མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༡/༠༤/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཉིན་འདི་འགར་རྔ་པ་ཀིརྟི་དགོན་གྲོང་གཉིས་སུ་རྒྱ་གཞུང་གིས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་ཡོད་པའི་ཐད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་གསུམ་གྱིས་རྒྱ་གར་རྒྱལ་ས་ལྡི་ལིར་དུས་ཚོད་ངེས་མེད་བར་གྱི་ཟས་བཅད་ངོ་རྒོལ་ཞིག་མགོ་འཛུགས་བྱས་འདུག  

ཁ་སང་ཕྱི་ཚེས་ ༢༥ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁག་གི་ཚོགས་གཞོན་དོན་འགྲུབ་ལྷ་དར་ལགས་དང་ཟུང་དྲུང་བཀྲ་ཤིས་ནོར་བཟང་ལགས། དཔལ་འབྱོར་འགན་འཛིན་དཀོན་མཆོག་ཡར་འཕེལ་བཅས་གཞོན་ནུའི་རྒྱུན་ལས་གསུམ་གྱིས་དང་བླང་ཐོག་རྔ་པ་ཀིརྟི་དགོན་པའི་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་ལྡི་ལི་ཅན་ཏར་མཱན་ཏར་ས་གནས་སུ་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་ལས་འགུལ་ཞིག་མགོ་འཛུགས་གནང་ཡོད།

ལས་འགུལ་དེའི་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་དེར་ཡོད་མི་མང་ལ་རྔ་པ་ཀིརྟི་དགོན་པའི་གནས་སྟངས་ངོ་སྤྲོད་དང་འབྲེལ་རྒྱ་ནག་གཞུང་ལ་དགོས་འདུན་གཉིས་དང་འབོད་སྐུལ་གཅིག་བཏོན་ཏེ། རྒྱ་གཞུང་གིས་དགོས་འདུན་དེ་དག་དང་ལེན་མ་བྱས་ཚེ། ཟས་བཅད་ངོ་རྒོལ་མཚམས་འཇོག་བྱ་རྒྱུ་མིན་ཚུལ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འདས་པའི་མི་ལོ་ ༥༢ ལྷག་རིང་ཁ་ནས་བཤད་པ་གཅིག་པུ་མིན་པར་ལག་ལེན་ཐོག་ནས་རྒྱ་ནག་གཞུང་ལ་ཁ་གཏད་བཅག་ཡོད་ལ། མ་འོངས་པར་ཡང་མུ་མཐུད་རྒྱ་ནག་ལ་ཁ་གཏད་གཅོག་ཐུབ་ཀྱི་ཡོད། ཅེས་བརྗོད་འདུག    

ཐེངས་འདིར་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གཞུང་ལ་བཏོན་པའི་དགོས་འདུན་གཉིས་ནི། དང་པོ། རྔ་པ་ཀིརྟི་དགོན་པ་རྒྱ་དམག་གིས་བསྐོར་ནས་བཀག་སྡོམ་དམ་དྲག་དང་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་བཞིན་པ་འཕྲལ་དུ་ཕྱིར་འཐེན་དང་། ཉེ་ལམ་རྔ་པ་ཁུལ་ནས་འཛིན་བཟུང་བྱས་པའི་བོད་མི་གཙོས་བོད་ནང་གི་ཆབ་སྲིད་བཙོན་པ་ཡོངས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ཀློད་གྲོལ་དགོས་པ། གཉིས་པ། བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་རྟོག་ཞིབ་བྱ་བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྐུ་ཚབ་ཅིག་ངེས་པར་དུ་བོད་ནང་གཏོང་ལེན་བྱ་དགོས། ཞེས་བཏོན་འདུག་ལ། རྒྱལ་སྤྱིའི་སྒྲིག་འཛུགས་དང་ཚོགས་སྡེ་ཁག མི་སྒེར་བཅས་ཀྱིས་བོད་རང་བཙན་གྱི་བདེན་དོན་དང་བོད་རང་བཙན་སླར་གསོ་བྱ་བར་ངེས་པར་དུ་ཁ་གསལ་གྱི་ཐོག་ནས་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཡང་ཞུས་འདུག  

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་ཕུན་ཚོགས་ལགས་ཀྱི་རང་ལུས་མེར་བསྲེག་བཏང་བའི་ཕྱི་ཉིན་ནས་བཟུང་ཁོང་གི་ཆེད་དུ་བསྔོ་སྨོན་མཆོད་འབུལ་དང་མར་མེ་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་སྤེལ་ཡོད་པར་མ་ཟད། ཕྱི་ཚེས་ ༡༧ ཉིན་ནས་རྔ་པ་ཀིརྟི་དགོན་གྲོང་གཉིས་ཀྱི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་དུ་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་ཞིག་མུ་མཐུད་འགྲོ་མུས་ཡིན་ལ། དེ་བཞིན། བལ་ཡུལ་དང་རྒྱ་གར་ལྷོ་ཕྱོགས། ལྡི་ལི། ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་སུ་ཟས་བཅད་ངོ་རྒོལ་དང་སྐད་འབོད་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་སྤེལ་གྱིན་ཡོད།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༦ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༧ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༧ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༧ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

མཆན། 2

  1. ཁྱུང་དཀར says:
    ལོ་ 15 སྔོན།

    ད་རེའི་བོད་ཀྱི་གཞོན་ལྷན་དབུས་རྒྱུན་གསུམ་ནས་མགོ་འཁྲིད་དེ་ཟས་བཅད་མགོ་འཛུགས་བྱས་པ་བསྔགས་བརྗོད་བྱེད་ཀི་ཡོད། འདི་ལྟར་མགོ་འཁྲིད་མང་མང་གིས་ལས་འགུལ་འདྲ་མིན་སྤེལ་བ་ཡིན་ན་ནུས་པ་གང་ཙམ་ཐོན་ངེས་སྙམ་ལ་ཁ་ནས་བཤད་པ་ཙམ་མ་ཡིན་པར་ལས་འགུལ་དངོས་སུ་ཞུགས་པ་མིག་དཔེར་འཇོག་འོས་པ་ཞིག་ཀྱང་རེད།

    Reply
  2. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    རྒྱལ་གཅེས་ཀྱི་བསམ་བློ་དང་སྙིང་སྟོབས་ལ་གོང་བཀུར་ཞུ། ཡིན་ཡང་ནམ་ཡང་མི་འགྲུབ་པའི་ཆ་རྐྱེན་དང་རེ་བ་འདོན་པ་འདི་ཁྱེད་ཅག་གི་ཞན་ཆ་གཙོ་བོ་རེད་ལ། དམག་འཐབ་ཀྱི་ལོག་ལམ་ཡང་རེད། ཆབ་སྲིད་བཙོན་པ་དག་གི་གནས་བབ་ལ་རྟོག་ཞིབ་བྱེད་དུ་གཞོན་ནུ་ཚོགས་པའི་སྐུ་ཚབ་ཅིག་ཡོང་གི་འཇུག་ན་ཕྱི་རྒྱལ་བའི་རང་དབང་གསར་འགོད་པ་དག་དེ་སྔ་ནས་ཕེབས་ཚར་ཡོད་ལ། ཟས་བཅད་ངོ་རྒོལ་འདི་ཙམ་གྱིས་བོད་ནང་གི་ཆབ་སྲིད་བཙོན་པ་ཚང་མ་གློད་བཀྲོལ་འབྱུང་འཇུག་ཐུབ་ན་བོད་རང་བཙན་སྔ་ས་ནས་སྤྲད་ཚར་ཡོད།
    བཙན་བྱོལ་བའི་གཞོན་ནུ་ཚོ་ངོ་མ་གླེན་པ་ཡིན་ནམ་དངོས་སུ་འཁྲབ་སྟོན་བྱེད་པ་རེད། ང་ངོ་མ་ཡ་མཚར་ཅིང་ཡིད་འཆད་ཀི
    གལ་ཏེ་དོན་དངོས་ཀྱི་རྟོག་ཞིབ་ཅིག་བྱེད་ངེས་ཡིན་ན་གསང་མྱུལ་བ་གཏོང་དགོས་པ་རེད། གནའ་ནས་ད་བར་ལ་ལས་དོན་འདི་རིགས་ལ་ཐབས་ཚུལ་འདི་སྤྱོད་ཀྱིན་ཡོད། ཁྱབ་འཇུག་མིའུ་ཐུང་ལ་སྤྲུལ་བ་ལྟ་བུའི་རྫུ་འཕྲུལ་མེད་ན་རང་བཙན་མ་དགོས་རང་སྐྱོང་ཡང་ཁག་པོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese