མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོར་མིག་ནད་ཆེད་མཁས་པ་མེད་ཟེར།

བོད་ཀྱི་དུས་བབ།
༢༠༡༡/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༢ དང་ཕྱེད་ཀའི་ཐོག གངས་སྐྱིད་བོད་གཞུང་བདེ་ལེགས་སྨན་ཁང་གི་ཚོགས་ཁང་དུ་ཕྱི་ལུགས་ཀྱི་སྐུའི་བླ་སྨན་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་དང་། ཉི་ཧོང་གི་ ( LIONS CLUB ) ཞེས་པའི་ཚོགས་མི་སྐུ་ཞབས་ཁོ་ཎི་སཱ་ཏི་ཊ་ཀ་ཤི་དང་། མཱ་ཤི་ཝེ་ཧི་རོ་ཤི་བཅས་ཐུན་མོང་ཐོག་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཡོད་ཅིང་། དེ་ནི་ཉི་ཧོང་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་ཞིག་གིས་བོད་གཞུང་བདེ་ལེགས་སྨན་ཁང་ལ་མིག་ནད་བརྟག་དཔྱད་འཕྲུལ་ཆས་ཤིག་འབུལ་རྩིས་ཡོད་ཀྱང་། བོད་གཞུང་བདེ་ལེགས་སྨན་ཁང་ལ་མིག་གི་ཆེད་མཁས་སྨན་པ་མེད་པ་དང་། ངྷ་སའི་ཁོར་ཡུག་གི་མིག་ནད་ཅན་མང་ཆེ་ཤོས་རྒྱ་གར་བ་ཡིན་པ། དེ་བཞིན། བོད་པ་དང་རྒྱ་གར་ཡུལ་མིའི་བར་གྱི་མཐུན་ལམ་བཅས་ལ་དམིགས་ཏེ། འཕྲུལ་ཆས་དེ་ངྷ་སའི་ཉེ་འཁྲིས་ཀྱི་རྒྱ་གར་སྨན་ཁང་ཞིག་ལ་སྤྲོད་འཆར་ཡོད་པའི་སྐོར་རེད།  

འདིའི་སྐོར་བླ་སྨན་ཚེ་བརྟན་ལགས་ཀྱིས་ངོ་སྤྲོད་གནང་དོན། སྐུ་ཞབས་ཁོང་རྣམ་གཉིས་ཉི་ཧོང་དུ་སྙན་གྲགས་ཡོད་པའི་ ( LIONS CLUB )ཞེས་པའི་སྤྱི་ཚོགས་ཞབས་ཞུའི་ཚོགས་པའི་སྐུ་ཚབ་ཐོག་ཕེབས་ཏེ། ཉི་ཧོང་གི་སྒོར་མོ་ས་ཡ་ ༤ ཙམ་གྱིས་མིག་བརྟག་དཔྱད་འཕྲུལ་ཆས་ཞིག་བདེ་ལེགས་སྨན་ཁང་བརྒྱུད་ངྷ་སའི་ཉེ་འགྲམ་གྱི་རྒྱ་གར་སྨན་ཁང་( ZONAL HOSPITAL ) ལ་གསོལ་རས་གནང་གི་ཡོད་པ་རེད། འཕྲུལ་ཆས་དེར་ཉི་སྒོར་ས་ཡ་ལྷག་སྤྲད་ཡོད་དུས་གོང་ཚད་ཧ་ཅང་ཆེན་པོ་རེད། འཕྲུལ་ཆས་དེའི་དགེ་མཚན་གཙོ་བོ་ཞིག་ནི། མིག་གི་ལིང་ཏོག་ཕྱིར་བཏོན་རྗེས་མིག་འབྲས་ཀྱི་གནས་ཀྱི་གནས་སྟངས་ལ་བརྟག་བྱེད་ཅིག་རེད། ཅེས་ངོ་སྤྲོད་གནང་སོང་།  

ཚོགས་པ་དེར་འབྲེལ་བ་ཡོང་སྟངས་སྐོར་ལ་ཁོང་གིས་བརྗོད་དོན། ༢༠༠༠ ལོ་ནས་ཉི་ཧོང་སྨན་པ་ཨོ་ཝར་ཁར་ལགས་ཀྱི་ཚོགས་པ་དེས་བོད་རིགས་མང་ཚོགས་ཀྱི་འཕྲོད་བསྟེན་ལ་དམིགས་ཏེ། ལོ་རེའི་ཕྱི་ཟླ་ ༡༢ ནང་ངྷ་རམ་ས་ལར་ཆེད་ཕེབས་ཀྱིས་རིན་མེད་ཐོག་མང་ཚོགས་ཀྱི་མིག་ལ་གཤག་བཅོས་གཏོང་བཞིན་ཡོད་པ་རེད། གཤག་བཅོས་གནང་མཁན་སྨན་པ་ཚོ་ཉི་ཧོང་ནས་ཆེད་དུ་ཕེབས་པ་ཞིག་ཡིན་པ་མ་ཟད། གཤག་བཅོས་གཏོང་བྱེད་ཀྱི་འཕྲུལ་ཆས་དག་ཀྱང་ཉི་ཧོང་ནས་འཁྱེར་ཡོང་བ་རེད། འོན་ཀྱང་། ང་ཚོས་བོད་པ་ཙམ་དུ་མ་ཟད་རྒྱ་གར་ཡུལ་ལ་ཡང་ཕན་ཐོགས་ཡོང་ན་བསམ་པ་རེད།  

དམིཊ་ཡུལ་གཉིས་པ། བོད་གཞུང་དང་རྒྱ་གར་གྱི་མཐུན་ལམ་དེ་གནད་འགག་ཅིག་ཆགས་ཡོད་སྟབས། འཕྲུལ་ཆས་ས་གནས་སྨན་ཁང་དུ་འབུལ་ཐུབ་པ་བྱུང་ན། ཡུལ་མི་ཚོར་ཕན་ཐོགས་ཡོང་གི་རེད་ལ། བོད་པ་དང་ཡུལ་མིའི་བར་གྱི་མཐུན་ལམ་ལ་ཡང་ཕན་ངེས་རེད། ཉི་ཧོང་རོགས་ཚོགས་ཀྱི་ངོས་ནས་ཐོག་མར་བོད་པ་མ་གཏོགས་རོགས་རམ་བྱ་རྒྱུ་མིན་ཞེས་བཤད་པ་རེད། སྐབས་དེར། བདེ་ལེགས་སྨན་ཁང་གི་ངོས་ནས་བོད་པ་གཅིག་པུར་རོགས་རམ་བྱས་ན་ཕན་ཐོགས་ཆེན་པོ་ཡོང་གི་མ་རེད། སྤྱིར་མིག་ནད་བརྟག་དཔྱད་གཏོང་སྐབས་ནད་པ་བརྒྱ་ཆ་ ༩༠ ཙམ་རྒྱ་གར་ཡུལ་མི་ཆགས་ཡོད་པ་རེད། ཅེས་ཞུས་རྗེས་ཁོང་ཚོས་ཁས་ལེན་གནང་བ་རེད། ཅེས་བརྗོད་བྱུང་།

 

འདི་གའི་གསར་འགོད་པས་བདེ་ལགས་སྨན་ཁང་གི་བླ་སྨན་ཚེ་བརྟན་ལགས་སུ། བདེ་ལེགས་སྨན་ཁང་བཙུགས་ཏེ་ལོ་མང་ཕྱིན་ཡོད་ཀྱང་། ད་དུང་ཡང་གཤག་བཅོས་སྡེ་ཚན་ཟུར་འཛུགས་ཐུབ་ཀྱི་མེད་པའི་དཀའ་ངལ་དེ་གང་ལ་ཐུག་ཡོད་མེད་དྲིས་པར། ད་བར་གཤག་བཅོས་སྡེ་ཚན་འཛུགས་མ་ཐུབ་པའི་རྒྱུ་མཚན་གཙོ་བོ་གང་ལ་ཐུག་ཡོད་ཟེར་ན། བོད་པའི་སྤྱི་ཚོགས་ནང་སྨན་པའི་ཆེད་ལས་ཐོན་ཡོད་མཁན་ཀ་ཧ་ཅང་ཉུང་བ་དང་། རེ་ཟུང་ཡོད་པ་དག་ཀྱང་སྒེར་བ་ཡིན་སྟབས། བདེ་ལེགས་སྨན་ཁང་དུ་ཕེབས་རྒྱུ་ཁག་པོ་ཆགས་འདུག ད་ལྟ་བོད་རིགས་ནང་གཤག་བཅོས་བྱེད་མཁན་ཉུང་ཉུང་ཡིན་པ་མ་ཟད། མིག་གཤག་བཅོས་བྱེད་མཁན་དེ་ལས་ཀྱང་ཉུང་ངུ་ལས་ཡོད་པ་མ་རེད། ཅེས་བརྗོད་སོང་།

བདེ་ལེགས་སྨན་ཁང་ནང་གཤག་གཅོས་སྡེ་ཚན་འཛུགས་རྒྱུར་དཀའ་ངལ་ཅི་ཞིག་འཕྲད་བཞིན་ཡོད་མེད་དྲིས་པར། གལ་སྲིད་གཤག་བཅོས་སྡེ་ཚན་འཛུགས་རྒྱུར་ཐབས་ཤེས་གནང་ཚེ་འཕྲུལ་ཆས་ཀྱི་ཕྱོགས་ནས་དཀའ་ངལ་འཕྲད་སྲིད་པ་མ་རེད། ཡིན་ནའང་། བོད་པའི་ནང་སྨན་གྱི་སློབ་གྲྭ་འཐོན་མཁན་ཉུང་ཉུང་ཡིན་དུས། མིག་གི་སྨན་བཅོས་ཐད་ཆ་རྐྱེན་ཚང་གི་ཡོད་པ་མ་རེད། ཕྱོགས་གཞན་ནས་བདེ་ལེགས་སྨན་ཁང་ཙམ་མིན་པར་བོད་རིགས་ཚོགས་པ་ཁག་གང་ཡིན་ཡང་། ཕྱི་རྒྱལ་ལ་འགྲོ་རྒྱུའི་གོ་སྐབས་བྱུང་ན། རྒྱ་གར་ནང་གནས་རྒྱུར་ཧ་ཅང་ཁག་པོ་ཆགས་ཀྱི་ཡོད་དུས། བོད་པའི་ཚོགས་པ་ཁག་གིས་རང་ཉིད་ཀྱི་ཁྱད་ཆོས་དང་ལག་ཤེས་སོགས་མུ་མཐུད་བརྟན་པོར་གནས་རྒྱུར་ཐབས་ཤེས་བཙལ་དགོས་ཀྱི་འདུག ཅེས་བརྗོད་བྱུང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༡༡ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 5

  1. ལུང་རྟོགས། says:
    ལོ་ 15 སྔོན།

    འདི་ནས་བོད་པ་ཚོའི་སློབ་སྦྱོང་ལ་འཐུས་ཤོར་འགྲོ་བཞིན་ཡོད་པ་དང་།
    ནུབ་ཕྱོགས་ལ་འགྲོ་རྒྱུར་དགའ་དྲག་པའི་སྐྱོན་ཆ་ཞིག་མཐོང་ཐུབ་གི་འདུག
    གང་ལགས་ཞེ་ན། སྨན་གྱི་སློབ་སྦྱོང་ཐོན་མཁན་ཉུང་ཉུང་དང་། རེ་ཟུང་ཡོད་པ་རྣམས་ཀྱང་ཕྱི་རྒྱལ་ལ་ཤོར་འགྲོ་བ་ལས་བདེ་ལེགས་སྨན་ཁང་ལ་བསྡོད་ཐུབ་གི་མེད་པ་གསུང་འདུག
    སྨན་གྱི་སློབ་སྦྱོང་ཐོན་མཁན་ཉུང་བ་ནི་གཞུང་དང་རྒེ་རྒན་སོགས་ཀྱི་ནོར་འཕྲུལ་ཡིན་སྲིད་ལ། སློབ་ཕྲུག་སོ་སོའི་ནོར་འཕྲུལ་ཡང་ཡིན་སྲིད་པ་རེད།
    སློབ་སྦྱོང་ཐོན་མཁན་རྣམས་ཕྱི་རྒྱལ་ལ་ཤོར་འགྲོ་བ་ནི་གཙོ་བོ་དོ་བདག་རང་ཉིད་ཀྱི་ནོར་འཕྲུལ་ཡིན་པ་ལས་གཞན་ལ་ཁག་བཀྲི་བྱེད་ས་མེད་པར་སེམས།

    Reply
  2. ནད་པ says:
    ལོ་ 15 སྔོན།

    ༸ གོང་ས་ཏྰ་ལའི་བླ་མའི་སྐུའི་བླ་སྨན་ཡག་པོ་ཞིག་ཡིན་ན་ངེས་པར་དུའང་རང་གི་རྒྱལ་ཁབ་དང་། མི་རིགས། སྤྱི་ཚོགས། ད་དུང་བདེ་ལེགས་སྨན་ཁང་གི་འཕྲོད་བསྟེན་བཅས་ལ་འགན་འཁུར་ཡག་པོ་ལེན་དགོས།

    ད་བར་མི་ནད་བཤགས་བཅོས་མཁན་གྱི་སྨན་པ་ཐོན་མ་ཐུབ་ན་ཕྱིས་བྱུང་ཐོན་ཐུབ་པའི་ཤུགས་སྣོན་རྒྱག་དགོས། ད་དུང་བདེ་ལེགས་སྨན་ཁང་སྔར་བས་ཚགས་ཚུགས་དང་ཡར་རྒྱས་གཏོང་དགོས།

    ཉིན་ཧོང་གི་སྦྱིན་བདག་ཚོས་ང་ཚོ་སྐྱབས་བཅོལ་བ་ཡིན་ཙང་ཚུར་གདུང་སེམས་མཉམ་བསྐྱེད་ཀྱིས་རོགས་རམ་བྱས་ཏེ་སྒོར་ས་ཡ་མང་པོའི་འཕྲུལ་ཆས་ཚད་ལྡན་དེ་དག་ང་ཚོར་ཕན་ཐོགས་དང་ཡར་རྒྱས་ཞིག་བྱུང་ན་བསམས་ཏེ་ཚུར་སྤྲད་པ་རེད།

    ང་ཚོས་རིན་གོང་ཆེ་ཞིང་ཚད་ལྡན་འཕྲུལ་ཆས་དེ་རང་ཉིད་ཀྱི་སྨན་ཁང་དུ་ཉར་ནས་ཕྱིས་བྱུང་ན་གཞོན་མིག་དབང་བཤགས་བཅོས་མཁན་འགའ་ཤས་ཐོན་ཐུབ་པའི་ཤུགས་སྣོན་བརྒྱབ་ཏེ་མ་འོངས་པར་བདེ་ལེགས་སྨན་ཁང་གིས་ངོས་ནས་བོད་མི་དང་རྒྱ་གར་ཡུལ་མི་ཚོར་མིག་མཐོང་ལག་ཟིན་གྱིས་ཕན་ཐོགས་ཡོང་རྒྱུའི་རེ་བ་རྒྱག་དགོས།

    མིས་ཡག་ཡག་བྱས་ཏེ་ཚུར་སྤྲད་པ་དེ་ཡག་པོ་བྱས་ཏེ་མ་ཉར་བར་ང་ཚོར་ད་ལྟའི་ཆར་མིག་གི་སྨན་པ་མེད་རྒྱ་གར་གྱི་སྨན་ཁང་དུ་ཕུལ་ན་ཕན་ཐོགས་འདུག་ཅེས་འགྲེལ་བཤད་ལོག་པ་བརྒྱབས་ཏེ་དངོས་ཡོད་སོ་སོའི་སྨན་ཁང་དེ་ཡར་རྒྱས་དང་མི་སྣ་གསོ་སྐྱོང་བྱེད་རྒྱུའི་སེམས་ཤུགས་དང་ལྷག་བསམ་མེད་པའི་རྟགས་མཚན་བསྟན་དམར་བརྗེན་དུ་མངོན་པ་འདི་རེད།

    ལག་སྲིད་རྒྱ་གར་གྱི་སྨན་ཁང་ལ་ཕུལ་དགོས་ན་ཉིན་ཧོང་ཁོངརང་ངོས་ནས་ཕུལ་གྱི་རེད། ཡིན་ནའང་ཁོང་ཚོས་ང་ཚོར་རོགས་རམ་བྱེད་བཞིན་ཡོད་ཙང་ང་ཚོར་གནང་གི་ཡོད། ང་ཚོ་སྐྱབས་བཅོལ་བ་ཡིན་ལ་རྒྱ་གར་ནི་རང་བཙན་དང་སྟོབས་ཆེན་གྱི་རྒྱལ་ཁབ་གཅིག་ཡིན་སྟབས། ཨམ་ཅོག་བསྐོག་ནས་རྐུབ་ལ་ལྷན་པ་རྒྱག་བཞིན་ཡོད་པ་དེ་སེམས་ནས་བསམས་ན་གླེན་ལྐུགས་གཅིག་གི་བྱེད་སྟངས་ཡིད་སྐྱོ་བའི་གནས་ཚུལ་ཞིག་རེད།

    ད་དུང་རྒྱ་གར་མི་དམངས་ཀྱིས་ངོས་འཕྲུལ་ཆས་འདི་བདེ་ལེགས་སྨན་ཁང་ནས་ཕུལ་བའི་གནས་ཤེས་ཀྱི་མ་རེད་ལ་བོད་པས་ཐད་ཀར་རོགས་རམ་བྱས་པའི་སེམས་ཚོར་ཞིག་ཀྱང་རྒྱ་གར་མི་དམངས་ཀྱི་མིག་མདུན་དུ་མངོན་ཐུབ་ཀྱི་མ་རེད།

    བོད་པ་སོའ་སོའི་སྨན་ཁང་ནས་གོ་སྒྲིག་བྱས་ཏེ་རྒྱ་གར་ཡུལ་མི་ཚོར་མིག་ནད་སོགས་ལ་བརྟག་དཔྱད་དང་སྣམ་རིན་ཆུང་བ་ཞབས་འདེབས་ཞུ་ཐུབ་པ་བྱུང་ན་རྒྱ་གར་བ་ཚོས་བོད་པས་ང་ཚོར་ཕན་ཐོགས་བྱེད་བཞིན་འདུག་ཅེས་སེམས་འཚོར་ཐད་ཀར་མིག་མདུན་དུ་མངོན་ཐུབ་ཀྱི་རེད།

    ཕྱིས་ྰབྱུང་བོད་རིགས་མིག་གི་བཤགས་བཅོས་སྨན་པ་དེ་འདྲ་ཡོང་སྲིད་པ་རེད། དེ་དུས་བདེ་ལེགས་སྨན་ཁང་དུ་མི་བཤགས་བཅོས་གཏོང་མཁན་སྨན་པ་ཡོད་ཀྱང་འཕྲུལ་ཆས་ཀྱི་ཆ་རྐྱེན་མི་འདུག་ཟེར་ན་ཇི་ལྟར་བྱ་རྩིས་ཡོད། དེ་དུས་བདེ་ལེགས་སྨན་ཁང་ནས་སྒོར་ས་ཡ་བཞི་ལྷག་ཙམ་གྱི་འཕྲུལ་དེ་ཁྱེད་ཚོས་ཉོ་ཐུབ་ཀྱི་ཡོད་དང་མེད། འོ་ན་བོད་གཞུང་ནས་དངུལ་མང་པོ་དེ་འདྲ་བཏོན་ནས་ཉོ་ཐུབ་ཀྱི་ཡོད་མེད། ཡང་ན་ཉིན་ཧོང་སོགས་ནས་རེ་བ་ཞུ་རྩིས་ཡོད་དམ།

    གནས་ཚུལ་དེ་ཚོའི་གྲས་ལ་ངེས་པར་འགན་འཁུར་དང་འཚོ་བའི་ཞིག་ཡོད་པའི་ཐོག་ནས་བསམ་བློ་དགོས་དགོས། ཏྰ་ལའི་བླ་མའི་སྐུའི་བླ་སྨན་པ་ཞིག་ཡིན་ཟེར་མཁན་མི་འདི་འདྲས་ལས་ཀ་དེ་ཅོལ་ཆུང་དེ་འདྲ་བྱེད་བཞིན་ཡོད་ན་ངེས་པར་སྐུའི་བླ་སྨན་ཟེར་བའི་མིང་དེ་མཚམས་འཇོག་བྱེད་དགོས།

    མི་འདི་ཚོར་གྲས་ཀྱི་བསམ་བློ་ཡང་སྙིང་ཅི་ཞིག་གཏོང་གིན་ཡོད་མེད་དངོས་གནས་ཡ་མཚན་དགོས་པ་ཞིག་རེད།

    Reply
  3. གཟི་མིག་༣པ says:
    ལོ་ 15 སྔོན།

    སྤྱིར་ཚིགས་་ནོར་བ་འོང་སྲིད་ཀྱང་༼ང་ཚོར་མིག་ནད་མཁས་པ་མེད་ཟེར་བ་དེ༽ཇི་ལྟར་གོ་བ་ལེན་དགོས་སམ་༼་ངས་བྱས་ན་ང་ཚོར་མིག་ནད་ལ་མཁས་པ་མེད་ཞེས་ལ་སྒྲ་འབྱར་ན་དོན་གོ་ཐུབ་་་

    Reply
  4. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    ལོ་ 15 སྔོན།

    རེད་དམ། ལོ་འགའི་ཡར་སྔོན་ཨ་མདོ་ཟི་ལང་ནས་ཡོང་བའི་སྨན་པ་ཞིག་རྡེ་ར་རྫོང་ལ་མངགས་པ་རེད། མོ་ཟི་ལང་གི་སྨན་ཁང་ཆེན་པོ་ཞིག་གི་ནང་ནས་གཤའ་བཅོས་བྱེད་མཁན་གྲགས་ཅན་ཞིག་རེད། སྐབས་དེར་མོ་བདེ་ལེགས་སྨན་ཁང་ལ་མ་ཤོང་བ་རེད་དམ། མ་མཁོ་བ་རེད། བཙན་བྱོལ་བོད་གཞུང་གིས་ཆུང་དུས་ནས་གསོས་གསོས་པ་རྣམས་ཀྱི་ནང་ནས་སློབ་སྦྱོང་ཡག་ཤོས་ཚང་མ་ཨ་རི་སོགས་སྟོབས་ཆེན་རྒྱལ་ཁབ་ཚོས་ཁྲིད་སོང་བའི་ཤུལ་དུ་ད་དུང་གད་མོ་དགོད་ཀྱི་འདུག འོན་ཀྱང་སོ་སོས་གསོ་མ་ཐུབ་ནའང་གཞན་གྱིས་གསོས་ནས་ལས་ཀར་བཀོལ་ཆོག་ཆོག་དེ་ཚོ་རྗེས་མ་བདག་པོ་བརྒྱབ་ན་ཡག་པོ་འདུག

    Reply
  5. ཐུབ་བསྟན། says:
    ལོ་ 15 སྔོན།

    གསར་འགོད་པ་དཔལ་ལྡན་ལགས། གནས་ཚུལ་ཆུང་ཆུང་ཡིན་རུང་། འབྲི་སྟངས་ཡག་པོ་འདུག ལྷག་པར་དུ་བདེ་ལེགས་སྨན་ཁང་ལ་ཚ་འདྲི་བྱས་པ་དེ་ཏག་ཏག་རེད། མིང་ལ་བོད་པ་དང་རྒྱ་གར་ཡུལ་མིའི་མཐུན་ལམ་ཆེད་བསམ་བློ་བཏང་ཡོད་ཚུལ་འགྲེལ་བརྗོད་བྱས་འདུག་མོད། དོན་གྱིས་བདེ་ལེགས་སྨན་ཁང་ལ་འཕྲུལ་ཆས་དེ་བཀོལ་རྒྱུའི་ཆ་རྐྱེན་གྱིས་མ་འདང་བ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese