མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ས་ཡ་དྲུག་གི་མངོན་འདོད་དང་མཐུན་པ་ཞིག་སྒྲུབས་རོཊ།

བོད་ཀྱི་དུས་བབ།
༢༠༡༡/༠༦/༠༡
Share on FacebookShare on TwitterShare on EmailShare on Whatsapp

དུས་ཚོད་ཁྱད་པར་ཅན་ཞིག་གི་སྐབས་སུ་ཚོགས་འདུའི་གྲུབ་ཆ་ཁྱད་པར་ཅན་ཡོད་པའི་སྤྱི་འཐུས་སྐབས་བཅོ་ལྔ་པ་འདིས། ཕྱག་ལས་ཡང་ཁྱེད་པར་ཅན་དང་ནུས་པ་ཅན་ཞིག་གནང་ཐུབ་པའི་རེ་བ་ཡོད་ལ། ༸གོང་ས་མཆོག་གི་དགོངས་གཞི་དང་མཐུན་པ། བོད་མི་ས་ཡ་དྲུག་གི་མངོན་འདོད་དང་མཐུན་པ་ཞིག་བསྒྲུབ་པའི་རེ་འདུན་ཞུ་རྒྱུ་ཡིན། ཞེས་བཀའ་ཁྲི་མཆོག་གིས་གསུངས་ཡོད།

དེ་རིང་ཞོགས་པའི་ཆུ་ཚོད་ ༩ དང་ཕྱེད་ཀའི་སྟེང་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོ་དབུ་འཛུགས་གནང་ཡོད་ཅིང་། ཐེངས་འདིའི་གྲོས་ཚོགས་ནང་སྐབས་བཅོ་ལྔ་པའི་སྤྱི་འཐུས་གསར་པ་ཡོངས་ཚོགས་བཅར་གནང་འདུག གྲོས་ཚོགས་ཀྱི་ནང་དོན་གཙོ་བོ་ཆབ་སྲིད་ཀྱི་གནད་དོན་སྤྱི་དང་། བྱེ་བྲག་རྔ་པ་ཀིརྟི་དགོན་གྲོང་གཉིས་ཀྱིས་མཚོན་པའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་བགྲོ་གླེང་དང་། གཞུང་འབྲེལ་ཁྲིམས་སྒྲིག་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ཟུར་འཛུགས། དེ་བཞིན། སྤྱི་འཐུས་རྣམ་པ་ཆ་བགོས་ཀྱིས་ས་གནས་ཁག་ཏུ་འཚམས་གཟིགས་སུ་ཕེབས་ཕྱོགས་བཅས་ལ་བགྲོ་གླེང་གཏན་འབེབས་གནང་རྒྱུ་རེད།  
 

གྲོས་ཚོགས་དབུ་འཛུགས་ཐོག་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཏམ་བཤད་གནང་དོན། སྐབས་བཅོ་ལྔ་བའི་སྤྱི་འཐུས་གྲོས་ཚོགས་དེ་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཞིག་དང་ལེའུ་གསར་བ་ཞིག ལས་འགན་ཡང་སྔོན་དང་མི་འདྲ་བར་ཆེ་བ་ཡོད་པའི་དུས་ཚོད་ཅིག་ཆགས་ཡོད་ལ། ཚོགས་གཙོའི་ངོས་ནས་ཐེངས་འདིའི་སྤྱི་འཐུས་རྣམ་པ་ཤེས་ཡོན་དང་འཇོན་ཐང་། ཉམས་མྱོང་ཅན་མང་པོ་བསླེབས་བསྡད་ཡོད་པའི་དབང་གིས་གྲོས་ཚོགས་ཀྱི་གནས་ཚད་མཐོ་རུ་འགྲོ་བ་དང་འབད་བརྩོན་གནང་གི་རེད་བསམ་གྱི་ཡོད། གྲོས་ཚོགས་འདིའི་ནང་གི་ལས་དོན་གལ་ཆེ་ཤོས་བོད་པའི་ཆོས་དང་རིག་གཞུང་། ཤེས་ཡོན་དང་ཆབ་སྲིད་ཀྱི་སྐོར་དང་། དེ་བཞིན་རྒྱ་ནག་གི་ཆབ་སྲིད་འགྱུར་འགྲོས་དང་བོད་ནང་གི་གནས་སྟངས། རྒྱལ་སྤྱིའི་ཆབ་སྲིད་འགྱུར་འགྲོས་ལ་བརྟེན་ནས་བོད་ནང་གི་གནས་སྟངས་ལ་ཤུགས་རྐྱེན་གང་འདྲ་ཞིག་ཐེབས་ཀྱི་ཡོད་མེད་སོགས་ཡིན།

འཛིན་སྐྱོང་གི་ཐད་ནས་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་གཞིས་ཆགས་སྲ་བརྟན་དང་དམངས་གཙོའི་འཕེལ་རིམ། ཆབ་སྲིད་ཀྱི་གོ་རྟོགས། ཤེས་ཡོན་ཡར་རྒྱས་སོགས་ལས་དོན་མང་པོ་ཞིག་ཆགས་ཡོད་ལ། དཔལ་འབྱོར་གྱི་ཐད་ནས་གྲོས་ཚོགས་འདིས་དཔལ་འབྱོར་དང་ལས་དོན་སྟངས་འཛིན་བརྒྱུད་ལས་དོན་ཆ་ཚང་འགན་འཁུར་དགོས་ཀྱི་ཡོད་སྟབས། དངོས་ཡོད་གང་ཡིན་ཤེས་པའི་ཐོག་ནས་བཀའ་མོལ་གནང་རྒྱུ་གལ་ཆེན་པོ་ཆགས་ཡོད། ཅེས་གྲོས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ངོ་སྤྲོད་དང་སྦྲགས། མ་འོངས་པར་ཁྲིམས་གཏན་འབེབས་གཙོས་པའི་ལས་དོན་མང་པོ་ཞིག་གི་ཐད། གྲོས་ཚོགས་ཀྱི་གྲུབ་ཆ་ཚང་བ་ཡོང་རྒྱུར་འབད་བརྩོན་བྱ་རྒྱུ་དང་། གནད་དོན་ཆུང་ཚགས་རིགས་ལ་རྐྱེན་བྱས་ཏེ་རང་ཉིད་ལ་རྒྱབ་སྐྱོར་གནང་མཁན་དང་ལྷག་པར་དུ་བོད་ནང་གི་བོད་མིའི་སེམས་ཤུགས་ཆག་པའི་ལས་ཀ་མི་བྱ་བར་སྔར་དང་མི་འདྲ་བའི་ལས་འགན་གསར་བ་ཞིག་ཕྲག་ཏུ་བབ་ཡོད་པ་ཤེས་པའི་ཐོག་བཅའ་ཁྲིམས་ནང་བཀོད་ཡོད་པའི་ལས་འགན་ཆ་ཚང་འགྲུབ་ཐུབ་པར་བྱ་རྒྱུ་དང་། གྲོས་ཚོགས་ཀྱི་ཕྱི་རུ་རྒྱ་གར་གཙོས་པའི་རྒྱལ་སྤྱིའི་ནང་བོད་དོན་ཐོག་རྒྱབ་སྐྱོར་ཐོབ་པའི་ལས་འགུལ་གང་མང་མང་ཞིག་དང་གང་ཐུབ་ཐུབ་ཅིག་གནང་རྒྱུ་གལ་ཆེན་ཡིན་ཚུལ་ནན་བརྗོད་གནང་སོང་།
 

དེའི་རྗེས་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྐབས་བཅོ་ལྔ་པའི་སྤྱི་འཐུས་གསར་པ་རྣམས་ལ་དགའ་བསུའི་འཚམས་འདྲི་དང་སྦྲགས་གཏམ་བཤད་གནང་དོན། ཕྱོགས་གཅིག་ནས་བལྟས་ན་སྐབས་བཅོ་ལྔ་པ་ཞེས་ལབ་ཡོང་དུས་སྐབས་བཅུ་བཞི་པའི་ཕྱག་ལས་གྲུབ་མཚམས་ཡིན་སྟབས། དམངས་གཙོའི་ལམ་སྲོལ་ནང་ནར་སོན་པའི་གྲོས་ཚོགས་ཤིག་ཡིན་པ་མཚོན་ཐུབ་ཀྱི་ཡོད། ཨང་གྲངས་ཀྱི་ངོས་ནས་བལྟས་ན་ཡང་། བོད་པ་དང་རྒྱ་གར། རྒྱ་མི་ཚང་མས་བཅོ་ལྔ་བ་དེ་རྟེན་འབྲེལ་ཡག་པོ་ཞིག་ལ་བརྩི་བཞིན་པ་ཞིག་རེད། ཅེས་དང་།

བཀའ་ཁྲི་མཆོག་གིས་སྐབས་བཅོ་ལྔ་པའི་སྤྱི་འཐུས་ཀྱི་གྲུབ་ཆའི་སྐོར་ལ། སྐབས་བཅོ་ལྔ་བའི་གྲོས་ཚོགས་ཀྱི་གྲུབ་ཆ་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་མང་པོ་འདུག ཁྱད་ཆོས་ག་རེ་འདུག་ཅེ་ན། རྒྱུན་འཛིན་དང་གསར་བརྗེའི་བརྗིད་ཉམས་ལྡན་པ་ཞིག་རྒྱུན་འཛིན་བྱས་ཏེ། བརྒྱ་ཆའི་ལྔ་བཅུ་སྤྱི་འཐུས་རྙིང་པ་དང་བརྒྱ་ཆའི་ལྔ་བཅུ་སྤྱི་འཐུས་གསར་བ་ཆགས་ཡོད་སྟབས། གསར་རྙིང་དེ་ཡང་དོ་མཉམ་པ་དང་སྲོལ་རྒྱུན་དང་གསར་གཏོད་གཉིས་ཀ་མཉམ་ཞུགས་ཐུབ་པ་ཡོང་བའི་གནས་སྟངས་ཆགས་འདུག  དེ་དང་ཆབས་ཅིག་ན་ཚོད་དང་ལོ་ནའི་ཆ་ནས་ཀྱང་། རྒན་གཞོན་གཉིས་ཀ་བརྒྱ་ཆ་ལྔ་བཅུ་འདྲ་བོ་ཆགས་འདུག དེ་དངོས་ནས་མི་རབས་དང་རྒན་གཞོན་མཚམས་སྦྱོར་ཆ་ནས་བལྟས་ནའང་འདྲ་བོ་ཆགས་འདུག  དེ་བཞིན་བོད་ལ་གནའ་སྔ་མོ་ཕོ་མོ་འདྲ་མཉམ་ཟེར་བ་དེ་ཡོད་པ་རེད། ནུབ་ཕྱོགས་པར་ད་ལྟའི་ཆར་ཡང་གང་རེད་ཅེས་བཤད་བསྡད་དགོས་པའི་གནས་སྟངས་རེད། ང་ཚོས་གང་རེད་ཅེས་བཤད་མི་དགོས་པའི་ཐོག་ནས་སྐུ་ལྕམ་མ་སྔར་ལས་མང་བ་ཞིག་གྲོས་ཚོགས་སུ་བསླེབས་བསྡད་ཡོད་སྟབས། དེའི་ཐོག་ནས་བོད་ཀྱི་ཡུལ་གོམས་གཤིས་ལུགས་དེ་རྗེས་ལུས་ཐེབས་མེད་པ་དང་། ནུབ་ཕྱོགས་པར་མ་བསྟུན་པར་ང་ཚོ་སྔོན་ཐོན་ཆགས་ཡོད། ཅེས་གསུངས་སོང་།



ཁོང་གིས་མུ་མཐུད་དུ་གསུངས་དོན། ད་རེས་དེ་ལས་ལྷག་པའི་དགའ་བསུ་ཞུ་དགོས་པ་ཞིག་ནི། གྲོས་ཚོགས་ཀྱི་གྲུབ་ཆ་འདིའི་ནང་མཁས་དབང་དང་དགེ་བཤེས། ཨཱ་ཅརྱ། རྩོམ་པ་པོ། ཞུ་དག་པ། དགེ་རྒན་བཅས་མང་པོ་ཞིག་ཕེབས་འདུག དེ་ཧ་ཅང་གནད་འགག་ཆེན་པོ་ཞིག་རེད་བསམ་གྱི་ཡོད། གྲོས་ཚོགས་སྔོན་མའི་ནང་དུ་ང་ཚོར་དགེ་བཤེས་དང་ཨཱ་ཅརྱ་མང་པོ་ཡོད་པ་རེད། གྲོས་ཚོགས་འདིའི་ནང་དེ་ལས་མང་བའི་མཁན་པོ་དང་སློབ་དཔོན། དེ་བཞིན་རྒྱུན་ཏུ་ཤེས་ཡོན་སློབ་གསོ་དང་ཉམས་ཞིབ་ཀྱི་ཕྱག་ལས་གནང་མཁན་མང་པོ་ཡོད་པ་དང་ཆབས་ཅིག  སྤྱི་ཚོགས་ལས་འགུལ་བའི་ཁྲོད་ནས་ཀྱང་མང་པོ་ཞིག་ཕེབས་བསྡད་ཡོད་པ་རེད། ང་ཚོ་གྲངས་ཀ་བཞི་བཅུ་ཞེ་གྲངས་ཤིག་ལས་མེད་ཀྱང་། གྲངས་ཀ་དེའི་ནང་སྤྱི་ཚོགས་ཀྱི་གནས་བབ་ཡོངས་སུ་རྫོགས་པ་མཚོན་ཐུབ་པ་ཞིག་དང་ཆ་ཤས་ཡོངས་སུ་རྫོགས་པའི་སྐུ་ཚབ་ཕེབས་ཐུབ་པའི་གནས་སྟངས་ཤིག་ཆགས་ཡོད། ལྷག་པར་དུ་ཚད་མ་རིག་པ་ལ་སྦྱངས་པའི་ཚོགས་མི་མང་པོ་ཡོད་སྟབས། མ་འོངས་པའི་བགྲོ་གླེང་དེ་རིག་པའི་རྣམ་བཞག་དང་མཐུན་པ་ཞིག་ཡོང་བའི་ཐུགས་རེ་ཆེན་པོ་ཡོད། ཅེས་གསུང་བྱུང་།



ཡང་ཁོང་གིས་གྲོས་ཚོགས་སྐབས་སྔོན་མ་དག་ལས་ཀྱང་སྐབས་བཅོ་ལྔ་པར་དབང་ཚད་ཆེ་སྐོར་གསུངས་དོན། སྐབས་དེ་དུས་ཀྱི་གནས་བབ་ལས་ཀྱང་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཀྱི་གནས་བབ་དེ་མཐོ་རུ་ཕྱིན་ཡོད། གང་ཡིན་ཞེ་ན། ཁྲིམས་ལུགས་གང་འདྲ་ཞིག་ཁྲིམས་སུ་བཅོས་ཀྱང་གྲོས་ཚོགས་ཀྱིས་ཁྲིམས་སུ་བཅོས་པ་དེ་མཐའ་མ་རེད་མ་གཏོགས། དེ་ལ་བསྐྱར་དུ་ཕྱིར་སློག་གནང་བའི་སྐུ་དབང་སུ་ལའང་གནང་ཡོད་པ་མ་རེད། དེར་བརྟེན། གྲོས་ཚོགས་ཀྱི་དབང་ཚད་ཚད་འཛིན་བྱེད་མཁན་གྱི་ཆ་རྐྱེན་ཞིག་ཉུང་དུ་ཕྱིན་པ་རེད། ད་དུང་གནད་འགག་ཆེ་བ་ཞིག་ནི། བཅའ་ཁྲིམས་དོན་ཚན་ང་ལྔའི་ནང་གི་གྲོས་ཚོགས་ཕྱི་འགྱངས་བྱེད་པའི་ཆ་རྐྱེན་དང་ང་དྲུག་ནང་གི་ཁྲིམས་དང་སྒྲིག་གཞི་མང་མོས་ཐག་གཅོད་བྱེད་པའི་ཆ་རྐྱེན་གཉིས་ཀ་ཕྱིར་བསྡུ་གནང་ཡོད་སྟབས། གྲོས་ཚོགས་ཚིག་དང་དོན་གཉིས་ཀའི་ཆ་ནས་བླ་ན་མེད་པ་ཆགས་ཡོད། ཅེས་གསུངས་བྱུང་།

མཐའ་མར་ཁོང་གིས། འཛིན་སྐྱོང་བཀའ་ཤག་དེ་ཕྱོགས་གཅིག་ནས་བཀའ་བློན་ཁྲི་པ་ཐད་ཀར་མང་ཚོགས་ཀྱི་འོས་འདེམས་བྱས་པའི་མི་རིགས་དང་ཆབ་སྲིད་ཀྱི་མགོ་ཁྲིད་མཚོན་ཐུབ་པ་ཞིག་ཆགས་ཡོད། ཡིན་ནའང་ཁོང་གི་དབུ་འཁྲིད་པའི་ཕྱག་ལས་གནང་སྟངས་གྲོས་ཚོགས་ལ་འགན་འཁུར་དང་ལན་འདེབས། གྲོས་ཚོགས་ཀྱི་ལམ་སྟོན་ལག་ལེན་བསྟར་བའི་ཐོག་ཕེབས་རྒྱུ་ལས་གྲོས་ཚོགས་ལ་འཛིན་སྐྱོང་གིས་ལམ་སྟོན་བྱེད་པའི་ཆ་རྐྱེན་དང་ལམ་ཁ་མེད། ཅེས་དང་། དུས་ཚོད་ཁྱད་པར་ཅན་ཞིག་གི་སྐབས་སུ་ཚོགས་འདུའི་གྲུབ་ཆ་ཁྱད་པར་ཅན་ཡོད་པའི་སྤྱི་འཐུས་སྐབས་བཅོ་ལྔ་པ་འདིས། ཕྱག་ལས་ཡང་ཁྱེད་པར་ཅན་དང་ནུས་པ་ཅན་ཞིག་གནང་ཐུབ་པའི་རེ་བ་ཡོད་ལ། དེ་དང་ཆབས་ཅིག་༸གོང་ས་མཆོག་གི་དགོངས་གཞི་དང་མཐུན་པ་ཞིག་དང་བོད་མི་ས་ཡ་དྲུག་གི་མངོན་འདོད་དང་མཐུན་པའི་ལས་དོན་བསྒྲུབ་པའི་རེ་འདུན་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༡༡ སྔོན་ལ།
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

༢༠༢༦/༠༨/༢༥
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༢༥
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

༢༠༢༦/༠༨/༢༥

མཆན། 2

  1. ནད་པ says:
    ལོ་ 15 སྔོན།

    རྒྱུད་འཛིན་དང་གསར་བརྗེའི་བརྗིད་ཉམས་ལྡན་པ་ཞིག་རྒྱུད་འཛིན་བྱས་ཏེ་ཞེས་མིང་ཙམ་གྱིས་གསར་བརྗེའི་སྐོར་ལ་བཤད་ཀྱིན་འདུག་ཀྱང་ད་བར་མི་ལོ་ཧྲིལ་པོ་ ༥༠ ནང་གསར་བརྗེའི་བློ་སྟོབས་ཅན་གྱི་འགོ་ཁྲིད་དང་གསར་བརྗེའི་འཐབ་གྲོགས་ཅན་ཞིག་བྱུང་མྱོང་མེད།

    རང་གི་རྒྱལ་ཁབ་དང་རང་གི་མི་དམངས་ཀྱི་ཆེད་དུ་ཚེ་སྲོག་ལེགས་སྐྱེས་སུ་འབུལ་མཁན་གཅིག་བྱུང་ཡོད་པ་དེ་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་མཆོག་ཡིན། དེ་མིན་འགོ་ཁྲིད་ནས་དམངས་ཀྱི་བར་དུ་གསར་བརྗེ་བྱེད་པའི་སྙིང་སྟོབས་དང་ཚེ་སྲོག་ལེགས་སྐྱེས་སུ་ཕུལ་འདོད་མེད་པར་སྒེར་སེམས་ཅན་གྱི་འཚོ་བ་སྐྱིད་པོ་བསྐྱལ་ནས་སྡོད་འདོད་ལས་གཞན་ཅི་ཡང་འདིར་མེད།

    ད་དུང་ལྷག་པར་དུ་ཚད་མ་རིག་པ་ལ་སྦྱངས་པ་དང་མ་འོངས་པར་བགྲོ་གླེང་དེ་རིག་པའི་རྣམ་གཞག་དང་མཐུན་པ་ཞེས་བཤད་པ་ལྟར་སྟོང་བཤད་ཁོ་ན་བཤད་ནས་སྡོད་པ་དེ་ག་རང་ཡིན། ཚད་མ་དང་རིག་ལམ་ཞེ་དྲག་ཡོད་འདོད་བཤད་ཀྱིན་ཡོད་ཀྱང་དོན་དངོས་ཐོག་རྒྱ་གུང་ཁྲན་གྱི་ཆབ་སྲིད་ཀྱི་རིག་པ་དང་འཐབ་ཇུས་རིག་པའི་ཐད་ལ་ཟུར་ཙམ་ཡང་འགྲན་ཟླ་མ་ཐུབ་པར་རྟག་པར་ཕམ་ཉེས་འཁུར་ནས་བསྡོད་བཞིན་ཡོད།

    ཚད་མ་རིག་པ་དང་རིག་ལམ་ཟེར་བ་དེ་འདྲ་ཚད་ལྡན་ཡོད་ན་རྒྱལ་ལས་རྣམ་རྒྱལ་དགོས་པའི་དུས་ལ་སླེབས་ཡོད། ད་ལྟའི་ཆར་ང་ཚོས་ཁ་ནས་སྟོང་བཤད་ཁོ་ན་བཤད་ནས་སྡོད་མཁན་དང་ཟ་ཉལ་སྐྱིད་ཉལ་ཁོ་ན་བཏང་ནས་སྡོད་མཁན་གྱི་མི་དེ་ཚོར་སེམས་གཏིང་ནས་དགའ་གི་མེད།

    རྒྱ་མིའི་ཁ་ལ་མ་བལྟ། །རྒྱལ་མིའི་ལས་ཀར་བལྟོས། །ཞེས་བཤད་སྲོལ་ཡོད་པ་ལྟར་དགྲ་བོ་རྒྱ་དམར་གྱི་ཁ་ནས་གང་བཤད་ཚང་མ་ཀྱག་རྫུན་ཁོ་ན་དང་གཡོ་སྒྱུ་ཁོ་ན་མ་གཏོགས་མེད་ཀྱང་དགེ་མཚན་གཅིག་ཡོད་པ་དེ་རྒྱ་མི་རིགས་ཟེར་བ་དེ་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པ་རེད། དེར་བརྟེན་རྒྱ་གུང་ཁྲན་གྱི་ཉིན་དང་། མཚན། ལོ་དང་། ཟླ་བའི་བརྒྱུད་རིམ་ནང་ལས་ཀ་ཅི་ཞིག་བྱེད་ཀྱིན་ཡོད་མེད་ལ་བལྟ་དགོས། སློབ་སྦྱོང་བྱེད་དགོས། ལེགས་ཆ་བླངས་དགོས།

    སོ་ནམ་ཤེས་ཀྱི་མེད་ན་གྲོང་པར་བལྟོས་ཟེར་བ་ལྟར་གྲོང་པ་ཁྱིམ་མཚེས་རྒྱ་དམར་གྱི་ལས་ཀར་དཔེ་བལྟས་ནས་འགོ་འཁྲིད་དགོས། མིག་དཔེ་སྟོན་དགོས། སྐུལ་སློང་བྱེད་དགོས། གྲུབ་འབྲས་སྟོན་དགོས།

    Reply
  2. དབྱངས་ཅན་སྒྲོལ་མ། says:
    ལོ་ 15 སྔོན།

    སྐབས་བཅོ་ལྔ་སྤྱི་འཐུས་རྣམས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབ་གཅིག་ཁྱེད་རྣམས་ཀྱི་༧གོང་ས་མཆོག་གི་དགོངས་གཞི་དང་མཐུན་པ། བོད་མི་ས་ཡ་དྲུག་གི་མངོན་འདོད་དང་མཐུན་པ་ཞིག་བསྒྲུབ་ཐུབ་པའི་སྨོན་འདུན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese