མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁ་སྟོང་ལག་སྟོང་ལ་ཅི་ཡང་ལས་རྒྱུ་མེད།

བོད་ཀྱི་དུས་བབ།
༢༠༡༡/༠༥/༢༣
Share on FacebookShare on TwitterShare on EmailShare on Whatsapp
བོད་ལ་ཕར་ལོག་པའི་དུས་ཤིག་ཤར་སྐབས་ལས་ཀ་ཅི་ཞིག་བྱ་དགོས་ཀྱང་བྱེད་ཆོག་ཆོག་ཅིག་བཟོ་མ་ཐུབ་པ་ཡིན་ན། ང་ཚོ་ཁ་སྟོང་པ་དང་ལག་སྟོང་བྱས་བོད་ལ་ལོག་ཚེ་དམིགས་བསལ་བྱེ་བྲག་ལས་རྒྱུ་ཅི་ཡང་ཡོད་པ་མ་རེད། གསུངས་སོང་།  
ཕྱི་ཟླ་ ༣ ཚེས་ ༡༡ ཉིན་ ༸གོང་ས་མཆོག་གིས་གྲོས་ཚོགས་སུ་གསུང་འཕྲིན་བསྩལ་ཏེ་ཆབ་སྲིད་དང་འཛིན་སྐྱོང་གི་འགོ་ཁྲིད་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་མི་སྣས་བྱེད་དགོས་པའི་བཀའ་སློབ་གནང་བ་ལྟར། བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་བསྒྱུར་བཅོས་གཙོས་པའི་གནས་སྟངས་མང་པོ་ཞིག་ཐད་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་པར་བརྟེན། བཀའ་ཟུར་མདོ་བསྔགས་བསྟན་འཛིན་ལགས་སུ་བོད་ཀྱི་བདེན་དོན་འཐབ་བརྩོད་དང་འབྲེལ་བའི་གནད་དོན་འགའི་ཐད་བཀའ་འདྲི་ཞུས་ཡོད། 
དྲི་བ། ལོ་རྒྱུས་རང་བཞིན་ལྡན་པའི་༸གོང་ས་མཆོག་གི་སྐུ་དབང་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཐད་ལ། བོད་ཕྱི་ནང་གཉིས་ཀྱི་མི་མང་ཁྲོད་གླེང་སློང་ཤུགས་ཆེན་པོ་ཡོང་གིན་འདུག འདིའི་ཐད་སྐུ་ཉིད་ལ་དགོངས་ཚུལ་ཅི་ཞིག་ཡོད་དམ།
ལན། ༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཀྱི་མིན་པའི་གསུང་འཕྲིན་བཀའ་སློབ་བསྩལ་གནང་པ་ལྟར། ད་ལྟ་བསྐྱར་དུ་ཞུ་བའི་གོ་སྐབས་མེད་པ་ལྟ་བུ་ཞིག་ཆགས་འདུག་ལ། ཉེ་སྔོན་སྤྱི་འཐུས་ལྷན་ཚོགས་ཀྱིས་གསོལ་འདེབས་སྙན་འབུལ་ཞུས་ཀྱང་དགོངས་བཞེས་གནང་མེད་པ་རེད། ཡིན་ནའང་། ཆོས་ཕྱོགས་ཀྱི་ཐོག་ནས་༸རྒྱལ་བ་སྐུ་ཕྲེང་དང་པོ་ནས་བཟུང་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པ་ཙམ་དུ་མ་ཟད། ད་ལྟའི་སྐུ་ཕྲེང་བཅུ་བཞི་པ་དང་མ་འོངས་སྐུ་ཕྲེང་བཅོ་ལྔ་པ་ཡིན་ནའང་། ཆོས་ཕྱོགས་ཀྱི་དབུ་ཁྲིད་ཡིན་པ་དེ་བཅའ་ཁྲིམས་ནང་གསལ་མེད་པ་ཡིན་དུས།དེ་དག་གསལ་བོ་ཞིག་དགོས་པའི་བསམ་ཚུལ་ཤུགས་ཆེན་པོ་ཞུ་བཞིན་ཡོད། རྒྱུ་མཚན་ནི་མ་འོངས་པར་རྒྱལ་དབང་སྐུ་ཕྲེང་བཅོ་ལྔ་པ་དེ་སུས་ངོས་འཛིན་དང་བདག་པོ་རྒྱག་པ་བཅས་ལ་དམིགས་བསལ་གྱི་ཆ་རྐྱེན་ཞིག་མེད་པ་ཡིན་ན། བླ་ན་མེད་པ་དང་གོང་ན་མེད་པ་ཞེས་པའི་ཚིག་དེ་དག་ནི་ཁྲིམས་ལུགས་དང་འབྲེལ་བའི་ཚིག་ཅིག་ཆགས་མེད་སྟབས། དབུ་ཁྲིད་དང་དབུ་འཛིན་ཡིན་པ་ཞིག་གསལ་ཁ་དོད་པོ་དགོས་ཀྱི་འདུག གཉིས་པ། ད་ཐེངས་ཀྱི་ཚོགས་འདུ་འདི་མ་ཚོགས་རང་འཚོགས་ཤིག་གི་གནས་སྟངས་འོག་འཚོགས་བཞིན་ཡོད་པ་རེད་ལ། ཐག་གཅོད་ཅིག་ཀྱང་གནང་དགོས་ཀྱི་ཡོད་པ་རེད། ཡིན་ནའང་། གཟབ་ནན་གྱི་སྒོ་ནས་ལོ་གཅིག་གཉིས་རིང་ག་ལེར་བསྐྱར་བཅོས་བྱས་ཏེ། གཏན་འབེབས་ངོ་མ་དེ་ལོ་ཁ་ཤས་ཀྱི་རྗེས་ལ་གནང་རྒྱུ་བྱུང་ན། འཚབ་བེ་འཚུབ་བེ་ཡི་ལས་དོན་མ་ཡིན་པར་བརྟན་པོ་ཡོང་རྒྱུར་ཁྱད་པར་ཆེན་པོ་ཡོད་པ་རེད། དེ་བཞིན་སྒྲིག་འཛུགས་དང་མི་རིགས་ཞེས་པའི་ཚིག་དེ་ཚོའི་སྐོར་ལ་བསམ་འཆར་མང་པོ་ཡོང་གི་འདུག ལྷག་པར་དུ་བོད་བཙན་བྱོལ་གཞུང་ཟེར་བ་དེ་བོད་གཞུང་ཞེས་བཏགས་པ་ཡིན་ན། བོད་ཕྱི་ནང་གཉིས་ལ་ཁྱབ་ཐུབ་ཀྱི་ཡོད་པ་རེད། བཙན་བྱོལ་གཞུང་དང་སྒྲིག་འཛུགས་ཞེས་བརྗོད་དུས་བོད་མི་བཙན་བྱོལ་བ་གཅིག་པུའི་གཞུང་ལ་གཞི་འཛིན་བྱ་བཞིན་པའི་བཟོ་འདྲ་ཆགས་པ་ཡིན་ན། དེ་ཏག་ཏག་བསྡད་མི་འདུག་བསམ་སོང་། 

དྲི་བ། ད་ལྟའི་བར་བོད་རྒྱ་འབྲེལ་མོལ་དེ་༸གོང་ས་མཆོག་གི་སྐུ་ཚབ་ཀྱི་མཚན་ཐོག་ནས་གནང་གི་ཡོད་པས། ༸གོང་མཆོག་གིས་སྲིད་འགན་མ་བཞེས་ཚེ་བོད་རྒྱ་འབྲེལ་མོལ་ལ་འགྱུར་བ་ཐེབས་སྲིད་མིན་ཐད་སྐུ་ཉིད་ལ་དགོངས་ཚུལ་ག་རེ་ཡོད་དམ།

ལན། དང་པོ།ད་ལྟའི་རྒྱ་ནག་གི་བཤད་སྟངས་ལ་བལྟས་ན་དེ་ཙམ་གྱི་འགྱུར་བ་འགྲོ་བཞིན་མི་འདུག་བསམ་སོང་།  གཉིས་པ།གལ་སྲིད་འགྱུར་བ་ཞིག་འགྲོ་དགོས་པར་ཆ་བཞག་ནའང་། ད་ལྟ་ཐེ་ཝན་དང་རྒྱ་ནག་བར་ཚོང་འབྲེལ་གྱི་ཆིངས་ཡིག་འཇོག་པ་དང་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་པ་རེད།དེ་བཞིན་གོ་མིན་ཏང་རྩ་བ་ཉིད་ནས་ངོས་ལེན་བྱེད་ཀྱིན་མེད་ནའང་། གོ་མིན་ཏང་གི་ཚབ་ལ་ཚོགས་ཆུང་དེ་འདྲ་བརྒྱུད་དེ་གྲོས་མོལ་གནང་དང་གནང་བཞིན་ཡོད་པས། ང་ཚོའི་ངོས་ནས་ཀྱང་དེ་འདྲ་ཞིག་བཟོ་མ་ཐུབ་པ་ཡོད་པ་མ་རེད།  རྒྱ་དམར་གཞུང་གིས་འཛམ་བུ་གླིང་གི་རྒྱལ་ཁབ་དང་དཔོན་རིགས།རྒྱ་རིགས་ཤེས་ཡོན་ཅན་ཚང་མའི་གནོན་ཤུགས་འོག་འབྲེལ་མོལ་མ་གནང་ག་མེད་ཅིག་ཆགས་ཡོང་གི་ཡོད་སྟབས། མ་འོངས་པར་བརྒྱུད་ལམ་དེ་འདྲ་ཞིག་གི་སྟེང་ལ་ང་ཚོས་འཆར་གཞི་ཞིག་བསྒྲིག་པ་ཡིན་ན། དེ་རྒྱ་མིས་ངོས་ལེན་བྱེད་ཐུབ་ཀྱི་རེད་བསམ་པ་འདུག 

དྲི་བ། སྔ་ཕྱིར་བོད་རྒྱ་འབྲེལ་མོལ་ཐེངས་དགུ་གནང་བར་མ་ཟད། རྒྱ་གཞུང་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་མི་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཞིག་ཀྱང་ཕུལ་ཟིན་པ་རེད། ཡིན་ནའང་། རྒྱ་གཞུང་གིས་ངོས་ལེན་མ་བྱས་པའི་རྐྱེན་གྱིས་གྲུབ་འབྲས་མངོན་གསལ་ཞིག་ཐོན་མ་ཐུབ་པ་རེད། སྐུ་ཉིད་ལ་ད་ལྟའི་བོད་རྒྱ་འབྲེལ་མོལ་གྱི་གནས་བབས་ཐད་དགོངས་ཚུལ་ག་རེད་ཡོད་དམ།  
ལན། ད་ལྟའི་བོད་རྒྱ་ཞི་མོལ་གྱི་གནས་སྟངས་དེ་རྒྱ་གཞུང་གི་ངོས་ནས་ཡ་ལན་མ་བྱས་པ་ཞིག་ཆགས་ཡོད། ཡིན་ནའང་།ང་ཚོས་དབུ་མའི་ལམ་གྱི་དགོངས་གཞི་དེ་ག་དུས་ཡིན་ཡང་འདོར་རྒྱུ་ཡོད་པ་མ་རེད།  ངས་བསམ་ན་ད་ལྟའི་རྒྱ་ནག་སྤྱི་ཚོགས་རིང་ལུགས་ཀྱི་དུས་སྐབས་འདིར། རྒྱ་གཞུང་གིས་ག་དུས་ཡིན་ཡང་དུས་ཚོད་སྐྱེལ་ཐབས་ཤིག་མ་གཏོགས་གྲོས་མོལ་ཕུན་སུམ་ཚོགས་པོ་ཞིག་གནང་གི་མ་རེད། རྒྱུ་མཚན་ནི། བོད་ནང་གཏེར་ཁ་དང་ཆུ་ཕུན་སུམ་ཚོགས་པོ་ཡོད་པ་དང་། མི་འབོར་སྐྱེ་འཕེལ་གཏོང་སའི་ས་ཆ་རྒྱ་ཆེན་པོ་ཡོད་པ། དམག་དོན་གྱི་སྟེང་ནས་ཀྱང་ས་བབས་གལ་ཆེན་ཡིན་པ་དེ་རྒྱ་གཞུང་གིས་བློས་གཏོང་རྩ་བ་ཉིད་ནས་བྱེད་ཀྱི་མ་རེད། ད་ལྟའི་ཆར་རྒྱ་གཞུང་གིས་དུས་ཚོད་སྐྱེལ་ཐབས་ཁོ་ནའི་ཐོག་བསམ་བློ་གཏོང་གི་ཡོད་པ་རེད། ཡིན་ནའང་། དེང་སྐབས་རྒྱ་ནག་ནང་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་བཞིན་པར་མ་ཟད། མང་ཚོགས་ཀྱི་བསམ་བློར་ཡང་འགྱུར་ལྡོག་གསར་བ་ཞིག་ཆས་བཞིན་ཡོད་སྟབས། མ་འོངས་པར་རྒྱ་གཞུང་མགོ་ཁྲིད་ཚོས་བསམ་བློ་མི་གཏོང་རང་གཏོང་ཆགས་ཡོང་གི་རེད། གཅིག གུང་བྲན་ཏང་གི་རྩ་བའི་རྩ་འཛུགས་ཀྱི་སྲིད་ཇུས་ལ་མི་མང་འདྲ་མཉམ་དང་། འཚོ་བ་ཁོད་སྙོམས་པོ་ཡོང་དགོས་རྒྱུ་དེ་མ་ཁེ་སི་རིང་ལུགས་ལྟ་གྲུབ་ཀྱི་ནང་དོན་གཙོ་བོ་རེད། ད་སྐབས་རྒྱ་ནག་འགོ་ཁྲིད་ཚོས་རང་གི་རྐུབ་སྟེགས་དང་ཁེ་ཕན་བརྟན་པོ་བཟོ་ཆེད། དྲག་པོའི་ཐབས་ལམ་དང་ལྐོག་ཟ་རུལ་སུངས་བྱས་ཏེ་ད་ལྟ་རྒྱ་ནག་ནང་དབུལ་ཕྱུག་གི་ཧེ་བག་ཆེན་པོ་ཤོར་ཡོད། མ་གཞི་སྤྱི་ཚོགས་ནང་སྟོབས་ཤུགས་ཆེ་ཤོས་ཏེ་མི་མང་གི་སྟོབས་ཤུགས་ཡིན་པའི་དབང་གིས། རྒྱ་ནག་མི་མང་གཉིད་སད་ཡོང་རྒྱུར་རྒྱ་གཞུང་དཔོན་རིགས་ཚོ་ཞེད་སྣང་སྐྱེས་བཞིན་ཡོད་པར་མ་ཟད།   ༸གོང་ས་མཆོག་གི་དབུ་མའི་ལམ་ནི་མི་མང་གི་ཁེ་ཕན་དང་འབྲེལ་བ་ཆགས་བསྡད་ཡོད་སྟབས། ཁོ་ཚོས་ ༸གོང་ས་མཆོག་ལ་མཚན་སྨོད་འདྲ་མིན་བྱས་ཏེ་མི་མང་སེམས་ནང་ནས་ནག་བསུབ་གཏོང་ཐབས་ཀྱི་སྲིད་ཇུས་སྤེལ་གྱིན་ཡོད་པ་རེད། གཉིས། རྒྱ་ནག་གུང་ཁྲན་ཏང་དེ་མགོ་རྟིང་ལོག་རྗེས་དམངས་གཙོའི་ལམ་ལ་མ་འགྲོ་རང་འགྲོ་རེད།དེ་དུས་དབུ་མའི་ལམ་གཞི་ནས་རྩ་བ་ཚུགས་ཐུབ་པའི་རེ་བ་ཞིག་ཤར་ཡོང་གི་རེད།
དྲི་བ། བོད་རྒྱའི་གནད་དོན་དེ་ད་དུང་ལོ་བཅུ་ཕྲག་འགའི་རིང་སེལ་མ་ཐུབ་པའི་གནས་སྟངས་བྱུང་ཚེ། ༸གོང་ས་མཆོག་སྐུ་འཚོ་བཞུགས་མེད་པའི་དཀའ་ཉེན་གྱི་དུས་སྐབས་ཤིག་ཡོང་སྲིད་པ་རེད། མ་འོངས་པར་དཀའ་ལ་གདོང་ལེན་ཆེད་ད་ལྟ་ནས་བོད་མི་ཡོངས་ཀྱིས་གྲ་སྒྲིག་དང་དོ་སྣང་བྱེད་དགོས་པ་ལས་དོན་གང་དག་མཐོང་གི་འདུག་གམ།  
ལན། ངས་བསམ་པར་གལ་ཆེ་ཤོས་ཤིག་ནི་༸གོང་ས་མཆོག་གིས་མ་འོངས་སྔོན་གཟིགས་ཀྱིས༼རྒྱ་ནག་གུང་ཁྲན་ཏང་གི་དཔོན་རིགས་ཚོར་ཡིད་ཆེས་མེད།རྒྱ་ནག་མི་མང་ལ་ཡིད་ཆེས་ཡོད༽ཅེས་བཀའ་ཕེབས་ཡོད་པ་གཞིར་བཟུང་སྟེ། དེང་སྐབས་ཕྱི་རྒྱལ་གྱི་ས་ཆ་ཁག་མང་པོའི་ནང་རྒྱ་རིགས་མི་མང་དང་མཐུན་ལམ་གྱི་ཚོགས་ཆུང་བཙུགས་ཡོད་པ་ལྟར། ཐོག་དང་པོར་ཁོ་ཚོར་བོད་རང་བཙན་ཡིན་པ་དེ་ཡིན་གཅིག་མིན་གཅིག་ཕར་ངོ་སྤྲོད་གསལ་བོ་གནང་དགོས་ཀྱི་འདུག   དེ་བརྒྱུད་ནས་༸གོང་ས་མཆོག་གི་དགོངས་གཞི་ཆ་ཚང་བ་ཞིག་ཡིག་ཐོག་ལ་ཕབ་ནས་ཁོ་ཚོའི་ལག་ལ་སྤྲོད་དགོས་པ་དང་། མཐའ་མ་དེར་རང་བཙན་རྩོད་ཀྱིན་མེད་པར་རང་སྲིད་རང་སྐྱོང་ཆ་ཚང་བ་ཞིག་དགོས་ཀྱི་ཡོད་པ་གསལ་བཤད་གནང་བ་ཡིན་ན། དགོངས་གཞི་དེའི་ཐོག་ལ་རླབས་ཆེན་གྱི་གྲུབ་འབྲས་ཤིག་འཐོན་ཡོང་གི་རེད། གལ་སྲིད། མ་འོངས་པར་གུང་ཁྲན་ཏང་མགོ་རྟིང་ལོགས་ཏེ་དམངས་གཙོར་ཆས་པ་ཡིན་ན། དེ་དུས་ད་ལྟའི་སྒྲོམ་གཞི་འདི་གང་ལ་གང་འཚམ་ཞིག་ཕར་འཁྱེར་ཐུབ་པ་དང་འཛུགས་ཐུབ་པ་ཞིག་ཆགས་ཡོད་སྟབས། དེའི་ཆེད་དུ་ང་ཚོས་ད་ལྟ་ནས་དགོངས་པ་བཞེས་དགོས་ཀྱི་འདུག  དཔེ་འཇོག་ཙམ་བྱས་པ་ཡིན་ན།  མདོ་དབུས་ཁམས་གསུམ་གྱི་ལམ་ཁ་གཅིག་པུར་མལ་ལེ་སྟོང་ཕྲག་ཁྲི་ཕྲག་ཡོད་པ་རེད། དེ་ལ་དགུན་ཁ་བ་དང་དབྱར་ཆར་བྱོལ་གྱི་རྐྱེན་པས་ག་དུས་ཡིན་ཡང་སྐྱོན་ཤོར་ཡོང་གི་རེད།དེ་དག་ང་ཚོ་རང་ངོས་ནས་བསྐྱར་དུ་བདག་པོ་རྒྱག་ཐུབ་པ་ཞིག་དང་། ཟམ་པ་རྒྱག་པ་དང་གློག་གི་ཆ་རྐྱེན་ཚང་བ་རྒྱ་རིགས་དང་རྒྱ་གར་སོགས་མི་གཞན་ལ་བསྟུན་མ་དགོས་པར་རང་ངོས་ནས་འབྱོན་ཐང་ལྡན་པ་ཞིག་ཡོང་ཆེད། གཞོན་སྐྱེས་ཚོར་ད་ལྟ་ནས་སློབ་སྦྱོང་སྤྲོད་དགོས་ཀྱི་འདུག དེའང་སློབ་སྦྱོང་ཟེར་ནས་རྐུབས་སྟེགས་སྒང་གཅིག་པུར་སྡོད་མཁན་མ་ཡིན་པར། རིགས་གཅིག་རྐང་འཛིན་གྱི་ལས་གཞི་རྒྱ་ཆེན་པོ་སྤེལ་དགོས་པ་དེ་ང་ཚོའི་མ་འོངས་པའི་གལ་ཆེ་ཤོས་ཀྱི་གྲ་སྒྲིག་ཅིག་རེད། བོད་ལ་ཕར་ལོག་པའི་དུས་ཤིག་ཤར་སྐབས་ལས་ཀ་ཅི་ཞིག་བྱ་དགོས་ཀྱང་བྱེད་ཆོག་ཆོག་ཅིག་བཟོ་མ་ཐུབ་པ་ཡིན་ན། ང་ཚོ་ཁ་སྟོང་པ་དང་ལག་སྟོང་པ་བྱས་ཏེ་བོད་ལ་ལོག་ཚེ་དམིགས་བསལ་བྱེ་བྲག་ལས་རྒྱུ་ཅི་ཡང་ཡོད་པ་མ་རེད།  
གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༥ དང་ ༢༦ ཉིན་དབུས་སྣེ་ལེན་ཁང་དུ་འཚོགས། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༩ སྔོན་ལ།
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

ཆུ་ཚོད་ ༢༡ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤

མཆན། 1

  1. གནས་ཚང་། says:
    ལོ་ 15 སྔོན།

    སྐུ་ངོ་འདི་ཅུང་སྔོན་ཐོན་གྱི་བསམ་བློ་ཡོད་མཁན་ཞིག་རེད། འདི་འདྲ་གང་མང་ཡོད་ན་བོད་དེ་རྩ་བརླག་ཏུ་འགྲོ་མི་ཐུབ་པ་འདྲ། ཡིན་ནའི། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་གཉིས་པ་ཞེས་པ་དེ་ནི་མི་མང་ལ་མགོ་བསྐོར་གཏོང་ཐབས་ཤིག་སྟེ། བསམ་བློ་གཏོང་ཁོམ་མེད་པའི་བར་མཚམས་བེད་སྤྱོད་བཏང་ཡོད་པས། ཆོས་དང་འཇིག་རྟེན་གྱི་ལུགས་གང་ལའང་མི་མཐུན་པ་ཞིག་རེད། གཅིག་བྱས་ན་ཟམ་གདོང་བླ་མས་གསུངས་ཟིན་པ་ལྟར་རྩ་བའི་བླ་མ་གཅིག་པོར་མ་གཏོགས་འགན་འཁུར་གྱི་མེད་པའི་བདེན་དཔང་ཡག་ཤོས་ཀྱང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese