མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཏོང་ལེན་ཚོགས་པའི་ཟབ་སྦྱོང་།

བོད་ཀྱི་དུས་བབ།
༢༠༡༡/༠༥/༡༩
Share on FacebookShare on TwitterShare on EmailShare on Whatsapp


གཏོང་ལེན་རོགས་ཚོགས་ཀྱི་གོ་སྒྲིག་འོག
ཁ་སང་ཚེས་༡༨ ཉིན་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ། རྒྱ་གར་ཁྲིམས་ལུགས་མཁས་པ་སྐུ་ཞབས་མར་ཌིན་པིན་ཌོ་ལགས་ཀྱིས། ཚོགས་པ་ཁག་ཇི་ལྟར་དེབ་སྐྱེལ་བྱ་དགོས་མིན་དང་གཞུང་ལ་དཔྱ་ཁྲལ་འབུལ་སྟངས། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་རོགས་དངུལ་ལེན་སྟངས་དང་དངུལ་གསོག་ཉར་བྱེད་སྟངས། དེ་མིན་ཁྲིམས་ལུགས་ཀྱི་བྱེད་སྒོ་ཁག་གི་ཐོག་ཟབ་སྦྱོང་ཞིག་སྤྲད་ཡོད་ཅིང་། ཟབ་སྦྱོང་དེར་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་ཐེབས་རྩ་ཚོགས་པ། དགོན་སྡེ་ཁག་དང་བོད་གཞུང་སྡེ་ཚན་ཅིག་གི་ཚོགས་མི་ ༡༠༠ ཙམ་མཉམ་ཞུགས་བྱས་ཡོད་པ་རེད།

གནས་སྟངས་དེའི་ཐོག་གཏོང་ལེན་རོགས་ཚོགས་ཀྱི་འབྲེལ་མཐུད་འགན་འཛིན་སྐུ་ཞབས་བསོད་ནམས་ལགས་ཀྱིས་བརྗོད་དོན། དེང་སྐབས་ང་ཚོས་རྒྱ་གར་གཞུང་གི་ཁྲིམས་ལུགས་ངོས་འཛིན་བྱ་ཐུབ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་ཆགས་ཡོད་དུས། རྒྱ་གར་གཞུང་ལ་ཁྲིམས་མཐུན་གྱི་ཐོག་ནས་ཚོགས་པ་དེབ་སྐྱེལ་བྱེད་སྟངས་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་རོགས་དངུལ་ལེན་སྟངས་དང་བཀོལ་སྤྱོད་བྱེད་སྟངས་ཤེས་རྟོགས་དགོས་ཀྱི་འདུག ནམ་རྒྱུན་བོད་པ་མང་ཆེ་བར་གནས་སྟངས་དེའི་ཐོག་དོ་སྣང་ཡོད་པ་མ་རེད། དེ་ཡིན་དུས། མ་འོངས་པར་ཁྲིམས་མཐུན་གྱི་ཐོག་ནས་ལས་ཀ་བསྒྲུབ་ཐུབ་རྒྱུར་དམིགས་ཏེ། ང་ཚོ་ཚོགས་པའི་ངོས་ནས་རྒྱལ་ས་ལྡི་ལི་ནས་ཁྲིམས་ལུགས་མཁས་པ་ཞིག་ཆེད་དུ་གདན་ཞུས་ཀྱིས་ཟབ་སྦྱོང་འདི་གོ་སྒྲིག་ཞུས་པ་ཡིན། ཞེས་བརྗོད་བྱུང་།

སྐབས་དེར། གདོང་ལེན་ཚོགས་པའི་ཚོགས་གཙོ་གྲྭ་འཇམ་དབྱངས་ལགས་ཀྱིས་བརྗོད་དོན། ཚོགས་པ་འདི་ནི་རྒྱ་གར་གཞུང་ལ་གསར་དུ་དེབ་སྐྱེལ་བྱས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་ཡིན་ཞིང་། ཚོགས་པ་འདིའི་དམིགས་ཡུལ་གཙོ་བོ་ནི། མི་མང་ཉམས་ཐག་རིགས་ལ་དམིགས་བསལ་རོགས་རམ་གནང་རྒྱུ་དང་། ལྷག་པར་དུ། རྒྱ་གར་ནི་བོད་མི་ཚོར་བཀའ་དྲིན་ཆེན་པོ་ཡིན་དུས་བཀའ་དྲིན་གསོ་རྒྱུར་དམིགས་པ་ཞིག་ཡིན། ལས་གཞིའི་འགྲོ་གྲོན་སྐོར་ལ་ཁོང་གིོས་བརྗོད་དོན། ཤེས་ཡོན་ཐོག་ང་ཚོས་འབད་བརྩོན་བྱས་པར་བརྟེན་ཏེ། དེ་སྔོན་སློབ་ཞུགས་གོ་སྐབས་མ་རག་པའི་བྱིས་པ་མང་པོ་ཞིག་ད་ཆར་སློབ་གྲྭར་འགྲོ་ཐུབ་པ་ཙམ་དུ་མ་ཟད། སློབ་ཕྲུག་ཁག་ཅིག་འཛིན་རིམ་བཅུ་བ་བསླེབས་ཡོད་ལ། ཁོང་ཚོའི་ཟླ་རེའི་ཆ་སྙོམས་འགྲོ་སོང་ཧིན་སྒོར་སུམ་འབུམ་ ༣༠༠༠༠༠ དང་། འཕྲོད་བསྟེན་ལ་ཆ་བཞག་ཀྱང་། ཚེ་སྲོག་གི་ཉེན་ཁར་ཐུག་པའི་དབུལ་ཕོངས་བྱིས་པ་གང་འཚམ་ཞིག་ལ་དུས་ཐོག་ཛ་དྲག་སྨན་བཅོས་བྱས་ཏེ། གྲུབ་འབྲས་ལྡན་པ་བྱུང་ཡོད། ཁོང་ཚོའི་ཟླ་རེའི་ཆ་སྙོམས་འགྲོ་སོང་ཧིན་སྒོར་ཆིག་འབུམ་ ༡༠༠༠༠༠ ལྷག་ཡིན། ང་ཚོའི་ལས་གཞིེར་བལྟས་ཡོང་ན། ཟླ་རེའི་འགྲོ་སོང་ལ་ཁྱོན་ཧིན་སྒོར་འབུམ་བཞི་ལྷག་འགྲོ་བཞིན་ཡོད་པ་རེད། ཅེས་དང་། གཏོང་ལེན་ཚོགས་པའི་ལས་འཆར་ཐད་ཁོང་གིས། ང་ཚོའི་ཚོགས་པའི་ངོས་ནས་མ་འོངས་པར་ཡང་མུ་མཐུད་ནས་ལས་གཞི་འདི་རྒྱ་ཆེ་རུ་གཏོང་རྒྱུའི་དམིགས་ཡུལ་ཡོད། ཚོགས་པ་འདིར་རོགས་དངུལ་རག་དོན་གཙོ་བོ་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་ཐུགས་རྗེའི་བཀའ་དྲིན་རེད། ཅེས་བརྗོད་སོང་།

གཏོང་ལེན་ཚོགས་པ་ནི་ཕྱི་ལོ་ ༢༠༠༤ ལོར་རྒྱ་གར་གྱི་དབུལ་ཕོངས་བྱིས་པ་རྣམས་ལ་བདག་སྐྱོང་དང་སློབ་སྦྱོང་སྤྲོད་ཆེད་དུ་བཙུགས་པ་ཞིག་ཡིན་འདུག་ལ། ད་ལྟའི་ཆར་དགེ་ལས་བསྡོམས་པས་མི་ ༢༠ ལྷག་ཡོད་པ་དང་། ཤེས་ཡོན་དང་འཕྲོད་བསྟེན། ཁོར་ཡུག་བཅས་སྡེ་ཚན་གསུམ་ཡོད་ཅིང་། ཤེས་ཡོན་སྡེ་ཚན་དུ་ཕྲུ་གུ་ ༤༠ ལྷག་དང་འཕྲོད་བསྟེན་སྡེ་ཚན་དུ་ཕྲུ་གུ་ ༡༥༠ ལྷག་བཅས་ཁྱོན་ཕྲུ་གུ་ ༢༠༠ ལྷག་ལ་བདག་སྐྱོང་བྱེད་ཀྱིན་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Front Slider

འཇམ་དབྱངས་བཀྲ་ཤིས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ།

ཆུ་ཚོད་ ༤ སྔོན་ལ།
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༧།༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༥ ནས་ཚོགས་ཞུགས་བྱས་འདུག

ཆུ་ཚོད་ ༦ སྔོན་ལ།
སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

ཆུ་ཚོད་ ༡༠ སྔོན་ལ།
 ཚེ་དབང་དབྱངས་མཚོ་ལགས་དང་བསྟན་འཛིན་སྲི་སྒྲུབ་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༧།༣
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་གཟེངས་ཐོན་སྲི་ཞུ་བ་གཉིས།

ཆུ་ཚོད་ ༡༠ སྔོན་ལ།
Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

༢༠༢༥/༠༧/༠༢
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

༢༠༢༥/༠༧/༠༢

མཆན། 4

  1. གུང་རུ་འབྱོར་མཆོག says:
    ལོ་ 14 སྔོན།

    ཏྰ་ལའི་བླ་མ་བོད་དུ་ཕྱིར་ལོག་གནང་རྒྱུར་སྒོ་མོ་ཕྱེས་ཡོད་ཅེས་བཤད་ཀྱང་ཁོང་ནི་བོད་ཁ་བྲལ་རིང་ལུགས་པ་རེད་ཅེས་བསྐྱར་དུ་སྐྱོན་བརྗོད་བྱས་པ།

    ༄༅༎བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་པད་མ་འཕྲིན་ལས་ཀྱིས། རེས་གཟའ་ཕུར་བུའི་ཉིན་གསར་འགོད་པར། ་ཡུལ་གྱར་དུ་ཡོད་པའི་ཏྰ་ལའི་བླ་མ་བོད་དུ་ཕྱིར་ལོག་གནང་རྒྱུར་སྒོ་མོ་ཕྱེས་ཡོད་ཅེས་བཤད་ཅིང༌། འོན་ཀྱང་༧གོང་ས་མཆོག་ནི་བོད་ཁ་བྲལ་རིང་ལུགས་པ་རེད་ཅེས་བསྐྱར་དུ་སྐྱོན་བརྗོད་ཞུས་ཡོད་པ་རེད།

    བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཁ་སྔོན་ཕྱི་ཟླ་གསུམ་པའི་ནང་ཆབ་སྲིད་ཀྱི་སྐུ་དབང་ནས་ཆ་ཚང་བཤོལ་བ་གནང་་རྒྱུའི་ཐག་གཅོད་གནང་བའི་རྗེས། རྒྱ་ནག་གཞུང་གི་མཐོ་རིམ་དཔོན་རིགས་ནས་༧གོང་ས་མཆོག་གི་སྐོར་ལ་སྐད་ཆ་བཤད་པ་ཐེངས་དང་པོ་དང༌། དེ་ཡང་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་པད་མ་འཕྲིན་ལས་ལགས་ཀྱིས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་དུ་ཕྱིར་ལོག་གནང་རྒྱུར་དགའ་བསུ་ཡོད་པ་དང༌། འོན་ཀྱང་ཁ་བྲལ་གྱི་ལས་འགུལ་མཚམས་འཇོག་བྱ་དགོས་པའི་སྐོར་བཤད་ཡོད་པ་རེད། དེ་ཡང་ཁོང་གིས། གལ་ཏེ་ཏྰ་ལའི་བླ་མ་བོད་དུ་ཕྱིར་ལོག་གནང་འདོད་ཡོད་ཚེ། རྒྱ་ནག་གི་ཕྱོགས་ནས་དུས་རྟག་ཏུ་སྒོ་ཕྱེས་ནས་ཡོད་ཅེས་དང༌། ཡང་གལ་ཏེ་ཁོང་གི་གསུང་པ་བཞིན་དངོས་གནས་ཀྱིས་བགྲེས་ཡོལ་དུ་ཕེབས་པ་ཡིན་ཚེ། ངེས་པར་དུ་བོད་ཁ་བྲལ་གྱི་ལས་འགུལ་མཚམས་འཇོག་བྱས་ཏེ། བོད་ཀྱི་བརྟན་ལྷིངསྲུང་སྐྱོབ་བྱ་རྒྱུ་དང༌། ཆོས་ཕྱོགས་མ་གཏོགས་ཆབ་སྲིད་ཀྱི་ཕྱག་ལས་མ་གནང་བ་ཡིན་ན། དེ་ནི་བོད་ལ་ཕན་ཐོགས་སྐྲུན་རྒྱུ་ཡིན་ཞིང༌། གནད་འགག་ཆེ་ཤོས་ནི་བོད་རང་བཙན་བློས་གཏོང་དགོས་ཀྱི་རེད་ཅེས་བཤད་ཡོད་པ་རེད། རྒྱ་ནག་ཕྱོགས་ནས་དེའི་སྔོན་ལའང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་དུ་ཆིབས་བསྒྱུར་གནང་རྒྱུར་དགའ་བསུ་ཡོད་ལུགས་གཅིག་མཚུངས་བཤད་མྱོང་ཡོད་ཀྱང༌། བོད་ཀྱི་གནད་དོན་ཐོག་དོ་སྣང་གནང་མཁན་ཚོས། རྒྱ་ནག་གཞུང་གི་སྐད་ཆ་དེ་ནི་ཁ་ཙམ་ལས་དོན་ངོ་མ་༧གོང་ས་མཆོག་བོད་དུ་ཆིབས་བསྒྱུར་བསྐྱང་ན་བོད་ནང་དུ་ཆབ་སྲིད་ཀྱི་བརྟན་ལྷིང་མེད་པ་ཆགས་རྒྱུའི་འཇིགས་སྣང་གིས་བོད་དུ་ཆིབས་བསྒྱུར་གནང་དུ་འཇུག་རྒྱུ་མིན་པ་ངོས་འཛིན་བྱེད་པ་མ་ཟད། རྒྱ་ནག་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགོངས་པ་རྫོགས་ན་བོད་ཀྱི་གནད་དོན་རང་བཞིན་གྱི་ཡལ་འགྲོ་རྒྱུ་དང། བཙན་བྱོལ་བོད་གཞུང་ཡང་ཐོར་བཤིགས་སུ་་འགྲོ་རྒྱུ་ཡིན་པའི་ཚོད་རྩིས་རྒྱབ་ནས་རེ་སྒུག་བྱེད་བཞིན་ཡོད་པ་ངོས་འཛིན་གནང་གི་ཡོད་པ་རེད།

    Reply
  2. རང་སྟོན། says:
    ལོ་ 14 སྔོན།

    གཏོང་ལེན་ཚོགས་པ་འདི་ལོ་གཅིག་གི་ཡར་སྔོན་ལ་ངས་གཞི་ནས་ཧ་གོ་སོང་། ཁོང་ཚོའི་འཆར་གཞི་དེ་དོན་སྙིང་ལྡན་པ་ཞིག་རེད་ཞེས་ང་ཚོའི་དབྱིན་ཡིག་དགེ་རྒན་གྱིས་ང་ཚོ་ལ་འགྲེལ་བཤད་ཐུང་ཐུང་ཞིག་གནང་སོང་། དངོས་ནས་དེ་འདྲ་ཞིག་ཡིན་ན་བརྗེས་སུ་ཡིད་རང་ཡོད།

    Reply
  3. ལྷ་མོ་དོན་གྲུབ། says:
    ལོ་ 14 སྔོན།

    རང་མགོ་མ་ཐོན་གཞན་མགོ་ཤ་བཏགས། འོན་ཀྱང་དགེ་བའི་ལས་ལ་ཡི་རང་ལོས་ཞུ།

    Reply
  4. མི་རྟག་པས་ཟིན་པའི་ཤ་རུས says:
    ལོ་ 14 སྔོན།

    ངས་སྙིང་ཐགས་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབ་ཅིག་་་མ་འོང་པ་ང་ཡང་དེས་ཚོགས་པ་ནང་ཞུགས་ཐུབ་ཐབས་བྱ་ནས་ཧུར་ཐག་གི་ལས་ཀ་ཡོང་བའི་རེ་བ་ཡོད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese