མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཅེས་པའི་ཚེ་སྲོག་གཏོང་རྒྱུའི་ཆོད་སེམས་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༡༡/༠༥/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་དམར་ག་ཚོད་སྟོབས་ཆེན་ཆགས་པ་ཡིན་ནའང་། ང་ཚོ་བོད་པའི་གཞོན་སྐྱེས་ཚོས་བོད་ཀྱི་རྒྱལ་ས་ལྷ་ས་ཡིན་པ་དང་སོ་སོའི་རྒྱལ་ཁབ་བོད་ཡུལ་ཡིན་པ་དེ་ནམ་ཡང་བརྗེད་ཀྱི་མ་རེད་ལ། རང་བཙན་སླར་གསོའི་ཆེད་དུ་གཅེས་པའི་ཚེ་སྲོག་གཏོང་དགོས་ཀྱང་གཏོང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པའི་བརྡ་ལན་གསལ་པོ་སྤྲོད་རྒྱུ་ཡིན་ཟེར།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་དབུས་རྒྱུན་ཚོགས་གཞོན་དོན་འགྲུབ་ལྷ་དར་དང་། ཟུང་དྲུང་བསྟན་འཛིན་ནོར་བཟང་། དཔལ་འབྱོར་འགན་འཛིན་དཀོན་མཆོག་ཡར་འཕེལ་ལགས་གསུམ་ནས་རྒྱ་གར་རྒྱལ་ས་ལྡི་ལིར།  དགོས་འདུན་གཉིས་དང་འབོད་སྐུལ་གཅིག་མ་འགྲུབ་བར་དུས་ཡུན་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་སྟེ། ཉིན་གྲངས་ ༡༤ འདས་པའི་རིང་། ཁོང་ཚོའི་ལས་འགུལ་ལ་རྒྱབ་སྐྱོར་མཚོན་ཆེད་བོད་མི་མང་སྤྱི་འཐུས་ཚོགས་གཙོན་རྒྱ་རི་སྒྲོལ་མ་མཆོག་དང་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག དེ་བཞིན་སྤྱི་འཐུས་སྐལ་བཟང་རྒྱལ་མཚན་དང་ཚེ་རིང་གཡུ་སྒྲོན་ལགས་བཅས་ཆེད་ཕེབས་ཀྱིས་འཚམས་འདྲི་ཞུས་ཡོད་པ་དང་།  དེ་མིན་རྒྱ་གར་གནད་ཡོད་མི་སྣ་འགའ་ཡང་ཆེད་ཕེབས་ཀྱིས་ཟས་བཅད་ངོ་རྒོལ་བ་རྣམ་པར་མཚམས་གཟིགས་གནང་ཡོད་པར་མ་ཟད། རྒྱ་གར་སློབ་ཕྲུག་ ༢༠ ལྷག་གིས་ཀྱང་༼རྒྱ་ནག་བོད་ནས་ཕར་རྒྱུགས། ས་ཆ་དེ་ཁྱོད་ཚོས་མ་རེད་བོད་པས་རེད། བོད་ཁ་བ་གངས་ཅན་ཡུལ་ལྗོངས་རེད།  ༽ཞེས་པའི་ཡི་གེ་བྲིས་ཤིང་།  བོད་མི་ལངས་གླུ་བཏང་སྟེ་ཟས་བཅད་ངོ་རྒོལ་བ་རྣམས་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེན་པོ་བསྟན་ཡོད་འདུག  

འདི་གའི་གསར་འགོད་པའི་ཁ་པར་བརྒྱུད་ཟས་བཅད་ངོ་རྒོལ་བ་རྣམ་པའི་གཟུགས་པོའི་གནས་སྟངས་ག་འདྲ་ཆགས་ཡོད་མེད་སྐོར་ལ་བཀའ་འདྲི་ཞུས་པར། གཞོན་ལྷན་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་བརྗོད་དོན། ཕྱི་ཟླ་ ༤ ཚེས་ ༢༥ ནས་ཟས་བཅད་ངོ་རྒོལ་མགོ་བཙུགས་ཀྱིས་ད་ལྟའི་བར་ཉིན་གྲངས་ ༡༣ ལྷག་འགྲོ་བཞིན་པར་བརྟེན། ཟས་བཅད་ངོ་རྒོལ་བ་རྣམ་པའི་གཟུགས་པོའི་ལྗིད་ཚད་རྒྱ་མ་ ༦ དང་ ༧ ། ༡༠ བཅས་སོ་སོར་མར་ཆག་ཡོད་པར་མ་ཟད།  ད་ལྟ་ལྡི་ལིར་ཚ་བའང་ཤུགས་ཆེན་པོ་ཡོད་སྟབས་གཟུགས་པོའི་གནས་སྟངས་རང་བཞིན་གྱིས་ཉམས་ཆག་ཏུ་འགྲོ་བཞིན་འདུག  ཡིན་ནའང་། ཟས་བཅད་ངོ་རྒོལ་བ་རྣམ་པའི་ངོས་ནས་ཆོད་སེམས་བརྟན་པོའི་ཐོག་ནས་ལས་འགུལ་མུ་མཐུད་འགྲོ་བསྡད་ཡོད་པ་རེད།  ཅེས་བརྗོད་བྱུང་།

གཞན་ཡང་ཐེངས་འདིའི་དུས་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་ཁྲོད་ཞུགས་མཁན་གཞོན་ལྷན་ཚོགས་གཞོན་དོན་འགྲུབ་ལྷ་དར་ལགས་ཀྱིས་བརྗོད་དོན།  ང་ཚོས་ཟས་བཅད་ངོ་རྒོལ་བྱེད་དགོས་པའི་ཐོག་མའི་དམིགས་ཡུལ་ལ་དགོས་འདུན་གཉིས་དང་འབོད་སྐུལ་གཅིག་ཡོད་པ་རེད། ང་ཚོར་ཁོར་ཡུག་གི་རང་དབང་རག་པ་ཡིན་ན་དགོས་འདུན་དེ་གཉིས་པོ་དང་འབོད་སྐུལ་དེ་མ་འགྲུབ་བར་དུ་མུ་མཐུད་ནས་ཟས་བཅད་ངོ་རྒོད་དུ་འདུག་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ལ། དེའི་ཆེད་དུ་སོ་སོའི་སྲོག་ཤོར་བ་ཡིན་ནའང་བློས་གཏོང་བྱེད་པའི་དམ་བཅའ་ང་ཚོ་རྒྱུན་ལས་གསུམ་ཀར་ཡོད། ང་རང་ལ་ཆ་མཚོན་ན་ཡང་ཟས་བཅད་ངོ་རྒོལ་བྱ་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ད་ལྟ་ཨ་མདོ་རྔ་པའི་ནང་བྱུང་བའི་དོན་དག་དེ་དགོན་པ་བྱེ་བྲག་པ་ཅིག་དང་ས་ཁུལ་བྱེ་བྲག་པ་ཞིག་གི་གནས་ཚུལ་གཏན་ནས་ཆགས་ཡོད་པ་མ་རེད།  དེ་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་གནས་ཚུལ་ཆགས་ཡོད་དུས་དེ་ལ་བོད་མི་ས་ཡ་དྲུག་ཚང་མ་ལ་ལས་འགན་ཡོད་པའི་ཆ་ནས་སོ་སོ་རང་ཉིད་ལས་འགུལ་འདིའི་ནང་དུ་ཞུགས་པ་ཡིན། ལྷག་པར་དུ་ལས་འགུལ་འདི་བརྒྱུད་ནས་ང་ཚོས་བོད་གཞིས་ལུས་རྒྱ་ཆེའི་མི་མང་ལ་ཁྱེད་ཅག་གི་དཀའ་སྡུག་དང་སྙིང་སྟོབས་དེ་ང་ཚོས་ཉི་མ་རེ་རེ་ལ་ཤེས་རྟོགས་དང་ཚོར་སྣང་བྱུང་བཞིན་ཡོད་ཅེས་ཞུ་འདོད་བྱུང་ལ།  དེ་བཞིན་དགྲ་བོ་རྒྱ་དམར་ལ་ཡང་རྒྱ་ནག་ག་ཚོད་སྟོབས་ཆེན་ཆགས་པ་ཡིན་ནའང་། བོད་ཀྱི་རྒྱལ་ས་ལྷ་ས་ཡིན་པ་དང་ང་ཚོའི་རྒྱལ་ཁབ་བོད་ཡིན་པ་དེ་ང་ཚོ་གཞོན་སྐྱེས་ཚོས་ནམ་ཡང་བརྗེད་ཀྱི་མ་རེད།  དེ་མ་བརྗེད་པའི་ཐོག་ནས་བོད་དང་རྒྱ་གར་ནང་སྐྱེས་པའི་ང་ཚོ་བོད་པའི་གཞོན་སྐྱེས་ཚང་མས་རང་བཙན་སླར་གསོའི་ཆེད་དུ་སོ་སོའི་གཅེས་པའི་ཚེ་སྲོག་གཏོང་དགོས་ཀྱང་།  གཏོང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་དེ་དེ་རིང་འདིར་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱིས་བརྒྱུད་ལམ་འདིའི་ཐོག་ནས་རྒྱ་ནག་ལ་བརྡ་ལན་གསལ་པོ་སྤྲོད་རྒྱུ་ཡིན། ཅེས་བརྗོད་སོང་།

ཐེངས་འདིའི་ཟས་བཅད་ངོ་རྒོལ་གྱི་སྐབས་དང་བསྟུན་ནས།  བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་ལ་སྔ་ཕྱིར་ཡི་གེ་གཉིས་སྤྲད་དེ།  རྒྱ་གཞུང་གིས་རྔ་པ་ཀིརྟི་དགོན་པར་དྲག་གནོན་བྱེད་བཞིན་པའི་ཛ་དྲག་གནས་སྟངས་མཚམས་འཇོག་དགོས་པའི་བརྡ་ལན་སྤྲད་ཡོད་པར་མ་ཟད།  མཉམ་འབྲེལ་རྒྱལ་ཚོགས་ལྡི་ལི་ཡན་ལག་གི་ཆབ་སྲིད་འགན་འཛིན་དང་། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་སྐུ་ཚབ་གཞོན་པ། དེ་བཞིན་རྒྱ་གར་སྲིད་བློན་ལས་ཁུངས་དང་། ཁ་ན་ཌ་དང་ཨ་རིའི་གཞུང་ཚབ་ཁང་བཅས་བཅར་ཏེ་རྔ་པ་ཀིརྟི་དགོན་པའི་ཛ་དྲག་གི་གནས་སྟངས་ཐད་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་རེ་འབོད་གནང་བར་ཁོང་ཚོའི་ངོས་ནས་ཀྱང་རྒྱབ་སྐྱོར་གྱི་རྣམ་པའི་འོག་སྙན་ཞུ་དེ་དག་འབྲེལ་ཡོད་ལས་ཁུངས་ཨ་མར་འབུལ་རྒྱུ་ཁས་ལེན་གནང་ཡོད་འདུག ལྷག་པར་དུ་ལྡི་ལི་ཨ་རིའི་གཞུང་ཚབ་ཐུག་འཕྲད་སྐབས། ཉེ་སྔོན་ཨ་རི་དང་རྒྱ་ནག་བར་འགྲོ་བ་མིའི་ཐོབ་ཐང་གྲོས་མོལ་སྐབས། བོད་དོན་གླེང་སློང་བྱས་པའི་སྐོར་གསར་ལམ་ཁག་ཏུ་ཐོན་མེད་ཀྱང་། ཨ་རིའི་ངོས་ནས་གྲོས་མོལ་སྐབས་རྔ་པ་ཛ་དྲག་གནས་སྟངས་གཙོས་པའི་བོད་ཀྱི་གནད་དོན་སྐོར་རྒྱ་གཞུང་ལ་བརྗོད་ཡོད་སྐོར་གསལ་བཤད་ཀྱང་གནང་ཡོད་འདུག 

མཇུག་མཐར་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་བོད་ཕྱི་ནང་གཉིས་ཀྱི་མི་མང་ཡོངས་ལ་འབོད་སྐུལ་གྱི་ཚུལ་བརྗོད་དོན།  བོད་ནང་ལོག་གི་བོད་མི་ཡོངས་དང་ལྷག་པར་དུ་རྔ་པ་ཁུལ་གྱི་སེར་སྐྱ་མི་མང་ཡོངས་ལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས། ད་ལྟའི་བར་དུ་ཁྱེད་ཅག་རྣམ་པས་བོད་མི་ས་ཡ་དྲུག་གི་ཆེད་དུ་བློས་གཏོང་གནང་གི་ཡོད་པ་དེར། ང་ཚོས་ངོས་ནས་ཀྱང་འགན་བླངས་པའི་སྒོ་ནས་ཁ་ནས་བཤད་པ་ཙམ་མ་ཡིན་པར་གདུང་སེམས་མཉམ་སྐྱེད་ཀྱི་སྒོ་ནས་ལས་འགུལ་སྤེལ་བཞིན་ཡོད་ལ།  ཐབས་ཤེས་གང་ཡོད་བཏོན་ཏེ་རྒྱལ་སྤྱིའི་སྒང་ནས་རྒྱ་གཞུང་ལ་གནོད་ཤུགས་ཡོང་ཐབས་ལ་འབད་བརྩོན་བྱེད་ཀྱི་ཡོད།  རྒྱལ་གཅེས་དཔའ་བོ་གྲྭ་ཕུན་ཚོགས་ལགས་གཙོས་པའི་ཁྱེད་ཅག་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ།  ང་རང་ཚོའི་ངོས་ནས་ཁྱེད་ཅག་ལ་གདུང་སེམས་མཉམ་སྐྱེད་ག་རེ་བྱ་དགོས་ཀྱི་ཡོད་ཀྱང་བྱེད་ཐུབ་ཀྱི་ཡོད་ཅེས་ཞུ་རྒྱུ་ཡིན།  ཅེས་དང་།  ཡང་ཁོང་གིས་ང་རང་ཚོ་རང་དབང་ལུང་པར་ཡོད་མཁན་བོད་ཞིག་ཡིན་པའི་ཆ་ནས་འགན་ཆེ་ཤོས་ཏེ། སོ་སོ་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ལས་ཀ་བྱ་རྒྱུ་དེ་ཆགས་བསྡད་ཡོད་པ་རེད།  ང་ཚོ་ཨ་ཁུ་ཨ་ནེ་དང་ཕ་མ་རྒན་རྒོན་རྣམས་བཙན་བྱོལ་དུ་ཡོང་དོན་ནི། དཔལ་འབྱོར་གྱི་སྐྱབས་བཅོལ་བ་མ་ཡིན་པར་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་ཆགས་བསྡད་ཡོད་པ་རེད།  དེར་བརྟེན། རང་ལུང་པ་ལ་ཡོད་མཁན་ཚོའི་དེ་དྲན་པ་མ་བརྗེད་པའི་ཐོག་ནས་བོད་མི་ས་ཡ་དྲུག་གི་རྩ་དོན་གྱི་ཆེད་དུ་སྐབས་དུས་ཙམ་མ་ཡིན་པར། དུས་དང་རྣམ་པ་ཀུན་ཏུ་ཕྱག་ལས་གནང་དགོས་ཀྱིན་ཡོད་པ་རེད།  ད་ལྟ་རྔ་པ་ཀིརྟི་དགོན་པ་ལ་ཛ་དྲག་གི་གནས་སྟངས་དེ་འདྲ་ཞིག་གི་འོག་བསྡད་ཡོད་པས།  རྒྱ་བལ་འབྲུག་གསུམ་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་གང་སར་ཡོད་པའི་བོད་མི་ཡོངས་རྫོགས་ནས་སོ་སོ་བོད་པ་ཡིན་པ་མ་བརྗེད་པའི་ཐོག་ནས། རང་རང་གི་ནུས་ཚོད་ཀྱིས་ལས་འགུལ་ག་རེ་སྤེལ་ཐུབ་ཀྱིན་ཡོད་པ་དང་།  གང་ལ་མཉམ་ཞུགས་བྱེད་ཐུབ་ཀྱི་ཡོད་ན་དེར་མཉམ་ཞུགས་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད།  ཅེས་བརྗོད་བྱུང་།  

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༤ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 18

  1. གངས་མྱུག says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་བོ་རྣམས་ལ་སྙིང་ཐག་པ་ནས་རྗེས་སུ་ཡི་རངས་ཞུ། ཡིན་ནའང་ད་ཟས་བཅད་པ་མཚམས་འཇོག་རོགས་གནང་། ཁྱོད་ཚོ་ལྟ་བུའི་ལྷག་བསམ་དང་སྙིང་སྟོབས་ཀྱིས་ཕྱུག་པ་དག་ང་ཚོའི་མིག་མདུན་དུ་དུས་གཏན་ནས་གཏན་དུ་བཞུགས་རོགས་གནང་། ཐུགས་རྗེས་གཟིགས།

    Reply
  2. རླུང་རྟ་རྒྱལ། says:
    ལོ་ 14 སྔོན།

    ད་དུང་ཞུ་རྒྱུ་ཞིག་ལ།ཟས་བཅད་ངོ་རྒོལ་བྱེད་མཁན་ཞེས་བརྗོད་ན་བརྡ་ཆད་ནོར་ཡོད་པར་སྙམ།ཟས་བཅད་དྲང་བདེན་སྐྱོང་མཁན་ཞེས་བསྒྱུར་ན་ཅུང་མི་འགྲིག་གམ།ངོ་རྒོལ་བྱས་བརྗོད་ཚེ་རྒྱུན་པར་ཁྲིམས་དང་སྲོལ་ལུགས་ཅི་རིགས་ལ་རྒྱལ་འགལ་བྱས་པ་ལ་གོ་ཤས་ཆེ།

    Reply
  3. རླུང་རྟ་རྒྱལ། says:
    ལོ་ 14 སྔོན།

    རིགས་ཀྱི་བུ་གསུམ་པོ་ནི་དངོས་གནས་སྙིང་སྟོབས་ཆེན་པོའི་སྤྲུལ་པ་ཡིན་པ་ཐེ་ཚོམ་བྲལ།ཁྱེད་ཅག་ལྟ་བུའི་སེམས་དཔའ་ཆེན་པོ་རྣམས་ནི་བོད་བྱེས་མི་ཡོངས་ཀྱིས་མིག་དཔེ་བལྟ་ས་རེད་ཡ།ངོས་ནས་ཡིད་སེམས་གཏིང་ནས་དད་འདུན་ཆེན་པོ་ཡོད།

    Reply
  4. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    ངོས་ལ་གཞོན་ལྷན་དྲུང་གཞོན་དོན་འགྲུབ་ལྷ་དར་ལ་དངོས་གྱི་རྒྱུས་མངའ་གསལ་པོ་ཡོད།
    གཞོན་སྐྱེས་རྩོམ་པ་པོ་ཁོང་ནི་ཁས་བཤད་པ་ཙམ་མིན་པར་དོན་ངོ་མ་ལག་པས་ཀྱང་ལེན་ཐུབ་པའི་ཤེས་འཇོན་གཉིས་ལྡན་བོད་མི་རིགས་ཀྱི་ལ་རྒྱ་སྙིང་བཅང་གི་ཕ་བཟང་བུ་ངོ་མ་རེད་འདུག
    ཁྱོད་འདྲ་པོའི་བུ་རྣམས་ལ་ངས་སྙིང་ནས་རྗེས་སུ་ཡི་རང་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་གི་ཡོད།
    གཞིས་བྱེས་གདུང་སེམས་མཉམ་བསྐྱེད་ཀྱི་ཕྱིར་དུ་རང་གི་སྲོག་བློས་གཏང་ཐུབ་པའི་ཆོད་སེམས་ནི་ཆེས་གཟི་བརྗིད་ཆེན་པོ་ཞིག་ཡིན་ན་ཡང་།

    ཁྱོད་རང་ལྟ་བུ་ཤེས་འཇོན་གཉིས་ལྡན་གྱི་གཞོན་སྐྱེས་རྣམས་ཀྱི་རང་སྲོག་བློས་བཏང་གཏན་ནས་བྱེད་རྒྱུ་མེད།

    ངེད་ཚོའི་སྒྲུབ་བྱ་ཡོད་ཚད་ལྷག་ནས་སྡོད་ཡོད་པས་དེ་གྱོང་ལས་ཁེ་སང་གཏན་ནས་མེད།
    བྱས་ཙང་

    ད་ནི་མཚམས་འཇོག་གནང་རོག་ཞུ་གི་ཡིན།

    Reply
  5. ངས་པོའི་ལྷ་སྲས། says:
    ལོ་ 14 སྔོན།

    ཐོག་མར་རྒྱལ་གཅེས་པ་གསུམ་ལ་ལེགས་གསོའི་འཚམས་འདྲི་དང་རྗེས་སུ་ཡིད་རང་ཞུ།

    དྲ་གྲོགས་ཚོར་གཟིགས་དང་། རང་ཉིད་ལ་བོད་དོན་གྱི་ཆེད་དུ་ལས་ཀ་བྱེད་རྒྱུར་སྤོབས་པ་དང་ནུས་པ་སོགས་གང་ཡང་མེད་བཞིན་དུ། ད་དུང་གང་ཟག་གཞན་གྱིས་བྱས་པའི་ལས་ཀར་རྒྱབ་སྐྱོར་དང་རོགས་རམ་མི་བྱེད་པར་ག་དུས་ཡིན་ནའང་དེ་དག་ལ་མཐོང་ཆུང་དང་དམའ་འབེབ་བྱེད་རྒྱུར་དགའ་བའི་མི་དེའི་རིགས་མང་དྲགས་ན། ང་ཚོའི་མི་རིགས་འདི་འགྱེལ་ས་དེ་ནས་ག་དུས་ཡར་ལངས་ཐུབ་བམ།

    Reply
  6. གླིང་ཚང་བྱ་གླག says:
    ལོ་ 14 སྔོན།

    ཤ་རུས་ཁྲག་རྒྱུན་གཅིག་ལས་མཆེད་པའི་བརྩེ་བའི་སྤུན་ཟླ་གསུམ་པོ་ཁྱེད་གསུམ་གྱིས་ཉིན་འདི་དག་གི་རིང་ལ་སྤོབས་པ་དང་། ཆོད་སེམས་བརྟན་པོས་ངང་ནས་གཅེས་པའི་རང་སྲོག་བློས་བཏང་གི་ཟས་བཅད་ངོ་རྒོལ་ཀྱི་ལས་འགུལ་ལ་གུས་པ་སྙིང་དབུས་ནས་དགའ་བསུ་དང་བསྟོད་སྔགས་ཡོད། ཡིན་ན་ཡང་ཁྱེད་གསུམ་གྱི་ད་ལས་འགུལ་དེ་མཚམས་བཞག་ན་རན། དེའི་རྒྱུ་མཚན་ནི། ང་ཚོའི་ཤེས་གསལ་བཞིན་རེད། རྒྱ་དམར་ཀྱིས་དྲག་གནོན་འཚམ་འཇོག་བྱེད་རྒྱུ་ཧ་ཅང་དཀའ་བོ་རེད། དེ་བརྟེན་ཁྱེད་རྣམས་ཀྱིས་སོ་སོའི་རང་སྲོག་བློས་བཏང་རྒྱུ་བསམ་བློ་གཅིག་པུ་མ་ཡིན་པ། ད་དུང་ལས་འགུལ་གཞན་ཞིག་མགོ་བཙུགས་མི་འགྲིག་གམ། རྒྱུ་མཚན་ནི་གལ་སྲིད་ཁྱེད་གསུམ་འདས་གྲོངས་སུ་སོང་བ་ཡིན་ན། དེ་ནི་ང་ཚོའི་བོད་པ་ཚང་གི་ཆག་སྒོ་ཞིག་ཡིན་པ་སྨོས་ཅི་དགོས། ད་དུང་ཁྱེད་གསུམ་པོ་གསོན་པོ་བཞུགས་པ་ཡིན་ན། དེའི་ཚེ་ང་ཚོའི་རྒྱ་ནག་ལ་ཁ་བཏེག་གང་འདྲ་བྱེད་ནས་བཅག་དགོས་ས་རེད་བལྟ་ཆོག་གི་རེད། ཁྱེད་གསུམ་གྱི་ལས་ཀ་ད་དུང་མི་མཐུད་ནས་ལུས་ཡོད་པས། རང་སྲོག་བློས་བཏང་མ་བྱེད་རོགས། མི་ཡུལ་ས་མཐའ་རུ་གྱར་བའི་བུ་ཕྲུག་ངས་སྙིང་དབུས་འབོད་སྐུལ་ཞུ། བོད་རྒྱལ་ལོ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  7. རྔ་བ་ཚེ་སྐྱིད། says:
    ལོ་ 14 སྔོན།

    ཐོག་མར་རྒྱལ་གཅེས་དཔའ་བོ་རྣམ་གསུམ་ལ་གུས་བཀུར་དང་ཡི་རངས་ཞུ་ཡང་ཡང་ཞུའོ།།
    བཀུར་འོས་དྲ་གྲོགས་ཁྱུང་དཀར་ལགས།
    གསལ་འདེབས་གནང་བར་བུ་མོ་ངའི་སེམས་དབུས་སུ་ཉལ་གི་ཡིན་ལ། བུ་མོ་ངའི་སྤོབས་སེམས་ཀྱང་མཐོར་འདེགས་ཡོང་ཐབས་སུ་འབད་ཀི་ཡིན་ལགས། དྲ་གྲོགས་ཉིད་ཀྱིས་བསྙད་ན། 《ཉིད་ཀྱི་མཆན་བུ་གང་སར་བུ་མོ་ཞིག་ཡིན་རུང་ཞེས་པ་མང་དུ་བཀོད་འདུག་པར་བལྟས་ན་བུ་མོ་ནི་ནུས་མེད་དང་ཉམ་ཆུང་ཞིག་ཏུ་སེམས་ཀྱིན་འདུག》 ཅེས་པ་ནི། བུ་མོ་ངའི་ཀུན་སློང་ལ་འགྲེལ་བཤད་འདྲ་བོ་ཞིག་བཀྱོན་འདུག་ན། དེ་ནི། ཕལ་ཆེར་ཅིག་བྱས་ན། དྲ་གྲོགས་ཉིད་ཀྱིས་ཚོད་དཔག་བྱེད་སྔ་བའམ། ཡང་ན། ཐོད་བརྒལ་གྱི་འགྲེལ་བཤད་རྒྱག་སྟངས་ཤིག་ཡིན་རྒྱུ་མ་གཏོགས། བུ་མོ་ངའི་སེམས་ལ་འཆར་མ་མྱོང་བའི་སྐོར་ཞིག་འཆད་ཀི་འདུག་ན། དེའི་རྒྱུ་མཚན་ནི། བུ་མོ་ངའི་སྐད་ཆ་བཤད་སྟངས་ལ་བལྟས་པ་ཡིན་ན་ནི། ཞིབ་ཆ་མེད་པའི་དཔྱད་ཞིབ་བྱེད་སྟངས་ཤིག་རེད། གང་གིས་ཟེར་ན། མི་རེ་ལ་སྐད་ཆ་བཤད་སྟངས་རེ་ཡོད་པ་རེད་ལ། བཤད་སྟངས་དེ་ཡང་མེད་ཟེར་སྐབས་ཡོད་པའི་དོན་ཅན་དུ་གོ་བ་ལེན་དགོས་པ་ཡོད་པ་དང་། དེ་བཞིན་ཡོད་སྐད་ཟེར་དུས་མེད་པའི་དོན་དུ་གོ་བབ་ཡོད་པ་རེད་དོ།། འདི་ནི། སྐད་ཆ་བཤད་སྟངས་ཀྱི་སྒྱུ་རྩལ་དང་དགོས་མཁོ་ལ་ཐུག་ཡོད་པ་རེད་ལགས།

    Reply
  8. འབྲོག་རུ་ཆོས་གྲགས། says:
    ལོ་ 14 སྔོན།

    བཀུར་འོས་པའི་བོད་ཀྱི་གཞོན་ནུའི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་གཙོས་རྣམ་པ་གསུམ་གྱི་ལས་དོན་འདི་ནི་ཚོགས་སྡེ་གཞན་པའི་མགོ་ཁྲིད་ཚོས་ཀྱང་མིག་དཔེར་ལྟ་དགོས་ས་ཞིག་ཆགས་ཡོད་པ་མ་ཟད། ཁོང་ཚོའི་ལོ་རྒྱུས་ཁྲོད་གསེར་ཡིག་གིས་འབྲི་དགོས་པའི་ལས་དོན་རླབས་ཆེན་ཞིག་ཀྱང་ཆགས་ཡོད།
    ཁྱེད་རྣམ་པར་སྙིང་ནས་ཡི་རངས་ཞུ།

    ད་ནི་རྣམ་པ་གསུམ་གྱི་ཟས་བཅད་ངོ་རྒོལ་ཡང་མཚམས་འཇོག་གནང་རོགས་ཞེས་སེམས་བསམ་པའི་གཏིང་ནས་ཞུ་འདོད་བྱུང་། ཁྱེད་རྣམ་གྱིས་ཟས་བཅད་ངོ་རྒོལ་གནང་ནས་ཉིན་མང་པོ་ཕྱིན་ཡོད་སྟབས་སྐུ་གཟུགས་ཀྱིས་ཀྱང་ལྕོགས་རྒྱུ་མ་རེད། ཐུགས་རྗེ་གཟིགས། མཚམས་འཇོག་གནང་རོགས་ཞེས་ཡང་བསྐྱར་ཞུ་འདོད་བྱུང་།
    བོད་རྒྱལ་ལོ།

    Reply
  9. སྟོང་སྐོར་ཐུབ་བསྟན། says:
    ལོ་ 14 སྔོན།

    དཔའ་བོ་ཚོ། ཁྱེད་རྣམས་པའི་སྙིང་སྟོབས་དང་ལྷག་བསམ་དཔའ་ངར་ལ་ཁ་ཞེ་གཉིས་ནས་དགའ་བསུ་ཞུ། འདི་འདྲའི་རླབས་ཆེ་བའི་ལས་དོན་བྱེད་པ་ལ་ཁྱེད་རྣམས་ལ་ཐུགས་རྗེ་ཆེ་ཞུ།

    Reply
  10. འདྲེ་རིག་ལྡན། says:
    ལོ་ 14 སྔོན།

    སེམས་གཏིང་ནས་གུས་བརྩི་དང་རྒྱབ་སྐྱོར་ཡོད། ཟུངས་ཁྲག་དམར་པོས་བོད་ཡུལ་ལ་གསོན་ཤུགས་སྦྱིན་དགོས་པ་ང་ཚོའི་རེ་འདོད་རེད་ལ། བོད་མི་འདས་པོ་ཡོངས་ཀྱི་ཁ་ཆེམས་ཀྱང་རེད། ང་ཚོ་གྲ་སྒྲིག་ཨང་གསར་ཡིན།

    བོད་རྒྱལ་ལོ།

    Reply
  11. གླང་དར་མ། says:
    ལོ་ 14 སྔོན།

    བོད་ཀྱི་གཞོན་ནུ་ཚོགས་པའི་དུས་ཚོད་ངེས་མེད་གི་ལས་འགུལ་དེར་རྗེས་སུ་ཡིད་རངས་དང་སེམས་གཏིང་ནས་རྒྱབ་སྐྱོར་ཞུ་རྒྱུ་ཡིན་། བོད་རྒྱལ་ལོ།

    Reply
  12. ཚྭ་སྒང་ཕོ་ཉ། says:
    ལོ་ 14 སྔོན།

    མི་ཉག་བཙན་པོ་ལགས།
    ཁྱོད་ཀྱིས་ད་ལྟའི་བར་བོད་དོན་ཆེད་ལས་འགུལ་དང་བྱ་བ་གང་ཞིག་སྒྲུབ་ཡོད། དེ་དག་ལ་ནུས་པ་ག་ཚོད་ཐོན་ཡོད་གསུངས་དང་ང་ཉན་འདོད་ཡོད་གྲོགས་པོ། རང་ཉིད་ཟ་ཉལ་ལས་གང་ཡང་མི་ཤེས་མཁན་དག་གིས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་རང་སྲོག་ཀྱང་གཏང་གནང་མཁན་དག་ལ་ཟུར་ཟ་བྱེད་པ་ནི་རང་ངོ་རང་གི་མི་ཤེས་མཁན་དག་གིས་བྱེད་ཚུལ་ལས་མ་འདས་པའི་སླད་ཕྱིན་རང་ངོ་རང་གིས་ཤེས་པ་བྱས་ན་བཟང་། མ་བཞི་ནས་བོད་རང་བཙན་སྒྲུབ་བྱེད་ལ་འགྲོ་མིན་ལྟ་རྒྱུ་དེ་ཁྱོད་རང་ལ་ཡང་འགན་ཡོད་པའི་རང་ཉིད་ཀྱིས་ཀྱང་གཟིགས་གལ་ཆེ། ནུས་པ་དེ་དག་ལས་ཆེ་ཙམ་འདོན་ཐོབ་མིན་དེ་ཡང་བོད་མི་རེ་རེས་ནས་བསམ་བློ་གཏང་དགོས་པ་ལས་གཞོན་ལས་གཞན་གྱིས་གཏང་མི་ཆོག་ཞེས་སུས་ཀྱང་གཏན་འབབ་བཟོས་མེད་སྙམས། དེ་ཙམ་ཡིན་ད་དུང་དགོས་ན་ཡོང་ཆོག་།

    Reply
  13. ལུང་རྟོགས། says:
    ལོ་ 14 སྔོན།

    ཕ་བཟང་གི་བུ་ཚོ། ཁྱེད་ཚོ་ནི་མི་ཞིག་ལ་སྐྱེས་པའི་རིན་ཐང་བརྙེད་འདུག དེ་མིན་རང་གི་གཏོ་གོས་འགྲིག་ཙམ་བྱུང་ན་གང་ལ་ཡང་མི་བསམ་མཁན་གྱི་མི་དེ་ཚོ་ནི། གང་ན་གཟའ་གཏུང་ཡོད་དེར་རྒྱུག། དགོས་པའི་བྱ་བ་གཅོལ་ཡང་བྲོས། །གཏམ་དང་གཞད་གད་ཤེས་ན་ཡང་། །མཇུག་མ་མེད་པའི་ཁྱི་རྒན་ཡིན།། ཞེས་པ་ལྟར་མི་ལུས་ལེན་པ་ཁྱི་ལུས་དང་ཁྱད་པར་ཅི་ཞིག་ཡོད།

    Reply
  14. ཅང་མེད། says:
    ལོ་ 14 སྔོན།

    བོད་པ་ཚང་ཀི་བུ་རྒོད་ཚོ། དངོས་གནས་ཁྱེད་རྣམས་པའི་སྙིང་སྟོབས་དང་ལྷག་བསམ། དཔའ་ངར་ལ་ཁ་ཞེ་གཉིས་ནས་དགའ་བསུ་ཞུ།
    ཐུགས་རྗེ་ཆེ།

    Reply
  15. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    རང་སྲོག་བློས་བཏང་མ་བྱེད་རོགས་གནོངས། ཐུགས་རྗེས་གཟིགས། དགེ་ལེགས་འཕེལ།

    Reply
  16. ཁྱུང་དཀར says:
    ལོ་ 14 སྔོན།

    ཚེ་སྐྱིད་ལགས། ཞུ་འདོད་པ་ཞིག་ལ་བོད་མིའི་མངོན་འདོད་ལ་སེམས་ཁུར་དང་སྤོབས་པའི་ཐོག་ནས་རང་ཉིད་ཀྱི་སེམས་ཁམས་ཕྱིར་འདོན་བྱས་པ་དགའ་བསུ་ཞུ། འོན་ཀྱང་། ཉིད་ཀྱི་མཆན་བུ་གང་སར་བུ་མོ་ཞིག་ཡིན་རུང་ཞེས་པ་མང་དུ་བཀོད་འདུག་པར་བལྟས་ན་བུ་མོ་ནི་ནུས་མེད་དང་ཉམ་ཆུང་ཞིག་ཏུ་སེམས་ཀྱིན་འདུག དེང་སྐབས་ནི་ཕོ་མོ་འདྲ་མཉམ་རེད་ལ་ཁྱེད་རང་ཡང་བུ་མོའི་ཁྲོད་ཀྱི་སྨྱུག་འཛིན་པ་ཞིག་ཡིན་པས་ཆ་ནས་བུད་མེད་ཀྱི་སྤོབས་སེམས་མཐོ་རུ་གཏོང་རོགས། བུད་མེད་ཚོའི་སྙིང་སྟོབས་ཡར་བསྐྱེད་རོགས།

    Reply
  17. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    གཞོན་ནུས་ཚོགས་པ་ནས་དེ་འདྲ་བའི་གོ་སྒྲིག་བྱས་པར་རྗེས་སུ་ཡི་
    རང་ཞུ་རྒྱུ་དང་།
    ལས་འགུལ་དེ་དག་རང་བཙན་སྒྲུབ་བྱེད་དུ་འགྲོ་ཐུབ་བམ།ནུས་པ་དེ་
    ལས་ཆེའི་རང་བཙན་སྒྲུབ་བྱེད་ཀྱི་ལས་འགུལ་གཞན་མེད་དམ།
    རྒྱུན་ལས་དེ་དག་གི་ཁ་ཞེ་གཉིས་མེད་ཡིན་ན་དགའ་བསུ་ཞུ་དང་ད་ལྟའི་བར་དེ་འདྲའི་ཁ་ཞེ་གཉིས་མེད་བྱས་མྱོང་ཡོད་དམ།

    Reply
  18. རྔ་བ་ཚེ་སྐྱིད། says:
    ལོ་ 14 སྔོན།

    བཀའ་དྲིན་ཆེ། བོད་ཀྱི་གཞོན་ལྷན་གྱི་གོ་སྒྲིག་འོག་ཁྱེད་རྣམ་པ་གསུམ་གྱིས། བོད་མི་རིགས་དང་རིག་གཞུང་། ཁོར་ཡུག་དང་ལྷག་པར་དུ། མ་འོངས་པའི་ཆེད་དུ། འདི་ལྟར་བློས་བཏང་བྱས་དང་བྱེད་ཀྱིན་པའི་ལག་ལེན་མཐོང་དུས། མིག་ཆུ་ཤོར་ཀི སེམས་པ་སྡུག་གི ཡིན་རུང་། འདི་འདྲའི་རླབས་ཆེ་བའི་ལས་དོན་གྱིས། བུ་མོ་ལ་བློ་སྤོབས་བསྐྱེད་བྱུང་། འདི་འདྲའི་ཆོད་སེམས་ཆེན་པོས། བུ་མོ་ང་ལ་སྙིང་སྟོབས་བསྐྲུན་བྱུང་། དེ་ལས་ཀྱང་། 《རྒྱ་དམར་ག་ཚོད་སྟོབས་ཆེན་ཆགས་པ་ཡིན་ནའང་། ང་ཚོ་བོད་པའི་གཞོན་སྐྱེས་ཚོས་བོད་ཀྱི་རྒྱལ་ས་ལྷ་ས་ཡིན་པ་དང་སོ་སོའི་རྒྱལ་ཁབ་བོད་ཡུལ་ཡིན་པ་དེ་ནམ་ཡང་བརྗེད་ཀྱི་མ་རེད་ལ། རང་བཙན་སླར་གསོའི་ཆེད་དུ་གཅེས་པའི་ཚེ་སྲོག་གཏོང་དགོས་ཀྱང་གཏོང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པའི་བརྡ་ལན་གསལ་པོ་སྤྲོད་རྒྱུ་ཡིན་ཟེར།》ཞེས་ཟེར་དུས། བུ་མོ་ངའི་སྙིང་ཁམས་འདར་དུ་བཅུགས་སོང་མོད། ང་རང་བུ་མོ་ཞིག་ཡིན་རུང་། ཁྱེད་རྣམ་པའི་རྗེས་འཇུག་པ་ཏག་ཏག་ཅིག་ཨེ་ཡོང་བལྟ་གི་ཡིན། འདི་ནི། ཁ་བཤད་མིན་པར་སེམས་ཀྱི་དམར་དམར་བོ་ཡིན་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese