མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

“གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུཊ”

བོད་ཀྱི་དུས་བབ།
༢༠༡༡/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གྱི་བསམ་ཚུལ་ཕྱོགས་བསྡོམས་དང་འབྲེལ་ཏེ། ད་ཡོད་བཙན་བྱོལ་བོད་གཞུང་གི་མིང་ལ། གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས་སམ། གང་ལྗོངས་རང་དབང་དམངས་གཙོའི་ལྷན་ཁང་ཞེས་བཏགས་ན་འོས་འཚམ་ཡིན་ཚུལ་གསུངས་ཡོད་འདུག

དེ་རིང་སྔ་དྲོར་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་སྟེང་གི་བསམ་ཚུལ་ཕྱོགས་བསྡོམས་དེ་༧གོང་ས་མཆོག་ལ་སྙན་སྒྲོན་ཞུས་པ་དང་ལྷན་དུ་ཚོགས་བཅར་བ་ཡོངས་ལ་ཁོང་གིས་བཀའ་སློབ་ཅིག་གནང་ཡོད་སྟབས། ཉིན་གུང་ཆུ་ཚོད་ ༢ པའི་སྟེང་འདི་གའི་གསར་འགོད་པས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་ལུགས་ཚོགས་བཅར་སྐུ་ཚབ་དགེ་བཤེས་བློ་བཟང་ཡོན་ཏན་ལགས་ལ། དེ་རིང་༧གོང་ས་མཆོག་གིས་ཚོགས་བཅར་བ་རྣམས་ལ་བཀའ་སློབ་གཙོ་བོ་ག་རེ་གནང་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་སྟེང་གི་བསམ་ཚུལ་ཕྱོགས་བསྡོམས་ཀྱི་དོན་ཚན་ཁག་ལ་ཞལ་བཞེས་ཐོབ་ཡོད་མེད་བཅར་འདྲི་ཞུས་སྐབས་ཁོང་གིས་གསུངས་རྒྱུར། ཚོགས་ཆེན་སྟེང་གི་བསམ་ཚུལ་ཕྱོགས་བསྡོམས་དེ་རིང་༸གོང་ས་མཆོག་ལ་སྙན་སྒྲོན་ཞུས་སྐབས། ཁོང་གིས་ཚོགས་བཅར་བ་རྣམས་ལ་བཀའ་སློབ་ལམ་སྟོན་ཟབ་ཅིང་རྒྱས་པ་ཞིག་གནང་སོང་། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ནང་གི་སྔོན་གླེང་དང་། དོན་ཚན་དང་པོའི་ནང་གསེས་དང་པོ་དང་གཉིས་པ་བཅས་ལ་ཕལ་ཆེར་ཞལ་བཞེས་གནང་སོང་བསམ་པ་ཞིག་བྱུང་སོང་། འོན་ཀྱང་། ཟུར་དུ་དོན་གནད་ཁག་ཅིག་བཀོད་ཡོད་པའི་ནང་གི་དོན་ཚན་འགའ་ལ་ཞལ་བཞེས་ཐོབ་མ་སོང་། ཞེས་བརྗོད་བྱུང་།

ཡང་ཁོང་ལ་༧གོང་ས་མཆོག་གིས་ཞལ་བཞེས་མ་གནང་བའི་དོན་ཚན་ཁག་གང་དག་ཡིན་པ་དང་། དེའི་ཐད་༧གོང་ས་མཆོག་གིས་གཟིགས་ཚུལ་གང་འདྲ་གསུངས་ཡོད་མེད་དྲིས་པར། བཅའ་ཁྲིམས་བསྐྱར་བཅོས་ཀྱི་སྔོན་གླེང་དང་དོན་ཚན་དང་པོ་མ་ཡིན་པར། དོན་གནད་འགའ་ཞིག་ཟུར་དུ་བཀོད་ཡོད་པ་དག་ལས་ཁག་ཅིག་ཞལ་བཞེས་གནང་མ་སོང་། དཔེར་ན། ༧གོང་ས་མཆོག་གིས་དབྱིན་ཇིའི་རྒྱལ་པོའམ་རྒྱལ་མོ་ལྟ་བུའི་མཚན་གནས་ཞིག་བཞེས་དགོས་པའི་སྐོར་ཞིག་བཀོད་ཡོད་པ་རེད། དེ་ལ་ཞལ་བཞེས་གནང་མ་སོང་། ༧གོང་ས་མཆོག་གིས་དེ་ཁྱོན་ནས་འགྲིག་གི་མ་རེད། འདི་ནི་ཉམས་མྱོང་དང་གོ་རྟོགས་མེད་པའི་སྐད་ཆ་ཞིག་རེད། ཅེས་བཀའ་བསྐྱོན་གནང་གྲབས་ཤིག་བྱས་སོང་། ངས་སྔོན་མ་ནས་ཁྱོད་ཚོས་ང་མེད་པ་ལྟར་གནང་དགོས་པ་རེད་ཅེས་ཡང་ཡང་བཤད་ཡོད་ཅེས་གསུངས་སོང་། དེ་བཞིན། ཐེངས་འདིའི་སྙན་ཐོའི་ནང་བཙན་བྱོལ་བོད་གཞུང་གི་མིང་དེ་སྔར་བཞིན་བཙན་བྱོལ་བོད་གཞུང་ཞེས་འཇོག་དགོས་པའི་སྐོར་ཞིག་བཀོད་ཡོད་པ་དེར་ཡང་ཞལ་བཞེས་གནང་མ་སོང་། འདིའི་ཐད་༧གོང་ས་མཆོག་གིས། གཞུང་ཟེར་བའི་ཚིག་འདི་བེད་སྤྱོད་གཏོང་རྒྱུ་ཡོད་པ་མ་རེད། ཁྱོད་ཚོས་གཟབ་གཟབ་གནང་དགོས་པ་རེད། ད་བར་ལོ་ངོ་ལྔ་བཅུ་ཕྱིན་པ་རེད། བོད་པ་ཚོ་སྣང་བ་དག་དྲགས་ཏེ། ད་དུང་ཡང་མུ་མཐུད་འདི་ལྟར་བསྡད་ན་འགྲིག་འགྲོ་རྒྱུ་རེད་བསམ་གྱི་ཡོད་པ་རེད། ང་ཚོ་རྒྱ་གར་གཞུང་གི་འོག་ཏུ་ཡོད་པ་རེད། གལ་སྲིད་གྲོས་ཚོགས་འཚོགས་བསྡད་ཡོད་པའི་སྐབས། ཁྱོད་ཚོའི་གྲོས་ཚོགས་སྒོ་རྒྱག་དགོས་ཟེར་ན་ག་རེ་བྱ་རྒྱུ་ཡིན། བཀའ་ཤག་སྒོ་རྒྱོབས་ཟེར་ན་ག་རེ་བྱ་རྒྱུ་ཡིན། དེའི་འགན་དེ་ངས་འཁུར་ཐུབ་པ་མ་རེད། ཅེས་ནན་ཏན་གྱིས་གསུངས་སོང་། ༧གོང་ས་མཆོག་གིས་དེ་ལྟར་བཀའ་གནང་མ་ཐག སོ་སོའི་སེམས་ལ་ཡང་། ཚོགས་ཆེན་ཐོག་ནས་མང་པོ་ཞིག་གིས་གཞུང་ཞེས་པའི་ཚིག་འདི་ངེས་པར་དུ་འགོད་དགོས་པ་རེད་ཟེར་ནས་ཨུ་ཚུགས་བརྒྱབ་པ་དེ། སོ་སོའི་གཞུང་ལ་ཤ་ཞེན་བྱས་པ་ཞིག་ཡིན་ཡང་། འགན་འཁུར་བའི་སྐད་ཆ་རེད་མི་འདུག་སྙམ་པའི་སེམས་ཚོར་ཞིག་བྱུང་སོང་།

༧གོང་ས་མཆོག་གིས་ད་དུང་། སྔོན་མ་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག བོད་རིགས་རྒྱ་ཆེའི་མི་མང་གིས་ང་དང་ངའི་བཀའ་ཤག་གང་དུ་ཡོད་པ་དེར་བོད་མིའི་ཁྲིམས་མཐུན་གྱི་གཞུང་ཡོད་པར་ངོས་འཛིན་གནང་གི་ཡོད་པ་རེད། ཅེས་པའི་སྐད་ཆ་ཞིག་བྱུང་བ་རེད། སྐད་ཆ་དེ་ལ་བརྟེན་ཏེ། ད་ལྟའི་གནས་སྟངས་འདི་ལའང་མ་འོངས་པར་དཀའ་ངལ་འཕྲད་མི་སྲིད་པ་མ་རེད། ཅེས་གསུངས་སོང་ལ། ཁོང་གིས། དེ་བས་ད་ལྟའི་ང་ཚོའི་སྒྲིག་འཛུགས་འདི་བོད་གཞིས་བྱེས་གཉིས་ཀྱི་ངོ་ཚབ་མཚོན་པའི་སྒྲིག་འཛུགས་ཤིག་ཆགས་ཡོད་སྟབས། “གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས”  ཡང་ན། “ གངས་ལྗོངས་རང་དབང་དམངས་གཙོའི་ལྷན་ཁང་” ལྟ་བུ་ཞིག་བཏགས་པ་ཡིན་ན། བོད་གཞིས་བྱེས་གཉིས་ཀ་མཚོན་གྱི་ཡོད་པ་རེད། ཅེས་གསུངས་སོང་། སྐབས་དེར་ང་རང་གི་བསམ་པར་༧གོང་ས་མཆོག་གིས་བཙན་བྱོལ་བོད་གཞུང་གི་མིང་དེ་གསོལ་རས་སུ་གནང་སོང་སྙམ་པའི་ཚོར་སྣང་ཞིག་བྱུང་སོང་། ཞེས་བརྗོད་བྱུང་།

ཁོས་མུ་མཐུད་དུ་བརྗོད་དོན། སྐུ་ཚབ་ཁག་གི་ཐད་༧གོང་ས་མཆོག་གིས། དོན་གཅོད་ཁག་དང་དམིགས་བསལ་སྐུ་ཚབ་རིགས་ལ། ཨུ་ཐུག་ན་ང་རང་གི་མིང་བེད་སྤྱོད་བཏང་མཆོག་གི་རེད། ངའི་མིང་གཡར་དགོས། འོན་ཀྱང་ང་ལ་གཡར་གླ་གྱ་ནོམ་པ་ཞིག་སྤྲོད་དགོས་ཞེས་སྐུ་རྩེད་དང་སྦྲགས་ནས་གསུངས་སོང་། དེ་མིན་སྔོན་གླེང་དང་དོན་ཚན་གཞན་པ་ཁག་གི་ཐོག་དམིགས་བསལ་གང་ཡང་གསུངས་མ་སོང་མོད། འདི་དག་བཅའ་ཁྲིམས་ནང་འགོད་དགོས་པ་ཞིག་ཆགས་ཡོད་པས་གཟབ་གཟབ་བྱ་དགོས་པ་རེད། ངས་ཞིབ་ཚགས་ཀྱིས་བལྟས་རྗེས་ཡིག་ཐོག་ནས་གྲོས་ཚོགས་ལ་བསྐུར་ཡོང་གསུངས་སོང་། ཞེས་བརྗོད་བྱུང་།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༢ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡༩ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༢༠ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༢༠ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༢༡ སྔོན་ལ།

མཆན། 38

  1. སེར་ཏྲེ་མཁར་སྒང་བསོད་ནམས་དབང་ལྡན། says:
    ལོ་ 14 སྔོན།

    དྲ་འབུ་འགའ་ཞིག་གིས་འགན་མ་ཁུར་བའི་སྐད་ཆ་ཤ་སྟག་བཤད་ནས་རྒྱུ་མཚན་ཅི་ཡང་འགྲོ་ས་མེད་པ་རིགས་གཅིག་འདུག་པ་དེ་ཚོས་ནང་དུ་ཕྱོགས་ནས་བསམ་བློ་ཕྲན་ཙམ་གཏོང་རོགས་བྱེད་ན། ཡག་པོ་ཡོད་ས་རེད་པ། ༸གོང་ས་མཆོག་གིས་བཀའ་གསལ་པོ་ག་ཚོད་ཕེབས་ནའང་སྣང་མེད་དང་གོ་མེད་མདོག་རྐྱང་རྐྱང་བྱས་པ་འདི་ལྐུགས་རྟགས་རང་རེད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ངལ་གསོ་བུའི་ཆེད་དུ།
    བོད་མི་སྒྲིག་འཛུགས།
    ཅེས་པའི་ཚིག་ཐུང་འོག་ཏུ།
    བོད་བདེན་པ་ཉིད་རྒྱལ་གྱུར་ཅིག
    ཅེས་པའི་ཚིག་རིང་།

    འདི་ལས།
    བོད་བདེན་པ་ཉིད་རྒྱལ་གྱུར་ཅིག
    ཅེས་པའི་སྒང་ལ།
    བོད་གངས་ཅན་དམངས་གཙོའི་སྒྲིག་འཛུགས། ཅེས་པ་འདི་ཡོད་ན་མི་མཛེས་སམ།
    འདི་ཕྱིས་དྲགས་ན་ཡང་་་་་་བྲིས་དགོས་བྱུང་། དགེའོ། །

    Reply
  3. ངས་པོའི་ལྷ་སྲས། says:
    ལོ་ 14 སྔོན།

    དྲ་གྲོགས་ཀརྨ་ལགས་ངོ་མ་ཁྱེད་ཀྱི་ཀླད་རྩ་ལ་སྐྱོན་ཅུང་ཟད་ཤོར་ཡོད་ས་རེད་སྙམ།
    བོད་མི་མང་སྤྱི་འཐུས་ལྷན་ཁང་ངམ་ཁྲིམས་བཟོ་ལྷན་ཁང་ན་༼བོད་མིའི་སྒྲིག་འཛུགས༽ཞེས་ཐག་གཅོད་བྱས་ཚར་བ་རེད།
    ཁྱེད་ད་དུང་སྨྱོ་ལབ་༼གངས་ཅན་རང་དབང་དམངས་གཙོ་སྒྲིག་འཛུགས་ཞེས་མཚན་གསོལ་ན༽འདི་འདྲ་བརྒྱབ་ཀྱི་འདུག

    གྲོགས་པོ་ལགས་གུས་པར་ད་དུང་དྲི་བ་འདིའི་༼ཁྱེད་ཀྱིས་དགྱ་དམར་གྱིས་བོད་ལ་བཙན་ཛུལ་བྱས་པ་ཤེས་ཀྱི་ཡོད་ན། བདག་ཚོའི་སྤུན་ཟླ་ཉེས་མེད་ཁྲི་ཚོ་མང་བོའི་ཤ་ཁྲག་འཇིབ་མཁན་དགྱ་དམར་ཅིའི་ཕྱིར་ད་དུང་རྒྱལ་དགོས་སམ། ༽
    ལན་རག་མ་སོང།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    རྒྱ་ནག་མི་མང་དང་བརྒྱུད་ནས་བོད་དང་རྒྱ་ནག་དམངས་གཙོ་རང་དབང་ཅན་དུ་བསྒྱུར་བ་ལ་གངས་ཅན་རང་དབང་དམངས་གཙོ་སྒྲིག་འཛུགས་ཞེས་མཚན་གསོལ་ན། དེ་ཡང་རྗེས་གྲུབ་མིང་གཅིག་ཏུ་མི་རབ་རྗེས་མ་རྣམས་ཀྱིས་ངེས་པ་རྙེས་པར་འགྱུར་རོ། དགེ་བར་ཡང་འགྱུར་རོ། །

    Reply
  5. ངས་པོའི་ལྷ་སྲས། says:
    ལོ་ 14 སྔོན།

    དྲ་གྲོགས་ཀརྨ་རྡོ་རྗེ་ལགས།
    སྔར་གྱི་མཁས་དབང་བུ་སྟོན་ཐམས་ཅད་མཁྱེན་པ་རིན་ཆེན་གྲུབ་དང་འཇམ་མགོན་བླ་མ་ཙོང་ཁ་བ་སོགས་ཀྱིས་རྒྱ་གར་ཞེས་པའི་མིང་དེ་འདོད་རྒྱལ་གྱི་དུ་འདོད།

    སུམ་རྟགས་མཁན་པོ་སི་ཏུ་ཆོས་ཀྱི་སྣང་བས་ཙི་ནའི་ཡུལ་མིས་ནམ་རྒྱུན་གོས་མདོག་ནག་པོ་གྱོན་ཤས་ཆེ་བས་གོས་ཀྱི་ཁ་དོག་གི་ཐོག་ནས་རྒྱ་ནག་དང་། འཕགས་པའི་ཡུལ་མི་རྣམས་ཀྱིས་ནམ་རྒྱུན་གོས་མདོག་དཀར་པོ་གྱོན་ཤས་ཆེ་བས་གོས་ཀྱི་ཁ་དོག་གི་ཐོག་ནས་རྒྱ་གར་ཞེས་རྗེས་གྲུབ་ཀྱི་མིང་དུ་འདོད།
    བྱས་ཙང་མིང་དེར་ངེས་གཏན་མི་འདུག

    སྲིན་འབུ་མའོ་ཡིས་འགོ་ཁྲིད་པའི་གུན་ཁྲན་ཏང་མིས་རང་ཅག་ཁ་བའི་ཞིང་ཁམས་དེར་དྲག་པོའི་བཙན་ཛུལ་བྱས་པའི་རྗེས་སུ་རིམ་པས་དགྱ་ནག་ཞེས་བྲི་སྲོལ་ཆགས་པ་རེད། དགྱ་ཞེས་པ་ནི་དགྲ་ཡི་དོན་ཡིན།

    གྲོགས་པོ་ལགས་ངར་ད་དུང་དྲི་བ་འདིའི་༼ཁྱེད་ཀྱིས་དགྱ་དམར་གྱིས་བོད་ལ་བཙན་ཛུལ་བྱས་པ་ཤེས་ཀྱི་ཡོད་ན། བདག་ཚོའི་སྤུན་ཟླ་ཉེས་མེད་ཁྲི་ཚོ་མང་བོའི་ཤ་ཁྲག་འཇིབ་མཁན་དགྱ་དམར་ཅིའི་ཕྱིར་ད་དུང་རྒྱལ་དགོས་སམ།
    ༽ལན་རག་མ་སོང།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ངས་བསམ་ཚོད་བྱས་ན། རྒྱ་ནི་སའི་རྒྱ་བསྐྱེད་དང་ས་རྒྱ། ས་རྒྱ་ཡངས་ཞིང་རྒྱ་ཆེ་བ་ཡོད་པའི་མི་རིགས་ནང་གི་མི་ཕལ་མོ་ཆེས་གནམ་གཤིས་དང་ཐོན་སྐྱེས་ཀྱི་དབང་གིས། བོད་ཀྱི་གནའ་མི་རྣམས་ཡུལ་མཐོ་སར་ནས་མར་བབས་ནས། ཤར་ཕྱོགས་སུ་མི་རིགས་གོས་ནག་པོ་གྱོན་མཁན་ལ་རྒྱ་ནག་དང་།
    ཡང་ནུབ་ཕྱོགས་སུ་གནམ་གཤིས་དྲོ་ས་མར་བབས་ནས་མི་རིགས་གོས་དཀར་པོ་གྱོན་མཁན་ཚོ་ལ་རྒྱ་དཀར་མ་། རྒྱ་གར་ཞེས་བཏགས་པ་མིན་ནམ་སྙམ།
    དཔེར་ན་གཞན་གྱི་ང་ཚོར། བོན་ཆོས་མཁས་པས་བོན་ནམ་བོད་ཅེས་མིང་ཐོགས་པའང་སྲིད། ཁྱེད་རང་གི་དགྱ་ནག་ནི། འཁོན་འཛིན་ནས་འཁྲུངས་པའི་ཚིག་གཅིག་མིན་ནམ་སྙམ་པ་ཞིག་གོ་བྱུང་བས་དེ་བདེན་པ་ཡིན་ནམ།

    Reply
  7. ངས་པོའི་ལྷ་སྲས། says:
    ལོ་ 14 སྔོན།

    ཀརྨ་རྡོ་རྗོ་ལགས།
    ཁྱེད་ཀྱིས་དགྱ་དམར་གྱིས་བོད་ལ་བཙན་ཛུལ་བྱས་པ་ཤེས་ཀྱི་ཡོད་ན། བདག་ཚོའི་སྤུན་ཟླ་ཉེས་མེད་ཁྲི་ཚོ་མང་བོའི་ཤ་ཁྲག་འཇིབ་མཁན་དགྱ་དམར་ཅིའི་ཕྱིར་ད་དུང་རྒྱལ་དགོས་སམ།

    དགྱ་ཞེས་པ་ནོར་བའི་རྒྱུ་མཚན་དྲང་རོགས།

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཁྱེད་རང་གིས་ཀྱང་། རྒྱ་དམར་གྱིས་བོད་ལ་བཙན་ཛུལ་བྱས་པ་དེ་འགྲིགས་བགྱིད་མེད་ཤེས་པ་ལྟར་ངས་ཀྱང་ཤེས། འོན་ཀྱང་ད་ཆ་རྒྱ་ནག་གི་དག་ཆར་དགྱ་རྒྱག་ཅེས་པའི་དའོ་ག་ཡ་བཏགས་གྱ་བེད་སྤྱོད་བྱེད་བཞིན་པ་འདི་ཡང་ནོར་བ་ངས་ཀྱང་ཤེས། དགེའོ། །

    Reply
  9. ངས་པོའི་ལྷ་སྲས། says:
    ལོ་ 14 སྔོན།

    ཀརྨ་རྡོ་རྗེ་ལགས་ཁ་སྟོང་ནང་གི་ཚིག་སྟོང་དེར་ནུས་པ་གང་ཡང་ཡོད་ནི་མ་རེད།

    ཁྱེད་ལྟར་ན་དགྱ་དམར་གྱིས་བོད་ལ་བཙན་ཛུལ་བྱས་པ་དེ་འགྲིགས་ཀྱི་ཡོད་ས་རེད།
    ད་ཆ་བོད་ཀྱི་ས་ཆ་དགྱ་དམར་ས་ཡ་ཉི་ཤུ་ལྷག་བེད་སྤྱོད་བྱེད་བཞིན་ཡོད་།

    Reply
  10. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སེམས་ཅན་ནང་གི་རྒྱ་རིགས་མི་མང་སྣམས་ཀྱང་བདེ་གྱུར་ཅིག དེས་ན་རྒྱ་བོད་གཉིས་ཀ྄དང་འཛམ་གླིང་མི་རིགས་ཚང་མ་སྡུག་བསྔལ་ལས་རྒྱལ་གྱུར་ཅིག ངས་པོ་ལྷ་སྲས་རང་ཡང་རྒྱལ་གྱུར་ཅིག

    Reply
  11. ངས་པོའི་ལྷ་སྲས། says:
    ལོ་ 14 སྔོན།

    ཀརྨ་རྡོ་རྗེ་ཁྱེད་འདྲ་བའི་མི་མགོ་གཉིས་མ་མང་དྲག་ཙང་ང་ཚོ་ད་དུང་འགྱེས་ས་དེ་ལངས་ཐུབ་ཀྱི་ཡོད་མ་རེད།
    རང་རིགས་ཀྱི་སྤུན་ཟླ་ས་ཡ་གཅིག་ལྷག་དམར་གསོད་གཏོང་མཁན་གདོང་པོ་དགྱ་རྒན་ད་དུང་རྒྱལ་དགོས་རེད་དམ།

    ༢༠༠༨ ཆོལ་གསུམ་སྤུན་ཟླའི་ཁྲག་གི་དྲོད་མ་ཡལ་གོང་ནས་ཁྱེད་ཀྱི་ཁ་ནས་༼རྒྱ་བོད་གཉིས་ཀ་རྒྱལ་འགྱུར་ཅིག༽ཚིག་རྙོག་འདི་འདྲ་དོན་པ་ངོ་མ་ཡིད་སྐྱོ་དགོས་པ་རང་རེད།

    Reply
  12. གངས་སྨྱུག says:
    ལོ་ 14 སྔོན།

    གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས། ལས ༼གངས་ལྗོངས་རང་དབང་དམངས་གཙོའི་ལྷན་ཁང་།༽ བཞག་ན་ཡག་པོ་འདུག འདི་ནི་གུས་པའི་བསམ་ཚུལ་ཡིན། ༼གངས་ལྗོངས་རང་དབང་དམངས་གཙོའི་སྲིད་གཞུང་།༽ བཏགས་ན་ག་འདྲ་འདུག

    Reply
  13. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ངས་པོའི་ལྷ་སྲས། ཁྱོད་ཅི་ཟེར་འདོད་དམ། ང་ཚོ་བོད་རིགས་ལ་རྒྱལ་ཁབ་ག་ཝ་འདུག འོན་ཀྱང་༸རྒྱལ་བ་རིན་པོ་ཆེ་ཡོད་པ་ཁྱོད་ཀྱི་མིག་གིས་མི་མཐོང་ངམ་། ཨ་ཁ་བོད་པ་འདི་འདྲའི་ཐབས་སྐྱོ་བ་ལགས། དེས་ན་རྒྱ་བོད་གཉིས་ཀ་རྒྱལ་འགྱུར་ཅིག

    Reply
  14. སྨྲ་བརྗོད་རང་དབང་། says:
    ལོ་ 14 སྔོན།

    བོད་ཟེར་བ་ལས་གངས་ལྗོངས་ཁྱབ་ཚད་ཆེན་པོ་རེད། གངས་ལྗོངས་སམ་གངས་ཅན་པ་ཞེས་བ་ནི་བོད་ཀྱི་ས་ཁོང་ཀུན་ལ་ཁྱབ་པའི་ཐ་རྙེད་ཅིག་རེད། མདོ་དབུས་ཁམས་གསུམ་པོ་རྩོད་མེད་དུ་ནང་ལ་བཅུགས་ཡོད། བོད་ཟེར་བ་ལ་རྙོག་དྲ་ཅུང་ཡོད་པ་རེད།

    Reply
  15. ངས་པོའི་ལྷ་སྲས། says:
    ལོ་ 14 སྔོན།

    རྒྱལ་ཁབ་ག་ཅིག་གི་ནང་ལ་ཁྲིམས་བཟོ་ལྷན་ཁང་གཉིས་ཡོང་ཡག་ཡོད་མ་རེད།

    དེར་བརྟེན་“གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས”ཀྱི་ཁྲིམས་བཟོ་ལྷན་ཁང་སྒོ་བརྒྱབ་ན་ཏག་ཏག་རེད།
    བྱེས་བཞུགས་རང་རིགས་སྤུན་ཟླ་ཚོར་དཀའ་ངལ་ཐོལ་བ་ཡོང་སྲིད་ཀྱི་མ་རེད།

    Reply
  16. ཨ་ཕོ་མཐུ་ཆེན། says:
    ལོ་ 14 སྔོན།

    ཚོགས་འདུའི་གྲོས་ཆོད་༧སྐྱབས་མགོན་རིན་པོ་ཆེའི་སྙན་དུ་སྒྲོན་པ་ནི་༧མགོན་པོ་གང་གི་ཐུགས་བཞེད་དང་མཐུན་མིན་རྟོགས་སླད་དང་། ཟབ་གསལ་ལམ་སྟོན་གསུང་གི་བདུད་རྩི་ནོད་ཆེད་རེད། དེར་བརྟེན་༧མགོན་པོ་གང་གི་མ་འོངས་གསལ་གཟིགས་ཀྱི་ལམ་སྟོན་གནང་བ་རེད། མི་རེ་ཟུང་གི་འདོད་པར་མ་བབས་ན་ཡང་ཁོང་ཚོའི་སྨྲེ་ངག་ཉན་གྱིན་སྡོད་པ་ལས་གཞན་བྱེད་ཐབས་ཡོད་པ་མ་རེད། ཁྱོད་ཚོས་འདོད་རུང་མ་འདོད་རུང་རྒྱ་འདྲེ་བོད་ལ་སླེབས་པ་ནས་བཟུང་མི་ལོ་༦༠ ཁ་ལྷག་༧མགོན་པོ་གང་གིས་སྣེ་ཁྲིད་ལམ་སྟོན་འོག་ནས་ད་བར་ང་ཚོ་གངས་ཅན་པའི་ཁྱད་ནོར་ཆོས་རིག་དང་མི་རིགས་རྣམས་གསོན་གནས་ཐུབ་པ་བྱུང་བ་རེད་ལ། ཕྱི་རྒྱལ་ལ་སྐྱབས་བཅོལ་ཞུ་མཁན་བོད་པ་ཕལ་མོ་ཆེས་ཀྱང་༧རྒྱལ་བ་ཁོང་གི་མཚན་བེད་སྤྱོད་བཏང་ནས་གནས་ཡུལ་རྒྱལ་ཁབ་ཀྱི་ཡུལ་མིའི་ལག་འཁྱེར་ཐོབ་དང་ཐོབ་བཞིན་པ་རེད། དེར་བརྟེན་དྲིན་ལ་དྲིན་དུ་ཤེས་པའི་སྒོ་ནས་དྲིན་ལན་གསབ་མ་ཐུབ་ཀྱང་དྲིན་ལན་ལོག་འཇལ་མ་གནང་རོགས་ཞུ་རྒྱུ་དང་ད་བར་༧མགོན་པོ་གང་གི་ལམ་སྟོན་གང་གནང་ལག་བསྟར་བྱས་འབྲས་སུ་བློ་ཡུལ་ལས་འདས་པའི་དོན་འབྲས་སོན་ཡོད་ལ། སླད་མར་ཡང་གྲུབ་འབྲས་སོན་ངེས་པས་བསམ་ཡོད་བོད་པ་ཚོས་ཅི་གསུང་བཀའ་བཞིན་སྒྲུབ་པའི་དམ་བཅའ་སྙིང་ཁར་བཀོད་དེ་མ་འོངས་མདུན་བསྐྱོད་ཀྱི་བྱ་བར་རེམས་ཤིག ། །།

    “ གངས་ལྗོངས་རང་དབང་དམངས་གཙོའི་ལྷན་ཁང་”

    Reply
  17. རྒྱང་རིང་། says:
    ལོ་ 14 སྔོན།

    “གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས” རྒྱལ་གྱུར་ཅིག །
    “གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས” རྒྱལ་གྱུར་ཅིག །
    “གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས” རྒྱལ་གྱུར་ཅིག །
    “གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས” རྒྱལ་གྱུར་ཅིག །
    “གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས” རྒྱལ་གྱུར་ཅིག །
    “གངས་ལྗོངས་རང་དབང་དམངས་གཙོའི་སྒྲུག་འཛུགས” རྒྱལ་གྱུར་ཅིག །
    “གངས་ལྗོངས་རང་དབང་དམངས་གཙོའི་སྒྲུག་འཛུགས” རྒྱལ་གྱུར་ཅིག

    Reply
  18. JIGME says:
    ལོ་ 14 སྔོན།

    འོད་ཆུང་རུ་ཆུང་རུ་ སྐད་ཤུགས་ཆུང་རུ་ཆུང་རུ་ བྱབ་ཆུང་རུ་ཆུང་རུ་ ཚོགས་འདུ་འཛིགས་པོ་ཚོགས་ཀྱང་ ནང་དོན་ཆོ་མེད་ཆོ་མེད་་ ད་འོ་ན་བོད་པའི་སྐྱིད་སྡུག་ཟེར་ན་ག་འདྲ་འདུག་གམ།

    Reply
  19. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 14 སྔོན།

    ༧གོང་ས་མཆོག་ནི་དམངས་གཙོ་མར་གསོལ་རས་གནང་མཁན་རླབས་ཆེན་གྱི་དབུ་ཁྲིད་སྲིད་ན་རྙེད་རྒྱུ་མེད་པ་ཞིག་ཡིན་པ་ཡོངས་གྲགས་ཡིན་ལ་དེ་ལྟར་དོན་ལ་ཡང་གནས། འོན་ཀྱང་ད་ལན་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གྱི་ཐོག་ཏུ་སྤྱི་མོས་གྲོས་ཆོད་དུ་སོང་བའི་བསམ་ཚུལ་ཞིག་ལ་བརྩི་བཀུར་མ་གནང་བ་དེ་ང་དང་ང་ལྟ་བུའི་བློ་ཡུལ་ལ་ཤོང་མ་སོང་།

    Reply
  20. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 14 སྔོན།

    ངས་རང་སེམས་ལ་ཤར་བ་དེ་ཟོལ་བརྫུ་མེད་པར་ང་ཚོའི་སྤྱི་ཚོགས་ནང་དུ་བཤད་དཀའ་ན་ཡང་བཤད་པ་ཡིན། འདི་འདྲ་ཞིག་ལ་བགྲོ་གླེང་ལྷུག་པོ་ཞེས་འབོད་པ་ལས་གཡོལ་བཞིན་གཟུར་བཞིན་མི་ངོ་འཚོ་བཞིན་སྐད་ཆ་བཤད་ནས་སོང་ན་དོན་གོ་མ་ཆོད་པ་རེད།
    དྲ་གྲོགས་མི་ཉག་ལགས་ཀྱིས་”ཁྱོད་ཀྱི་བསམ་ཚུལ་དང་ཁྱོད་ཀྱིས་ལྟ་སྟངས་ལ་གཞིགས་ན་༸་གོང་ས་མཆོག་ལ་མེད་པའི་མ་འོང་འབྱུང་འགྱུར་རྣམས་མཁྱེན་པའི་མཁྱེན་པ་ཞིག་ཡོད་ཁུལ་བྱས་འདུག་”ཅེས་གཞན་གྱི་བསམ་ཚུལ་འབུར་འཇོམས་བྱེད་སྟངས་ལ་བལྟས་ན་རང་ཉིད་ལ་གདེང་ཁེལ་བའི་ལྟ་ཚུལ་ཞིག་མེད་པ་འདྲ། ཡང་ན་ད་དུང་བསམ་བློ་རྗེས་ལུས་ཡིན་པ་འདྲ། ཡང་ན་མི་གཞན་དམའ་འབེབས་བྱེད་པའི་ཀུན་སློང་ངན་པ་ཡོད་པ་འདྲ། ཡང་ན་”མ་ཡིན་ཡིན་མདོག རག་གན་གསེང་མདོག”་བྱེད་པ་འདྲ།
    མིང་དེ་མ་འགྲིག་པའི་རྒྱུ་མཚན་ནི་མཐར་གཏུག་ནས་བཤད་ན་”རྒྱལ”་ཞེས་པའི་ཚིག་དང་དོན་ཡོད་པའི་དབང་གིས་ཡིན་པས་ན་རྒྱལ་གླུ་སོགས་ལ་དེ་ལྟར་ཅིའི་ཕྱིར་རིགས་མི་འགྲེ།

    Reply
  21. སྒྲོན་འོད ། says:
    ལོ་ 14 སྔོན།

    བོད་རྒྱལ་ཡོངས་ཚོགས་ཆེན་སྟེང་འཐུས་མི་ཁ་ཤས་ཞིག་གིས་རང་གི་བསམ་ཚུལ་གཞིར་བཟུང་གིས་རྩོད་གླེང་མང་པོ་ཞིག་གནང་ཡང་། ད་ལྟ་ ༧ གོང་ས་མཆོག་གིས་བོད་གཞི་བྱེས་གཉིས་ལ་མིང་དོན་གཉིས་ལྡན་གྱི་མཚན་ཞིག་གནང་འདུག ཚིག་དོན་གཉིས་ཀྱི་ཆ་ནས་ཚད་དང་ལྡན་པ་ཞིག་གནང་འདུག “གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས” ཡང་ན། “གངས་ལྗོངས་རང་དབང་དམངས་གཙོའི་ལྷན་ཁང་” ལྷག་པར་དུ་ “གངས་ལྗོངས་རང་དབང་དམངས་གཙོའི་ལྷན་ཁང་” ཡག་པོ་འདུག “སྒྲིག་འཛུགས”དང “ལྷན་ཁང” གཉིས་ལས་ “ལྷན་ཁང” ནི་སྲིད་གཞུང་ཞིག་གི་ངོ་བོ་མཚོན་ཐུབ ། “སྒྲིག་འཛུགས ” ནི་སྤྱི་སྒེར་གཉིས་ལ་ཁྱབ་པ་ཞིག་རེད ། “ ༧གོང་ས་མཆོག་གིས། གཞུང་ཟེར་བའི་ཚིག་འདི་བེད་སྤྱོད་གཏོང་རྒྱུ་ཡོད་པ་མ་རེད། ཁྱོད་ཚོས་གཟབ་གཟབ་གནང་དགོས་པ་རེད། ད་བར་ལོ་ངོ་ལྔ་བཅུ་ཕྱིན་པ་རེད། བོད་པ་ཚོ་སྣང་བ་དག་དྲགས་ཏེ། ད་དུང་ཡང་མུ་མཐུད་འདི་ལྟར་བསྡད་ན་འགྲིག་འགྲོ་རྒྱུ་རེད་བསམ་གྱི་ཡོད་པ་རེད། ང་ཚོ་རྒྱ་གར་གཞུང་གི་འོག་ཏུ་ཡོད་པ་རེད། གལ་སྲིད་གྲོས་ཚོགས་འཚོགས་བསྡད་ཡོད་པའི་སྐབས། ཁྱོད་ཚོའི་གྲོས་ཚོགས་སྒོ་རྒྱག་དགོས་ཟེར་ན་ག་རེ་བྱ་རྒྱུ་ཡིན། བཀའ་ཤག་སྒོ་རྒྱོབས་ཟེར་ན་ག་རེ་བྱ་རྒྱུ་ཡིན།” འདི་ངོ་ནས་རེད ། རྒྱ་གར་ནང་ཚོགས་པ་ཆེ་ཆུང་ནི་འཛུགས་འོས་པ་དང་རུང་བ་ཞིག་རེད། རྒྱ་གར་སྲིད་གཞུང་གི་འོག་དུ་སྲིད་གཞུང་གསར་བ་ཞིག་འཛུགས་རྒྱུ་དེ་ཁྲིམས་འགལ་ཆག་ཡོད། དེ་ཕྱིར་བཀའ་སློབ་འདི་གསུངས་པ་རེད ། དཔེར་ན ། དོལ་རྒྱལ་ཚོགས་པས་རྒྱ་གར་ཁྲིམས་ཁང་ལ་ཞུ་གཏུགས་བྱས་པའི་ནང ༧ གོང་ས་མཆོག་གིས་རྒྱ་གར་ནང་སྲིད་གཞུང་བཙུགས་ཡོད། ཞེས་པའི་ཚིག་ངན་འདིས་ “གྲོས་ཚོགས་དང་བཀའ་ཤག་” སྒོ་རྒྱག་རྒྱུའི་བསམ་ངན་འཆང་ཡོད ། དང་པོ ། གལ་སྲིད་“གྲོས་ཚོགས་དང་བཀའ་ཤག་” སྒོ་རྒྱབ་པའི་ཉིན་མོ་ནས་“བོད་གཞུང་” གང་ལ་ངོས་འཛིན་རྒྱུ་ ? གཉིས་པ ། རྒྱ་གར་ཁྲིམས་ཐོག་ཏུ་ “བཙན་བྱོལ་བོད་གཞུང་” ཞེས་པའི་ཁྲིམས་མཐུན་གྱིས་དེབ་སྐྱེལ་དང་། ངོས་ལེན་དང་གདེངས་ཚོད་ཡོད་པའི་འགེན་ལེན་བྱེད་ཐུབ་བམ ? འདི་དག་ལ་ལྟོས་ཡོང་དུས་་་༧ གོང་ས་མཆོག་གིས་མཚན་གནང་པའི་“གངས་ལྗོངས་རང་དབང་དམངས་གཙོའི་ལྷན་ཁང་” ཞེས་བཏགས་ན་བོད་ཀྱི་བདེན་མཐའ་མ་སེལ་པར་དུ་བཙན་བྱོད་བོད་གཞུང་འདི་གནས་ཐུབ་པར་མ་ཟད་ ། ཚིག་གི་ངོ་བོ་ལ་ཚོགས་པ་ཞིག་དང་། དོན་གྱི་ངོ་བོ་ལ་སྲིད་གཞུང་ཞིག་བསྟན་འདུག

    Reply
  22. བོད་པ་ says:
    ལོ་ 14 སྔོན།

    གངས་ལྗོངས་ཟེར་བ་འདི་སྙན་ཚིག་ཅིག་ཡིན་པ་ལས་ལོ་རྒྱུས་ཀྱི་དོན་སྙིང་ཅི་ཡང་མེད། བོད་ཟེར་འདི་མ་མཐའ་ཡང་ལོ་གཅིག་སྟོང་སུམ་བརྒྱའི་སྔོན་ནས་བྱུང་ཡོད། གཞུང་ཟེར་མི་ཉན་ཡང་བོད་ཅི་ཕྱིར་ཟེར་མ་ཆོག་པ་རེད། དགོངས་པ་མི་ལོན་གི

    Reply
  23. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    ཨ་མཆོད་འཇམ་དཔལ་ལགས།
    ཨ་ཁ་་་ཁྱོད་ཀྱིས་རྒྱལ་སྤྱིའི་ཁྲིམས་ལུགས་དང་རྒྱལ་ཁག་གི་ཁྲིམས་ལུགས་དང་
    ཚོགས་པ་ཁག་གི་ཁྲིམས་ཀྱི་འགྲོ་སྟངས་དངོས་ནས་ཤེས་མི་འདུག
    རྒྱལ་སྤྱིའི་རྩ་ཁྲིམས་ཀྱིས་རྒྱལ་སྤྱིའི་ལངས་ཕྱོགས་མཚོན་དགོས་པ་དང་དེ་བཞིན་
    རྒྱལ་ཁབ་དེའི་རྩ་ཁྲིམས་དེས་རྒྱལ་ཁབ་དེའི་ངོ་བོ་དང་ལངས་ཕྱོགས་མཚོན་དགོས།ཚོགས་པ་ཆུང་ཆུང་ཞིག་ཡིན་ཡང་ཚོགས་པ་དེའི་བཅའ་ཁྲིམས་ལ་
    བལྟས་དུས་ཚོགས་པ་དེའི་ལངས་ཕྱོགས་དང་ངོ་བོ་རྟོགས་ཐུབ་པ་ཞིག་དགོས།ཁྲིམས་ལུགས་ཀྱི་དགོས་པ་དང་དམིགས་ཡུལ་ཡང་དེ་རེད།་དེ་ལས་གཞན་གང་ཡང་ཡོད་མི་སྲིད།རྒྱལ་ཁབ་དེའི་རྩ་ཁྲིམས་ནང་འཁོད་ཚར་བ་ཞིག་ཡིན་ཚེ་དེ་ལས་ཡོལ་དགོས་
    བསམ་ན་ཡང་ཁྲིམས་ལུགས་ཐོག་ཡོལ་ས་གཏན་ནས་མེད།རྩ་ཁྲིམས་ནང་མི་གསལ་བའི་ཐོག་རྒྱལ་ཁབ་གཅིག་དང་གཞུང་གཅིག་གི་ལས་ཀ་བྱས་ན་ཁྲིམས་ལུགས་ཐོག་
    ནས་རྙོག་གྲ་བཤད་ས་མེད། ཁྲིམས་ནང་འཁོད་ཟིན་པའི་དོན་གནད་གཅིག་ལས་བྱུང་བའི་དཀའ་རྙོག་ཞིག་ཡིན་ན་ཁྲིམས་ལུགས་ཐོག་ནས་སེལ་དགོས་པ་ལས་གཞན་འགྲོ་ས་མེད།
    ཁྱོད་ཀྱི་བསམ་ཚུལ་དང་ཁྱོད་ཀྱིས་ལྟ་སྟངས་ལ་གཞིགས་ན་༸་གོང་ས་མཆོག་ལ་མེད་པའི་མ་འོང་འབྱུང་འགྱུར་རྣམས་མཁྱེན་པའི་མཁྱེན་པ་ཞིག་ཡོད་ཁུལ་བྱས་འདུག་
    ཀྱང་ངས་བལྟས་དུས་རང་མཚང་འབའ་ཞིག་བསྟན་པ་ལས་ཡོན་ཏན་གྱི་ཆ་ནམ་
    མཁའི་མེ་ཏོག་ལྟར་མཚུངས་སོ།
    ད་དུང་ཁྱོད་ཀྱི་མི་ཤེས་མདོག་གིས་རྒྱལ་དར་དང་རྒྱལ་གླུ་གཉིས་རྩ་ཁྲིམས་དང་འདྲ་མཚུངས་སུ་སྨྲས་ཁུལ་བྱས་ཀྱང་དེ་ཡང་མི་ཤེས་ཤེས་མདོག་གི་རང་མཚང་བསྟན་པ་ཤ་སྟག་རེད།རྩ་ཁྲིམས་ནང་རྒྱལ་ཁབ་གཅིག་དང་གཞུག་གཅིག་གི་ངོ་བོ་གནས་མེད་ན་རྒྱལ་དར་དེ་ཡང་ཚོགས་པ་སྒྲིག་འཛུགས་ཤིག་གི་མཚོན་རྟགས་ཙམ་ལས་རྒྱལ་
    ཁབ་གཅིག་གི་རྒྱལ་དར་གཅིག་གི་ངོ་བོར་མེད།རྒྱུ་མཚན་དེས་ན་བོད་ཀྱི་དར་ཆ་ལ་
    རྙོག་གྲ་བཟོ་ས་མེད་པ་ཤེས་དགོས་པ་རེད།ཕྱོགས་གཞན་ཞིག་ནས་བཤད་ན་༸གོང་ས་མཆོག་གི་བཀའ་སློབ་ནང་མའུ་ཙེ་དུང་གིས་བོད་ཀྱི་རྒྱལ་དར་འགྲེམས་འཛུགས་ཆོག་པའི་ཆོག་མཆན་སྤྲད་ཡོད་ཅེས་གསུངས་པ་རྣམས་ལ་རྒྱུ་མཚན་མེད་པ་ག་ནས་ཡིན།རྒྱལ་ཀླུ་ཡང་དེ་བཞིན་ཡིན་པ་ལས་གཞན་ཁྱོད་ཀྱིས་སེམས་ཁྲལ་བྱས་པ་ནི་དོན་མེད་རེད། ཤེས་སོང་ངམ།

    Reply
  24. རྒྱ་རྙི། says:
    ལོ་ 14 སྔོན།

    ཡག་པོ་འདུག གོང་ས་མཆོག་གིས་ང་མཚོའི་ད་ལྟའི་ཁ་སྟབ་ལ་སྤྱན་རྒྱ་ཡངས་པོས་གནད་འགག་ཞིག་ལ་གཟིགས་གཟིགས་ཏེ། བོད་མི་ཕྱི་ནང་ཀུན་ལ་ཁྱབ་བའི་མིང་དོན་མཚུངས་བའི་་གངས་ལྗོངས་རང་དབང་བདེན་པའི་སྒྲིག་འཛུགས་་ཞེས་གནང་བ་ཧ་ཅིང་འོས་འཚམས་འདུག དངོས་གནས་དགོངས་པ་རླབས་ཆེན་རེད། ང་ཚོས་ཁ་ཡོད་ལག་ཡོད་གི་བསམ་བློ་གཏོང་དགོས། ཁ་བཤད་དོན་ལ་མི་གནས་པའི་རྒྱག་གཏམ་འབའ་ཞིག་གིས་ཉི་མ་འཁྱོལ་དཀའ་བར་སྙམ།

    Reply
  25. མངའ་རིས་བུ། says:
    ལོ་ 14 སྔོན།

    གངས་ལྗོངས་རང་དབང་དམངས་གཙོ་སྒྲིགས་འདྷུགས་ཞེས་བསྒྱུར་བར་དབུ་ཁྲིད་རྣམ་པར་དཀའ་ངལ་ཆེན་པོ་ཞིག་འཕྲད་པ་དངོས་བདེན་རེད།
    དེས་ན་དངོས་སུ་འགན་ཁུར་གྱིས་ལས་ཀ་བྱེད་མཁན་དང་ཁ་ནས་བ།ཤད་པ་གཉིས་གནམ་སའི་ཁྱད་པར་ཡོད།
    འོན་ཀྱང་གངས་རང་དབང་དམངས་གཙོའི་སྒྲིགས་འདྷུགས་ཞེས་བརྗོད་པ་ནི་མི་ང་དེ་ལ་ལྟས་ན་ཕལ་ཆེར་རྒྱ་ནག་དམངས་གཙོར་ཆགས་དུས་བོད་ལ་ལོག་རྒྱུའི་གྲྭ་སྒྲིག་བྱེད་པ་ནི་ཟུར་ལྟས་ལེབ་མཐོང་རེད་འདུག
    ད་བོད་རང་དབང་དམངས་གཙོ་ཚོགས་པ་ཟེར་བ་་དེ་སྒོ་རྒྱབ་ངེས་རེད།
    བོད་གཞུང་དགའ་ལྡན་ཕོ་བྲང་ཟེར་བ་སྒོ་རྒྱབ་པར་དགའ་བསུ་ཡོད།

    Reply
  26. སྒྲོལ་མ་མེ་ཏོག says:
    ལོ་ 14 སྔོན།

    ༸གོང་ས་མཆོག་གིས་གསོལ་བསྩལ་གནང་བའི་མཚན་འདིར་དོན་སྙིང་ཆེན་པོ་འདུག་པས་དགའ་ཚོར་ཆེན་པོ་བྱུང་། ད་ལྟ་ང་ཚོས་གངས་ལྗོངས་རང་དམངས་གཙོའི་སྒྲིག་འཛུགས་ཞེས་འབོད་ན་གཞིས་བྱེས་གཉིས་ཀྱི་ངོ་ཚབ་མཚོན་པར་ཤིན་ཏུ་འོས་ཤིང་འཚམ་པ་དང་། འབྱུང་འགྱུར་བོད་ཀྱི་བདེན་མཐའ་སེལ་མཚམས་ཀྱང་གངས་ལྗོངས་རང་དབང་གཙོའི་གཞུང་ཞེས་འབོད་འདོད་པ་ལ་སྐྱེ་རྒུ་རྣམས་མི་སྤྲོ་ཅི་ལ་སྲིད། རྒྱལ་སྤྱིའི་སྟེང་Central Tibetan Administration ཞེས་པར།
    The Free & Democratic Organization of Tibet ཞེས་འབོད་ཆོག་པ་དང་། རང་དབང་སླར་གསོ་བྱུང་རྗེས། The Government of Free & Democratic Tibet ཞེས་བརྗོད་ཆོག་པར་སྙམ།

    Reply
  27. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 14 སྔོན།

    རྒྱ་གར་ནག་གི་འཐབ་ཇུས་ཀྱི་ནང་དུ་དགོས་མཁོ་ལ་བསམ་ན་རྒྱ་གར་གྱིས་གྲོས་ཚོགས་དང་བཀའ་ཤག་སྒོ་རྒྱོབས་ནམ་ཡང་མི་གསུང་། གལ་སྲིད་གསུང་ན་དེ་ལུགས་ཀྱི་ལམ་ཞིག་དོད་ཀྱི་རེད། རང་གིས་སྒོ་བརྒྱབ་པ་མིན་པོར་གཞན་གྱིས་བཙན་དབང་གིས་རྒྱག་བཅུག་པ་ལ་ཁྲིམས་ཐོག་ནས་རྩོད་ས་ཡོད།
    གལ་སྲིད་འདི་ལྟར་རྒྱང་ར་མཐའ་སྐོར་གྱིས་སྲིད་མཐའ་ལ་དགོངས་པ་བཞེས་བཞིན་བསྡད་ན་སྤྱི་འཐུས་འོས་བསྡུ་ཡང་བྱེད་མི་འོས། རྒྱལ་གླུ་ཡང་གཏོང་མི་འོས། རྒྱལ་དར་ཡང་འགྲེངས་མི་འོས། བོད་གཞུང་གི་ཐམ་ཀ་ཡང་འབེབས་མི་འོས། བདེན་པ་ཉིད་ཕལ་ཞོག་རྒྱལ་རྟགས་ཧྲིལ་གྱིས་འཇོག་མི་འོས། འདི་ལྟར་གནང་ན་མདུན་ལམ་ཞིག་འདུག་གམ།
    འདི་ནི་ང་ལྟ་བུ་ཤེས་མེད་དག་གི་ཁྱི་ཁོག་ལ་འཆར་ཚུར་ཡིན་ནོ།

    Reply
  28. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    ་གོང་ས་མཆོག་གི་བཀའ་སློབ་འདི་ལ་བརྟེན་ནས་རང་གི་མི་རིགས་དང་
    རང་གི་རྒྱལ་ཁབ་ལ་དགའ་བའི་བཀའ་ཟུར་དང་སྤྱི་ཟུར་མཁས་དབང་ཆབ་
    སྲིད་པ་དང་མི་དམངས་གང་མང་ཞིག་ཁྲིམས་ལུགས་ཀྱི་རྨོངས་གཉིད་ལས་གྲོལ་བའི་རེ་བ་ཡོད།
    རིན་ཐང་བྲལ་བའི་རྒྱལ་ཡོང་ཚོགས་ཆེའི་ཐོག་རང་གི་མི་རིགས་ལ་ཤ་ཞེན་
    དང་ལྷག་བསམ་ཡོད་ཀྱང་ཆབ་སྲིད་ཀྱི་གོ་རྟོགས་དམན་པ་དང་འགན་ཁུར་གྱི་
    ཉམས་མྱོང་མེད་པ་ཕུགས་རྒྱང་ལྟ་བའི་མིག་ཆུང་དྲགས་བའི་བཀའ་ཟུར་དང་སྤྱི་
    ཟུར་མཁས་དབང་དང་ཆབ་སྲིད་པའི་གྲས་སུ་མི་མང་པོ་ཞིག་གིས་ཨུ་ཚུགས་མཐའ་སྐྱེལ་གྱིས་བཙན་བྱོལ་བོད་གཞུང་གི་མཚན་རང་སོར་བཞག་ཡོད་པ་མ་ཟད་བྱས་རྗེས་ཡིན་ཁུལ་གྱི་གསར་འགོད་པ་དག་ལ་སྤོབས་པ་ངང་ནས་གསལ་བཤད་བྱས་པ་
    ཡང་མཐོང་།
    ད་དུང་དེ་དག་གི་རྗེས་འབྲང་པ་རྣམས་ཀྱིས་ཟམ་གདོང་བླ་མ་གཙོ་པའི་ཟིན་
    བྲིས་ཚོགས་ཆུང་གིས་རྒྱལ་བའི་བཀའ་དགོངས་བཞིན་མིང་སྒྱུར་བྱས་པ་ལ་
    དོན་མེད་ཁང་ར་དང་ཞྭ་མོ་གསར་པ་ཞིག་ཡོག་ཐབས་བྱས་ཡོད།
    བྱས་ལས་དེ་དག་ལ་བརྟེན་ནས་རྒྱལ་བའི་བཀའ་དགོངས་དཀྲུག་བའི་ཉེན་ཁ་ཆེནཔོ་འདུག་གཟབ་གཟབ་བྱེད་ན་ཡག་པོ་འདུག་
    རྗེས་སུ་དེའི་རིགས་མི་ཡོང་བར་ངེས་པར་དུ་བསམ་གཞིགས་བྱ་དགོས་འདུག
    ཟམ་གདོང་བླ་མས་གང་གནང་༸་གོང་ས་མཆོག་གི་བཀའ་དགོངས་དང་མི་
    འགལ་བ་དང་དགོན་པོ་གང་ཉིད་ཀྱི་དགོངས་པ་ཆ་ཚང་རྟོགས་ཐུབ་པའི་ནུས་ལྡན་གྱི་དམ་པ་ཞིག་ཡིན་པ་དེ་རིང་གི་བཀའ་སློབ་ལས་ཡིད་ཆེས་དང་ངེས་རྙེད་ཡོང་
    བའི་རེ་བ་ཆེ།

    Reply
  29. འདྲེ་མེ་འབུད། says:
    ལོ་ 14 སྔོན།

    གལ་སྲིད་ངེས་པར་དུ་གཞུང་མིང་འདི་ལྟར་བརྗེ་བསྒྱུར་བྱ་དགོས་ཚེ། བོད་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས་ཞེས་བརྗོད་ན་ཤིན་ཏུ་འཚམས་པའི་ཚོར་བ་ཞིག་ཀྱང་བྱུང་།

    Reply
  30. སྟོང་བཙན་མགར་བུ། says:
    ལོ་ 14 སྔོན།

    ངས་བཤད་འདོད་པ་ནི། བོད་མི་སུ་ཞིག་ཡིན་ཡང་མི་རིགས་ཤིག་གི་བླ་སྲོག་དང་འབྲེལ་བའི་ཞེན་ཁོག་ཡོད་ཁོག་ཡོད་པ་བདེན་ནུས་ན། ཚོགས་ཆེན་འདི་དང་འབྲེལ་བའི་སྐད་ཆ་ཡག་པོ་དང་བསམ་བློ་བརྗེ་རེས་ལྟ་བུའི་ཡང་དག་པའི་ལྟ་བ་རེ་འཛིན་རྒྱུ་གལ་ཆེ་བ་ལས། མགོ་འཇུག་མཐོ་དམན་གསུམ་ལ་ཁ་རྡུང་བྱེད་པ་ནི་དཀྲུགས་ཤིང་ཁོ་ནའི་དུས་འདའ་བ་ལས། ཚོགས་ཆེན་འདི་དང་འབྲེལ་བའི་དགེ་ཕན་གང་ཡང་མཐོང་གི་མི་འདུག་
    འཛམ་གླིང་གང་སར་འཁྱམས་པའི་བོད་པ་དག་དེ་རིང་ངྷ་སར་འབྱོར་ཏེ་བོད་དོན་ལ་གླེང་སློང་བྱེད་ཐུབ་ཀྱི་ཡོད་པ་འདི་ནི་དངོས་གནས་རླབས་ཆེན་གྱི་བྱ་གཞག་ཞིག་ཏུ་བསམ་ནས། ང་ཚོས་རྒྱབ་སྐྱོར་བྱེད་པ་དང་བགྲོ་གླེང་བྱེད་པར་ཤུགས་སྣོན་བྱེད་དེ་དོན་འབྲས་མི་དམན་པ་ཞིག་བྱུང་བར་ཡིད་ཆེས་བྱེད་དགོས།
    རྒྱུ་མཚན་ནི།ཚོགས་ཆེན་འདི་ནི་བོད་མི་རིགས་ཀྱི་ལོ་རྒྱུས་རང་བཞིན་དང་འབྲེལ་བའི་ཚོགས་ཆེན་ཞིག་ཡིན་པས་ན། ཉིན་གསུམ་བཞི་ཙམ་གྱི་རིང་དུ་གཏན་འཁེལ་ཐུབ་པའི་གྲོས་ཆོད་ཅིག་འཇོག་པ་ནི་བསམ་ཡུལ་ལས་འདས་བ་ཞིག་ཡིན།

    Reply
  31. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    དེ་བས་ད་ལྟའི་ང་ཚོའི་སྒྲིག་འཛུགས་འདི་བོད་གཞིས་བྱེས་གཉིས་ཀྱི་ངོ་ཚབ་མཚོན་པའི་སྒྲིག་འཛུགས་ཤིག་ཆགས་ཡོད་སྟབས། “གངས་ལྗོངས་རང་དབང་དམངས་གཙོའི་སྒྲུག་འཛུགས” ཡང་ན། “ གངས་ལྗོངས་རང་དབང་དམངས་གཙོའི་ལྷན་ཁང་” ལྟ་བུ་ཞིག་བཏགས་པ་ཡིན་ན། བོད་གཞིས་བྱེས་གཉིས་ཀ་མཚོན་གྱི་ཡོད་པ་རེད།

    “གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས” རྒྱལ་གྱུར་ཅིག །
    “གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས” རྒྱལ་གྱུར་ཅིག །
    “གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས” རྒྱལ་གྱུར་ཅིག །
    “གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས” རྒྱལ་གྱུར་ཅིག །
    “གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས” རྒྱལ་གྱུར་ཅིག །
    “གངས་ལྗོངས་རང་དབང་དམངས་གཙོའི་སྒྲུག་འཛུགས” རྒྱལ་གྱུར་ཅིག །
    “གངས་ལྗོངས་རང་དབང་དམངས་གཙོའི་སྒྲུག་འཛུགས” རྒྱལ་གྱུར་ཅིག །
    འདི་ངེས་པར་དུ་འཁོད་དགོས་འདུག་ལགས། །དགེའོ། དགེའོོ། དགེའོོོ།། །།
    མིང་འདི་ལ་རྟེན་འབྲེལ་བཟང་ཞིང་ཟབ་བརླིང་བབ་གསུམ་ཡོད་པས་ངེས་པར་དུ་མཚན་འདི་རང་ལ་ཐག་གཅོད་ཅི་ནས་ཡོངས་བ་མཁྱེན། མཁྱེེན། མཁྱེེེན། ཞེས་གསོལ་བ་ཕུར་ཚུགས་སུ་འདེབས་པ་ལགས།

    Reply
  32. ཕུན་ཚོགས ། says:
    ལོ་ 14 སྔོན།

    བཀའ་སློབ་འདིས་ཡང་བསྐྱར་བཙན་བྱོལ་སྤྱི་ཚོགས་ཁྲོད་ཉམས་མྱོང་ཡོད་འདོག་དང་། ཤ་ཚ་བྱེད་མདོག་གིས་མི་བཤད་དགུ་བཤད་བྱེད་མཁན་གྱི་བྲེད་ཤ་ཅན་དག་གི་མགོ་ལ་ཆུ་ཁྱག་ཕོར་བ་གང་བསྟོར་བ་ལྟར། དྲན་པ་གསལ་ལྷང་ངེ་བ་ཞིག་སྤྲོད་ཐུབ་པ་དང་། སོ་སོའི་མིིག་མདུན་གྱི་གོམ་པ་སྤོ་ས་དག་ལ་ཞིབ་ལྟ་ཐེངས་གཅིག་བྱ་དགོས་ཐུག་པར་བཟོས་ཡོད་ཚོད་ཡིན་ཀྱང་། ད་དུང་ཨུ་ཚུགས་ཀྱིས་ཅི་ཞིག་འཐོབ་ཡོང་བའི་རེ་དོགས་ཟད་པོ་ཞིག་གིས་འཆི་རུ་མི་འཇུག་པ་ནི་ཡིད་སྐྱོ་བའི་གནས་ཚུལ་ཞིག་ག་ལ་མིན།
    གང་ལྟར་འུ་ཚོའི་མཁས་དབང་ཡིན་ཟེར་མཁན་དང་། ཆབ་སྲིད་པར་བསྙད་མཁན། ཡང་ན་རྩོམ་པ་པོ་དང་ཆེད་ལས་ཉམས་ཞིབ་པ་ཡིན་ཚུལ་སྨྲ་མཁན་དག་གིས་༧གོང་ས་བཅུ་བཞི་བ་མཆོག་གི་སྐུ་སྒེར་ཁོ་ནའི་མཛད་འཕྲིན་དང་། བྱིན་རླབས། ཐུགས་རྗེ། དད་པ་བཅས་ཀྱི་ཕྱོགས་ཞེན་ཁོ་ནར་དམིགས་པ་ཧར་གྱིས་སོང་སྟེ། ལོ་རྒྱུས་ཀྱི་འགན་མི་འཁུར་བ་དང་། དུས་རབས་ལ་ཁ་མི་ཕྱོགས་པར་༧་གོང་ས་མཆོག་ལ་ཤ་ཚ་མདོག་སྟོན་གྱིན་པ་འདི་བཀའ་སློབ་འདིས་དམར་རྗེན་དུ་བཏོན་པ་མ་ཡིན་ནམ།
    ངས་ནམ་ཡང་འུ་ཚོའི་རང་དབང་གཙོའི་ལམ་ཁ་ཡང་དག་པ་ཞིག་ལ་འགྲོ་བའི་སྟ་གོན་ད་ལྟ་ནས་བྱེད་མ་ཐུབ་པ་ཡིན་ན། ༧གོང་ས་མཆོག་གི་སྐུ་སྒེར་ལ་མཚན་གནས་ག་འདྲ་ཕུལ་ཀྱང་དེ་ལ་ལོ་རྒྱུས་ཀྱི་སྐབས་བབ་ཀྱི་དོན་སྙིང་ཙམ་ལས། ༧གོང་ས་མཆོག་སྐུ་སྒེར་གྱི་ལོ་རྒྱུས་དང་། བཙན་བྱོལ་ལོ་རྒྱུས་ཀྱི་གཟི་བརྗིད་ངོ་མ་ཞིག་ཏུ་མི་འགྱུར་ཞིང་། རང་དམངས་གཙོའི་ལོ་རྒྱུས་ཡང་དག་ཅིག་གི་དབུ་འཁྱུད་ཀྱང་འབྲི་སྟངས་ནོར་ཡོད་པའི་ངོས་འཛིན་བྱེད་ཀྱིན་ཡོད།
    དེ་ལ་རྒྱུ་མཚན་འདི་དག་ཡོད་དེ། སྤྱིར་༧གོང་ས་མཆོག་གི་ད་ལྟའི་མཛད་འཕྲིན་ནི་བོད་པ་ཙམ་མ་ཟད་འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་པའི་བྱིན་རླབས་ཚན་ཁ་འབར་བ་ཅན་ཞིག་ཏུ་གྱུར་ཡོད་ཅིང་། བྱིན་རླབས་འདི་ཉིད་ཁོ་ན་ལ་བརྟེན་ནས་མིག་སྔའི་བོད་ཀྱི་མདུན་ལམ་དང་། རེ་བ། མིག་ལྟོས་བཅས་བྱུང་བ་ནི་སུས་ཀྱང་བསྙོན་དུ་མེད་མོད། ༧གོང་ས་བཅུ་བཞི་བ་ཁོ་ནའམ། ཡང་ན་སྐུ་འཕྲེང་ན་རིམ་གྱི་མཛད་པ་ཁོ་ན་གཞི་ལ་བཞག་སྟེ་བོད་ཀྱི་མ་འོངས་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་། མདུན་ལམ་སོགས་ཐག་གཅོད་བྱེད་སྟངས་འདི་ནི་གང་ཟག་སྒེར་གྱི་གནས་བབ་ལ་གཞིགས་ཏེ་ཁྲིམས་གཞི་གཏན་འབེབ་བྱས་པ་རང་ཡིན་པ་དང་། འདི་ལྟའི་ཁྲིམས་གཞི་ནི་རང་ཚུགས་དང་ངང་མི་བརྟན་པའི་ཁྲིམས་གཞི་ཞིག་ཡིན་སྟབས། འདི་ལྟའི་ཁྲིམས་གཞི་ནི་འདས་པའི་ལོ་རྒྱུས་ལ་གདེང་འཇོག་བྱེད་སྟངས་ཙམ་ལས་མ་འོངས་ལོ་རྒྱུས་ཀྱི་སྐྱ་ཐིག་འདིང་སྟངས་ཤིག་ནི་ཡེ་ནས་མིན་པ་གསལ་ཐག་ཆོད་པ་ཞིག་ཡིན།

    Reply
  33. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    བཙན་བྱོལ་བོད་གཞུང་ཞེས་པ་དེ་ནི་ནི་ཉིན་མ་ཁ་ཤས་ནང་ནས་། འཛམ་གླིང་འདི་ནས་མཇུག་རྫོགས་གི་རེད་། ཆོལ་ཁ་གསུམ་ལ་ཁྱབ་པའི་མིང་གསར་པ་ཞིག་དགོས་འདུག་། ངའི་སེམས་ལ་ཡོད་པ་འདི་རེད་།། གངས་ལྗོངས་རང་དབང་སྤྱི་ཚོགས་།། ཡང་ན་ ཆོལ་གསུམ་རང་དབང་ལས་འགུལ་།། ལྟ་བུ་ཡིན་།།

    Reply
  34. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    ༸གོང་ས་མཆོག་གིས་གསོལ་རས་གནང་ཟིན་ད་ཡོད་བཙན་བྱོལ་བོད་གཞུང་གི་མིང་ལ། གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས་སམ། གང་ལྗོངས་རང་དབང་དམངས་གཙོའི་ལྷན་ཁང་ཞེས་བཏགས་པ་འདི་ལ་དོན་སྙིང་དང་ལྡན་པ་ཞིག་རེད།
    དེ་མིན་བདེན་པ་ཉིད་ཅེས་བཏགས་ན་གོ་བ་ཞེ་དྲག་མེད་འདྲ་བོ་མཐོང་སོང་།
    མུ་མཐུད་དུ༸གོང་ས་མཆོག་ལ་བོད་ཀྱི་རྒྱལ་གླུ་གསར་བ་ཞིག་གསོལ་རས་གནང་དགོས་བར་སྐྱབས་འཇུག་ཞུ་རོགས། འདི་ནི་ཁ་ཚ་དགོས་གཏུགས་རེད།

    Reply
  35. ནད་པ says:
    ལོ་ 14 སྔོན།

    ༸ འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་༸ གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུའི་བཀའ་སློབ་ལྟར་ང་ཚོས་རྒྱལ་བའི་ཐུགས་ཀྱི་དགངས་བཞེད་ཟམ་མོ་ལྟར་ད་རེས་གངས་ལྗོངས་རང་དབང་དམངས་གཙོའི་ལྷན་ཁང་ཞེས་པ་འདི་བཏགས་དགོས།

    དེ་ནས་༸གོང་ས་མཆོག་གིས་དོན་གཅོད་དང་ཁག་དང་སྐུ་ཚབ་ཚོར་འུ་ཐུག་ན་ངའི་མིང་གཡར་མཆོག་གི་རེད། འོན་ཀྱང་ང་ལ་གཡར་གླ་གྱ་ནོམ་པ་ཞིག་སྤྲོད་དགོས་ཞེས་བཀའ་སློབ་གནང་བ་དེ་གནད་འགག་ཅན་ཆགས་ཡོད།

    དེའི་གཡར་གླ་གྱ་ནོམ་ཞིག་སྤྲོད་དགོས་གསུངས་པ་དེ་ནི་རྒྱལ་བ་རིན་པོ་ཆེའི་མཚན་བེད་སྤྱོད་བྱས་ཕྱིན་ངེས་པར་བཀའ་དགོངས་དང་མཐུན་པའི་ལས་ཀ་ཡག་པོ་རིན་ཐང་ལྡན་པ་ཞིག་བྱེད་དགོས་གསུང་བཞིན་ཡོད།

    དོན་གཅོད་ཁག་གི་ད་བར་ལས་ཀའི་ཐོག་བོད་ཀྱི་རྩ་དོན་དང་། ཆོས་ལུགས། རིག་གཞུང་། སྐད་ཡིག སྤྱི་ཚོགས་དང་བཅས་པར་ནུས་ཤུགས་ལྡན་པའི་བྱ་བ་ཆེན་པོ་ཞིག་བསྒྲུབས་ཐུབ་ཀྱི་མེད་སྟབས། སྔོན་མ་ནས་༸ གོང་ས་མཆོག་གིས་ཁོང་ཚོས་ངའི་ཁང་པ་ས྅རུང་བཞིན་ཡོད་ཅེས་བཀའ་སློབ་གནང་ཡོད།

    ཚང་མས་མཁྱེན་གསལ་ལྟར་ད་ལོའི་སྔོན་རྩིས་ཁག་གི་ནང་ཕྱི་རྒྱལ་དོན་གཅོད་ཁག་གི་མ་དངུལ་སྔོན་དེ་ཧ་ཅང་གི་ཆེན་པོ་ཡིན་པ་དང་དེ་ལ་དཔག་པའི་ལས་འགན་ཆེན་པོ་ད་བར་ཁོང་ཚོས་བསྒྲུབས་ཐུབ་ཀྱིན་མེད་སྟབས། ངེས་པར་དུའང་དེའི་ཐད་ལ་ཤུགས་སྣོན་རྒྱག་དགོས་ཀྱི་འདུག

    གནས་ཆུང་ཆེན་པོའི་ལུང་བསྟན་ལྟར་ང་ཚོས་ཆིག་བསྒྲིལ་དང་༸ རྒྱལ་བ་དགྱེས་པའི་ལས་འགན་ཧུར་ཐག་གཞུང་དང་མི་དམངས་ཚང་མས་དང་དུ་བླངས་ན་༸ གོང་མཆོག་སྐུ་ཚེ་ ༡༡༣ བཞུགས་རྒྱུའི་ཞལ་བཞེས་ཐོབ་པ་དེ་ནི་ཧ་ཅང་གི་བསྐལ་བ་བཟང་པོ་ཞིག་དང་འཛམ་གླིང་འགྲོ་བའི་སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་ཀྱི་ཞིག་དང་རེད།

    Reply
  36. ནགས་མེ། says:
    ལོ་ 14 སྔོན།

    རང་དབང་དགོས་ན་དམངས་གཙོ་ལྡན་དགོས་ལ། དམངས་གཙོ་ཡོད་ན་རང་དབང་
    ངང་གིས་ཡོད་པས། གཉིས་ཀ་མཉམ་ཅིག་ཏུ་དགོས་ས་མ་རེད། དེས་ན་གངས་ལྗོངས་དམངས་གཙོའི་སྒྲིག་འཛུགས་ལྟ་བུས་འཐུས་སྙམ།

    Reply
  37. གནས་ཚང་། says:
    ལོ་ 14 སྔོན།

    ༼༧གོང་ས་མཆོག་གིས། གཞུང་ཟེར་བའི་ཚིག་འདི་བེད་སྤྱོད་གཏོང་རྒྱུ་ཡོད་པ་མ་རེད། ཁྱོད་ཚོས་གཟབ་གཟབ་གནང་དགོས་པ་རེད། ད་བར་ལོ་ངོ་ལྔ་བཅུ་ཕྱིན་པ་རེད། བོད་པ་ཚོ་སྣང་བ་དག་དྲགས་ཏེ། ད་དུང་ཡང་མུ་མཐུད་འདི་ལྟར་བསྡད་ན་འགྲིག་འགྲོ་རྒྱུ་རེད་བསམ་གྱི་ཡོད་པ་རེད། ང་ཚོ་རྒྱ་གར་གཞུང་གི་འོག་ཏུ་ཡོད་པ་རེད། གལ་སྲིད་གྲོས་ཚོགས་འཚོགས་བསྡད་ཡོད་པའི་སྐབས། ཁྱོད་ཚོའི་གྲོས་ཚོགས་སྒོ་རྒྱག་དགོས་ཟེར་ན་ག་རེ་བྱ་རྒྱུ་ཡིན། བཀའ་ཤག་སྒོ་རྒྱོབས་ཟེར་ན་ག་རེ་བྱ་རྒྱུ་ཡིན། དེའི་འགན་དེ་ངས་འཁུར་ཐུབ་པ་མ་རེད། ཅེས་ནན་ཏན་གྱིས་གསུངས་སོང་། ༽ དྲི་བ་ཁ་ཤས་ཡོང་གི་འདུག

    ༡ བོད་གཞུང་ནས་ས་གནས་གཞུང་། ས་གནས་གཞུང་ནས་བཙན་བྱོལ་གཞུང་། བཙན་བྱོལ་གཞུང་ནས་སྒྲིག་འཛུགས་སུ་བསྒྱུར་བ་ཡིན་ན། བོད་ཀྱི་གནད་དོན་གཙང་སེལ་བྱེད་ཐུབ་ཀྱི་ཡོད་དམ་མེད།

    ༢ བཙན་བྱོལ་གཞུང་གི་མིང་བསྒྱུར་བ་འདི་ལོ་རྒྱུས་ཀྱི་རྒྱུན་བཅད་པའམ། རྒྱ་ནག་ལ་བོད་ཐོག་བདག་དབང་ཡོད་པ་ངོས་ལེན་གནང་བ་ཞིག་ཡིན་པས། འདིར་རྐྱེན་བྱས་རྒྱ་ནག་གཞུང་གིས་རྒྱ་གར་ལ་བོད་ཀྱི་ས་ཆ་དེ་རིགས་ཕྱིར་སྤྲད་དགོས་ཞེས་དམག་འཐབ་བྱུང་བ་ཡིན་ན། དེར་འགན་ལེན་ཕོད་ཀྱི་ཡོད་དམ་མེད།

    Reply
  38. སྣང་རྒྱལ་ཤེར་དགེ says:
    ལོ་ 14 སྔོན།

    རྨོངས་པའི་ཨུ་ཚུགས་དང་ལྷག་བསམ་ཟུང་དུ་འབྲེལ་ན་ཁ་གཏད་ཆོག་རྒྱུ་དཀའ། འོན་ཀྱང་འུ་ཅག་ལ་འདི་ལྟ་བུའི་མགོན་དཔུང་ཞིག་ཡོད་པ་དེས་ཡོད་ཚད་ལ་ཁ་གཏད་གཅོག་ཐུབ། སྒྲིག་འཛུགས་ཤིག་གི་མིང་བཏགས་ན་སེམས་ལ་དེ་ཙམ་གྱི་འཐད་པ་རང་མི་འདུག་མོད། འོན་ཀྱང་༸མགོན་པོ་མཆོག་གིས་གསུང་པའི་རྒྱུ་མཚན་ལ་བསམ་ན་དེ་ཡང་མི་འཐད་རྒྱུ་མི་འདུག་སྙམ། ཕུགས་རྒྱང་རིང་པོ་དང་རྒྱ་ཆེ་བའི་ཕྱོགས་ནས་ཉེན་འགོག་དང་བརྟན་ཆ་ཅན་ཞིག་ཡོང་རྒྱུ་ལ་འདི་ཉིད་རང་ཕན་པར་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese