མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཅེར་གཟུགས་ཀྱི་མཛེས་བ།

བོད་ཀྱི་དུས་བབ།
༢༠༡༡/༠༦/༠༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༦ པའི་སྟེང་བོད་ཀྱི་མཛངས་མའི་འགྲན་བསྡུར་གྱི་ཡོངས་ཁྱབ་བྱེད་སྒོ་རིམ་པ་གཉིས་པ་སྟེ། ཆུའི་རོལ་རྩེད་འགྲན་བསྡུར་དེ་ངྷ་སའི་ཉེ་འཁྲིས་ཤེས་རབ་དགའ་ཚལ་སློབ་གླིང་གི་གཡས་ཕྱོགས་ལུང་པའི་རྒྱུག་ཆུའི་འགྲམ་དུ་སྤེལ་སོང་། སྐབས་དེར་ཕྱི་ལོ་ ༢༠༡༡ ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་ཞུགས་མཁན་བུ་མོ་ ༦ གིས་ལུས་ལ་རྒྱན་གོས་མེད་པར་གཅེར་གཟུགས་སུ་གསར་འགོད་པ་དང་ལྟད་མོ་བ་མང་པོའི་མདུན་དུ་གོམ་བགྲོད་གནང་སྟེ། ཤ་མདངས་དང་སྒེག་ཉམས་ཀྱི་མཛེས་པ་འགྲན་བསྡུར་གནང་སོང་། 

 

༢༠༡༡ ལོའི་བོད་ཀྱི་མཛངས་མའི་གཅེར་གཟུགས་ཆུ་རྩེད་གོམ་བགྲོད་འགྲན་བསྡུར།

 

རང་ལོ་ ༢༤ ཡིན་པའི་བུ་མོ་སྒྲོལ་མ་ཚེ་རིང་ལགས།

 

རང་ལོ་ ༡༧ ཡིན་པའི་བུ་མོ་བསྟན་འཛིན་དབྱངས་སྐྱིད་ལགས།

 

རང་ལོ་ ༢༣ ཡིན་པའི་བུ་མོ་བསྟན་འཛིན་བཟང་མོ་ལགས།

 

རང་ལོ་ ༢༥ ཡིན་པའི་བུ་མོ་དངོས་གྲུབ་སྒྲོལ་མ་ལགས།  

 

རང་ལོ་ ༢༤ ཡིན་པའི་བུ་མོ་འཆི་མེད་ལྷ་འཛོམས་ལགས།

 

རང་ལོ་ ༡༩ ཡིན་པའི་བུ་མོ་བསྟན་འཛིན་མཁས་ཆོས་ལགས།

 

༢༠༡༡ ལོའི་བོད་ཀྱི་མཛངས་མའི་གཅེར་གཟུགས་ཆུ་རྩེད་གོམ་བགྲོད་འགྲན་བསྡུར།

འབྲེལ་ཡོད་གསར་འགྱུར།

The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

ཆུ་ཚོད་ ༨ སྔོན་ལ།
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

ཆུ་ཚོད་ ༨ སྔོན་ལ།
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

ཆུ་ཚོད་ ༡༠ སྔོན་ལ།
Front Slider

འཇམ་དབྱངས་བཀྲ་ཤིས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ།

༢༠༢༥/༠༧/༠༣
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༧།༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༥ ནས་ཚོགས་ཞུགས་བྱས་འདུག

༢༠༢༥/༠༧/༠༣
སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

༢༠༢༥/༠༧/༠༣

མཆན། 20

  1. སྒ'པ'བསོད'ནམས'དར'རྒྱས'། says:
    ལོ་ 14 སྔོན།

    ད’ཡིན’ན’མཛེས’མ’འགྲན’བསྡུ’བྱས’སོང’བ’།

    Reply
  2. གཡུ་སྐལ་རྒྱམ། says:
    ལོ་ 14 སྔོན།

    སྨྲ་བརྗོད་རང་དབང་དགེ་སློང་དངོས་མ་ཤིག་རེད་ཡ།

    Reply
  3. སྨྲ་བརྗོད་རང་དབང་། says:
    ལོ་ 14 སྔོན།

    འདི་ཚོ་ལྟ་རྒྱུ་གང་ཡང་མི་འདུག་

    Reply
  4. གཡུ་སྐལ་རྒྱམ། says:
    ལོ་ 14 སྔོན།

    ཕྲ་ཞིང་ལྡེམ་པའི་རྐེད་སྐབས་ཕྲ་མོས་གཟུཊ།།
    སྒེག་མཛེས་ལང་ཚོའི་དལ་བར་རྒྱུ་བ་འདི།།
    སྣ་ཚོགས་ཚོན་གྱིས་བྱུགས་པ་ཤིག་མིན་ན།།
    གོ་ལའི་འཛེས་མས་ཚོཊ་ལ་མྱ་ངན་འོ།།

    Reply
  5. དུང་མཚོ་སྐྱིད། says:
    ལོ་ 14 སྔོན།

    ད་ཡིན་ན་བོད་པའི་སྤྱི་ཚོགས་ནང་ལ་འདུག མཛངས་མ་ཡིན་ནའང་འདྲ་མཛེས་མ་ཡིན་ནའང་། གང་ལྟར་ཡང་དེ་དག་གི་ཕ་མ་སྤུན་ཆེད་ཚོའི་མཐོང་ན་སེམས་ལ་ཚོར་བ་གང་འདྲ་ཞིག་བྱུང་གི་ཡོད་ན།

    Reply
  6. མངའ་རིས་བུ། says:
    ལོ་ 14 སྔོན།

    མཛངས་་མ་དང་མཛེས་མ་གང་གི་འགྲན་སྡུར་ཡིན་རུང་འདི་ལས་ལྷག་པ་ད་ལྟའི་བོད་ཀྱི་སྤྱི་ཚོགས་ནང་དུ་མེད་པ་རེད།
    ་མཛེས་ཀྱང་རུང་མི་མཛེས་་ཀྱང་རུང་མཛངས་ཀྱང་རུང་་མི་མཛངས་ཀྱང་རུང་དེ་ཡི་ནང་ནས་གཅིག་འདེམས་དགོས་པ་རེད།
    སྔར་སྒྲུང་ཞིག་ལ།
    ཡུལ་དེར་བུད་མེད་གཞོན་ནུ་ཞ་ལོང་གཅིག་ལས་མེད་དུས་ཡུལ་དེ་ཡི་མཛངས་མ་ཟེར་ནའང་འདྲ་མཛེས་མ་ཟེར་ནའང་འདྲ་དེ་རང་ཡིན་དགོས་པ་རེད།
    ལོ་རྗེས་མར་བུ་སུ་རྫིག་དང་སུ་མཛེས་ཀྱི་འགྲན་སྡུར་ཞིག་ཡོད་པ་གོ་བྱུང་བདེན་མིན་མི་ཤེས།
    དེ་དུས་ཁྱེད་ཚོ་ཕེབས་རོགས།
    འགྲན་སྡུར་གྱི་ས་གནས་ནི་གདན་ས་ཞིག་ཏུ་ཡིན་ཟེར།

    Reply
  7. མངའ་རིས་ཕོ་ཉ། says:
    ལོ་ 14 སྔོན།

    མཛངས་མ་འགྲན་བསྡུའི་པར་རིགས་མཐོང་བའི་སྐབས། །
    མཛངས་མ་ཡིན་པའི་ཁྱད་ཆོས་སུ་ལ་མེད། །
    ཤ་མདོག་ནག་ལ་དམར་བའི་མདངས། །
    བོད་ཀྱི་མཛངས་མའི་མགྲིན་ཚབ་ཅི་ལ་མཚོན། །

    རྒྱུགས་ཆུ་ཆུང་ཆུང་ཞིག་གི་འཁྱིལ་ཆུ་ལ། །
    ཆུ་རྩལ་ངོམ་པའི་ཁོར་ཡུག་མེད་པའི་སྐབས། །
    འཁྱིལ་ཆུ་འདི་ལ་གཟུགས་པོ་བཀྲུས་ཙམ་བྱས། །
    བློ་བཟང་དབང་རྒྱལ་འདོད་པ་ཡིད་ལ་ཚིམས། །

    སྐུལ་སློང་བཟང་པོ་འོག་གི་འགྲན་བསྡུར་ཞུགས། །
    སོ་སོའི་རྣམ་སྤྱོད་གཤོགས་རྩལ་འགྲན་པའི་སྐབས། །
    གཅིག་ལས་གཅིག་གི་མཁས་པ་ཡོད་པར་བྱས། །
    རང་རྒྱལ་ལྟ་བ་གཅིག་ལས་གཅིག་གི་ཞན། །

    ཧིན་སྒོར་འབུམ་གཅིག་ཆེད་དུ་འབད་བརྩོན་བྱས། །
    གཟེར་བུར་ཐོག་ནས་གཟུགས་དབྱིབས་ལེགས་པར་ངོམ། །
    ཁ་མིག་གདོང་སོགས་ཚོན་རྩིས་སྣ་ཚོགས་དབྱུག །
    མཛངས་མའི་ཁྱད་ཆོས་ལྡན་པ་སུ་འདུག་གམ། །

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ལགས་རེད། ལགས་རེད། བོད་ཀྱི་མཛངས་མ་ལས་མཛེས་མ་ཞེས་བརྗོད་ན་ལེགས།

    Reply
  9. གངས་ཆབ། says:
    ལོ་ 14 སྔོན།

    མཛེས་མ་འགྲན་བསྡུར་ཡིན་ཀྱི་རེད་མ་གཏོགས་མཛངས་མ་འགྲན་བསྡུར་ཞིག་ཡིན་སྲིད་ཀྱི་མ་རེད།རྒྱུ་མཚན་ནི།མཛངས་མར་མཛངས་མའིཡོན་ཏན་ཞིག་ལྡན་དགོས་ཀྱི་ཡོད་པ་ལས་ཤེས་བྱ་ཡོན་ཏན་ཅི་ཡང་མི་ལྡན་མཁན་དག་ལ་མཛངས་མ་ཞེས་བརྗོད་ན་གཏན་ནས་མི་འགྲིག་མཛངས་མར་ཕྱིར་ཡི་རྣམ་པ་གཅིག་པོ་མ་ཡིན་པ།ནང་གི་ཤེས་བྱ་ཡོན་ཏན་གྱི་ཕྱུག་པའི་བུད་མེད་དཔལ་དང་ལྡན་པ་ཞིག་དགོས་པ་ལས་ཕྱིའི་རྣམ་པ་གང་རུང་ཞིག་ལ་ལྟས་ནས་མཛངས་མ་ཞེས་བརྗོད་པ་ནི་ཤིན་ཏུ་ནས་ཐལ་ཤ་ཆེ་དྲག་པ་མ་ཡིན་ནམ་ཅི་ཡིན།

    Reply
  10. ཉི་མ་བཀྲ་ཤིས། says:
    ལོ་ 14 སྔོན།

    འགྲན་བསྡུར་འདིར་བོད་ཀྱི་མཛངས་མའི་འགྲན་བསྡུར་ཞེས་བརྗོད་འདུག་ཀྱང་ཕར་བལྟ་སྣང་ལ་ནི་བོད་ཀྱི་མཛངས་མ། ག་བ་ག་བ།་བོད་ཀྱི་ཁྱད་ཆོས་ཙམ་ཡང་མེད་པ་ཞིག་དང་འདྲ།
    ང་ཚོའི་བོད་ཀྱི་བུ་མོ་ཚོ་དེ་འདྲ་ཡིན་ཚེ་སེམས་སྐྱོ་དགོས་ཡག་ཆགས་འདུག

    Reply
  11. གངས་སྨྱུག says:
    ལོ་ 14 སྔོན།

    ང་ངོ་ཚ་གིན་འདུག་ལ། ཤ་ཡང་ཚ་གིན་འདུག གང་ཡིན་ཟེར་ན་ཁོང་ཚོས་མི་རེ་རེ་བ་རེ་རྒྱབ་ནས་འདི་ལྟ་བུའི་མཛངས་མའི་མཚན་ཉིད་མི་ལྡན་བཞིན་དུ་ངོ་ཚ་མེད་ཀྱིས་འགྲན་བསྡུར་དུ་འཛུལ་བ་ཤ་སྟག་ཡིན་ཤས་ཆེ། གཅེར་གཟུགས་མ་ཡིན་པར་གང་བསྟན་ཡང་ཁྱད་པར་མི་འདུག
    སྤྱིར་སྟངས་བོད་པའི་བུ་མོ་མཚན་ཉིད་ལྡན་པ་དང་མཛངས་ཆོས་ཚང་བ་དག་ལོ་ལྟར་སླེབས་རྒྱུ་མི་འདུག འདི་ནི་མཛངས་མའི་རིགས་ཅན་ད་དུང་ངོ་ཚའི་ནང་དུ་ལས་ཡོད་པ་འདྲ།
    ཡིན་ན་ཡང་དགོངས་དག དེ་རིང་བུ་མོ་དྲུག་གི་ནང་དུ་༼བསྟན་འཛིན་མཁས་ཆོས་༽ལས་དྲག་པ་ཞིག་ཧ་ལམ་མི་འདུག སྐབས་རེ་ཡང་སྟབས་ལེགས་ཀྱིས། བུ་དཔའ་བོས་མི་གསོད་སྡར་མས་གསོད། །མཚོང་རིང་གིས་མི་གསོད་ཐུང་གིས་གསོད། །དཔེ་ལྟར་ཡང་ཁ་ཤས་བོད་ཀྱི་མཛངས་མའི་དབུ་རྒྱན་སྒྲོན་སྲོལ་འདུག་ག དེ་འདྲའི་ཡིན་ཧ་གོ་མ་སོང་།
    གངས་སྨྱུག་གིས།

    Reply
  12. གཅེན་པོ། says:
    ལོ་ 14 སྔོན།

    ཡོན་ཏན་ཡོད་རུང་མེད་རུང་མཛེས་ཉམས་ལྡན་རུང་མི་ལྡན་རུང་བོད་པའི་བུ་མོ་ཞིག་གི་མིང་ཁུར་བ་དང་འཛམ་གླིང་བུ་མོ་རྣམས་དང་མཉམ་དུ་འགྲོ་འདོད་པ་དང་འགྲོ་ཐུབ་པའི་གདེངས་སྤོབས་ཆེན་པོས་དཀའ་ངལ་ཁྱད་དུ་བསད་ནས་འཛམ་གླིང་མི་དམངས་ཀྱི་མདུན་དུ་སོ་སོའི་སྒེག་ཆོས་དང་བློ་རིག་བཏོན་ནུས་པ་དངོས་གནས་དཔེ་མི་སྲིད་པའི་བྱས་རྗེས་ཤིག་རེད། གོང་དུ་དྲ་གྲོགས་འགའ་ཞིག་གིས་ཟུར་ཟའི་རྣམ་པ་མང་པོ་ཞིག་བསྟན་འདུག དེ་ནི་མི་རིགས་ལ་ལ་རྒྱ་མེད་པ་དང་རང་ཉིད་ཕྱོགས་ལྷུང་གི་ངང་དུ་གནས་ཡོད་པ་གསལ་པོར་བསྟན་འདུག བོད་པའི་སྤྱི་ཚོགས་ནང་དུ་ཁོང་རྣམས་ལས་མཛེས་པ་དང་ཡོན་ཏན་ཆེ་བ་མང་པོ་དག་ཡོད་མོད། ཡིན་ན་ཡང་ཁོང་རྣམས་སྡིངས་ཆ་འདི་ཉིད་ཐོག་ཏུ་འབུད་མི་ཐུབ་པ་དེ་བོད་པའི་ལ་རྒྱ་ཡིན་ནམ་ཡང་ན་མཛངས་མའི་འགྲན་བསྡུར་དེ་འཛམ་གླིང་ནང་དུ་ཆེས་མ་རབས་ཐ་ཤལ་ཞིག་ཏུ་བརྩི་གི་ཡོད་པ་རེད། གལ་སྲིད་དེ་འདྲ་ཡིན་ན་ཁོང་རྣམས་ཀྱི་རང་ཚུགས་བརྟན་པོ་བཟུང་ནས་བོད་མི་རིགས་ཀྱི་ཞབས་འདྲེན་མ་ཞུས་པར་བསྡད་ཡོད་པ་ཁས་ལེན་མཆོག མཛངས་མའི་འགྲན་བསྡུར་དེ་ནི་འཛམ་གླིང་རྒྱལ་ཁབ་ཀུན་ཏུ་དར་ཞིང་མཛངས་མ་མཛངས་མའི་མཛངས་མ་མང་པོ་ཞིག་བྱོན་དང་འབྱོན་བཞིན་ཡོད་པ་གསལ་གསལ་རེད། དེ་འདྲ་སོང་ཙང་བོད་པའི་བུ་མེད་རྣམས་ནི་རང་ཉིད་ལ་ཡོན་ཏན་ཀུན་ཚང་ཡང་སྡིངས་ཆའི་མདུན་དུ་འགྱིངས་པའི་སྤོབས་པ་མེད་པ་དེ་ནི་ཆེས་ཡ་ང་བའི་གནས་སྟངས་ཤིག་ལས་དེ་མིན་གྱི་ལ་རྒྱ་གང་ཡང་མིན། མདོར་བསྡུ་ན་མཛངས་མའི་འགྲན་བསྡུར་ནང་དུ་བཞུགས་ཐུབ་པ་ཙམ་གྱིས་མི་རིགས་ལ་ལ་བརྒྱ་ཡོད་པ་དང་མི་རིགས་དེ་ཉིད་འཛམ་གླིང་མི་དམངས་དང་མཉམ་དུ་མདུན་བསྐྱོད་དུ་འགྲོ་བཞིན་པ་མཚོན་ཡོད་པས་འགྲན་བསྡུར་ནང་མཉམ་བཞུགས་གནང་བའི་མཛངས་མ་ཡོངས་ལ་བཀྲིས་བདེ་ལེགས་དང་འབྱུང་འགྱུར་འགྲན་བསྡུར་འདི་ཉིད་ནང་དུ་མཛངས་མ་བརྒྱ་སྟོང་མང་པོ་འདུ་ཐུབ་པའི་བཀྲིས་སྨོན་འདུན་ཞུ།

    Reply
  13. ལི་སྨྱོན་མ་ཧྰ་ཀྰ་ལ། says:
    ལོ་ 14 སྔོན།

    དྲ་གྲོགས་ཚོ། ཕྱི་ཚུལ་གྱི་ཤ་མདོག་དཀར་བ་ཙམ་གྱི་ནང་སེམས་པ་དཀར་པོའི་ངང་ཚུལ་དང་། དེ་བས་ཤེས་བྱ་ཡོན་ཏན་སོགས་མཐོང་ག་ལ་སྲིད། དེ་ན་མཛམས་མའི་འགྲན་བསྡུར་ནང་དུ་ཚུད་པ་ནི་མཛམས་མ་དགོས་པ་ལས་ཕྱིའི་རྣམ་པ་དཀར་བ་ཙམ་གྱི་ཕན་ཐོག་མེད་སྙམ་གྱིན་ཡོད། དེའི་ཕྱིར་། མི་ཡི་རི་མོ་ནང་དང་། སྟག་གི་རི་མོ་ཕྱིར། ཞེས་པའི་ལེགས་བཤད་འདི་སེམས་སུ་ཟུངས་ཤིག

    Reply
  14. འདྲེ་རྣམ་རྒྱལ། says:
    ལོ་ 14 སྔོན།

    འདི་མཛངས་མའི་འགྲན་བསྡུར་ཡིན་ནམ་ཡང་ན་མཛེས་མའི་འགྲན་བསྡུར་ཡིན།
    གལ་སྲིད་མཛངས་མའི་འགྲན་བསྡུར་ཡིན་ན་ཤེས་ཡོན་དང་འཇོན་ཐང་ཀུན་སྤྱོད་སོགས་ལ་ཞིབ་འཇུག་བྱེད་དགོས་པ་ལས་ཕྱི་ཚུལ་ཙམ་ལ་ལྟ་རྒྱུ་མེད། གལ་སྲིད་མཛེས་མའི་འགྲན་བསྡུར་ཡིན་ན་ཐུགས་རྗེས་གཟིགས་བཞག་རོགས།

    Reply
  15. ཨ་ཕོ་མཐུ་ཆེན། says:
    ལོ་ 14 སྔོན།

    འདྲེ་དམར་པོ་ཟེར་བ་ཁྱོད་ཀྱི་བོད་ཡིག་གི་གོ་བ་རབ་རིབ་ཙམ་ལས་མེད་པ་འདྲ་ལ་མིག་ཀྱང་རབ་རིབ་ཅིག་ལས་མཐོང་གི་མེད་པ་འདྲ། ཁྱོད་ཀྱིས་བྲིས་པ་དེར་བསྐྱར་ཀློག་ཅིག་དང་ངའི་མཆན་བུ་དེར་མིག་ཟུང་བགྲད་ནས་ཡང་བསྐྱར་གཅིག་ལྟོས་དང་། ཁྱོད་ཀྱིས་ཤོད་སྟངས་ལྟར་ན་ངས་བུ་མོ་དེ་ཚོར་རྣམ་པ་འདུག་སྟེ་གཞན་ཁྱད་ཆོས་མི་འདུག་ཟེར་བ་ལ་གོ་ཡོད་པ་འདྲ། ངས་དེ་ལས་ལྡོག་སྟེ་བཤད་ཡོད། གལ་སྲིད་ཁྱོད་ཀྱིས་བུ་མོ་དེ་ཚོར་རྣམ་པ་ཡོད་པ་མཐོང་གིན་འདུག་ན་ང་ཐེ་བའི་དྲྭ་བ་འདིར་གཟིགས་མཁན་མང་པོ་ཞིག་གིས་བུ་མོ་དེ་ཚོར་རྣམ་པ་མི་འདུག་ཟེར་བཾཞིན་ཡོད་པས་ཁྱོད་རང་གི་འདྲེན་བྱེད་ལ་རབ་རིབ་ཀྱི་ནད་ཡོད་པ་འམ་ཡང་ན་མྱོས་རྫས་སྤྱོད་བཞིན་ཡོད་པ་གོར་མ་ཆག

    Reply
  16. གསར་འབྱོར། says:
    ལོ་ 14 སྔོན།

    གཅེར་གཟུགས་འགྲན་བསྡུར་བྱེད་མཁན་གྱི་བུད་མེད་གཟུགས་བཟོ་ལྟ་ཁྱད་པར་བ་གང་ཡང་མེད་མཁན་གྱི་བུ་མོ་སྤྱི་བསྟང་བ་ཁ་ཤས་ཤིག་གིས་བོད་ཀྱི་བུད་མེད་ཡོངས་ཀྱི་མིང་བྱང་ཅིག་འཁུར་ནས་འདི་ལྟར་བློ་བཟང་དབང་རྒྱལ་གྱི་དཔར་ཆས་ལས་འཇ༹མ་གླིང་གི་མིག་མདུན་ལ་ཐོན་ཡོང་དུས་ངའི་བསམ་པར་ཕྱི་ནང་གསང་གསུམ་གྱི་མཇེ༹ས་མཇ༹ངས་ཀྱི་ཡོན་ཏན་ཀུན་ནས་ཚང་བའི་བོད་མོ་དག་གི་མཇེ༹ས་སྡུག་ལ་ཐལ་བ་འདེབས་ཀྱི་འདུག་ལ་མི་རིགས་གཞན་གྱིས་བོད་མོ་དག་གི་མཇེ༹ས་སྡུག་གི་རིན་ཐང་ལྟ་སྟངས་ཡང་ཆུང་དུ་འགྲོ་ཉེན་འདུག ང་ལྟ་བ་རྙིང་བས་ཀླད་པ་རུལ་བ་མ་ཡིན་ཡང་ལོ་ངོ་སྟོང་ཕྲག་ནས་བརྒྱུད་པའི་བོད་མིའི་སྲོལ་རྒྱུན་གྱི་གོམས་གཤིས་བཟང་བོ་སྨག་མེད་དུ་གཏོང་བཞིན་འདུག་སྙམ། བཤད་ཚུལ་ཞིག་ལ་ཆེས་མི་རིགས་ཅན་ཡིན་ན་ཆེས་འཇ༹མ་གླིང་ཅན་ཡིན་ཟེར་བ་དེ་ཧ་ཅང་རྨད་དུ་བྱུང་བའི་ལེགས་བཤད་ཅིག་རེད་འདུག

    Reply
  17. ཁ་ལྡོམ། says:
    ལོ་ 14 སྔོན།

    ངས་བལྟས་ན། བོད་ཀྱི་མཛངས་མ་འགྲན་བསྡུར་ཞེས་པའི་ལེ་ཚན་འདི་ལ་བོད་པའི་བུ་མོ་ཚོས་དགའ་བསུ་ཞུ་རྒྱུ་ཕར་ཞོག མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་པ་ཞིག་འདུག བུ་མོ་མདོག་ངན་འགའ་ཞིག་འཛུལ་ཞུགས་བྱས་ཏེ་མཐར་བོད་པའི་བུ་མོ་ཚང་པའི་མིང་བྱང་དེ་འཁྱེར་འགྲོ་གི་ཡོད་རེད། ཕྱི་ཕྱོགས་སུ་ཡོད་པའི་མི་རིགས་གཞན་གྱི་སེམས་སུ་བོད་པའི་བུ་མོ་ཚང་མ་འདི་ཚོ་ལས་མདོག་དང་། ཤེས་འཇོན་དམན་པ་ཡོད་རེད་བསམ་མི་སྲིད་པ་མ་རེད། སྤྱིར་བཏང་བྱེད་ན་བོད་པའི་སྤྱི་ཚོགས་ནང་དུ་བུ་མོ་ཤེས་འཇོན་དང་རྣམ་པ་སོགས་དེ་ཚོ་ལས་རྦད་དེ་ཡག་པས་ཁེངས་ནས་བསྡད་ཡོད།

    Reply
  18. donglokyima says:
    ལོ་ 14 སྔོན།

    མཛེས་མ་ཚོ་མཛེས་ཀི་ཡ། ཆུ་གོས་དེ་མ་མཚམས་ཀི།
    མཛེས་མ་སྒྲོལ་ཚེ་ལོ་༤༢ ཨེ་རེད།

    Reply
  19. འདྲེ་དམར་པོ says:
    ལོ་ 14 སྔོན།

    ་མཛངས་མའི་འགྲན་བསྡུར་ནི་སྤྱིར་བཏང་གི་འགྲན་བསྡུར་ཙམ་དང་མི་མཚུངས་ཞིང་། རྣམ་པ་གཟུགས་བྱད་བཟང་བ་ཙམ་གྱིས་མི་ཆོག་པར་ཕྱོགས་ཐམས་ཅད་ནས་་འཐུས་ཚང་གྱིས་ཆ་ཤས་ལེན་དགོས་པ་ཞིག་རེད་འདོད། ཨ་ཕོ་མཐུ་ཆེན་གྱི་བལྟ་སྟངས་དེ་ནི་གཡག་ཞར་གྱི་བྱེད་སྟངས་ཤིག་ལས་འདུ་ཤེས་མ་འཁྲུལ་བའི་གོ་བ་ལེན་ཚུལ་ཤིག་མ་རེད་འདོད། ཐད་ཀར་བཤད་ན་གོང་གི་མི་འདིས་ཆེས་སྤྱིར་བཏང་གི་སྐད་ཆ་བཤད་སྟངས་ཙམ་ལའང་རྨོངས་བ་ཞིག་རེད་འདུག།

    Reply
  20. ཨ་ཕོ་མཐུ་ཆེན། says:
    ལོ་ 14 སྔོན།

    བུ་མོ་དེ་ཚོར་རྣམ་པ་ཁྱོན་ནས་མིན་འདུག རེ་ཟུང་ཞིག་གཟུགས་བཟོ་ཨའུ་ཙམ་འདུག མ་གཞི་མཛངས་མའི་འགྲན་བསྡུར་ལས་མཛེས་མའི་འགྲན་བསྡུར་མིན་ཙང་སེམས་པ་བཟང་པོ་དང་ནང་ལ་ཤེས་ཡོན་གྱི་ཆུ་ཚད་མཐོ་ཙམ་ཡོད་ན་འགྲིགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese