག་མི་འདུག་ལ། དེའི ཐད་ནས་མ་མཐའ་ཡང་རྒྱལ་སྤྱི་ལ་གསར་འགོད་གསལ་བསྒྲགས་ཤིག་དང་མར་མེ་ཁྲོམ་སྐོར་ལྟ་བུ་ཞིག་ངེས་པར་བྱེད་དགོས་ཀྱིན་འདུག་བསམ།
ཡིག་ནོར་ཡོད་ན་ཡོད། ཡིག་ནོར་ཟེར་བ་སྤྱིར་བཏང་དངོས་གནས་གཟབ་དགོས་ས་ཞིག་རེད། ཡིན་ན་ཡང་སོ་སོས་ཟིན་བྲིས་སྤེལ་བ་དང་ཡང་རྩོམ་སྒྲིག་རེ་བྱེད་ཁུལ་བྱས་མྱོང་བའི་ཆ་ནས་ཞུས་ན། ལན་རེ་རང་མིང་གི་དག་ཆ་ཡང་གཏགས་ནོར་ཤོར་འགྲོ་གི དེ་ཡིན་དུས་གསར་འགྱུར་འདི་ལྟ་བུ་ཞིག་འབྲི་དགོས་ན་དཀའ་ལས་དང་གཏགས་ནོར་ཤོར་ནོ་ཁོ་ཐག་རེད།་ཚེ་རིང་རྒྱལ་ཚེ་ཐག་རིང་རྒྱུ་བོ་ཁྱེད་ཚོའི་སྙིང་སྟོབས་དང་སེམས་ཤུགས་ལ་ཁོ་བོས་དུས་རྒྱུན་གུས་བརྩི་བྱེད་བཞིན་ཡོད་ལ། མཆན་བུ་འགའ་རེ་སྣང་མེད་དུ་གཡུགས་ནས་ལས་དོན་རྒྱུན་འཁྱོངས་ལ་བསམ་བློ་གཏོང་རོགས་ཞུ། གལ་སྲིད་ཡིག་ནོར་དང་གཏགས་ནོར་ཁྱོན་ནས་མི་སྲིད་ནི་ཞིག་ཡོད་ཟེར་ན་མདུན་དུ་བུད་དང་ང་ཚོས་སུ་བདེན་བལྟ་དགོས།
བཀུར་འོས་གསར་འགོད་པ་ཚེ་རིང་རྒྱལ་ལགས།
ད་ཡོད་ཚོའི་ནང་ནས། རེ་བ་ཅན་ཁྱོད་ཀྱིས་ཀྱང་ཡིག་ནོར་སྤེལ་སྟངས་འདིར་བློ་ཕམ་ཡོད། གཤམ་གྱི་ཚིག་གྲུབ་འདི་ཚོར་ཞུས་དག་ཅིག་གནང་རོགས།
རྒྱ་དམར་གཞུང་གི་བོད་དུ་འཛིན་པའི་ལྐོག་གཡོ་ངན་ཇུས
བོད་མི་ཡ་གཅིག་དང་འབུམ་གཉིས་ལྷག་རྐྱེན་ལམ་དུ་བཏང་ཡོད
ཏཱ་ལའི་བླ་མ་ནི་ཆོས་ཀྱི་དབུ་ཁྲིད་ཅིག་ཀྱང་ཡིན་པས་ཆ་ནས།
ནུས་པ་ལྡན་པའི་བྱེད་ཐབས་ཞིག་སྤྱད་དེ་རིག་གནས་འདི་མྱུར་སྐྱོབ
མཐར་མཇུག་ཡིད་སྐྱོ་བའི་དོན་དངོས་ཞིག་ཏུ་མངོན་འགྱུར་འབྱུང་མི་སྲིད་པ་མ་རེད།
གྲོས་ཆོལ་དོན་ཚན་བཅུ་བདུན་བཞག་པ་དེ་ནི་མཐའ་གཅིག་ཏུ་གཡོ་སླུ་ཞིག་རེད།
གྲོས་ཆོལ་དོན་ཚན་ ༡༧ བཞག་ཚར་བའི་རྗེས་སུ།
སྐྱི་གཡའ་བའི་སྲིད་ཇུས་ཞིག་ལག་སྟར་བྱེད་མགོ་བརྩམས་ཡོད།
ཧའོ་ཡོ་པང་གིས་བོད་དུ་འཛིན་པའི་སྲིད་ཇུས་དེ་ཡང་དག་པ་ཞིག་ཡིན་པ་ཤེས་རྟོག་བྱུང་།
གསར་འགོད་པ་ལགས།
ཡིག་ནོར་གཅིག་ཀྱང་ཡོང་གི་མ་འཇུག་རོགས། གྲོས་ཆོལ་དོན་ཚན་ ༡༧ཞེས་བྲིས་འདུག ད་དུང་ཡོད་སྲིད། ངས་ཞིབ་བལྟ་བྱས་མེད།
རླབས་ཆེ་པའི་་སྐུ་ཞབས་ཡོན་ཧོང་པེན་ལ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་བཅས་་ཁྱེད་ཀྱིས་རང་སྲོག་ལ་མ་འཛེམ་པར་ང་འཚོ་དགྲ་བོ་ལག་དམར་བསལ་བྱེད་བྱས་པར་ཐུགས་རྗེ་ཆེ་་་་་ཨ་ཨ་ད་་སྲང་མ་དམར་ནག་་ཡུལ་ལྷ་བཞི་བདག་གསོལ་གསོལ་མཆོད་མཆོད་ནས་དེ་རིང་ད་་་དགྲ་བོ་ལག་དམར་ཧའོ་ཅིན་ཐའོ་་ཡིས་ཁ་ནས་ཁྲག་སྐྱུག་མགོ་་བོ་ཐུར་དུ་ནུར་ནས་གསོད་ཤིག་གསོད་ཤིག་རྟིབ་ཤིག་རྟིབ་ཤིག་ད་ལྟ་ཉིད་དུ་མྱུར་བ་ཉིད་དུ་་