༄༅། ། རྒྱ་ཆེ་བའི་བོད་ཀྱི་དུས་བབ་ཀློག་པ་པོ་དང་རྩོམ་ཡིག་སྤེལ་མཁན། ས་གནས་ཁག་ནས་གནས་ཚུལ་དང་གསར་འགྱུར་མཁོ་གཏོང་གནང་མཁན་ཡོངས་ལ་དགོངས་སེལ་དང་སྦྲགས་གསལ་བཤད་ཞུ་རྒྱུར། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་གྱི་དགོང་མོའི་ཆུ་ཚོད་ ༡༡ དང་ཕྱེད་ཀ་ནས་བོད་ཀྱི་དུས་བབ་དྲ་རྒྱའི་ཚོད་འཛིན་མ་ལག་གི་དུས་ཡུན་ཕར་འགྱང་གི་དབང་གིས་དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ བར། ཁྱོན་ཆུ་ཚོད་ ༦༠ རིང་གསར་འགྱུར་དང་རྩོམ་ཡིག་གཅིག་ཀྱང་སྤེལ་མ་ཐུབ་སྟབས། འདི་གར་འབྱོར་བའི་གལ་ཆེའི་གསར་འགྱུར་དང་། རིན་ཐང་ཅན་གྱི་རྩོམ་ཡིག་ཧ་ཅང་མང་པོ་ཞིག་དུས་ལྟར་ཀློག་པ་པོ་དག་གི་སྤྱན་སྔར་བསྟར་མ་ཐུབ་པར་དགོངས་སེལ་ཞུ་རྒྱུ་ཡིན།
ད་ལྟ་བསྐྱར་དུ་དུས་བབ་དྲ་ལམ་ཤར་གཏོང་བྱ་ཐུབ་ཡོད་སྟབས། དུས་རྒྱུན་བོད་ཀྱི་དུས་བབ་དྲ་ཤོག་གཉིས་ལ་བརྩེ་ཞེན་ཟབ་ཅིང་། མིག་རྒྱ་ཡངས་པའི་སྙིང་ཉེ་བའི་ཀློག་པ་པོ་ཡོངས་ཀྱིས་སྔར་རྒྱུན་བཞིན་དུས་བབ་ཀྱི་གསར་འགྱུར་དང་རྩོམ་ཡིག་ཁག་ལ་མཉམ་སྤྱོད་གནང་རྒྱུ་དང་། ལྷག་པར་དུ “བོད་
དུས་བབ་རྩོམ་སྒྲིག་པས།
མཆན་བྲི་རྒྱུ་ཕྱིས་རང་དྲག་སོང་ཡང་དགོངས་དག
ཁ་སྔོན་དུས་བབ་ཁ་ཕྱེ་ཐབས་གང་མང་བྱས་ཀྱང་ཕྱེ་མ་ཐུབ་སྟབས། རང་ཉིད་ཀྱི་གློག་ཀླད་ཀྱི་སྐྱོན་རེད་སྙམ་བྱུང། གང་ལྟར་ཁྱེད་རྣམས་པས་སྒོར་མོ་སྒོར་དོག་ཅིག་གི་ཡོང་སྒོ་མེད་ཀྱང་། ཀློག་པ་པོ་དང་མཆན་འདེབས་པ་ཟིན་བྲིས་པ་ཡོངས་ལ་ཞབས་འདེགས་ཡག་ཐག་ཆོད་ཞུས་གནང་བ་དེར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་རང་ཡིན།
དེར་བཀའ་དྲིན་ཆེ་ཞུ།
དྲ་རྒྱ་དེ་ནི་ཤིན་ཏུ་ལེགས།
དུས་བབ་མེད་པའི་དུས་ཚོད་དེ་དག ང་ལ་མཚོན་ལ་འགྲོ་ས་འདུག་ས་མེད་པའི་ཚོར་སྣང་ཞིག་ངང་གིས་སླེབས་ཀྱིན་འདུག བསྐྱར་དུ་སྒོ་ཕྱེ་ཐུབ་པར་ཐུགས་རྗེ་ཆེ།
དུས་བབ་ཚང་མེད་ཉིན་ནས་ཅི་ཞིག་མ་ཚང་པའི་ཚོལ་སྣང་ཞིག་ངང་གིས་ཡོང་གིན་འདུག
ངོ་མ་དགོད་བྱེད་རེད།ང་ལྟ་བུ་ལ་དུས་བབ་ཐོག་ཕན་ཐོག་པའི་བསམ་ཚུལ་ཞིག་བཤད་རྒྱུ་མེད་ཅིང་། དུས་བབ་ཚང་མེད་ན་དྲ་འབུ་ཆུང་ཆུང་ང་འདུག་མི་ཐུབ་པ་ཞིག་རེད།
དེའི་ན་སྩོམ་པ་པོ་དང་དཔྱོད་ལྡན་དག་ལ་ཚུ་ཚོད་༦༠་རྒྱུན་རིང་ཡོད་རྒྱུ་རེད་ཡ
ངོ་མ་བཀའ་དྲིན་ཆེ་དུས་བབ་ཚང་གི་ལས་མི་ཡོད་དོ་ཅོག
དྲ་རྒྱ་ལ་བར་ཆད་བྱུང་བ་དེས་སེམས་ལ་ཞེད་སྣང་ཆེན་པོ་ཞེ་དྲག་བྱུང་་་་་བསྐྱར་དུ་མཇལ་བ་ལ་དགའ་བསུ་དང་དྲ་རྒྱ་ལས་ཁུང་གི་ལས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་་་་་་་་་་་་་་་་་་་་་
ཨོ་་་ད་སྐྱིད་པོ་ཞིག་རེད། དཀའ་དྲིན་ཆེ་རྩོམ་སྒྲིག་པ་ལགས། ཉིན་འདི་འགའི་རིང་སེམས་ཁྲལ་ཆེན་པོ་སྐྱེས་སོང་། གང་ལྟར་སེམས་གཏིང་ནས་དགའ་བསུ་ཡོད།
རྨོག་རུ་བསྟན་པ་ལགས་ཀྱིས་ང་ལ་ཚོགས་གཏམ་བཏང་ཡང་རུང་ལ། གཞན་ལ་ཁངས་ར་བྱས་ཀྱང་ཆོག གང་ལྟར་ཆུ་ཚོད་དྲུག་ཅུའི་རིང་སྒོ་རྒྱག་དགོས་བྱུང་བར་བཟོད་གསོལ་ཞུ་རྒྱུ་ཡིན།
ལྷོ་ཕྱོགས་ཉི་ཟླ་ལགས་ཀྱི་རེ་འདུན་ལྟར། ད་ལྟ་གྲོས་ཚོགས་ནང་༧གོང་ས་མཆོག་གི་བགྲེས་ཡོལ་ཙམ་མ་ཡིན་པར་ལོ་ངོ་བཞི་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་དགའ་ལྡན་ཕོ་བྲང་གཞུང་གི་ཆབ་སྲིད་ཀྱི་འགན་དབང་མཚམས་འཇོག་དགོས་མིན་སྐོར་ལ་བགྲོ་གླེང་འགྲོ་བཞིན་ཡོད་སྟབས། གང་ནུས་ཅི་འཇོན་གྱིས་དེའི་སྐོར་གྱི་གནས་ཚུལ་ཁྱེད་ཅག་གི་སྤྱན་ལམ་དུ་བསྟར་ཐབས་ཞུ་ངེས་ཡིན།
ཉེ་སྔོན་ཉིན་ཤས་རིང་དུས་བབ་ཀྱི་སྒོ་འབྱེད་མི་ཐུབ་པས། ང་ཧ་ཅང་སྐྲག་པའི་བློ་འཚུབ་བྱུང་། འདི་སྤྱི་ཚོགས་ཤིག་ལ་མཚོན་ན་ཧ་ཅང་མཁོ་བའི་སྲོག་རྩ་ལྟ་བུ་ཡིན་ལ། ལས་འགུལ་གྱི་ཆ་ནས་ཀྱང་རླབས་ཆེ་བའི་ལས་འགུལ་ཞིག་ཡིན་པས། རྗེས་ཕྱོགས་མུ་འཐུད་དེ་སྤེལ་བར་ཐུགས་རྗེས་གཟིགས་པར་ཞུ་ཞུ།
I am happy for ད་ལྟ་བསྐྱར་དུ་དུས་བབ་དྲ་ལམ་ཤར་གཏོང་བྱ་ཐུབ་ཡོད་པ།
Thank you guys!
དྲ་བདག་ལགས་སུ་ཡང་བསྐྱར་ཞུ་རྒྱུ། མདུན་དངོས་ཀྱི་བསམ་ཚུལ་བསྡུ་ལེན་གྱི་འདེམས་ཁའི་ནང་དུ་ད་དུང་། ཁྱེད་ལ་༸གོང་ས་མཆོག་གི་དགོངས་ཚུལ་ལྟར་ཐག་གཅོད་བྱེད་རྒྱུར་འཐད་པ་ཡོད་དམ། ཟེར་བ་ལྟ་བུའི་འདེམས་ཁ་ཞིག་ཀྱང་དགོས་པར་འདོད་པས་དགོངས་འཇག་ཞུ།
བོད་ཀྱི་དུས་བབ་མེད་པའི་ཉིན་མཚན་འདི་དག ངས་ཕ་ཡུལ་རྒྱང་ཐག་རིང་བ་དྲན་པའི་དུས་ཚོད་ཅིག་རེད་ལ། བོད་ཀྱི་དུས་བབ་མེད་པའི་ཉིན་མཚན་འདི་དག ངས་རང་ཉིད་མི་ལུང་པར་ཁེ་རྐྱང་ཡིན་པ་ཚོར་བའི་སྐབས་ཤིག་རེད། བོད་ཀྱི་དུས་བབ་ཤོར་བའི་ཉིན་མོ་རྒྱལ་ཁབ་དང་གཞིས་ཁྱིམ་མེད་པའི་ང་དང་ང་ལྟ་བུ་དག་གི་གནས་ཚང་དྲོན་མོ་དེ་ཡང་ཤོར་ཟིན་པ་ཚོར་སོང་།
བོད་ཀྱི་དུས་བབ་བསྐྱར་དུ་ཤར་གཏོང་བྱས་པར་སྙིང་ཁུང་རུས་པའི་སྟེང་ནས་དགའ་བསུ་ཞུ་རྒྱུ་ཡིན་ལ། བོད་ཀྱི་དུས་བབ་ཀྱི་ལས་བྱེད་དང་གསར་འགོད་པ་རྣམ་པས་ངེད་ཀློག་པ་པོ་དག་གི་ཆེད་དུ་སྐུ་ངལ་སྐྱོན་གྱི་ཡོད་པར་སྙིང་ཁུང་ནས་
བརྩེ་ལྡན་གྱིས་གྲོགས་པོ་ཞིག་དང་བྲལ་བ་ཇི་བཞིན་ཉིན་འགའ་ཞིག་སོང་ཡང་ད་རིང་སླར་ཡང་མཇལ་ཐུབ་པ་དེ་ནི་ལས་བྱེད་དམ་པ་རྣམས་ཀྱིས་དྲིན་ཡིན་པའི་ཐུགས་རྗེ་ཆེ་ཞུ།
དུས་བབ་བར་ཆད་ལས་གྲོལ་བ་སྙིང་ནས་དགའ་བཞིན་སྤྲོ་བཞིན་ཡོད་ལ། ཕྱིས་སུ་ཡང་དུས་བབ་་འདི་ཇི་སྲིད་བར་དུ་གནས་པར་སྨོན་འདུན་དང་། དུས་བབ་ཀྱི་གཙོ་འགན་བཞེས་མཁན་དང་ད་ལྟའི་བར་དུ་དུས་བབ་འདི་གསོན་དུ་འཇུག་མཁན་གང་ན་སུ་ཡོད་པའི་བོད་རིགས་སྤུན་ཟླ་དག་ལ་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
ཐོག་མར་དུས་བབ་ཀྱི་དུས་ཚོད་ཕར་འགྱང་བྱས་ནས་ཏག་ཏག་བཟོས་པར་དགའ་བསུ་ཞུ།
གཉིས་ཆུ་ཚོད་༦༠་ལྷག་རིང་དུས་བབ་བལྟ་ཀློག་མ་བྱུང་བས་སེམས་ཁྲལ་གང་མང་བྱས་ཡིན། སྤྱིར་བཏང་དུས་བབ་ལ་དུས་ལྟར་ཁ་གཏོང་མཁན་དག་གིས་ཀྱང་དུས་བབ་མེད་དུས་ཅི་ཞིག་བོར་སོང་བ་དང་མཚུངས་པ་ཁ་སང་གིས་ར་སྤྲོད་བྱས་སོང་། ད་ནི་མུ་མཐུད་ནས་དུས་བབ་ཀྱི་རླུང་རྟ་ཞིང་རྩོམ་སྒྲིག་པ་ཚོའི་ལས་དོན་དང་བསམ་དོན་འགྲུབ་པའི་སྨོན་འདུན་ཞུ་ཞུ།
ཁ་སང་དེ་རིང་ཁོ་བོ་ལ་ལས་བྲེལ་ཆེ་ཡང་དེ་རིང་ཕྱིར་ནང་དུ་ཡོང་ནས་དུས་བབ་དྲ་སྒོ་འབྱེད་ཐུབ་པས་དགའ་སོང་།
མཁྱེན་ཡངས་དོན་འགྲུབ་བཀྲ་ཤིས་ལགས།
ཁྱེད་ནས་ངོས་ཀྱིས་རེ་བསྐུལ་ཞུས་པར་ལ་མོར་བཀའ་ལན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད།
ཁྱེད་ནས་ངོས་ཀྱི་རེ་འདུན་ཞུས་པ་ཁག་ལ་ཐུགས་བཞེས་ཀྱིས་རེ་འདུན་བསྒྲུབ་རྒྱུའི་ཞལ་བཞེས་གནང་བ་ལ་དེ་བས་ཀྱང་ཐུགས་རྗེ་ཆེ།
ཆུང་འདྲི་བྱམས་པ་ལས་ཀྱང་ལྷག་པའི་ང་ཡི་སེམས་ལ་བདེ་སྐྱིད་གཏེར་བ་པོ་དུས་བབས་ཁྱེད་ཉིད་ཡུན་ནས་ཡུན་དུ་སྐུ་ཚེ་བརྟན་ཞིང་ལང་ཚོའི་འོད་སྣང་ཀུན་ཏུ་གཡོ་སྟེ་དུས་བབས་ཀྱི་མཆེད་དང་གྲོགས་པོ་རྣམས་ཀྱི་ཡིད་ཀྱི་བརྟན་པ་ཀུན་གཅིག་ཏུ་འཕྲོག་སྟེ།
ངེད་ཅག་ཀུན་ལ་དགའ་ལ་སྟོན་བརྒྱ་མཐོང་ཞིང།
སྐྱིད་ལ་ལོ་བརྒྱ་མཐོང་བའི་སྨོན་འདུན་བཟང་པོས་བརྒྱན་ཏེ་ཕུལ་ལོ།
བཀྲིས་བདེ་ལེགས་དུས་བབ་ལགས་ངས་བསམ་པ་ཁྱེད་རང་ཡང་ལོ་གསར་པའི་ནང་ཕྱི་རྒྱལ་ཞིག་ནང་ཕྱིན་ཚར་བ་རེད་བསམ་ནས་གྲོག་མེད་ཁེར་རྐྱང་ཞིག་གི་ཚོར་བ་བྱུང། སླར་ཡར་ཁྱེད་རང་མཇལ་བ་དགའ་སྤྲོ་ཆེ།
བཀུར་འོས་བའི་དྲ་བདག་ལགས།
དེ་རིང་བོད་ཀྱི་དུས་བབ་དྲ་ཚིགས་བསྐྱར་དུ་ཕྱེ་ཐུབ་པ་ཐུགས་རྗེ་ཆེ།
སྐབས་བབ་ཀྱི་གནས་ཚུལ་ནི་ལོ་རྒྱུས་ཁྲོད་ནས་ཛ་དྲག་གི་སྐྱོག་མཚམས་ཆེ་ཞིག་ཡིན་སྟབས༸གོང་ས་མཆོག་གིས་བཀའ་དགོངས་དེ་ལེན་ཐུབ་དང་མི་ཐུབ་མི་མང་གི་བསམ་ཚུལ་ལ་རག་ལས་བས་དྲ་ཚིགས་འདི་ཡང་མི་མང་གི་བསམ་ཚུལ་གྱི་དོ་ར་ངོ་མ་ཞིག་ཡིན་པས་དུས་ཐོག་ཏུ་གསར་འགྱུར་མུ་མཐུད་དུ་གཏོང་རོགས་ཞུ་ཞུ།
དྲ་བདག་ལགས།དྲ་ཁང་ཞིག་གི་གློག་ཀླད་ཚང་མའི་ནང་འཛུལ་ཀྱང་དུས་བབ་སྒོ་ཕྱེས་མ་ཐུབ་པས་ངས་ནི་དྲ་བདག་ལ་ཚོགས་གཏམ་བཏང་བ་ཡིན།
དེ་རིང་དགོང་དྲོ་དྲ་བདག་གིས་དུས་བབ་སྒོ་ཕྱེས་མ་ཐུབ་པ་ངའི་སྐྱོན་མ་རེད།ཁོང་ཚོའི་སྐྱོན་རེད་ཅེས་གསལ་བཤད་གནང་སོང་བས་ངས་ཁོང་ལ་དགོངས་དག་ཞུས་པ་ཡིན།
དྲ་གྲོགས་མངའ་རིས་བུ་ལགས།
ཉིན་འདི་གར་ཁྱེད་ཅག་ལ་སུན་སྣང་དང་རེ་ལྟོས་ཀྱི་དཀའ་ངལ་བྱུང་ཡོད་ཀྱང་། ངེད་ཅག་གིས་ཀྱང་ཁྱེད་ཀློག་པ་པོ་དག་གི་ཆེད་དུ་སེམས་ངལ་ཆེ་ཙམ་བྱུང་། འདས་པའི་ཆུ་ཚོད་དྲུག་ཅུའི་རིང་ཁ་པར་བརྒྱ་ཕྲག་མང་པོ་འབྱོར་སོང་ལ། ཁ་པར་གྱི་འབོད་བརྡ་གྲགས་ཐེངས་རེ་ལ་སེམས་ཀྱི་གཏིང་ས་ཞིག་ནས་བྲེལ་ཤ་ལངས་ཤིང་། མགོ་བོའི་སྤྱི་གཙུག་གསེང་ནས་ཟུག་གཟེར་རྒྱག་གི
སྐད་ཡིག་གཞན་པའི་སྟེང་གི་གནས་ཚུལ་དང་གསམ་ཚུལ་རིགས་བོད་བསྒྱུར་བྱས་ཏེ། དྲ་ཐོག་ཏུ་གཏོང་རྒྱུར་འདི་ག་ལས་ཁུངས་ཀྱིས་སྔར་ལས་ཤུགས་ཆེ་རུ་གཏོང་བཞིན་ཡོད།
དུས་བབ་བལྟ་ཀློག་བྱ་རྒྱུ་བྱུང་བས་ཧ་ཅང་སྐྱིད་དོ།
དུས་བབ་ལགས་འདས་ལོག་ཏུ་ཕེབས་པར་དགའ་བསུ་ཞུ།
ངོས་ནས་དུས་བབ་སྒོ་ཕྱེ་ཐུབ་མི་ཐུབ་ཉིན་ལྟར་ལྟས་པ་ཡིན།
འོན་ཀྱང་དུས་ཚོད་དེ་ཡི་རིང་ནི་ཆེས་རིང་པའི་དུས་ཚོད་ཞིག་དང་རང་སེམས་སྟོང་སངས་སུ་ལྷང་ངེར་ལུས་པ་ལྟ་བུའི་ཚོར་བ་བྱུང།
དུས་བབ་དྲ་བདག་ལ་ཆེད་དུ་འབོད་བསྐུལ་ཞུ་དོན།
དེང་དུས་རབས་གསར་པའི་ནང་གླིང་ཕན་ཚུན་ནང་དུ་ཅི་ཡོད་ཅི་བྱུང་ལས་སོགས་གནས་ཚུལ་རྣམས་སྐར་ཆ་ནས་སྐར་ཆའི་བར་གྱི་གནས་ཚུལ་ལེགས་ཉེས་རྣམས་དུས་ནས་དུས་སུ་མཐོང་ཐོས་སུ་གྱུར་དང་འགྱུར་བཞིན་པའི་སྐབས་ཡིན་མོད།
འོན་ཀྱང་དེ་དག་གི་གནས་ཚུལ་རྣམས་སྐད་ཡིག་གཞན་དུ་བཞུགས་པར་བརྟེན།
བོད་སྐད་ཡིག་གཅིག་པོ་ལས་མི་ཤེས་མཁན་དང་བོད་སྐད་གཅིག་པོ་ལས་མི་གོ་མཁན་ཤིན་ཏུ་མང་བས་དེས་ན་ཁྱེད་རྣམས་ནས་ཀྱང་དེ་ལྟ་བུའི་སྐར་ཆ་ནས་སྐར་ཆའི་བར་གྱི་གནས་ཚུལ་མ་བྱུང་ནའང་ཉིན་རེའམ་ཉིན་གཉིས་རེའི་གནས་ཚུལ་ཡ་མཚན་ཅན་དང་ངོ་མཚར་ཅན་དང་སྐྱི་གཡའ་བའི་གནས་ཚུལ་རིགས་དུས་ནས་དུས་སུ་བསྒྲགས་ཐུབ་ན་ཤིན་ཏུ་ནས་དགེ་མཚན་ཆེ།
འོན་ཀྱང་ཁྱེད་རྣམས་ལ་དཀའ་ཚེགས་ཡོད་པ་དངོས་བདེན་ཡིན་པར་ཤེས་ཀྱིན་ཡོད།
རྟག་ཏུ་བོད་དང་རྒྱ་ནག་གཅིག་པོའི་གནས་ཚུལ་བཤད་པས་ན་རྒྱ་ནག་གི་གསར་འགྱུར་དང་ཆེས་མཚུངས་པར་མཐོང་ངོ།
དྲ་གྲོགས་འདྲེ་མེ་འབུད་ལགས་ཀྱིས་དགོངས་འཆར་གསུངས་པར་བརྒྱ་ཆའི་བརྒྱ་ངོས་ལེན་ཞུ་རྒྱུ་མ་ཟད། མ་འོངས་པར་ཡར་རྒྱས་དང་དྲ་ལམ་ནས་བྱ་འགུལ་འདྲ་མིན་སྤེལ་རྒྱུར་ཡང་བསམ་བློ་གཏོང་ངེས་ཡིན། དྲ་རྒྱ་དང་ཚགས་པར་སོགས་ཀྱིས་རྩོམ་པ་པོ་དང་ཀློག་པ་པོར་བསྒུག་རྒྱུ་ནི། དེང་གི་བརྒྱུད་ལམ་སྤྱིའི་ལས་འགན་ཡིན་ལ་དམིགས་ཡུལ་ཡང་ཡིན།
འོན་ཀྱང་། ཉིད་ཀྱིས་གསུངས་པ་ལྟར་བརྒྱུད་ལམ་དེའི་རྩོམ་སྒྲིག་པ་དང་དོ་དམ་པས་རང་ཉིད་ལ་འགན་ཞིག་ཡོད་པ་གཏིང་བརྗེད་དུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་རང་ཉིད་ཀྱི་བརྒྱུད་ལམ་ཐོག་རང་ཉིད་ཀྱི་བསམ་ཚུལ་དང་རྩོམ་ཡིག་ཁོ་ནས་ཁེངས་པར་བྱས་ཏེ། སྤྱི་བའི་བརྒྱུད་ལམ་སྒེར་གཅོད་བྱེད་ཀྱི་འདུག་ཟེར་བའི་གསལ་འདེབས་དེ་ནི་ཧ་ཅང་གནད་དུ་འཁེལ་བའི་སྐད་ཆར་མད་དོ། །
དྲ་བདག་ལ་ཡར་ཞུ། ༸གོང་ས་མཆོག་གི་རྒན་ཡོལ་གནང་རྒྱུའི་དགོངས་འཆར་རླབས་པོ་ཆེ་ལ་བསམ་ཚུལ་ཅི་ཡོད་ཡང་བསྐྱར་བསྡུ་ལེན་ཞིག་གནང་རོགས། ངས་འདི་གནད་འགག་ཅིག་དང་བོད་ཀྱི་ལོ་སྒྱུས་ཁྲོད་ནས་སྐྱོག་མཚམས་གལ་ཆེན་ཞིག་རེད་འདོད་གི ལྷག་པར་ཁ་སང་གི་བཀའ་སློབ་དེ་གང་ལ་འཇོག་དགོས་རེད།
ལུས་ཀྱི་བར་ཐག་རིང་ཡང་། སེམས་ཀྱི་ཁ་ཐག་ཉེ་བའི་ཀློག་པ་པོ་གཅན་བཟོད་རྒྱམ་དང་སྤེན་རྡོར། ཨརྱ། ཨ་གཙང་གནས་རྒྱམ། ཅོ་རི་ཉི་མ། ཁྱེད་རྣམ་པའི་བསམ་བློའི་རྒྱབ་སྐྱོར་དང་ཐུགས་འཁུར་ནི། བོད་ཀྱི་དུས་བབ་ཀྱི་མདུན་ལམ་ཡིན་ལ། ཁྱེད་རྣམ་པའི་རེ་བ་དང་འཚོལ་སྙེག་ནི་བོད་ཀྱི་དུས་བབ་ཀྱི་ལས་འགན་ཡང་ཡིན་པས། ཡང་བསྐྱར་འུ་ཅག་གི་ཛ་དྲག་འབྲེལ་འདྲིས་ལས། མཛའ་མཐུན་གྱི་ལས་དོན་བསྒྲུབ།
ཡང་བསྐྱར་གསོན་ཐུབ་པ་དེ་ཤིན་ཏུ་ལེགས་པོ་བྱུང་ལ། དེ་ལས་ཀྱང་ཡར་རྒྱས་དང་དྲ་ལམ་གྱི་བྱ་འགུལ་འདྲ་མིན་སྤེལ་རྒྱུ་སོགས་ཀྱང་བསམ་གཞིགས་བྱ་འོས་པར་སྙམ། ད་ལྟ་དྲ་བ་དང་དུས་དེབ། ཚགས་པར་སོགས་རྩོམ་སྒྲིག་ཁང་མང་པོ་ཞིག་གིས་རྩོམ་པ་པོ་དང་ཀློག་པ་པོར་སྒུག་ནས་སྡོད་པ་ལས་རང་ཉིད་ལ་འགན་ཞིག་ཡོད་པ་ཕལ་བརྗེད་ཡོད་པའི་ཚུལ་དུ་འདུག་པས། དུས་དེབ་དང་ཚགས་པར། དྲ་བ་སོགས་སུ་རྩོམ་མང་པོ་རྩོམ་སྒྲིག་པས་འབྲི་བཞིན་པའི་གནད་དོན་ནི་རྩོམ་སྒྲིག་པས་ཀློག་པ་པོ་དང་རྩོམ་པ་པོ་བྱ་བར་གཞོགས་འདེགས་ཀྱི་འགན་མ་ཁུར་མ་ཟད། དེ་དག་སྣང་མེད་དུ་བརྩི་བཀུར་མ་བྱས་པའི་ཆེས་བྱ་སྤྱོད་ཐ་ཤལ་བའི་མཚོན་རྟགས་ཤིག་ཀྱང་རེད། དེའི་ཕྱིར་དྲ་ལམ་འདི་ཡང་དེ་ལྟ་བུ་མི་འགྱུར་བའི་ཕྱིར་དུ་ཀློག་པ་པོས་དོ་སྣང་བྱེད་པའི་ལས་འགུལ་འདྲ་མིན་དྲ་ལམ་ནས་སྤེལ་དགོས་པར་མ་ཟད། དྲ་རྒྱའི་བཟོ་བཀོད་ཀྱི་སྤུས་ཚད་ནས་སྤྲོ་སྣང་གི་ངོ་བོར་ཕྱོགས་ཐུབ་པའི་ཡར་རྒྱས་གཏོང་རྒྱུ་ཡང་འཐུས་ཤོར་མི་རུང་བའི་དུས་ལ་བབ་པའི་ལས་དོན་གལ་
ཆེན་ཞིག་ཏུ་མཐོང་ངོ།།
དུས་བབ་ཚང་གིས་གསལ་བཤད་གནང་བར་བཀའ་དྲིན་ཆེ། ཉིན་གསུམ་གྱི་རིང་དུ་ཐེངས་བརྒྱ་ལས་མང་བ་དུས་བབ་དྲ་རྒྱའི་སྒོ་ཕྱེ་ཨེ་ཐུབ་བལྟས་བསྡད་པ་ཡིན། དུས་བབ་འདི་མེད་ན་རང་ཉིད་ལུང་ཁུག་ཞིག་ཏུ་ལྷག་བསྡད་པའི་ཟོལ་འདྲ་གཅིག་དང་བོད་པའི་སྤྱི་ཚོགས་དང་ཁ་བྲལ་སོང་བསམ་པའི་ཚོར་བ་ཞིག་ངོ་ངོར་ཤུགས་ཀྱི་སླེབས་ཡོང་གི་འདུག
དེ་རིང་ཡག་བསྐྱར་སྒོ་ཕྱེས་ཐུབ་པར་དགའ་པོ་བྱུང་། རྗེས་སུ་འདི་འདྲ་མི་ཡོང་བའི་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡིན། ཤུགས་རྒྱོབས། བོད་རྒྱལ་ཁབ་ཀྱི་ཆེད་དུ། བོད་མིའི་ཚེ་སྲོག་གི་ཆེད་དུ། ང་རང་ཚོའི་ཆེད་དུ། ཡིན་ད།
ཕ་བཟང་གི་བུ་ཚོ།
ཨ་ཨ་ཉི་མ་དང་དུས་ཚོད་དེ་དག་གི་རིང་ལ་དུས་བབ་དྲྭ་ཚིགས་ངོ་མ་དྲན་ཐ། ལྷ་སྲུང་མས་ཐུགས་རྗེས་ཡིན་ན་སྟབས་ལེགས་པས་ཡིན་ན་གང་ལྟར་སླེབས་སོང་བ་བཟང་ཐ། ང་ཐེ་བའི་མི་མང་པོ་ཞིག་གནས་ཚང་བོར་འགྲོན་པོ་བཞིན་འཁྱམ་ཤིང་སྒུག་བཞིན་སྐུད་ལམ་རེ་ན་ཅེས་ཕྱིར་འཚོལ། ད་ཡང་སྐྱིད་སོང་དྲྭ་བདག་ལ་བཀའ་དྲིན་ཆེ་ཞུ།
ད་མྱུར་དུ་གསར་འགྱུར་དགོད་རོགས། ང་ལ་མཚོན་ན་ཆུ་ཚོད་འདི་དག་གི་ཡུན་ལའང་ཧ་ཅང་སུན་སྣང་ཆེ་སོང་།
བོད་ཀྱི་དུས་བབ་ཡང་དང་བསྐྱར་དུ་ཁ་འབྱེད་ཐུབ་བྱས་ཀྱང་། སྔར་བཞིན་མཐོང་མ་ཐུབ་པས་རང་ཉིད་ཁེར་རྐྱང་ཡིན་པའི་སྣང་བ་ཞིག་དང་མཉམ་དུ་རང་ཉིད་བོད་སྤྱི་ཚོགས་དང་བར་ཐག་ཇེ་རིང་དུ་འགྲོ་བཞིན་ཡོད་པའི་ལྟ་བུའི་སུན་སྣང་བན་བུན་ཞིག་ཀྱང་སྐྱེས་སོང་།
ད་གང་ལྟར། བསྐྱར་དུ་སྒོ་འབྱེད་བྱས་པར་དགའ་ནས་ཡོད།
ངར་བ་རེད། གང་ཐུབ་ཅི་ཐུབ་གནང་ནས་ཐབས་ཤེས་གནང་འདུག་ན་བཀའ་དྲིན་ཆེ་ཞུས་པ་ཡིན། འོན་ཀྱང་ངས་ཉིན་འདི་འགར་གཞན་ལ་མཆན་བུ་འདེབས་པ་དང་རང་རྩོམ་སྤེལ་བར་འགོག་རྐྱེན་གང་ཡང་འཕྲd་མ་སོང་སྙམ།