དམག་འཐབ་གྲ་སྒྲིག་གི་ལས་དོན་ཚད་མཐོན་པོར་བཟུང་སྟེ། “ཐེ་ཕིན་ཅིན་མཱ” ཡི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུ་ནི་ང་ཚོས་འོས་འགན་གཙོ་བོ་ཡིན་ཟེར།
ཕྱི་ཚེས་ ༡༢ ཉིན་ཐེ་ཝན་གྱིས་རང་གི་མཁའ་དམག་ས་ཚིགས་སུ་རྒྱ་ནག་གིས་གཏོར་རྒོལ་བྱས་པའི་རྟོག་འཆར་རང་བཞིན་གྱི་དམག་སྦྱོང་ཞིག་བྱས་ཏེ། དམག་འཐབ་འཕུར་གྲུ་F-16 རྟགས་ཅན་དང་། 2000-5 དང་ IDF རྟགས་ཅན་གྱི་འཕུར་གྲུ་ ༦ ཙམ་ཐེ་ཝན་ལྷོ་ཕྱོགས་ཁུལ་གྱི་མཱ་ཏིག་མྱུར་བགྲོད་གཞུང་ལམ་ཐོག་ཚོད་ལྟ་བྱས་ཤིང་། ད་དུང་ OH-58Dདང་ཅན་དང་། CH-47། AH-1W རྟགས་ཅན་གྱི་གྱེན་འཕུར་དམག་འཐབ་གནམ་གྲུ་དང་། འཕུར་མདེལ་སྣ་ཚོགས་སྦྱོང་བརྡར་ཐད་མཁའ་དམག་ ༡༣༠༠ ལྷག་མཉམ་ཞུགས་བྱས་ཡོད་འདུག དམག་སྦྱོང་དེ་ནི་མ་འོངས་པར་ཐེ་ཝན་དང་རྒྱ་ནག་བར་འཁྲིག་འཛིང་བྱུང་སྐབས། འཕུར་སྐྱོད་དམག་དཔུང་དང་སྐམ་སའི་དམག་གིས་རྒྱ་ནག་གི་མཁའ་དམག་ལ་གདོང་ལེན་བྱེད་ཐབས་ལ་གྲ་སྒྲིག་བྱས་པ་ཞིག་ཡིན་འདུག
དམག་སྦྱོང་ལེགས་འགྲུབ་བྱུང་རྗེས། ཐེ་ཝན་མཁའ་དམག་གི་རུ་དཔོན་ཧྥན་ཀུང་ཞའོ་ཡིས་བརྗོད་དོན། ཐེངས་འདིའི་དམག་སྦྱོང་ནི་ཐེ་ཝན་རྒྱལ་སྲུང་སྡེ་ཁག་དང་འགྲིམ་འགྲུལ་སྡེ་ཁག ནང་སྲིད་སྡེ་ཁག ཐེ་ནན་གྲོང་ཁྱེར་སྲིད་གཞུང་སོགས་ཀྱིས་མཉམ་འབྲེལ་ཐོག་སྤེལ་བ་ཞིག་ཡིན་ལ། དམག་སྦྱོང་འདིས་ཐེ་ཝན་རྒྱལ་དམངས་ལ་དམག་འཐབ་འཕུར་གྲུ་མྱུར་བགྲོད་གཞུང་ལམ་སྟེང་ཐོག་མར་འབབ་དུས་ཀྱི་སེམས་ཚོར་དང་། རྒྱལ་སྲུང་གི་འདུ་ཤེས་ཁྱབ་སྤེལ་ཐད་སྐུལ་མ་ཆེན་པོ་ཐེབས་ཡོད། ཅེས་དང་། ཁོང་གིས་མུ་མཐུད་དུ་བརྗོད་དོན། ང་ཚོ་དམག་མི་ཞིག་གི་ངོས་ཐད་ནས། “ཐེ་ཕིན་ཅིན་མཱ” ཡི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུ་ནི་འོས་འགན་གཙོ་བོ་ཡིན་པས། མ་འོངས་པའི་དམག་འཐབ་གྲ་སྒྲིག་གི་ལས་དོན་ཚད་མཐོན་པོར་བཟུང་སྟེ། རྒྱལ་ཁབ་དང་མི་དམངས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱ་རྒྱུ་ཡིན། ཞེས་བརྗོད་འདུག
གཞན་ཡང་། ཐེ་ཝན་དམག་དོན་ཆེད་མཁས་པ་དག་གིས་ཀྱང་། ཐེངས་འདིས་དམག་སྦྱོང་གིས་ཐེ་ཝན་མི་དམངས་ལ་རྒྱལ་ཁབ་ཀྱི་འཐབ་ཇུས་ལངས་ཕྱོགས་གསལ་སྟོན་བྱས་ཡོད་པ་དང་། དམག་སྦྱོང་གི་ཆབ་སྲིད་དོན་སྙིང་ནི་དམག་དོན་དོན་སྙིང་ལས་ཆེས་ཆེར་བརྒལ་ཡོད་སྐོར་བརྗོད་ཡོད།
“ཐེ་ཕིན་ཅིན་མཱ” ཞེས་པ་དེ་ནི། ཐེ་ཝན་དང་ཕིན་ཧའོ། ཅིན་མིན། མཱ་ཙུའུ་བཞི་སྟེ། ཕྱི་ལོ་ ༢༠༠༢ ལོ་ནས་བཟུང་མཉམ་འབྲེལ་རྒྱལ་ཚོགས་ཚོང་དོན་སྒྲིག་འཛུགས་ནང་འཛུལ་ཞུགས་བྱེད་མཁན་ཐེ་ཝན་ནམ་ཀྲུང་ཧྭ་ཐེ་པའེ་རུ་འབོད་པ་དེའི་སྐམ་མཚོ་མཁའ་གསུམ་གྱི་ཁྱབ་ཁོངས་ཡོངས་ལ་ཟེར་བཞིན་ཡོད་འདུག
གསར་འགོད་པ། ཚེ་རིང་རྒྱལ།
ཐེ་ཝན་གྱི་དམག་སྦྱངས་འདིས་གང་ལ་གང་འཚམ་གྱིས་ཕན་ཐོག་ཡོད་སྲིད་པ་རེད། ཕྱིར་རྒྱ་གཞུང་གི་སྟོབས་ཤུགས་དང་། གོ་སྐབས། བཙན་གནོད། མགོ་སྐོར། སོགས་ལ་བརྟེན་ནས་ལུང་པ་གཞན་དང་འབྲེལ་བ་འཛིན་པ་ལས། དུང་སེམས་དང་ཕན་ཚུན་གཉིས་ཕན་ལ་རིགས་ལ་དགའ་བོ་གཞི་ནས་མེད་པས་སྲིད་གཞུང་ཞིག་ཡིན། དེས་ན་ནམ་རྒྱུན་རང་ནུས་གང་ཡོད་ཀྱི་སྒོ་ནས་ངོ་རྒོལ་བྱེད་རྒྱུ་འདི་ཧ་གལ་ཆེ། དེ་མིན་འཚེ་མེད་ཞི་བ་དང་། ཕན་ཚུན་གཉིས་ཕན། ལམ་དབུ་སོགས་ཀྱི་སྒོ་ནས་དྲོལ་མོལ་བྱས་ན། གྲུབ་འབྲས་ཅི་ཡོད་ཕར་ཆེར་ང་ཚོས་མཁྱེན་གསལ་ལྟར་རེད།
ད་ཐེ་ཝཱན་གྱིས་དམག་སྦྱོང་འདི་ཡིས་གཏན་གཏན་ང་ཚོ་ T གསུམ་ལ་ཕན་ཐོག་ཆེན་པོ་ཞིག་ཡོང་རེ་བྱེད་བཞིན་ཡོད། T གསུམ་ནི། Tibet, Taiwan and East Turkisthan བུ་ཡིན་ན་རྒྱ་དམར་མགོ་ལ་རྒྱོབས།
འོ་ས་སྤར་བ་གང་ལ་བྱེད་རྒྱུ་མང་པོ་ལྷག་མེད།
འོན་ཀྱང་ཨ་རིའི་གོ་མཚོན་ལག་ཆ་དེ་རིགས་ཚོང་ཡག་པོ་ཞིག་འབྱུང་རྒྱུ་རེད།
དེ་ལས་ཐེ་ཝན་ཁོ་རང་ཚོས་རྒྱལ་ནག་གི་དཔལ་འབྱོར་ཡག་ཙམ་བྱེད།
རྒྱ་ནག་དང་ལྷན་གྲོས་མོལ་རིམ་པ་སྟོང་ཕྲག་ལྷག་འདྲ་བྱེད་ནས་བསྡད་ན།
མི་ལོ་བརྒྱ་ཕྲག་ཁ་ཤས་རང་རྐྱར་འཚོ་བསྡོད་ཐུབ་ཀྱི་རེད།
དེ་ནས་གནས་སྟངས་ཅི་ཡོང་ཤེས་ཀྱི་མ་རེད།
ཐེ་ཝན་གྱི་དམག་སྦྱང་འདི་ནི་འདྲེ་ཉལ་ཉལ་བ་ལ་ཕཊ་ཀྱི་དཀྲོག་པ་ཞིག་མ་ཡིན་ནམ། རྒྱལ་སྲུང་ལ་དོ་སྣང་བྱུང་བ་ཡག་འདུག་སྙམས།