མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུའི་ཆེད་དུ་ཡིན།

བོད་ཀྱི་དུས་བབ།
༢༠༡༡/༠༥/༢༡
Share on FacebookShare on TwitterShare on EmailShare on Whatsapp

འགྱུར་བ་འདི་ནི་དམངས་གཙོའི་འཕེལ་རིམ་དང་ཁྲིམས་བཟོའི་ལམ་ནས་བྱུང་བ་ཞིག་ཡིན་པས། དགའ་ལྡན་ཕོ་བྲང་གཞུང་གི་རྒྱུན་བར་མ་ཆད་པར་གནས་ཡོད་པ་ཁོ་ན་ལས་གསར་བརྗེ་གྱེན་ལངས་ལྟ་བུས་གཞུང་གསར་རྙིང་བརྗེ་བ་ཞིག་གཏན་ནས་མིན་པས། དགའ་ལྡན་ཕོ་བྲང་གཞུང་གི་སྲིད་དབང་རྒྱུན་མ་ཉམས་པར་གནས་ཡོད་པ་དང་། ༸གོང་ས་མཆོག་གི་སྐུ་དབང་དང་མཉམ་དུ་ཁྲིམས་མཐུན་གྱི་གནས་བབ་ཀྱང་རྩིས་སྤྲོད་གནང་བ་ཞིག་ཡིན་པས་ཁྲིམས་མཐུན་གྱི་གནས་བབ་ལ་ཉམས་ཆག་གང་ཡང་ཕྱིན་མེད་ཟེར།

དེ་རིང་ཞོགས་པའི་ཆུ་ཚོད་དགུ་དང་ཕྱེད་ཀའི་སྟེང་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་དེ་ངྷ་སྟེང་བོད་ཁྱིམ་ཚོགས་ཁང་དུ་དབུ་འཛུགས་གནང་ཡོད་ཅིང་། མཛད་སྒོའི་ཐོག་མར་བཀའ་བློན་ཁྲི་པ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་བཅས་ནས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་འཁོད་རྗེས། ཚོགས་ཞུགས་པ་ཡོངས་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གྱེར་འདོན་གནང་ཞིང་། དེའི་རྗེས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ཚེ་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་བཅས་གནང་སོང་།

ཚོགས་ཐོག་ཏུ་བཙན་བྱོལ་བོད་གཞུང་གི་དམངས་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་སྤྱི་འཐུས་ཡོངས། སྐབས་རྗེས་མའི་བདམས་ཐོན་བཀའ་བློན་ཁྲི་པ་དང་སྤྱི་འཐུས་རྣམ་པ། བཀའ་ཟུར་དང་སྤྱི་ཟུར་རྣམ་པ། བཙན་བྱོལ་བོད་ཏགཞུང་གི་གཞུང་ཞབས་ཟུང་དྲུང་ཡན་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ཕྱི་རྒྱལ་བོད་རིགས་ཚོགས་པ་ཁག་གི་སྐུ་ཚབ། དེ་མིན་རྒྱལ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཁག་གི་དང་བླང་ཚོགས་ཞུགས་པ་དང་། ཆོས་རྒྱལ་ཁག་གི་སྐུ་ཚབ་བཅས་ཁྱོན་བསྡོམས་ཚོགས་ཞུགས་པ་ ༤༢༥ ཙམ་ཕེབས་ཡོད་འདུག  

ཚོགས་ཆེན་གྱི་ཐོག་མར་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་ཚོགས་ཆེན་དབུ་འཛུགས་ཀྱི་གཏམ་བཤད་གནང་དོན། དེ་རིང་ང་ཚོ་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་འཆར་ཟིན་དུ་འཁོད་པའི་བཅའ་ཁྲིམས་ཀྱི་སྔོན་གླེང་དང་དོན་ཚན་དང་པོའི་ཐོག་༸རྒྱལ་བ་རིན་པོ་ཆེར་གསོལ་འདེབས་སྙན་ཞུ་འབུལ་རྒྱུ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེར་བསྐྱར་བཅོས་གཏོང་རྒྱུའི་སྐོར་ལ་གཞི་རིམ་མང་ཚོགས་གྱི་བསམ་ཚུལ་བསྡུ་རུབ་ཞུ་རྒྱུ་དམིགས་ཡུལ་དུ་བཟུང་ནས་ཚོགས་པ་རེད།  ཐེངས་འདིའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ངོས་ནས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཟིན་བྲིས་ཁག་གཉིས་བཟོས་ཏེ། ཟིན་བྲིས་དང་པོའི་ཐོག་བཟོ་བཅོས་ཐེངས་བཞི་དང་ཟིན་བྲིས་གཉིས་པར་བཟོ་བཅོས་ཐེངས་གཉིས་ཞུས་པ་རེད།

ཟིན་བྲིས་དང་པོའི་ནང་དོན་རོབ་ཙམ་འགྲེལ་བཤད་ཞུས་ན། ༸རྒྱལ་བ་རིན་པོ་ཆེ་དང་། བོད་དང་བོད་མིའི་དབར་ཁ་འབྲལ་ཐབས་མེད་པ་དང་། ལོ་རྒྱུས་དང་མངའ་དབང་ལྡན་པའི་བོད་མིའི་མངོན་འདོད་ཀྱི་ཐོག་ནས་༸རྒྱལ་བ་རིན་པོ་ཆེར་རང་ཆས་སུ་ཡོད་པའི་མཛད་འགན་ཁག་ཅིག་བཅའ་ཁྲིམས་སུ་འགོད་དགོས་པ་དངོས་ཡོད་གནས་སྟངས་དང་དུས་ཀྱི་དགོས་མཁོར་མཐོང་། ད་རེས་ཚོགས་ཆེན་གྱི་བརྗོད་གཞི་གཙོ་ཆེ་ཤོས་ཀྱང་གནད་དོན་འདི་གཉིས་ཀྱི་སྐོར་ལ་ཡིན་པ་དང་། བཀའ་སྤྱི་གཉིས་ནས་ལས་རིམ་སྒྲིག་སྐབས་ཚོགས་ཆེན་གྱི་དུས་ཚོད་མང་ཆེ་བ་གནད་དོན་འདིའི་ཐོག་ལ་གོ་སྒྲིག་ཞུས་ཡོད། ཅེས་གསུང་བྱུང་།

ཚོགས་གཙོ་མཆོག་གིས་ཟིན་བྲིས་གཉིས་པའི་སྐོར་གསུངས་དོན། ཟིན་བྲིས་གཉིས་པའི་ནང་། དེང་སང་ཡོངས་གྲགས་སུ་ཡུལ་མིའི་རྒྱལ་ཁབ་ཅེས་འབོད་པའི་འགྲོ་སྟངས་དང་མཐུན་པ་ཡོང་ཆེད། མང་གཙོའི་ཀ་བ་གསུམ་གྱི་སྟེང་དུ་མི་རིགས་འགན་འཛིན་ཞིག་འདེམས་བསྐོའི་ཆ་རྐྱེན་བསྐྲུན་ཡོད། དེ་ལྟའི་མི་རིགས་འགན་འཛིན་ཞིག་བསྐོ་གཞག་བྱེད་པ་ལ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་དབུས་ཁྲིམས་ཞིབ་པ་རྣམ་པ་དང༌། བཀའ་བློན་ཁྲི་པའི་དབུས་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོའི་དབུས་སྤྱི་འཐུས་རྣམ་པ་བཅས་ནས་གསང་བའི་འོས་འདེམས་བྱེད་དགོས། དེ་ཡང་མི་རིགས་འགན་འཛིན་གྱི་འོས་ཆོས་སུ་རང་ལོ་ ༥༥ ཕུད། གཞན་ཕལ་ཆེ་བ་བཀའ་བློན་ཁྲི་པ་དང་བཀའ་བློན་ལྟར་ཡིན།  སྤྱིའི་ཆ་ནས་བཤད་ན། བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཟིས་བྲིས་དང་པོའི་ནང་། ད་ལྟའི་དངོས་ཡོད་གནས་སྟངས་དང་དགོས་མཁོ་གཞི་ལ་བཞག་སྟེ་བསྐྱར་བཅོས་ཞུས་པ་ཞིག་ལས། རྒྱལ་ཁབ་ཀྱི་དབུ་ཁྲིད་མི་མང་གིས་ཐད་ཀར་འོས་འདེམས་བྱ་རྒྱུའི་ཆ་རྐྱེན་ཡོད་པའི་ཡོངས་གྲགས་ཡུལ་མིའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་པ་ཞིག་ཆགས་ཐུབ་མེད། ཅེས་གསུངས་བྱུང་།

 

དེའི་རྗེས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཏམ་བཤད་གནང་དོན། ད་རེས་ཚོགས་ཆེན་འདིའི་དགོས་དམིགས་གཙོ་བོ། རིང་མིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་འཕར་མའི་ནང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་གནང་སྐབས་བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་ཁག་གི་ནང་གསལ་༸གོང་ས་མཆོག་གི་སྐུ་དབང་དང་འབྲེལ་བའི་དོན་ཚན་ཡོངས་རྫོགས་བསྐྱར་བཅོས་གནང་སྟེ་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ལ་འགྱུར་བ་འགྲོ་རྒྱུ་ཡིན་སྟབས། དེའི་སྐབས་༸གོང་ས་མཆོག་དང་བོད་མི་རིགས་ཀྱི་བར་བཅའ་ཁྲིམས་ཀྱི་བརྒྱུད་ལམ་ནས་འབྲེལ་བའི་ཆ་རྐྱེན་གཏན་མེད་དུ་སོང་ན་བློས་འགན་བཟོད་བྲལ་ལ་བརྟེན། ༸གོང་ས་ཆེན་པོའི་ཐུགས་རྗེ་ལྕགས་ཀྱུ་དང་བོད་མི་རིགས་ཀྱི་དད་པའི་ཨ་ལོང་འབྲལ་ཐབས་མེད་པའི་འབྲེལ་བ་དེ་བཅའ་ཁྲིམས་ཀྱི་ཚིག་བརྗོད་དུ་གསལ་བ་ཞིག་ཡོང་ཐབས་དང་། དེའི་ཆེད་བོད་མི་ཡོང་རྫོགས་བསམ་འདུན་གཅིག་མཐུན་གྱི་ལམ་ནས་༸གོང་ས་མཆོག་ལ་དེ་འདྲའི་ཚིག་བརྗོད་ཅིག་འགོད་འཐུས་བཀའ་འཁྲོལ་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུའི་ཆེད་དུ་ཡིན་པ་ཚང་མས་དགོངས་གསལ་རེད། ཅེས་དང་།

ཁོང་གིས་མུ་མཐུད་དུ་གསུངས་དོན། རྒྱལ་སྤྱིའི་ཁྲིམས་ལུགས་གཞི་བཟུང་རང་དབང་ཅན་གྱི་གཞུང་ངམ་བཙན་བྱོལ་གྱི་གཞུང་གང་འདྲ་ཞིག་ཡིན་རུང་ཆབ་སྲིད་ཀྱི་ལམ་སྲོལ་དང་གཞི་རིམ་ཁྲིམས་གཞི་ཁག་དུས་ བསྟུན་འགྱུར་བ་ཇི་ཙམ་བཏང་རུང་མང་ཚོགས་ཀྱི་མང་མོས་རྒྱབ་སྐྱོར་ཡོད་པ་དེ་སྲིད་དུ་ཁྲིམས་མཐུན་གྱི་གནས་བབ་འགྱུར་བ་འགྲོ་གཞི་མེད་ནའང་། འཛིན་སྐྱོང་གི་རྒྱུན་མུ་མཐུད་མ་གནས་པར་བར་མཚམས་ཆད་པ་ཡིན་ཚེ། གཞུང་གསར་པས་རང་གི་ནུས་པས་ཁྲིམས་མཐུན་གྱི་གནས་བབ་བསྐྲུན་མ་ཐུབ་ན་གཞུང་རྙིང་པའི་ཁྲིམས་མཐུན་གྱི་གནས་བབ་རྒྱུན་གནས་མེད་པར་ངོས་འཛིན་བྱེད་སྲིད། རང་རེའི་གནས་སྟངས་ལ་མཚོན་ན་བོད་ཀྱི་ཡུལ་མི་མང་ཆེ་བ་བོད་ནང་ཡོད་པ་དང་། དེ་དག་བཙན་བྱོལ་སྒྲིག་འཛུགས་ཀྱི་ཆབ་སྲིད་དང་འཛིན་སྐྱོང་གི་ལས་རིམ་ནང་ཐད་ཀར་ཆ་ཤས་ལེན་མི་ཐུབ་པའི་དབང་གིས་དགའ་ལྡན་ཕོ་བྲང་གཞུང་གི་རིགས་རྒྱུན་ཆད་ཚེ། བཙན་བྱོལ་བོད་མི་རྐྱང་པས་ཁྲིམས་མཐུན་གྱི་གནས་བབ་ཡོད་པའི་བོད་གཞུང་གསར་པ་ཞིག་བསྐྲུན་ཐུབ་ཐབས་མེད།

བཀའ་ཁྲི་མཆོག་གིས་མུ་མཐུད་དུ་གསུངས་དོ། ༸གོང་ས་མཆོག་གི་སྐུ་དབང་འོས་བསྡུ་བྱས་པའི་མགོ་ཁྲིད་ལ་བཅའ་ཁྲིམས་གཞིར་བཟུང་སྐུ་དབང་ཆ་ཚང་ཡོད་པའི་༸གོང་ས་མཆོག་རང་གིས་ཐུགས་འདོད་ལྟར་རྩིས་སྤྲོད་གནང་བ་དང་། རྩིས་ལེན་ཞུ་མཁན་བཅའ་ཁྲིམས་གཞི་བཟུང་ཁྲིམས་མཐུན་འོས་བསྡུའི་ལམ་ནས་ཐོན་པའི་མང་ཚོགས་ཀྱི་བཀའ་ལུང་ཡོད་པ་ཡིན་པ། རྩིས་སྤྲོད་གནང་བའི་བརྒྱུད་རིམ་ཡང་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་བཟོའི་ལས་རིམ་བརྒྱུད་ནས་གནང་བ་ཡིན་པ་བཅས་ལ་བརྟེན། འགྱུར་བ་འདི་ནི་དམངས་གཙོའི་འཕེལ་རིམ་དང་ཁྲིམས་བཟོའི་ལས་རིམ་གྱི་བརྒྱུད་ལམ་ནས་བྱུང་བ་ཞིག་ཡིན་པས། དགའ་ལྡན་ཕོ་བྲང་གཞུང་གི་རྒྱུན་བར་མ་ཆད་པར་གནས་ཡོད་པ་ཁོ་ན་ལས་གསར་བརྗེ་གྱེན་ལངས་ལྟ་བུས་གཞུང་གསར་རྙིང་བརྗེ་བ་ཞིག་གཏན་ནས་མིན་པས། དགའ་ལྡན་ཕོ་བྲང་གཞུང་གི་སྲིད་དབང་གི་རྒྱུན་མ་ཉམས་པར་གནས་ཡོད་པ་དང་། ༸གོང་ས་མཆོག་གི་སྐུ་དབང་དང་མཉམ་དུ་ཁྲིམས་མཐུན་གྱི་གནས་བབ་ཀྱང་རྩིས་སྤྲོད་གནང་བ་ཞིག་ཡིན་པས་ཁྲིམས་མཐུན་གྱི་གནས་བབ་ལ་ཉམས་ཆག་གང་ཡང་ཕྱིན་མེད། ཅེས་གསུངས་སོང་།

བཀའ་བློན་ཁྲི་པ་མཆོག་གིས་བཅའ་ཁྲིམས་བསྐྱར་བཅོས་ནང་གི་སྔོན་གླེང་དེ་གལ་ཆེན་ཡིན་ཚུལ་གསུངས་དོན། མཁས་དབང་འགའ་ཞིག་གིས་ད་ལན་བཅའ་ཁྲིམས་ཀྱི་དོན་ཚན་རེ་ཟུང་ཙམ་མ་ཡིན་པར་སྒྲོམ་གཞི་འགྱུར་བ་འགྲོ་རྒྱུ་ཡིན་སྟབས་བཅའ་ཁྲིམས་བསྐྱར་བཅོས་གནང་བ་ལས་བཅའ་ཁྲིམས་གསར་པ་ཞིག་གཏན་འབེབས་གནང་ན་ལེགས་ཚུལ་གསུང་མཁན་བྱུང་ཡོད་ཀྱང་། ད་ཡོད་བཅའ་ཁྲིམས་ལེའུ་བཅུ་གཅིག་པའི་ཆ་རྐྱེན་འོག་བཅའ་ཁྲིམས་བསྐྱར་བཅོས་གནང་རྒྱུ་ལས་བཅའ་ཁྲིམས་གསར་པ་གཏན་འབེབས་གནང་རྒྱུ་འོས་འཚམས་མིན་པའི་བསམ་ཚུལ་ཤུགས་ཆེ་བཏོན་དགོས་པའི་རྒྱུ་མཚན་ཡང་ཕྱི་ལོ་ ༡༩༩༡ ལོར་གཏན་ལ་ཕབ་པའི་བཅའ་ཁྲིམས་ཀྱང་ང་ཚོའི་ཁྲིམས་མཐུན་གྱི་གནས་བབ་གྱི་འབྱུང་ཁུངས་ཤིག་ཡིན་པས་དེ་སྲུང་སྐྱོབ་དགོས་པ་འདི་ཡིན། འོན་ཀྱང་བྱུང་རིམ་འདི་དག་གསལ་སྟོན་བྱེད་པའི་ཁྲིམས་ཀྱི་ནུས་ཤུགས་ལྡན་པའི་བརྗོད་ཚིག་གཅིག་བཅའ་ཁྲིམས་རང་གི་ཆ་ཤས་སུ་ཡོད་ན་ནུས་པ་ཆེ་བ་དང་། ཁ་གསལ་བ། དོགས་པའི་གཞི་མེད་པ་བཅས་ཡོང་རྒྱུ་ལ་དགོངས་ནས་བཅའ་ཁྲིམས་ཀྱི་ཆ་ཤས་སུ་གཏོགས་པའི་སྔོན་གླེང་འདི་གསར་འཇུག་གནང་འདུག འདིའི་དགོས་པ་དང་དམིགས་ཡུལ་ལ་ཚང་མས་སྤྱི་མོས་གནང་རྒྱུའི་ཡིད་ཆེས་ཡོད་པ་མ་ཟད། བརྗོད་ཚིག་ལའང་བཟོ་བཅོས་ཆེན་པོ་མི་དགོས་པའི་རེ་བ་ཡོད། འོན་ཀྱང་ལེགས་བཅོས་ཀྱི་དགོངས་འཆར་གནང་ན་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན། ཞེས་རེད་འདུན་བཏོན་སོང་།

 

བཀའ་ཁྲུ་མཆོག་གིས་བཅའ་ཁྲིམས་བསྐྱར་བཅོས་ལས་དོན་ཚན་དང་པོའི་སྐོར་ལ་གསུངས་དོན། ༸གོང་ས་སྐྱབས་མགོན་སྐུ་ཕྲེང་ན་རིམ་གྱི་མཛད་འགན་དང་སྐུ་དབང་དང་འབྲེལ་བའི་ དོན་ཚན་ཡོངས་རྫོགས་བསྐྱར་བཅོས་འགྲོ་རྒྱུར་བརྟེན་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་༸གོང་ས་མཆོག་གི་མཚན་ཙམ་ཡང་མ་ཐོན་ཚེ། བོད་མིའི་ཆབ་སྲིད་ཀྱི་རང་བཞིན་དང་༸གོང་ས་མཆོག་གི་དབར་འབྲེལ་བ་གང་ཡང་མེད་པའི་རྣམ་འགྱུར་ཞིག་འཐོན་ན་བོད་མིའི་འཕྲལ་ཕུགས་ཀྱི་ཁེ་ཕན་ལ་གནོད་སྐྱོན་ཤུགས་ཆེ་ཡོང་རྒྱུ་མ་ཟད། སྐབས་འཕྲལ་གྱི་དཀའ་ངལ་དུ་མ་ཞིག་ཀྱང་ཡོང་རྒྱུར་ངེས་པས་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བོད་མི་རིགས་ཀྱི་མགོན་སྐྱབས་དང་མཚོན་རྟགས་ ཡིན་པའི་དངོས་དོན་གསལ་བར་སྟོན་ཆེད་དོན་ཚན་དང་པོ་བསྐྱར་བཅོས་ཀྱིས་བརྗོད་ཚིག་གསལ་པོ་བཀོད་འདུག དོན་ཚན་འདི་༸གོང་ས་མཆོག་གིས་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ཐོག་བསྩལ་བའི་གསུང་འཕྲིན་ནང་། ༼ངོས་རང་བོད་ཀྱི་ཡུལ་མི་ཞིག་ཡིན་པ་དང་། བོད་མི་རིགས་དང་རྒྱལ་དབང་སྐུ་ཕྲེང་དབར་ལས་སྨོན་གྱི་འབྲེལ་བའི་དབང་གིས་རྒྱ་ཆེའི་མང་ཚོགས་ཚང་མའི་ཡིད་ཆེས་བློ་གཏད་ཡོད་པ་དེ་སྲིད་དུ་ངོས་ནས་བསྟན་སྲིད་སྤྱི་དོན་ཡལ་བར་འདོར་མི་སྲིད་ཅིང་༽ཞེས་གསུངས་པའི་དགོངས་དོན་ལ་འཁྲིལ་ནས་༸ གོང་ས་མཆོག་བོད་ཀྱི་ཡུལ་མི་ཙམ་མ་ཡིན་པར་ཁྱད་པར་འཕགས་པའི་ཡུལ་མི་དང་། མི་རིགས་ཀྱི་མགོན་སྐྱབས་དང་མཚོན་རྟགས་ཡིན་པའི་དངོས་དོན་གྱི་གནས་ལུགས་དོན་ ཚན་འདིའི་ནང་གསལ་འཁོད་གནང་བ་འདིས། བོད་མི་རིགས་དང་༸གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པའི་དབར་མགོ་དང་མཇིང་པ་བྲལ་ཐབས་མེད་པའི་འབྲེལ་བའི་གནས་ལུགས་བཅའ་ཁྲིམས་ཀྱི་ནང་གཞི་རྩ་སྐྲུན་ཐུབ་པ་ཞིག་ཡོང་རྒྱུའི་རེ་བ་ཡོད་པ་ཆགས་འདུག དོན་ཚན་འདིའི་ནང་དོན་ལ་ཚང་མས་སྤྱི་མོས་གནང་བའི་ཡིད་ཆེས་ཡོད་ཅིང་། བརྗོད་ཚིག་ནང་ལེགས་བཅོས་དང་གསར་སྣོན་གྱི་དགོངས་འཆར་ཡོད་ན་ངེས་པར་གནང་དགོས།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

ཆུ་ཚོད་ ༢༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

ཆུ་ཚོད་ ༢༢ སྔོན་ལ།
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩

མཆན། 2

  1. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    གནས་ཚང་ལ་ཞུ་རྒྱུར།
    བོད་རིགས་རྩམ་ཟན་ཞིག་ཡིན་པ་དང་།
    བོད་རྒྱལ་ཁབ་ལ་དུང་སེམས་ཤིག་ཡོད་ན་དེ་འདྲ་བཤད་མི་རུང་།
    ཪིགས་ཚོར་མེད་པ་དང་ཤེས་པ་རང་བཞིན་དུ་མི་གནས་ན་མི་དམིགས་བསལ་རེད།
    དུས་ཚོད་དང་དངུལ་དོན་མེད་འཕྲོ་བརླག་ཏུ་འགྲོ་རྒྱུ་ལས་གཞན་གང་ཡང་མི་འདུག
    ཡིན་ན་ཡང་དམ་སྲི་དོལ་རྒྱལ་གྱིས་ཕྲིན་ལས་བསྒྱུད་རྒྱ་སྒོར་ཆར་པ་བབ་མཁན་ཞིག་ཡིན་ན་གང་བཤད་རང་དབང་དང་སྟོང་བཤད་དང་བཀྲུགས་གཏམ་བཤད་གང་ཐུབ་བྱེད་རྒྱུ་དེ་ཁྱོད་ཀྱི་ལས་འགན་ཡིན་རྒྱུ་རེད་

    Reply
  2. གནས་ཚང་། says:
    ལོ་ 14 སྔོན།

    ད་རེས་ཀྱི་ཚོགས་འདུ་འདི་ནི་ཟམ་གདོང་ཡབ་སྲས་ཀྱིས་ཨུ་ཚུགས་ཕུར་ཚུགས་སུ་བྱེད་པའི་ལག་པ་ཕྱིས་ས་ཞིག་རེད་མ་གཏོགས་བསམ་ཚུལ་བསྡུ་ལེན་བྱེད་ས་ཞིག་མ་ཡིན་པས། ཚང་མ་ལོས་བསམ་བློ་ཞིབ་ཏུ་བཏང་ནས་གང་དགའ་ཇི་དྲག་བྱེད་རན་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese