མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༢༠༡༡ ལོའི་བོད་ཀྱི་མཛངས་མ་འགྲན་བསྡུར་དབུ་འཛུགས།

བོད་ཀྱི་དུས་བབ།
༢༠༡༡/༠༥/༢༧
Share on FacebookShare on TwitterShare on EmailShare on Whatsapp

ད་ལོ་ནི་བོད་ཀྱི་མཛངས་མ་འགྲན་བསྡུར་དབུ་འཛུགས་བྱས་ཏེ་ལོ་ངོ་ ༡༠ འཁོར་བའི་ལོ་ཡིན་ཞིང་། འདི་ལོའི་བོད་ཀྱི་མཛངས་མ་འགྲན་བསྡུར་ཁྲོད། རྒྱལ་ཁབ་ ༤ ནས་ཕེབས་པའི་བོད་རིགས་བུ་མོ་ ༦ ཙམ་ཞུགས་འདུག  

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་ངྷ་སར་གནས་བཞུགས་བློ་བཟང་དབང་རྒྱལ་ལགས་ཀྱི་ལས་ཁུངས་ནང་། ཕྱི་ལོ་ ༢༠༡༡ ལོའི་བོད་ཀྱི་མཛངས་མ་འགྲན་བསྡུར་སྐོར་གྱི་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་སོང་། ད་ལོའི་བོད་ཀྱི་མཛངས་མ་འགྲན་བསྡུར་ནང་ཞུགས་མཁན་བུ་མོ་ ༦ ལས་བྱུང་མེད་པ་དང་། དེ་དག་ཁྲོད་ཨ་རི་ནས་ཕེབས་པའི་བུ་མོ་བསྟན་འཛིན་མཁས་ཆོས་རང་ལོ་ ༡༩ དང་། ཨོ་སི་ཊོ་ལི་ཡ་ནས་ཕེབས་པའི་དངོས་གྲུབ་སྒྲོལ་མ་རང་ལོ་ ༢༥ ། སུད་སི་ནས་ཕེབས་པའི་བསྟན་འཛིན་དབྱངས་སྐྱིད་རང་ལོ་ ༡༧ རེད། གཞན་གསུམ་རྒྱ་གར་ནས་ཡིན་ཞིང་། རང་ལོ་ ༢༤ ཡིན་པའི་འཆི་མེད་ལྷ་འཛོམས་དང་། རང་ལོ་ ༢༤ ཡིན་པའི་སྒྲོལ་མ་ཚེ་རིང་། རང་ལོ་ ༢༣ ཡིན་པའི་བསྟན་འཛིན་བཟང་མོ་བཅས་རེད།

གསར་འགོད་ལྷན་ཚོགས་ཐོག་བློ་བཟང་དབང་རྒྱལ་ལགས་ཀྱིས། ད་ལོའི་མཛངས་མ་འགྲན་བསྡུར་ནང་བོད་རིགས་བུད་མེད་ན་གཞོན་ ༦ བྱུང་ཡོད། སྤྱིར་ད་ལོ་ལ་མཚོན་ན། བོད་ཀྱི་མཛངས་མ་འགྲན་བསྡུར་སྐབས་གྱོན་ཆས་འདྲ་མིན་དང་རྩེད་རིགས་སྣ་ཚོགས། དེ་བཞིན། ཤོག་སྦག་སྒྲོན་པ་སོགས་བྱས་ན། བོད་ཨ་མདོ་རྔ་པ་ས་ཁུལ་དཀའ་ངལ་དང་་ཛ་དྲག་འོག་གནས་ཡོད་སྟབས། ཞེ་དྲག་ཡག་པོ་མེད་པར་མཐོང་མཁན་ཡོད་སྲིད་ཀྱང་། ད་ལོ་ནི་བོད་ཀྱི་མཛངས་མ་འགྲན་བསྡུར་མགོ་བཙུགས་ཏེ་ལོ་ ༡༠ འཁོར་བ་ཞིག་ཡིན་སྟབས། ང་ཚོས་རྒྱུན་མ་ཆུད་པའི་ཐོག་ནས་ལས་འགུལ་གོ་སྒྲིག་བྱས་པ་ཡིན། བོད་ནང་གི་དཀའ་ངལ་བརྗེད་སོང་བ་མིན། བོད་ཀྱི་མཛངས་མ་འགྲན་བསྡུར་འདི་ལ་འཛམ་གླིང་གང་ས་ནས་གསར་འགོད་པ་ཡོང་ཡོད་པ་རེད། གོ་སྐབས་འདི་བརྒྱུད་དེ་བོད་པའི་རྩ་དོན་ཁྱབ་བསྒྲགས་ཐོག་ཤུགས་རྒྱག་གི་ཡོད། ཅེས་བརྗོད་བྱུང་།

བློ་བཟང་དབང་རྒྱལ་ལགས་ཀྱིས་འདི་ལོའི་མཛངས་མ་འགྲན་བསྡུར་གྱི་ལས་རིམ་ངོ་སྤྲོད་གནང་དོན། དེ་རིང་ནས་ཉིན་ ༧ རིང་ལ་འགྲན་ཞུགས་བུད་མེད་དྲུག་ལ་སྦྱོང་བརྡར་སྤྲོད་རྒྱུའི་ལས་རིམ་བསྒྲིགས་ཡོད། དེའི་ནང་བཙན་བྱོལ་བོད་གཞུང་གི་ལས་ཁུངས་ཁག་དང་། ངྷ་སའི་ཉེ་འཁོར་གྱི་སློབ་གྲྭ་ཁག་ལ་ལྟ་སྐོར་དུ་འཁྲིད་རྒྱུ་དང་། གཟུགས་པོའི་འཕྲོད་བསྟེན་གྱི་རྩ་རླུང་སྒོམ་སྟངས། ལུས་རྩེད་དང་ཞབས་བྲོ་འཁྲབ་སྟངས་བཅས་ལ་ཟབ་སྦྱོང་སྤྲོད་རྒྱུ་ཡིན། ཕྱི་ཟླ་ ༦ ཚེས་ ༣ ཉིན་ཆུ་རྐྱལ་འགྲན་བསྡུར་ཡོད། ཚེས་ ༤ ཉིན་གཏམ་བཤད་དང་སོ་སོའི་ཐུན་མིན་གྱི་ཁྱད་ཆོས་ངོམས་རྒྱུ་རེད། ཚེས་ ༥ དགོང་མོ་མཐའ་མའི་འགྲན་བསྡུར་སྟེང་རིམ་པ་བཞི་ཡོད། དང་པོ་སོ་སོ་ངོ་སྤྲོད། གཉིས་པ་ཕྱི་ལུགས་ཀྱི་ཆས་གོས་འགྲན་བསྡུར། གསུམ་པ་རང་ལུགས་ཀྱི་ཆས་གོས་འགྲན་བསྡུར། བཞི་བ་དྲི་བ་དྲིས་ལན་བཅས་བརྒྱུད་དེ། ཕྱི་ལོ་ ༢༠༡༡ ལོའི་བོད་ཀྱི་མཛངས་མ་ཐག་གཅོད་བྱ་རྒྱུ་རེད། ཅེས་དང་།

མཛངས་མ་ཨང་དང་པོར་མཛངས་མའི་དབུ་རྒྱན་དང་སྦྲགས་ཧིན་སྒོར་འབུམ་གཅིག་གི་གསོལ་རས་ཡོད། ཨང་གཉིས་པར་ཧིན་སྒོར་ལྔ་ཁྲི། ཨང་གསུམ་པར་སྒོར་ཉིས་ཁྲི་ལྔ་སྟོང་བཅས་སྤྲོད་འཆར་ཡོད། བོད་ཀྱི་མཛངས་མ་འགྲན་བསྡུར་འདི་ལ་མི་ཚང་མ་བསྒུག་བསྡད་ཡོད་པ་རེད། ལྷག་པར་དུ་གཞོན་སྐྱེས་ཚོས་དགའ་མོས་དང་དོ་སྣང་ཆེན་པོ་བྱེད་ཡུལ་ཞིག་ཆགས་ཡོང་གི་འདུག ལོ་བཅུའི་རིང་བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་ཞུགས་མཁན་བུ་མོ་ ༣༢ ཙམ་བྱུང་འདུག བོད་ཀྱི་མཛངས་མ་བཞི་དང་འཛུལ་ཞུགས་པ་གཅིག་བཅས་བུ་མོ་ ༥ ཙམ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་གི་འགྲན་བསྡུར་ ༧ ཙམ་གྱི་ནང་མཉམ་ཞུགས་གནང་ཐུབ་པ་བྱུང་ཡོད།  ཅེས་ངོ་སྤྲོད་གནང་བྱུང་།

མཇུག་ཏུ་ཁོས་བོད་ཀྱི་མཛངས་མ་འགྲན་བསྡུར་གྱི་འགྲོ་གྲོན་སྐོར་བརྗོད་དོན། མི་མང་པོ་ཞིག་གིས་བོད་ཀྱི་མཛངས་མ་འགྲན་བསྡུར་གྱི་འགྲོ་སོང་སུ་ཞིག་གིས་གཏོང་གི་ཡོད་ན་བསམ་གྱི་ཡོད་པ་རེད། གཙོ་ཆེ་ཤོས་ང་རང་སྒེར་གྱིས་ཐབས་ཤེས་བྱེད་ཀྱིན་ཡོད། ཕྱི་ལོ་ ༢༠༠༨ ལོར་བལ་ཡུལ་དུ་བཞུགས་པའི་བོད་རིགས་ཚོང་པ་རྒྱལ་ནོར་ཚེ་དབང་ལགས་ཀྱིས་སྒོར་ཁྲི་ལྔ་ཡི་ཞལ་འདེབས་གནང་སོང་། ༢༠༠༩ ལོར་རྒྱ་གར་གྱི་བཟོ་གྲྭ་ཆེན་པོ་ཞིག་གིས་སྒོར་འབུམ་ལྔ་ཡི་རོགས་སྐྱོར་བྱས་སོང་། ངའི་ཨ་མ་དང་སྤུན་ཆུང་གཉིས་ཨ་རིར་བཞུགས་སྟབས། ལོ་ལྟར་ཁོང་གཉིས་ཀྱིས་ལས་གཞི་འདི་ཐོག་ང་ལ་ཨ་སྒོར་ཉིས་སྟོང་རེ་གནང་གི་ཡོད། དེ་ལས་གཞན་པའི་ཡོང་ཁུངས་མེད། ཅེས་བརྗོད་བྱུང་།

ངའི་མིང་ལ་བསྟན་འཛིན་དབྱངས་སྐྱིད་ཟེར། ད་ལྟ་ལོ་ ༡༧ ཡིན།  ང་རང་འཚར་ལོངས་བྱེད་ས་སུད་སི་ཡིན་ལ་ད་ལྟ་ཛོ་རེ་སློབ་གྲྭ་ནས་འཛིན་རིམ་བཅུ་པ་ཐོན་པ་ཡིན། ང་རང་ཆུང་དུས་ནས་བོད་ཀྱི་གཞས་སྣ་འཁྲབ་སྟོན་གྱི་རིགས་ལ་དགའ་མོས་ཡོད་ལ། དེ་བཞིན་སུད་སི་ནས་ཀྱང་ཐེངས་མང་པོ་ཞིག་ལ་གྱོན་ཆས་དང་ཐོན་རྫས་ཁྱབ་བསྒྲགས་ཀྱི་བྱ་འགུལ་མང་པོའི་ཁྲོད་ཞུགས་མྱོང་ཡོད།  ང་རང་བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་ཞུགས་པའི་དམིགས་ཡུལ་གཙོ་བོ་ནི། བོད་ཀྱི་བུ་མོ་གཞོན་སྐྱེས་ཚོར་སོ་སོའི་མི་ཚེ་ཡི་ལས་དོན་དང་གོ་སྐབས་རྩོད་ལེན་བྱ་ཆེད་དང་། ང་ཙམ་མ་ཡིན་པར་བོད་པའི་བུ་མོ་ཉམས་ཆུང་ཚོ་ལ་སོ་སོའི་དམིགས་ཡུལ་ཆེད་འབད་བརྩོན་བྱ་རྒྱུར་སེམས་ཤུགས་སྤར་ཆེད་ཡིན། གལ་སྲིད་ང་ལ་བོད་ཀྱི་མཛངས་མའི་རྒྱལ་ཁ་ཐོབ་པ་ཡིན་ན།  ཕྱིར་སུད་སི་ལུང་པར་ལོག་རྗེས་བོད་དོན་ལས་འགུལ་ཁག་ལ་འཛུལ་ཞུགས་དང་། བོད་པའི་རིག་གཞུང་འཁྲབ་སྟོན་སོགས་བོད་ཀྱི་མཛངས་མའི་ངོ་ཚབ་མཚོན་པའི་ཐོག་ནས་ལས་འགུལ་སྣ་ཚོགས་སྤེལ་རྒྱུ་ཡིན།

 

ངའི་མིང་ལ་དངོས་གྲུབ་སྒྲོལ་མ་ཟེར། ད་ལྟ་ལོ་ ༢༥  ཡིན། ང་རང་ལོ་བརྒྱད་ཀྱི་སྟེང་བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་བསླེབས་པ་ཡིན། ངའི་ཕ་ལགས་བོད་ནང་དུ་ཆབ་སྲིད་བཙོན་པ་ཡིན་པས། ཁོང་གི་མཚན་ཐོག་ནས་ཨོ་སི་ཊི་ལི་ཡར་ཆབ་སྲིད་སྐྱབས་བཅོལ་དུ་ཕྱིན་ཏེ། སྨན་གཡོག་གི་སློབ་སྦྱོང་བྱས་པ་ཡིན། ཕ་ལགས་ཀྱིས་ནམ་རྒྱུན་ང་ལ། ཁྱོད་ཀྱིས་བོད་དོན་ཐོག་ལ་རང་གི་ནུས་ཚོད་ཀྱིས་ལས་ཀ་སྒྲུབ་དགོས་པ་དེ་མ་བརྗེད་གསུང་གི་འདུག་སྟབས། ད་ལྟའི་བར་ཨོ་སི་ཊི་ལི་ཡའི་ནང་རང་གི་འཇོན་ཚོད་ཀྱི་ལས་ཀ་ཆུང་ཚེགས་རིགས་གང་འཚམ་སྒྲུབ་པ་ཡིན། ང་རང་བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་ཞུགས་པའི་དམིགས་ཡུལ་གཙོ་བོ་ནི། རང་དང་འདྲ་བའི་བོད་པའི་བྱིས་པ་རྣམས་རྒྱ་ནག་གི་བཙན་འོག་ནས་སོ་སོའི་ལུང་པ་དང་ཕ་མར་ཁ་བྲལ་ཏེ་བཙན་བྱོལ་དུ་འབྲོ་དགོས་བྱུང་པའི་གནས་སྟངས་རྒྱལ་སྤྱིའི་སྒང་ལ་གསལ་འདོན་བྱ་རྒྱུའི་ཆེད་དུ་ཡིན། ང་རང་ལ་བོད་ཀྱི་མཛངས་མའི་རྒྱལ་ཁ་ཐོབ་རྒྱུ་དེ་གལ་ཆེན་པོ་རེད་བསམ་གྱི་མེད།   གལ་སྲིད་ཐོབ་པ་ཡིན་ན་ཡག་པོ་རེད། བོད་ཀྱི་མཛངས་མའི་མིང་ཐོག་ནས་བོད་དོན་ལ་ཞབས་ཞུའི་ལས་ཀ་སྒྲུབ་རྒྱུར་ཕན་ཐོགས་ཡོང་གི་རེད།

 

ངའི་མིང་ལ་འཆི་མེད་ལྷ་འཛོམས་ཟེར། ད་ལྟ་ལོ་ ༢༤ ཡིན། ད་ལྟ་ལྡི་ལི་སི་ཀེམ་མ་ནེ་པལ་མཐོ་སློབ་ཏུ་ཚོང་ལས་འཛིན་སྐྱོང་ཐོག་ཆེས་མཐོའི་རབ་འབྱམས་པའི་སློབ་སྦྱོང་བྱེད་བཞིན་ཡོད། མཛངས་མའི་འགྲན་བསྡུར་ནང་འཛུལ་ཞུགས་བྱེད་པའི་རྒྱུ་མཚན་གཙོ་བོ་ནི། གར་སྟེགས་འདི་བརྒྱུད་ནས་བོད་པའི་ཆབ་སྲིད་དང་། རིག་གཞུང་སོགས་འཛམ་གླིང་སྒང་ལ་ཁྱབ་བསྒྲགས་ཡོང་ཆེད་ཡིན།  ཡིན་ནའང་། ཐོག་དང་པོ་རང་ཉིད་ཀྱིས་སློབ་སྦྱོང་ཡག་པོ་བྱས་ཏེ་བོད་པའི་གནས་སྟངས་སྐོར་ཤེས་རྟོགས་གསལ་བོ་བྱ་རྒྱུ་དེ་གལ་ཆེན་པོ་རེད། ཕྱི་ལོ་ ༡༩༤༩ ནས་བཟུང་རྒྱ་མིས་བོད་ནང་བཙན་འཛུལ་བྱས་ཏེ། ང་ཚོའི་རང་བཙན་དང་རང་དབང་བཙན་འཕྲོག་བྱས་པ་རེད། དེ་རིང་གི་བོད་ཀྱི་མཛངས་མའི་འགྲན་བསྡུར་འདིས་ཀྱང་འཛམ་གླིང་ཐོག་ང་ཚོ་བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་རྣམ་པ་སྟོན་བཞིན་ཡོད་པ་རེད། ང་ཚོའི་སྤྱི་ཚོགས་ནང་བོད་དོན་སྐོར་ལ་ལས་འགུལ་འདྲ་མིན་སྤེལ་བཞིན་པ་ལྟར།  བོད་པའི་བུ་མོ་ཚོས་མཛངས་མའི་འགྲན་བསྡུར་གྱི་སྡིངས་ཆ་འདི་བརྒྱུད་ནས་བོད་དོན་འཛམ་གླིང་ཐོག་ཤེས་རྟོགས་ཡོང་བར་ནུས་པ་འདོན་ཐུབ་ཀྱི་རེད་བསམ་ཡོད།

 

ངའི་མིང་ལ་བསྟན་འཛིན་བཟང་མོ་ཟེར། ད་ལྟ་ལོ་ ༢༣ ཡིན། ཕྱི་ལོ་ ༢༠༠༧ ལོར་བྷང་ལོར་གཙུག་ལག་སློབ་གྲྭ་རུ་ཚོང་ལས་རྩིས་ཞིབ་ཐོག་སློབ་སྦྱོང་བྱས་པ་ཡིན།  ད་ལྟ་གནས་སྐབས་རིང་རྡ་རམ་ས་ལར་རྩིས་པའི་ལས་ཀ་ཞིག་བྱེད་ཀྱིན་ཡོད། ང་རང་སྔོན་མ་ནས་བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་ཞུགས་འདུན་ཆེན་པོ་ཡོད་ཀྱང་། ད་ལྟའི་བར་སློབ་སྦྱོང་གི་དུས་ཚོད་ཀྱི་རྐྱེན་པས་འཛུལ་ཞུགས་བྱེད་ཐུབ་མ་སོང་། ང་རང་བོད་ཀྱི་མཛངས་མའི་འགྲན་བསྡུར་ཁྲོད་ཞུགས་པའི་དམིགས་ཡུལ་གཙོ་བོ་ནི། བོད་ཀྱི་གནས་ཚུལ་རྒྱལ་སྤྱིའི་སྒང་ཁྱབ་བསྒྲགས་ཡོང་ཐབས་དང་། བོད་ཀྱི་སྐོར་ལ་རང་ཉིད་ཀྱིས་སྔར་ལས་ལྷག་པར་ཤེས་རྟོགས་མང་པོ་ཡོང་ཆེད་ཡིན། ནམ་རྒྱུན་ང་རང་གིས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་ཡིན་པར་མཐོང་གི་ཡོད་ལ།  དེ་བཞིན། བོད་ཀྱི་རིགས་གཞུང་མི་ཉམས་གོང་སྤེལ་དང་། རྒྱལ་སྤྱིའི་སྒང་ལ་བོད་དོན་ཤེས་རྟོགས་ཡོངས་ཐབས་སོགས་ལ་འབད་བརྩོན་བྱ་རྒྱུ་དེ་ནི་བོད་པའི་བུ་མོ་ཚང་མས་ལས་འགན་རེད་བསམ་ཀྱི་ཡོད།

 

ངའི་མིང་ལ་བསྟན་འཛིན་མཁས་ཆོས།  ད་ལྟ་ལོ་ ༡༩ ཡིན།  ང་རང་ཨོ་རུ་སར་སྐྱེས་ཤིང་ལོ་བདུན་གྱི་སྟེང་ནས་བཟུང་ཨ་རིའི་མེ་ནེ་སོ་ཊར་གནས་སྤོར་གྱིས་དེ་གར་འཚར་ལོངས་བྱུང་བ་ཡིན། ད་ལྟ་སློབ་ཆེན་གྱི་ལོ་རིམ་གཉིས་པར་འགྲོ་བཞིན་ཡོད། ཨ་རིའི་ས་གནས་ཁུལ་གྱི་བོད་པའི་མཛངས་མ་འགྲན་བསྡུར་ཁྲོད་བདམངས་ཐོན་བྱུང་བ་ལྟར་ཐེངས་འདིར་ངྷ་རམ་ས་ལའི་འགྲན་བསྡུར་ནང་ཞུགས་པ་ཡིན། གལ་སྲིད་ང་ལ་བོད་པའི་མཛངས་མའི་རྒྱལ་ཁ་ཐོབ་པ་ཡིན་ན། བོད་ཀྱི་མཛངས་མའི་མཚན་བྱང་འདི་བེད་སྤྱད་བཏང་སྟེ་ཨ་རིའི་ནང་གི་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་རང་གི་འཇོན་ཚོད་ཀྱིས་བོད་དོན་དྲིལ་བསྒྲགས་བྱ་རྒྱུ་ཡིན། བོད་ཀྱི་མཛངས་མའི་གར་སྟེགས་འདིས་བོད་པའི་བུ་མོ་རྣམས་ལ་རང་གི་ཤེས་འཇོན་གསལ་སྟོན་བྱེད་པའི་གོ་སྐབས་བཟང་པོ་ཞིག་བསྐྲུན་ཡོད་པས། ང་ཚོ་བོད་པའི་བུ་མོ་ཟེར་ནས་དམིགས་བསལ་མངོན་ཆུང་བྱས་ནས་མི་སྡོད་པར། ཚང་མ་མི་ཡིན་པ་གཅིག་མཚུངས་ཀྱི་ཐོག་ནས་གོ་སྐབས་དམ་འཛིན་བྱས་ཏེ། སྤྱི་ཚོགས་ནང་རང་གི་ནུས་པ་འདོན་དགོས་རྒྱུ་དེ་གལ་ཆེན་པོ་རེད།

 

ངའི་མིང་ལ་སྒྲོལ་མ་ཚེ་རིང་ཟེར། ད་ལྟ་ལོ་ ༢༤ ཡིན། ང་རང་སྦེལ་ཀོབ་གཞིས་ཆགས་ནས་ཡོང་བ་ཡིན་ལ།  ཏཱ་མིན་ན་ཌོ་མངའ་སྡེ་ཡི་ཀོ་ཡེ་མ་དོ་མཐོ་སློབ་ཏུ་གློག་ཀླད་སྐོར་ལ་སློབ་སྦྱོང་བྱས་པ་ཡིན། ང་རང་བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་ཞུགས་པའི་དམིགས་ཡུལ་ནི། བོད་པའི་སྐོར་གྱི་གནས་ཚུལ་མང་པོ་ཤེས་རྟོགས་ཡོང་བ་དང་། མཛངས་མའི་འགྲན་བསྡུར་ནང་ཞུགས་མཁན་བོད་པའི་བུ་མོ་ཚོ་དང་ལྷན་དུ་བོད་དོན་སྐོར་གྱི་བསམ་ཚུལ་བརྗེ་རེས་ཡོང་ཆེད་ཡིན།  ཡིན་ནའང་། ངས་རང་ཉིད་ལ་བོད་ཀྱི་མཛངས་མའི་རྒྱལ་ཁ་ཐོབ་རྒྱུ་རེད་བསམ་གྱི་མེད། ངའི་བསམ་པར་བོད་ཀྱི་མཛངས་མིའི་འགྲན་བསྡུར་འདི་བརྒྱུད་ནས་བོད་དོན་སྐོར་གསར་འགྱུར་བརྒྱུད་ལམ་ཁག་ལ་ཁྱབ་བསྒྲགས་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་དོན་ཐོག་སྔར་ལས་ལྷག་པར་དོ་སྣང་ཡོང་རྒྱུར་ཕན་ཐོགས་ཡོང་བ་དང་། བོད་པའི་གནས་སྟངས་ཤེས་རྟོགས་བྱུང་བ་ལ་བརྟེན་ནས།  བོད་དོན་ཐོག་རྒྱབ་སྐྱོར་དང་བོད་མི་ཚོར་རོགས་རམ་གནང་མཁན་སྔར་ལས་མང་བ་ཡོང་གི་རེད་དྲན་གྱི་ཡོད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༧ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༢༤ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 26

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    མཛངས་མ་ཐམས་ཅད་མཛེས་མ་ཡིན། །ཏེ།

    མཛེས་མ་ཐམས་ཅད་མཛེས་མ་མིན། །
    བུད་མེད་མ་རབས་མཛེས་མ་མིན། །
    ཡ་རབས་བུད་མེད་ཐམས་ཅད་ནི། །
    མཛངས་མ་ཡིན་པས་མཛེས་མ་ཡིན། །

    བོད་ཀྱི་མཛངས་མ་མཛེས་གྱུར་ཅིག །

    Reply
  2. གངས་དཀར་རྒྱལ་སྲས says:
    ལོ་ 14 སྔོན།

    བསྟན་འཛིན་བཟང་མོ་རྒྱལ་གྱུར་ཅིག

    Reply
  3. གངས་དཀར་རྒྱལ་སྲས says:
    ལོ་ 14 སྔོན།

    བོད་ཀྱི་མཛངས་མའི་གར་སྟེགས་འདི། བུ་མོ་ཚོའི་ཐོབ་ཐང་དང་སྤོབས་པ་ངོམ་ས་ཡིན། མདུན་སྐྱོད་དང་ཉམས་མྱོང་བསགས་སའང་ཡིན། དེ་ལ་ཅི་དགར་ལོངས་སུ་སྤྱོད་རྒྱུ་ནི་བུ་མོ་ཚོའི་གོ་སྐབས་ཡིན། ཡིན་ནའང་མཛངས་མ་ཞེས་པ་འདི་དོན་ལ་ཧ་ཅང་མི་གནས་སྟེ། རྒྱུ་མཚན་ནི་མཛངས་མ་ཡིན་མིན་ཉིན་ལྔ་དྲུག་ཅིག་གི་ནང་ལ་ཤེས་འགྲོ་བ་ཞིག་གང་ནས་ཡིན། དཔྱད་འདེམས་ཀྱི་སྐབས་སུ་འང་མཛངས་མ་ཡིན་མིན་ལ་དཔྱད་ཐབས་གཅིག་ཀྱང་མེད་པས་སོ། དེ་ལས་འཛམ་གླིང་སྤྱི་མཐུན་བཞིན་བོད་ཀྱི་མཛེས་མ་ཞེས་ན་མི་འགྲིག་པ་ཆེར་མེད་པར་སྙམ། གཞན་ད་ལོའི་བོད་ནང་གི་གནས་སྟངས་ལ་བསྟུན་རྒྱུ་གལ་ཆེ་བས་རྒྱས་སྤྲོས་བྱས་ན་དོན་དག་དང་བཤད་ཡམས་སྣ་ཚོགས་འབྱུང་སྲིད་པས་རྒྱས་སྤྲོས་མ་་བྱས་ན་བཟང།

    Reply
  4. ལྷ་དབང་ says:
    ལོ་ 14 སྔོན།

    མཛེས་ཤོས་བསྟན་འཛིན་བཟང་མོ་རེད་ཤག

    Reply
  5. མངའ་རིས་བུ། says:
    ལོ་ 14 སྔོན།

    བློ་བཟང་དབང་རྒྱལ་ལགས་སྤོབས་པ་ཞུམ་མི་ཉན་སླར་ཡང་ཁྱེད་ཀྱི་ཐུགས་སྤོབས་དང་སེམས་ཤུགས་ཆེ་རུ་གཏོང་དགོས།
    དྲ་འབུ་འདི་ཚོ་ནི་ཀླད་རྙིང་མཁྲེག་བཟུང་བྱེད་མཁན་རྐྱང་རེད།
    ཁོང་ཚོའི་འདོད་པ་ནི་མི་རྣམས་གྲྭ་བ་དང་ཨ་ནེ་བྱས་ཏེ་འཇིག་རྟེན་འདི་སྟོང་ན་བསམ་རེད་འདུག
    དེ་ནི་རྨི་ལམ་གྱི་ནང་གི་རྨི་ལམ་རེད།
    དྲ་འབུ་འདི་ཚོའི་འདོད་པ་ལྟར་བྱེད་ན་བོད་མི་རྣམས་ཆོས་འདུལ་བའི་གཞུང་ལས་བཤད་པ་ནང་བཞིན་བོད་མི་རྣམས་རྩ་བ་བཞི་སྲུང་དགོས་ཀྱི་ཡོད་རེད།
    འོན་ཀྱང་འདི་ཚོ་ནི་མང་ཆེ་བ་མར་ལོག་རྐྱང་རེད་འགའ་ཞིག་གྲྭ་བ་ཡིན་ཀྱང་གོས་དམར་པོ་ཙམ་ལས་སྐྱ་བོ་ལས་སྐྱོ་བའི་གཞན་ལ་ངན་སྨྲས་བྱེད་མཁན་རེད་།
    ཁྱེད་ཀྱིས་དུས་སྟོན་གྱི་ཉིན་མོའི་གཟུགས་མཐོང་གློག་བརྙན་ལ་ལྟ་མཁན་མང་ཆེ་བ་གྲྭ་བཙུན་རེད།
    བཀྲ་ཤིས་བདེ་ལེགས།
    བོད་མི་འདི་དག་ལ་སྔར་མེད་པ་གསར་དུ་ཐོན་དུས་ལྟས་ངན་རྣམ་རྟོག་བརྩི་གྱི་རེད།
    དཔེར་ན་དགེ་འདུན་ཆོས་འཕེལ་ལྟ་བུ་རེད།
    རྗེས་སུ་ཁོང་ཚོས་ཁོར་རྗེས་སུ་ལུས་པར་ངོ་སྤྲོད་ཡོང་གི་རེད་དེ་དུས་ཁྱེད་ཀྱི་དུས་དྲན་དང་ཁྱེད་ཀྱི་སྐོར་ལ་རྩོམ་སྣ་ཚོགས་བྱེད་ཀྱི་རེད།

    Reply
  6. བྱ་གཞུང་འཇམ་དབྱངས། says:
    ལོ་ 14 སྔོན།

    གང་འདོད་ཀྱིས་གང་བྱས་ཐམས་ཅད་བོད་དོན་སྒྲུབ་ཐབས་དང་བོད་དོན་ཁྱབ་བསྒྲགས་ཡིན་ན་བོད་དོན་ནོ་དེ་འདྲའི་ལས་སླ་བོ་ཞིག་རེད།
    སྒོར་མོ་ཡོད་ན་ཤེས་ཡོན་གྱི་ཐོག་ལ་གཏོང་དགོས་པ་རེད་།
    བུ་མོ་ཁ་ཤས་ཤིག་དམར་རྗེན་བཏོན་པ་ལ་སྒོར་མོ་དེ་འདྲ་ཕན་ཆེན་ཅི་གཏོང་དགོས་པ་རེད། བོད་སྐད་ཡིག་གི་མགྲན་བསྡུར་དང་རིག་གནས་ཤེས་བྱ་ཡོན་ཏན་སོགས་ཀྱི་སྤྱིར་སྒེར་གང་ལ་ལྟ་ས་ཡོད་པ་དང་དོན་སྙིང་ལྡན་པའི་སྒོར་མོ་གཏོང་ས་མང་པོ་ཡོད་པ་རེད།

    Reply
  7. ཁ་བའི་འོད་མདངས། says:
    ལོ་ 14 སྔོན།

    བློ་བཟང་དབང་རྒྱལ་ལགས། སྤྱིར་ཁྱེད་ཕྱག་ལས་ཅི་ཡང་ཞུ་ཡི་མེད། ད་སྐབས་བོད་ནང་ནས་ཚེ་སྲོག་གི་འགྲོ་མགྲོན་དང་། རྡེགས་རྡུང་དང་བཙོན་འཇུག་སོགས་ཛ་དྲག་གི་གནས་སྟངས་འདི་ལྟ་བུའི་སྐབས། འཁྲབ་སྟོན་གྱི་མཛད་སྒོ་རྒྱས་སྤྲོས་བྱེད་རྒྱུ་ནི་ཧ་ཅང་མི་འཚམ་པ་ཞིག་ཡིན་དེ་ལུགས་ཐུགས་བསམ་བཞེས་རོགས། བོད་ནང་ཛ་དྲག་གི་གནས་སྟངས་འདི་འདྲ་བྱུང་དུས་རང་དབང་གི་ལུང་པ་ནས་སྒེར་གྱི་ལས་ཀ་ཆུང་ཚགས་རིགས་སྔར་བསྣུར་དང་ཕྱི་མཐེན་བྱེད་མི་ཐུབ་པ་ནི་ཁ་གཡང་ཙམ་ལས་དོན་ལ་ཤ་ཞེན་དེ་ཙམ་མེད་པའི་རྟགས་དང་། ངོ་ཚ་དགོས་པའི་གནས་སྟངས་རེད།

    Reply
  8. སྨྲ་བརྗོད་རང་དབང་། says:
    ལོ་ 14 སྔོན།

    སྐད་ཆ་སྙན་མོ་བཤད་འདུག་བོད་ཀྱི་འཛངས་མ་ཡིན་ན་བོད་ཞེན་ཡོད་དགོས་པ་མ་ཟད་བོད་ཀྱི་ཀུན་སྤྱོད་ལྡན་དགོས་་་་སྤྱིར་བཏང་འཛམ་གླིང་སྟེང་འདིར་འཛངས་མ་ལས་བུས་མཕྱོར་སྒེག་འགྲན་སྡུར་མེད་པ་འདིས་ཅི་ཞིག་མཚོན་གྱི་ཡོད་ཟེར་ན་བུ་མེད་རྣམས་སྐྱེས་པ་རྣམས་ཀྱི་རྩེད་ཆེས་ཡིན་ཟེར་བ་དེ་ལ་བདེན་ཁ་སྤྲད་འདུག

    Reply
  9. མིག་གསུམ་པ། says:
    ལོ་ 14 སྔོན།

    བུ་མོ་དང་པོ་གཉིས་ལ་དེ་ཙམ་གྱིས་འགྲིགས་འདུག་ཀྱང་། ལྷག་མ་རྣམས་ལ་འཛུལ་ཞུགས་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ལས་གཞན་ཟེར་རྒྱུ་མི་འདུག

    Reply
  10. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བོད་དོན་ཁྱབ་བསྒྲགས་ཆེ་བ་དང་། །
    བོད་ཀྱི་མཛེས་མ་མཛེས་པ་དང་། །
    དྷ་སར་འཁྲུག་ཆ་དོད་པ་དང་། །
    བློ་བཟང་དབང་རྒྱལ་དོན་གྲུབ་ཤོག །

    Reply
  11. རྨེ་སྨྱོན། says:
    ལོ་ 14 སྔོན།

    ཨོ།
    ང་ཚོའི་ལས་དབང་དེ་སྐྱོ་དྲག་ནས། ད་བློ་བཟང་དབང་རྒྱལ་ཁོ་རང་གིས་བུད་མེད་ཚོའི་ཐོབ་ཐང་དང་སེམས་ཤུགས་སོགས་གོང་འཕེལ་ཡོང་ཐབས་ཙམ་ལས། གཞན་བོད་ཀྱི་མཛངས་མའི་མིང་ཁུར་ནས་གཟུགས་དང་ལང་ཚོ། ཡ་རབས་སྤྱོད་བཟང་སོགས་ཀྱིས་བོད་པའི་དབུ་འཕང་དགུང་ལ་མི་སྟེགས་ངོ་མ་རེད། འདི་ཚོ་ལ་རེ་རེ་བཞིན་སྟས་ན་ལང་ཚོ་དར་ལ་བབ་པའི་ལོ་ཆུང་གི་མདང་ཙམ་མི་འདུག ཚང་ཨ་མ་ལགས་རྐྱང་རྐྱང་རེད་འདུག་བ། འོན་ཀྱང་བློ་བཟང་དབང་རྒྱལ་ལ་ཕྱག་ལས་གནང་བར་དགའ་བསུ་ཞུ་ཡི་ཡོད། གང་ཡིན་ཟེར་ན་བོད་ལ་སྲོལ་རྒྱུན་ལས་དེང་རབ་ཀྱི་རིག་གནས་མེད་གཙང་རྗེས་ལུ་ཤོར་བ་རེད་ཟེར་ནས་རྣ་བ་ཚ་བཅུག་གི་འདུག་བ། འདི་ཚོ་ཡང་དེང་རིག་གནས་ཀྱི་ནང་ནས་གསར་བཏོད་ཆེ་ཤོས་རེད།

    Reply
  12. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བོད་ཀྱི་མཛེས་མའམ་མཛངས་མ་རྒྱལ་གྱུར་ཅིག

    Reply
  13. ཅང་མེད། says:
    ལོ་ 14 སྔོན།

    རྒྱལ་ཁབ་རང་དབང་ལྡན་པ་ཞིག་གི་འཛངས་མ་འགྲན་བསྡུར་བྱས་ན་བཟང་ཐོག་བཟང་དང་། ཡག་ཐོག་ལ་བརྒྱན་རེད། ང་ཚོ་ལ་མཚོན་ན་གཞིས་ལུས་མི་མངས་ཀྱི་གནས་སྟང་ལ་མི་ལྟོས་པར་འུ་འདྲའི་བྱེད་ན། ཁྱིམ་ཚེའི་རྒྱལ་ཁབ་དང་ཡང་ན་རྒྱལ་ཕྱིའི་ལྟ་ཚུལ་ན་ཅི་ཞིག་དགོངས་སམ།
    འགོ་འཛིན་པ་(བློ་བཟང་དབང་རྒྱལ་)ཀླད་སྟོང་ཡིན་པ་གཞི་ནས་རྟོགས།
    བུ་མོ་་་བསྟན་འཛིན་མཁས་ཆོས། དངོས་གྲུབ་སྒྲོལ་མ། བསྟན་འཛིན་གཡང་སྐྱིད། ཁྱེད་ཅག་སྔོན་ཐོན་གྱི་རྒྱལ་ཁབ་ནས་ཅི་ཞིག་ལ་བསམ་བློ་གཏོང་གི་ཡོད།
    ཞབས་འདྲེན་གྱི་བདུད་མོ་ཁག་ཤིག ཁྱེད་ཚོའི་ཤ་དང་རུས་པ་ཅི་ལྟར་དབྱེ།

    Reply
  14. གཟི་མིག་༣པ says:
    ལོ་ 14 སྔོན།

    བློ་བཟང་དབང་རྒྱལ་ལགས་སྤྱིར་བོད་ཀྱི་མཛངས་མ་ལ་རྒྱབ་བསྐྱོར་ཡོད་འོན་ཀྱང་དུས་ཚོད་དང་གནས་བབ་དེ་བཞིན་བོད་ནང་གི་གནས་ཚུལ་ལ་ངེས་པར་དུ་བསྟུན་དགོས་ད་ཆ་ཨ་མདོ་མངའ་པར་གནས་ཚུལ་ཤིན་ཏུ་མཛའ་དྲགས་པོ་ཡོད་པར་ད་ལོ་ངེས་པར་དུ་ཕྱིར་འཐེན་བྱས་ན་ལེགས་

    Reply
  15. ལུང་རྟོགས། says:
    ལོ་ 14 སྔོན།

    བོད་ཀྱི་མཛངས་མའི་འགྲན་བསྡུར་ཡིན་ན་ལས། བོད་ཀྱི་མཛེས་མའི་འགྲན་བསྡུར་ཡིན་ན་ད་ལོ་དབུ་རྒྱན་མགོ་ལ་མཛའ་མཁན་གཅིག་ཀྱང་མི་འདུག

    Reply
  16. ཚེ་རིང་དོན་གྲུབ། says:
    ལོ་ 14 སྔོན།

    སྤྱིར་ཡིན་ན། ལས་འགུལ་འདི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་ན་ཡག་པོ་འདུག གལ་སྲིད་ཚོགས་པ་སྒྲིག་འཛུགས་ཆེན་པོ་ཞིག་གིས་རྒྱབ་ལྗོངས་དང་གོ་རིམ་ཡོད་པའི་ཐོག་ནས་གོ་སྒྲིག་ཞུས་པ་ཡིན་ན། བོད་རིགས་བུ་མོ་མང་པོ་འཚང་ཁ་ཤིག་ཤིག་གིས་འཛུལ་ཞུགས་བྱེད་ངེས་རེད། གང་ཡིན་ཟེར་ན། བློ་བཟང་དབང་རྒྱལ་ལ་སྤྱི་ཚོགས་ནང་ལྟ་སྟངས་སྦྱིར་བཏང་བ་ཞིག་ལས་མེད་སྟབས། འཛུལ་ཞུགས་བྱེད་མཁན་མ་རེག་པ་རེད།

    Reply
  17. ཨ་ཕོ་མཐུ་ཆེན། says:
    ལོ་ 14 སྔོན།

    བུ་མོ་དྲུག་པོ་རྣམས་བློ་བཟང་དབང་རྒྱལ་ཁོ་རང་གི་གཉེན་ཚན་མིན་ནམ། ཚང་མ་ཁོ་རང་འདྲ་འདྲ་རྐྱང་རྐྱང་རེད།

    Reply
  18. གླིང་ཚང་བྱ་གླག says:
    ལོ་ 14 སྔོན།

    བོད་ཀྱི་མཛེས་མའི་འགྲན་བསྡུར་བྱེད་པ་ལ་དགའ་བའི་རྗེས་སུ་ཡིད་རང་ཡོད། འོན་ཀྱང་ད་ལོའི་ལོ་འདི་ཨ་མདོ་རྔ་བ་ཁུལ་གྱིས་གནས་ཚུལ་དེ་ཚང་མས་ཤེས་གསལ་རེད། དེ་དག་ལ་ཡང་ཐོས་བསམ་བཞེངས་རྒྱུ་གལ་ཆེ།
    སྤྱིར་བོད་ཀྱི་མཛེས་མའི་འགྲན་བསྡུར་དེ་ཡག་པོ་ཞིག་ཡིན་ཡང་།
    ཨ་མདོ་རྔ་བ་ཁུལ་ནས་རྒྱ་དམར་གཞུང་གིས་དྲག་གནོན་དང་གཞིས་བཞུགས་བོད་མི་རྣམས་ཀྱིས་སོ་སོའི་རྒྱལ་ཁབ་ཀྱི་དོན་དུ་གཅེས་པའི་རང་སྲོག་བློས་བཏང་བྱེད་པ་དག་ལ་ང་ཚོ་གདུང་སེམས་མཉམ་བསྐྱེད་བྱེད་དགོས་པ་ལས། དེ་ལས་ལྡོག་ཏེ་ང་ཚོ་བཙན་བྱོལ་བ་རྣམས་ཀྱིས་འདི་ནས་དགའ་དགའ་སྤྲོ་སྤྲོའི་ངང་ཤོ་སྦག་སྒྲོན་པ་སོགས་བྱས་ན་དེ་ནི། ཧ་ཅང་ངོ་ཚར་དགོས་པའི་ཡུལ་ལས་མ་འདས།
    འདིའི་ཐད་ལ་བློ་བཟང་རྒྱལ་ལགས་ཀྱི་བསལ་བློ་ཏན་ཏན་ཞིག་བཏང་ན་ལེགས་སྙམ། །

    Reply
  19. མཚོ་པདྨ། says:
    ལོ་ 14 སྔོན།

    བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་མ་བཞུགས་མཁན་གྱི་ཤེས་འཇོན་གཉིས་ལྡན་བོད་ཀྱི་མཛངས་མ་ངོ་མ་ཚོ་ལ་བསྟོད་བསྔགས་ཚད་མེད་ཡོད།

    Reply
  20. JIGME says:
    ལོ་ 14 སྔོན།

    ད་རེས་ཀྱི་བོུ་དེ་རྣམས་ལས་བློ་བཟང་དབང་རྒྱལ་ཁོང་རང་མཛེས་པ་འདུག་

    Reply
  21. རང་རྟོན། says:
    ལོ་ 14 སྔོན།

    བོད་ཀྱི་མཛངས་མ་འགྲན་བསྡུར་ལ་ཞུགས་མཁན་གྱི་སྨན་ཤར་ཚོར་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད་ལ།རང་ཉིད་ཀྱིས་རང་ཉིད་ཀྱི་འཇོན་ཐང་ཡོད་ཚད་ཀྱིས་རང་ཉིད་ཀྱི་མི་རིགས་འདི་ལ་སྲིད་ཞུ་ཅུང་ཙམ་རེ་བསྒྲུབ་ཡོང་བའི་སྨོན་འདུན་གཙང་མ་དང་བཅས།

    Reply
  22. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    འདི་ལོའི་མཛངས་མ་འགྲན་བསྡུར་གྱི་བུད་མེད་རྣམས་ལ་གཞིགས་ན། བློ་བཟང་དབང་རྒྱལ་རང་ཉིད་ཀྱང་མཛངས་མ་འགྲན་བསྡུར་ནང་འཛུལ་བཞུགས་བྱས་ན་ཏག་ཏག་རེད།།

    Reply
  23. ཚེ་རིང་དོན་གྲུབ། says:
    ལོ་ 14 སྔོན།

    ལྷུན་གྲུབ་ལགས་ཀྱི་དགོངས་འཆར་དེ་བདེན་པ་རེད། ངས་བལྟས་ན། ལས་འགུལ་འདི་གོ་སྒྲིག་བྱེད་མཁན་བློ་བཟང་དབང་རྒྱལ་མ་འགྲིག་པ་རེད། སྤྱིར་བོད་པའི་བུ་མོ་ཚོར་ཉམས་ཆུང་གི་གཤིས་ཀ་རང་ཆས་སུ་ཡོད་པ་དང་། ལྷག་པར་དུ་བོད་པ་ཚོར་བཟང་སྤྱོད་དང་། རིག་གཞུང་ཞེས་མང་པོ་ཞིག་བཤད་རྒྱུ་ཡོད་པ་དེ་ལའང་འབྲེལ་བ་ཅུང་ཙམ་ཡོད་སྲིད་ཀྱང་། གཙོ་ཆེ་ཤོས་བློ་བཟང་དབང་རྒྱལ་ལ་མིས་མ་འདང་བ་རེད། ཁོའི་བྱ་སྤྱོད་དང་། ལས་འགུལ་གྲ་སྒྲིག་བྱེད་སྟངས། དེ་བཞིན་ལས་འགུལ་འདིའི་ཐོག་མའི་མགོ་བརྩམས་སྟངས་སོགས་ལམ་ལྷུང་མ་བྱུང་བ་རེད།

    Reply
  24. ལྷུན་གྲུབ། says:
    ལོ་ 14 སྔོན།

    སྤྱིར་ངས་བོད་ཀྱི་མཛངས་མའི་འགྲན་བསྡུར་འདི་ལ་དགག་བྱ་རྩ་བ་ཉིད་ནས་མེད་ལ། ལྷག་པར་དུ་བོད་ཀྱི་བོད་མེད་ཀྱི་ཐོབ་ཐང་ཟེར་བ་དེ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན། འོན་ཀྱང་། ང་རང་ཆེས་ཧང་སང་བ་ནི། ལོ་རེ་རེའི་བོད་ཀྱི་མཛངས་མ་འགྲན་བསྡུར་འདིའི་ནང་ཞུགས་མཁན་ཧ་ཅང་ཉུང་བ་དང་། ཞུགས་མཁན་བུད་མེད་དག་ལ་མཐོང་ཆུང་དང་ཁྱད་གསོད་བྱས་པ་ཁྱོན་ནས་མིན་མོད། ཞུགས་མཁན་བུ་མོའི་གྲངས་ཚད་འདི་ལས་མང་ཞིག་དང་། གཟུགས་བྱད་དང་རྣམ་པ་འདི་ལས་མཛེས་ཤིག ཡོན་ཚད་དང་ཁྱད་ཆོས་འདི་ལས་མཐོ་ཞིག མཛད་སྒོ་ཡང་འདི་ལས་རྒྱས་ཤིག་ཅི་ལ་མེད་སོང་བ་རེད།

    Reply
  25. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    རི་བོང་འཕྱོར་འདོད་ལང་། མགོ་ཕྱེད་རྣ་བས་གང་། བཀྲ་ཤོས་བདེ་ལེགས།

    Reply
  26. གནས་ཚང་། says:
    ལོ་ 14 སྔོན།

    བཀྲ་ཤིས་བདེ་ལེགས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese