མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་བཙན་ལ་འོས་ཐོབ་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༥/༡༠
Share on FacebookShare on TwitterShare on EmailShare on Whatsapp


ཉེ་ཆར་དབྱིན་ཇིའི་རྒྱལ་ཁོངས་སུ་ས་གནས་རང་སྐྱོང་གི་བདག་དབང་ཡོད་པའི་སི་ཁོ
་ཊི་ལན་ཌ་(Scotland)ས་གནས་གྲོས་ཚོགས་ནང་རང་ཐག་རང་གཅོད་ཀྱི་མང་མོས་འོས་བསྡུ་ཞིག་བྱས་ཡོད། འོས་བསྡུའི་གྲོས་མགོ་འདོན་མཁན་གཙོ་བོ་སི་ཁོ་ཊི་རྒྱལ་གཅེས་ཚོགས་པ་(Scottish Nationalist Party)ཞེས་པ་དེ་ཡིན་ཞིང་། མང་མོས་འོས་བསྡུ་དེ་ནི་སི་ཁོ་ཊི་ལན་ཌི་དབྱིན་ཇིའི་འོག་སྔར་བཞིན་ས་གནས་རང་སྐྱོང་གི་སྒྲོམ་གཞིའི་འོག་གནས་རྒྱུའམ་ཡང་ན་དབྱིན་ཇི་དང་ཁ་བྲལ་ཏེ་རང་བཙན་བྱ་རྒྱུ་དེ་རེད།

ཟླ་འདིའི་ཕྱི་ཚེས་ ༥ ཉིན་རང་ཐག་རང་གཅོད་ཀྱི་མང་མོས་འོས་བསྡུའི་གྲུབ་འབྲས་ཁྱབ་བསྒྲགས་བྱས་པའི་གྲུབ་དོན་ལྟར་ན། གྲོས་ཚོགས་ནང་འཐུས་མི་ ༡༢༠ ཡོད་པ་ལས་འཐུས་མི་ ༦༥ ཙམ་གྱིས་རང་བཙན་ལ་འོས་བླུགས་ཡོད་སྟབས། ཐེངས་འདིའི་འོས་བསྡུའི་ཁྲོད་སི་ཁོ་ཊི་ལན་ཌི་དབྱིན་ཇིའི་འོག་ནས་ཁ་བྲལ་ཏེ་རང་བཙན་བྱ་རྒྱུར་བརྒྱ་ཆ་ ༥༠ ལས་བརྒལ་ཡོད་འདུག སི་ཁོ་ཊི་རྒྱལ་གཅེས་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ལེག་སི་(Alex Salmond)ལགས་ཀྱིས་སི་ཁོ་ཊི་རང་བཙན་བྱ་རྒྱུར་ཐེངས་དང་པོར་གྲོས་ཚོགས་ནང་མང་མོས་རྒྱལ་ཁ་ཐོབ་པ་འདི་ནི། སི་ཁོ་ཊིའི་ལོ་རྒྱུས་ཐོག་གི་རྒྱལ་ཁ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཅེས་བརྗོད་འདུག འོན་ཀྱང་། དབྱིན་ཇི་གཞུང་གིས་དེ་ལ་རྣམ་འགྱུར་ཡག་པོ་བསྟན་མེད་པ་མ་ཟད། དབྱིན་ཇིའི་སྲིད་བློན་ཌ་ཝེ་ཌི་( David Cameron) ལགས་ཀྱིས་ང་ལ་དབྱིན་ཡུལ་མཉམ་འབྲེལ་རྒྱལ་ཁབ་ལ་ཡིད་ཆེས་ཡོད། ངས་བཤད་འདོད་པ་ནི་དབྱིན་ཡུལ་མཉམ་འབྲེལ་རྒྱལ་ཁབ་དང་དེའི་ཡལ་འདབ་རེ་རེ་བཞིན་ད་ལྟ་གང་ཡོད་པ་ཡོངས་རྫོགས་ཆིག་སྒྲིལ་ངང་གནས་དགོས་རྒྱུ་དེ་ཡིན། ཞེས་གཏམ་བཤད་ཅིག་སྤེལ་འདུག

སི་ཁོ་ཊི་ས་གནས་གྲོས་ཚོགས་སྐབས་སྔོན་མའི་ཚོགས་དུས་ནང་རྒྱལ་གཅེས་ཚོགས་པས་སི་ཁོ་ཊི་རང་བཙན་ཐད་རང་ཐག་རང་གཅོད་ཀྱི་གྲོས་མགོ་བཏོན་ཡོད་ཀྱང་། ཁ་གཏད་ཚོགས་པས་ངོ་རྒོལ་ཤུགས་ཆེན་བྱས་སྟབས། རང་ཐག་རང་གཅོད་ཀྱི་འོས་བསྡུ་བྱ་རྒྱུར་ལམ་ལྷུང་བྱུང་མེད། གང་ལྟར་ཐེངས་འདིའི་གྲོས་ཚོགས་ཀྱི་མང་མོས་འོས་བསྡུ་ལས་རང་བཙན་བྱ་རྒྱུར་རྒྱལ་ཁ་ཐོབ་ཡོད་པ་འདིས། སི་ཁོ་ཊི་མི་མང་ལ་སེམས་ཚོར་དང་རེ་བ་གསར་པ་ཞིག་བསྐྲུན་ཡོད་ཀྱང་། དབྱིན་ཇི་གཞུང་ལ་བློ་འཚབ་དང་བསམ་གཞིག་གསར་པ་ཞིག་གི་མགོ་བསླངས་ཡོད།

སི་ཁོ་ཊི་ལན་ཌི་ནི་ ༡༧༠༧ ལོར་དབྱིན་ཇིའི་དབང་སྒྱུར་འོག་ཚུད་ཡོད་ཅིང་། ད་ཆར་ས་གནས་རང་སྐྱོང་གི་ལམ་ལུགས་ལག་བསྟར་བྱེད་བཞིན་ཡོད་པ་མ་ཟད། སི་ཁོ་ཊི་ས་གནས་གཞུང་དང་གྲོས་ཚོགས་ཀྱང་བཙུགས་ཡོད། འོན་ཀྱང་། འདས་པའི་ལོ་མང་གོང་ནས་དབྱིན་ཇི་དང་ཁ་བྲལ་ཏེ་རང་བཙན་བྱ་རྒྱུའི་ཐད་གླེང་སློང་དང་གྲོས་མོལ་ཐེངས་མང་བྱས་མཐར། ཐེངས་འདིར་སི་ཁོ་ཊིའི་གྲོས་གྲོས་ཚོགས་ནང་རང་ཐག་རང་གཅོད་ཀྱི་འོས་བསྡུ་དེ་བྱས་ཡོད་འདུག   

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༡༤ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

མཆན། 3

  1. སྐྱ་ཀ says:
    ལོ་ 15 སྔོན།

    འདི་ནི་བརྩོད་མེད་ལམ་ལྷང་ངང་དུ་ཐོབ་ཐུབ་པ་ཞིག་མིན་ནའང་གོམ་པ་རིམ་སྤོ་ཐོག་འགྲོ་རྒྱུའི་གཞི་རྩ་དེའི་སྟེང་དུ་དམིགས་བསལ་གོ་སྐབས་གསར་པ་ཞིག་ཡིན་པ་ངོས་འཛིན་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་པ་གསལ་པོ་རེད། སྤྱིར་དེ་འདྲ་བ་འཛམ་གླིང་གི་སྒང་དུ་རྒྱ་ཁབ་ཆེ་ཁག་སོགས་ཁ་ཐོར་རུ་ཕྱིན་པ་ཡིན་ན་དམིགས་བསལ་དགེ་མཚན་འདྲ་གཟིགས་མོས་ཡོད་དམ་ཞེས་ངས་དྲྭ་གྲོགས་ཚོ་ལ་དྲི་པ་ཞིག་འབྲི།

    Reply
  2. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    གོ་སྐབས་འདི་མི་སྲིད་པ་ཞིག་མིན་ན་ཡང། མཏའ་གཅིག་ཏུ་དགེ་མཚན་ཆེ་བར་ཐག་གཅོད་དཀའ། འཛམ་གླིང་ཁྱིམ་གཅིག་དང་སྤྱི་ཚོགས་འཆམ་མཐུན་གྱིས་མི་རིགས་དོར་ནས་མིའི་རིགས་ཀྱི་གོ་ལ་གཅིག་བསྐྲུན་པར་ངེས་པར་མི་རིགས་རེ་རེ་ནས་རང་བཙན་བྱེད་དགོས་དོན་མེད། གཙོ་བོ་དམངས་གཙོ་དང་རང་དབང། འདྲ་མཉམ། ཞི་བདེ་ཟེར་བའི་འཚོ་བ་འདི་ཁ་ཡོད་ལག་ཡོད་དགོས་པ་རེད།

    Reply
  3. གླང་དར་མ། says:
    ལོ་ 15 སྔོན།

    བོད་མི་ཚོ་རྡོག་རྩ་གཅིག་སྒྲིལ་གནང་དང་ཉིན་ཅིག་བོད་ལ་ཡང་གོ་སྐབས་དེ་ཡོང་ངེས་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese