མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགོངས་འཆར་རེ་སྩོལ་རོགས།

བོད་ཀྱི་དུས་བབ།
༢༠༡༡/༠༤/༠༦
Share on FacebookShare on TwitterShare on EmailShare on Whatsapp

གཞིས་བྱེས་བོད་མིས་བརྡ་ཆད་གཏན་འབེབས་དད་དུ་འགྲོ་བཞིན་པའི་ཛ་དྲག་གི་གནས་བབ།།

གླེང་གཞི་སྤེལ་མཁན། ཀཱིཿལུང་ཐུབ་བཟང་ནས།

བོད་གཞིས་བྱེས་དབྱིན་གསུམ་གྱི་བརྡ་ཆད་ཤན་སྦྱར་འདིར་གཟིགས་བདེ་བའི་ཆེད་དུ་རེའུ་མིག་གསུམ་དུ་བཀོད་ཡོད་ལ། རེའུ་མིག་དང་པོར་བཀོད་པ་བོད་ནང་ནས་བསྒྱུར་པའི་མིང་དང་། གཉིས་པ་དབྱིན་ཇིའི་མ་ཡིག་དང་། གསུམ་པ་བཙན་བྱོལ་བོད་གཞུང་ནས་བསྒྱུར་པའི་བརྡ་ཆད་རྣམས་ཡིན།

བཙན་བྱོལ་བོད་གཞུང་གིས་བསྒྱུར་བའི་ ༼ ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད ༽ཞེས་པའི་ཚིག་མཛོད་ནང་། བརྡ་ཆད་སྡེ་ཚན་ལྔ་ཡོད་པའི་ནང་ནས་དང་པོ་འཛིན་སྐྱོང་སྐོར་གྱི་བརྡ་ཆད་གཏན་འབེབས་དག བོད་ནང་ནས་བོད་བསྒྱུར་བྱས་པའི་༼ རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད ༽ ཞེས་པའི་ཚིག་མཛོད་དང་བསྡུར་སྐབས། སྡེ་ཚན་འདིར་དབྱིན་ཚིག་གཅིག་ཏུ་སོང་བའི་མིང་ལྔ་བཅུར་ཉེ་བ་བྱུང་བ་ལས་བོད་གཞིས་བྱེས་བརྡ་ཆད་གཅིག་གྱུར་བྱུང་བ་བཞི་ལྔ་ཙམ་རེད། བརྒྱ་ཆར་བཀུག་ན། གཅིག་གྱུར་བྱུང་བའི་བརྡ་ཆད་ནི་བརྒྱ་ཆ་ ༨ ལྷག་ཙམ་རེད། བརྒྱ་ཆ་ ༩༠ ལྷག་གཅིག་གྱུར་བྱུང་ཐུབ་མེད།  གང་ཞིག་དོན་ལ་མཐུན་དང་གང་རྗོད་བདེ་བ་སོགས་ང་ལ་ལྐོག་གྱུར་ཏུ་སོང་བས་དཔྱོད་ལྡན་དག་གིས་དཔྱད་པར་ཞུ།།

བོད་ནང་ནས་མིང་མཛོད་རྩོམ་སྒྲིག་ཚོགས་ཆུང་གིས་མུ་མཐུད་ནས་ཐ་སྙད་ ༩༠༠༠༠ ལྷག་བོད་བསྒྱུར་བྱས་ཏེ། དེང་ རབས་མིང་མཛོད་བརྗོད་བྱ་སྣ་འཛོམས་ཤིང་རྗོད་བྱེད་སྒྲོས་གཙང་བ་ཞིག་འོང་བའི་རེ་སྨོན་བྱེད་བཞིན་ཡོད་གསུངས། བཙན་བྱོལ་བོད་གཞུང་གིས་ཆེའི་མཐོའི་གཏན་འབེབས་ལྷན་ཚོགས་ཀྱིས་ཐ་སྙད་ཆིག་འབུམ་གྱི་བརྡ་ཆད་བོད་སྒྱུར་གཏན་འབེབས་བྱ་རྒྱུ་ཡིན་གསུངས། བོད་གཞིས་བྱེས་གཉིས་ནས་ལོ་མང་རིང་ལ་དཀའ་ལས་རྒྱབ་པའི་མཐའ་མ་དེར་ཐ་སྙད་ ༡༠༠༠༠༠ བོད་བསྒྱུར་བྱས་པའི་ནང་ཐ་སྙད་ ༩༠༠༠༠ ལྷག་ལྷག་གཅིག་གྱུར་མ་བྱུང་བར་ཁ་ཁར་གྱེས་ན་གང་འདྲ་ཆགས་ཡོང་ངམ།

འདི་ལྟར་མུ་མཐུད་དུ་ཕྱིན་ན་དགེ་སྐྱོན་གང་འདྲ་འབྱུང་སྲིད་དམ། དྲ་གྲོགས་ཚོས་དགོངས་ཚུལ་རེ་གསུང་རོཊ།

 

༼ རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད ༽

དབྱིན་ཡིག་གི་མ་ཡིག

༼ ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད ༽

དང་ལེན།

Accept

ཁས་ལེན་པ། དང་དུ་ལེན་པ། མོས་མཐུན་བྱེད་པ།

ངན་སྡོང་།

Accessory

བྱ་ངན་མཐུན་གྲོགས།      ཟུར་སྣོན་ལག་ཆ།

རྩིས་ཚན། རྩིས་ཁྲ།

Account

རྒྱུ་མཚན་འགྲེལ་བརྗོད། རྩིས་ཁྲ།

ཐོ་ངོས།  རྩིས་དེབ།

Account book

རྩིས་དེབ།

རྩིས་གཉེར།

Accountant

རྩིས་པ།

ཉེས་གཏུག      ཁྲིམས་གཏུག

Accuse; charge

ནག་ཉེས་འཛུགས་པ། སྐྱོན་འཛུགས་པ།

འཁྲབ་ནུས།

Acting

ལས་ཚབ།

གནམ་གྲུ།

airplan

གནམ་གྲུ།

སྲིད་འཛིན།

Administration

འཛིན་སྐྱོང་།

གྲོས་རིམ།

Agenda

གྲོས་གཞི།

ཚོང་ཚབ་པ།

Agent

ངོ་ཚབ།  གསང་བའི་ལས་བྱེད།

མཁའ་ཞབས་མ།

Air hostess

གནམ་འགྲུལ་ཞལ་ཏ་མ།

འཕུར་ཆས།

Aircrm

གནམ་གྲུ།

ཉེན་བརྡ།  ཉེན་བརྡ་གཏོང་ཆས།

Alarm

འགྲོག་འགོ ཉེན་བརྡ་གཏོང་བ།

ཆང་བཅུད།

Alcohol

ཆང་རག

གཅིག་སྡོང་། ཟླ་སྒྲིལ།

Amalgeamate

དངུལ་ཆུ་དང་སྲེ་སྦྱོར་བྱེད་པ། མཉམ་དུ་སྦྱོར་བ།

རློམ་ནུས། དག་ཞུ། རེ་གཏུག

Appeal

ཞུ་འབོད་བྱེད་པ། གོང་ཞུ་བྱེད་པ།

བཟོ་ལྟ། བྱད་བཞིན། ཁོར་ཡུག

Appearance

ཕྱི་ཚུལ། སྣང་ཚུལ།

གཟུ་འཕེན།

Arbitrate

བར་འདུམ་བྱེད་པ། བར་འདུམ་པར་སྤྲོད་པ།

བྲང་རྟགས།

Badege

དཔུང་རྟགས། རྟགས་མ།

དངུལ་ཁང་།

Bank

དངུལ་ཁང་། ངོག ཆུ་འགྲམ། བཀར་འཇུག

ཐོ་བདག

Bank account

དངུལ་ཁང་རྩིས་ཁྲ།

ཆང་སྟོན།

Banquet

གསོལ་སྟོན་རྒྱས་པ།

འགྲོས་ཤད།

Bar

ཆང་ཁང་། བཀག་འགོག ཁྲིམས་རྩོད་པ། ཁྲིམས་ར།

ཤད་ཨང་།

Bar code

གསང་ཐིག

གཞི་ས། རྟེན་གཞི།

Base

མ་སྒར།

ས་འོག་ཁང་བ།

Basement

འོག་ཁང་།

མལ་ཆས།

Bedding

མལ་ཆས། དུད་འགྲོའི་འོག་སྟན།

སྤྱོད་ལམ།

Behaviour

སྤྱོད་ལམ།

ཕན་པ་ཐོབ་ཡུལ།

Benefieiary

ཁེ་ཕན་ཐོབ་མཁན།

ཕན་པ། ཁེ་ཕན།

Benefit

ཁེ་ཕན།

ལེན་འཛིན།

Bill of lading

དོས་འཛིན།

སྐྱེས་ཚད།

Birth rate

སྐྱེ་འཕེལ་གྲང་ཚད།

སྐྱེས་སྐར།

Birth day

སྐྱེས་སྐར།

མངལ་རྟགས།

Birth mark

ཤ་མཚན། ཤ་རྟགས།

སྟོང་ཆ།

Blank

སྟོང་བ། སེམས་སྟོང་བ། ཀླད་སྟོང་།

རྐང་བདག་ལྷན་ཚོགས།

Board of directors

ངེས་སྟོན་ལྷན་རྒྱས།

བུན་འཛིན།

Bond

གན་རྒྱ། གན་འཛིན།

དེབ།  དཔེ་ཆ།

Book

རྩིས་དེབ།

བུམ་འགག

Bottleneck

འགག་དོག་ས། འགོག་རྐྱེན། དམ་བེའི་སྐེ། འགོག་རྐྱེན་བཟོ་བ།

ཟོང་རྟགས།

Brand

ཚོང་རྟགས། ལས་རྟགས།

རིགས།   རྒྱུད།

Breed

རྒྱུད་པ།

རྒྱང་སྒྲོག  རླུང་འཕྲིན།

Broadcast

རྒྱང་སྲིངས་བྱེད་པ།

ནང་སྲིད་ལས་ཁུང་།

Cabinet

བཀའ་ཤག

ཚེས་ཐོ།

Calendar

ལོ་ཐོ།  ཟླ་ཐོ།༌

སྒར་འདེབ།  རི་སྒར།

Camp

སྒར།

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 5

  1. བཀྲ་ཤིས། says:
    ལོ་ 14 སྔོན།

    སྙིང་རྗེ། རྡ་རམ་ས་ནས་ཨ་ཙཱརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་ཚིག་མཛོད་རྙིང་པ་ཁག་ལ་པདེ་བྱས་ནས་ཅིག་བྲིས་འདུག མ་གཞི་འགྲིག་གི་རེད་དཔེ་བྱས་ན་གཅིག་གྱུར་ལ་ཕན་ནི་རེད་མོ། སྒོར་མོ་འཕྲོ་བརླགས་མ་གཏོགས་དོན་དག་ཨེ་ཡོད་ན། ༼༼ནང་སྲིད་ལས་ཁུང་།
    Cabinet བཀའ་ཤག༽༽འདི་ལ་བལྟས་ན་ཤེས་ནི་ཟིག་རེད་མོ། བཀའ་ཤག་ལབ་ན་ས་ཆ་ཀྱོག་ཀྱོག་ཅིག་གི་སྐད་ཆ་རེད་པ།

    Reply
  2. སྟག་ཕྲུག says:
    ལོ་ 15 སྔོན།

    འདི་དོན་ཆེན་ཞིག་རེད། གཏན་འབེབ་ཟིན་པའི་བརྡ་ཆད་གསར་པ་བརྒྱ་ཆ་དགུ་བཅུ་ཙམ་གཅིག་གྱུར་བྱུང་མེད་པ་འདིས་བོད་ཕྱི་ནང་གཉིས་ཀྱི་མཁས་དབང་རྣམ་པའི་རིག་གཞུང་གོམ་འདྲིས་མི་འདྲ་བ་བྱུང་ཡོད་པ་མཚོན་གྱི་ཡོད་ལ། ལྷག་པར་དུ་འདིས་སྟོང་ཆ་ཞིག་བསྟན་པ་ནི་བོད་ཕྱི་ནང་གི་མཁས་དབང་རྣམ་པར་ཐུན་མོང་གི་བཤད་སྟེགས་ཤིག་མེད་སྟབས་ཕན་ཚུན་བསམ་ཚུལ་བརྗེ་ལེན་བྱེད་མ་ཐུབ་པ་དེ་རེད། དེས་ན་ངེས་པར་དུ་བོད་ཕྱི་ནང་གི་མཁས་དབང་ལོ་ཙཱ་བ་དག་གིས་བསམ་ཚུལ་བརྗེ་རིས་དང་བརྡ་ཆད་གསར་པ་གཏན་ལ་འབབ་རྒྱུའི་སྔོན་འགྲོའི་བརྡ་ཆད་དག་མཉམ་དུ་སྤུང་སའི་དྲ་བའི་བཤད་སྟེགས་ཤིག་བསྐྲུན་དགོས་པ་འདི་རེད།

    Reply
  3. མི་རབས་གསར་པ་ says:
    ལོ་ 15 སྔོན།

    འབད་རྩོན་བྱས་ན་གྲུབ་འབྲས་བསང་པོ་ཡོད་རེད་
    ཕ་བཟང་བུ་ཤུགས་བརྒྱག་ཤོག།

    Reply
  4. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    གོང་གི་བོད་འགྱུར་གཉིས་ཀ་བཤིབ་སྡུར་བྱས་པ་ན་རྒྱུ་མཚན་གཉིས་ཀྱི་སྒོ་ནས་བོད་ནང་གི་འགྱུར་དེ་ལ་མོས་མཐུན་མང་བ་འདུག
    དང་པོ་ནི་འགྱུར་གྱི་ཚིག་འབྲུ་རང་ལ་བསམ་ན་དོན་འདུས་པ་དང་གནད་དུ་ཁེལ་བའི་ཕྱོགས་ནས་བོད་ནང་གི་འགྱུར་དེ་ལ་བཟང་བའི་ཆ་མང་དུ་མཐོང་།
    གཉིས་པ་ནི་དགོས་པའི་དབང་གི་ཀྱང་བོད་ནང་གི་དེ་ལ་བསྟུན་དགོས་ཏེ་བོད་པ་རྒྱ་ཆ་དགུ་བཅུ་བོད་ནང་དུ་ཡོད་པས་སྐད་ཡིག་གཅིག་གྱུར་ལ་ངོ་མ་བསམ་ན་ང་ཚོས་ཁོང་ཚོ་ལ་བསྟུན་དགོས་པ་ཡིན། གོང་གི་དེ་དག་ལས་བོད་ནང་གི་འགྱུར་དེ་དག་གིས་མ་འཐུས་པར་ངེས་པར་དུ་ཚིག་གསར་བ་ཞིག་བཟོ་དགོས་པར་བསམ་འགའ་ཤས་ཤིག་ལས་མ་མཐོང་།

    Reply
  5. དབྱངས་ཅན་སྒྲོལ་མ། says:
    ལོ་ 15 སྔོན།

    དེ་ལ་སྐྱོན་ནི་མ་རེད་གང་ལྟར་གཉིས་ག་བོད་སྐད་རེད་མོས།
    འབད་རྩོན་བྱས་ན་གྲུབ་འབྲས་བཟང་བོ་ཞིག་ཡོད་ནི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese