མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་ལ་ཕན་ཐོགས་ན་ལྟ་བ་ཕྱིན་ཅི་ལོག་ནའང་འགྲིག་ཡོད་པ་རེད།

བོད་ཀྱི་དུས་བབ།
༢༠༡༡/༠༦/༢༨
Share on FacebookShare on TwitterShare on EmailShare on Whatsapp


འཛམ་གླིང་འདིའི་ཐོག་ལྟ་གྲུབ་མི་འདྲ་བ་མང་པོ་ཡོད་པའི་ནང་། ལྟ་བ་མི་འདྲ་བ་
དེར་ཁམས་དང་མོས་པ་སྣ་ཚོགས་དགོས་ཀྱི་ཡོད་དུས། ལྟ་བ་མི་འདྲ་བའི་གྲུབ་དོན་མིའི་སེམས་པ་བཟང་པོ་དགོས་པའི་བསླབ་བྱ་གཅིག་གྱུར་ཡིན་པ་དེ་ཆོས་ལུགས་ཚང་མས་དད་པ་བྱ་དགོས་པའི་རྒྱུ་མཚན་ཆགས་ཡོད། ཅེས་༧གོང་ས་མཆོག་གིས་གསུངས།

ཝེ་ཊི་ནམ་གྱི་ནང་པས་གསོལ་འདེབས་ཞུས་དོན་ལྟར། དེ་རིང་ཕྱི་ཚེས་ ༢༨ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩།༣༠ ཐོག་༧གོང་ས་མཆོག་གིས་བཞུགས་སྒར་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཝེ་ཊི་ནམ་ནས་ཕེབས་པའི་ནང་པའི་ཆོས་ཞུ་བ་ ༤༨༠ གཙོས་པའི་ཕྱི་རྒྱལ་མི་རིགས་དང་ངྷ་སར་གནས་སྡོད་བོད་རིགས་བཞི་སྟོང་  ༤༠༠༠ བརྒལ་བར། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་༼ རྟེན་འབྲེལ་བསྟོད་པ ༽བཀའ་ཁྲིད་གནང་མགོ་བཙུགས་ཡོད་ལ། སང་ཉིན་ཉིན་རྒྱབ་མང་ཚོགས་ལ་སྤྱན་རས་གཟིགས་ཀྱི་བཀའ་དབང་བཅས་སྩོལ་འཆར་ཡོད་འདུག  

གསུང་ཆོས་མགོ་འཛུགས་མ་གནང་གོང་༧གོང་ས་མཆོག་གིས་ཆོས་ཞུ་བ་ཚོར་བཀའ་སློབ་གནང་དོན། དེ་རིང་གི་ཆོས་དང་འབྲེལ་བའི་གདུལ་བྱ་གཙོ་བོ་ཝེ་ཊི་ནམ་རང་ནས་ཕེབས་པ་ཆགས་ཡོད། ངོས་རང་ཨ་རི་དང་ཧྤ་རན་སི། ཨོ་སི་ཊོ་ལི་ཡ་བཅས་སུ་ཝེ་ཊི་ནམ་གྱི་ནང་པ་མང་པོར་ཐུག་གྱི་ཡོད། ཐེངས་འདིར་ཝེ་ཊི་ནམ་ནས་ཕེབས་པ་འདི་གྲངས་འབོར་མང་ཤོས་ཆགས་ཡོད། ཝེ་ཊི་ནམ་ནས་ཆོས་དོན་གཉེར་ལ་ཕེབས་མཁན་ཚོར་འཚམས་འདྲི་དང་དགའ་བསུ་ཡོད། ངོས་ནས་ནམ་རྒྱུན་ཆོས་འབྲེལ་བྱེད་སྐབས་སྔོན་ལ་སངས་རྒྱས་ཀྱི་ཆོས་ངོ་སྤྲོད་བྱ་རྒྱུ་གལ་ཆེ་ཤོས་སུ་བརྩི་ཡི་ཡོད། གང་ཡིན་ཟེར་ན། ང་ཚོར་སངས་རྒྱས་ཀྱི་ཆོས་ལ་གོ་རྟོགས་གང་ཡང་མེད་པར། སངས་རྒྱས་ཀྱི་ཆོས་པ་ཡིན་ལབ་ནས་སྐྱབས་འགྲོའི་ཚིག་ཙམ་བཏོན་པ་དེས། ནང་པའི་ཆོས་བྱེད་ཀྱི་ཡོད་དྲན་གྱི་ཡོད། དཀོན་མཆོག་གསུམ་པོར་གོ་རྟོགས་གང་ཡང་མེད་པར་དད་པ་གཙོ་བོར་བྱས་ཏེ་འགྲོ་བ་འདི་སྔར་གྱི་འགྲོ་སྟངས་ཤིག་ཆགས་ཡོད། ད་ལྟ་འགྲོ་སྟངས་དེས་ཚད་ལོངས་ཀྱི་ཡོད་པ་མ་རེད། རྒྱ་གར་མཁས་པའི་གཞུང་ནང་། དབང་རྟུལ་དད་པའི་རྗེས་འབྲང་། དབང་རྣོན་ཆོས་ཀྱི་རྗེས་འབྲང་ཟེར་བའི་གདུལ་བྱ་མི་འདྲ་བ་གཉིས་ཡོང་གི་ཡོད། དབང་རྣོན་ཆོས་ཀྱི་རྗེས་འབྲང་ཟེར་བ་དེ། སྐྱབས་སུ་འགྲོ་སའི་ཡུལ་གང་དག་ཡིན་པ་ཤེས་པའི་ཐོག་སྐྱབས་སུ་སོང་ན། ཕན་ཐོགས་ག་རེ་ཡོད་པ་རེད། རྒྱུ་མཚན་ག་རེ་ཡོད་པ་རེད། དེའི་ཐོག་བསམ་བློ་བཏང་སྟེ། སྐྱབས་སུ་སོང་ན་དབང་རྣོན་ཆོས་ཀྱི་རྗེས་འབྲང་མཁན་ཡིན་པ་རེད། དཀོན་མཆོག་གསུམ་པོ་ངོ་མ་ཤེས་པར། ཕ་མེས་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བཞིན་ཡོད་པས་རྩ་ཆེན་པོ་ཆགས་ཡོད་པ་རེད་ཟེར་ནས་འགྲོ་མཁན་དེ་དབང་རྟུལ་དད་པའི་རྗེས་འབྲང་རེད། ང་ཚོ་དུས་རབས་ཉེར་གཅིག་པའི་ནང་བསྡད་ཡོད་པ་རེད། སོ་སོས་ཆོས་དད་བྱ་རྒྱུ་དེའང་དུས་རབས་ཉེར་གཅིག་པ་དང་འཚམ་པ་ཞིག་དགོས་རྒྱུ་ཤིན་ཏུ་གལ་ཆེན་ཆགས་ཡོད། སྔོན་ཆད་སྦམ་པོ་བྱས་ཏེ་ཁུངས་མ་འཁྱོལ་ཡང་ཡིན་མདོག་མདོག་གིས་འགྲོ་བསྡད་པའི་དུས་ཚོད་དེ་ཡོལ་ཟིན་པ་རེད། ཅེས་གསུངས་སོང་།  

ཡང་ཁོང་གིས་རྗེ་ཙོང་ཁ་པས་དབུ་མའི་ལྟ་བར་གཞི་བཅོལ་ཏེ་རྟེན་འབྲེལ་བསྟོད་པ་བརྩམས་དགོས་དོན་སྐོར་གསུངས་དོན། མགོན་པོ་ཀླུ་སྒྲུབ་ཀྱིས་སྟོང་ཉིད་སྐོར་རྩལ་དུ་བཏོན་ནས་གསུངས་ཡོད་པ་རེད། སྟོང་ཉིད་སྐོར་གསུངས་པའི་སྐབས་སྟོང་པ་ཉིད་ཀྱི་དོན་དེ་རྟེན་ཅིང་འབྲེལ་བར་འབྱུང་བ་རེད། སྟོང་པའི་དོན་དེ་རྟེན་འབྱུང་གི་དོན་ལ་དང་སྦྲེལ་ཏེ། རྟེན་འབྱུང་སྟོང་པ་དང་སྟོང་པ་རྟེན་འབྱུང་ཟེར་བའི་ཤེར་ཕྱིན་སྟོང་ཉིད་ཀྱི་དོན་བཤད་ཡོང་སྐབས། ཀླུ་སྒྲུབ་ཀྱིས་རྩལ་དུ་བཏོན་ནས་གསུང་ཡོང་གི་ཡོད། མགོན་པོ་ཀླུ་སྒྲུབ་ཀྱིས་དབུ་མ་རིགས་ཚོགས་དྲུག་དང་། དབུ་མ་རྩ་བ་ཤེས་རབ། སྟོང་ཉིད་བདུན་ཅུ་བ། རིན་ཆེན་ཕྲེང་བ་སོགས་གསུངས་ཡོད་པ་རེད། དེ་དག་ནང་སྟོང་དང་རྟེན་འབྱུང་གི་དོན་གཅིག་རྩལ་དུ་བཏོན་ནས་གསུངས་ཡོད་པ་དེ། བོད་གངས་ཅན་གྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ། ཆོས་རྗེ་བློ་བཟང་གྲགས་པས་མཛད་པའི་རྟེན་འབྲེལ་བསྟོད་པ་འདི་རེད། རྟེན་འབྲེལ་བསྟོད་པ་བརྩམས་པའི་དུས་ཚོད་དེ་ཡང་རྗེ་རིན་པོ་ཆེས་དཔྱད་འཇོག་ཟུང་འབྲེལ་གྱི་ཐོག དབུ་མའི་ལྟ་བ་ཉམས་ཞིབ་གནང་སྟེ། མཐའ་མར་སྟོང་པ་རྟེན་འབྱུང་གི་དོན་ལ་འཇོག་རྒྱུ་དང་། རྟེན་འབྱུང་སྟོང་པའི་དོན་ལ་འཇོག་རྒྱུའི་གོ་བ་དཔྱིས་ཕྱིན་པའི་ཐོག་ངེས་པ་རྙེད་མཚམས། སྟོན་པ་ཐུབ་པའི་དབང་པོར་རྒྱུ་མཚན་མཐོང་བའི་སྒོ་ནས། དམིགས་བསལ་དད་པ་ཞིག་འཁྲུངས་ཏེ་བསྟན་བཅོས་འདི་བརྩམས་པ་རེད། རྩ་བ་ཤེར་ཕྱིན་གྱི་དགོངས་པ་ཀླུ་སྒྲུབ་ཀྱིས་སྟོང་ཉིད་རིམ་པ་གཏན་ལ་ཕབ་སྟེ། དེའི་རྩ་དོན་སྟོང་པ་དང་རྟེན་འབྱུང་གི་སྙིང་པོ་གསུངས་ཡོད་པ་དེའི་ཐོག སངས་རྒྱས་ཀྱི་ཆོས་ཟེར་གང་འདྲ་ཞིག་ཡིན་པ་ངོ་སྤྲོད་བྱ་དགོས་པ་རེད། བཞི་བརྒྱ་པའི་ནང་ལ། བཅོམ་ལྡན་འདས་ཀྱི་བཀའ་ལ་ཐེ་ཚོམ་ཡོད་མཁན་གྱི་མི་ཞིག་ལ། དང་པོ་སྟོང་པ་ཉིད་བསྟན་པའི་ཐོག་ནས་རྒྱུ་མཚན་ངོ་འཕྲོད་པ་ཞིག་ཡོང་དགོས་པ་རེད། ཅེས་གསུངས་བྱུང་།

ལྟ་གྲུབ་འདྲ་མིན་གྱི་ཐོག་ནས་མིའི་སེམས་ལ་ཞི་བདེ་བསྐྲུན་ཐབས་སྐོར་ལ། ཆོས་ཀྱི་དགོས་པ་ཆོས་ལུགས་ཚང་མས་སེམས་ལ་མ་སྐྱིད་པ་ཡོང་བ་ཉུང་དུ་བཏང་སྟེ་སེམས་སྐྱིད་པོ་བཟོ་བ་དང་། རེ་བ་བརླགས་ཡོད་པ་དང་། སེམས་འཁྲུག་ཡོད་པ་དེ་ཚོ་སེལ་རྒྱུ་དེ་ཡིན་པ་རེད། འཛམ་གླིང་ཐོག་ཆོས་བརྒྱུད་མང་པོ་ཞིག་ཡོད་པ་རེད། ཆོས་ལུགས་དེ་གཉིས་སྡེ་ཚན་གཉིས་སུ་དབྱེ་ན། འཇིག་རྟེན་བཀོད་པ་འདོད་མཁན་གྱི་ཆོས་བརྒྱུད་སྡེ་ཚན་གཅིག་ཡོད། དེའི་ནང་ཡེ་ཤུ་དང་ཁ་ཆེ། ཇེའུ། ཧིན་དུ་སོགས་ཆོས་བརྒྱུད་མང་པོ་ཞིག་ཡོད། སྡེ་ཚན་གཞན་པ་དེའི་ནང་། འཇིག་རྟེན་བཀོད་པ་པོ་ཡོད་པ་མ་རེད། རང་རང་གི་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བ་རེད་ཅེས་བཤད་ཀྱི་ཡོད་ལ། དེའི་ནང་སངས་རྒྱས་པ་དང་གཅེར་བུ་བ། གྲངས་ཅན་ལྷག་མེད་པ་བཅས་ཡོད། དེ་གསུམ་པོས་འཇིག་རྟེན་བཀོད་པ་པོ་འདོད་ཀྱི་མེད་ལ། རྒྱུ་དང་རྐྱེན་ཙམ་ལ་བརྟེན་ནས་བདེ་སྡུག་འབྱུང་གི་ཡོད་པ་རེད་ལབ་ཀྱི་ཡོད། སྡེ་ཚན་གཉིས་ཀས་དགོས་པ་དང་དམིགས་ཡུལ་སེམས་ལ་ཞི་བདེ་ཡོང་རྒྱུ་དང་། སེམས་ལ་དངངས་སྐྲག་དང་མ་སྐྱིད་པ་ཡོང་བ་ཉུང་དུ་གཏོང་རྒྱུ་དེ་རེད། ཅེས་གསུངས་སོང་།  

ཆོས་ལུགས་ཀྱི་དམིགས་ཡུལ་གཞན་ཕན་ཡིན་པ་ལས་ལྟ་གྲུབ་ཀྱི་རྣམ་གཞག་མིན་པའི་ཐད་ལ། ཆོས་ལུགས་ཁག་ནང་འཇིག་རྟེན་བཀོད་པ་པོ་ཡོད་པ་རེད་གསུང་མཁན་དང་ཡོད་མ་རེད་གསུང་མཁན། སྐྱེས་པ་སྔ་ཕྱི་ཡོད་པ་རེད་གསུང་མཁན་དང་ཡོད་མ་རེད་གསུང་མཁན། གང་ཟག་གི་བདག་ཡོད་པ་རེད་གསུང་མཁན་དང་ཡོད་མ་རེད་གསུང་མཁན་སོགས་མི་འདྲ་བ་མང་པོ་ཡོད། སངས་རྒྱས་པའི་གཞུང་དུ་གཙོ་བོ་བརྟག་དཔྱད་ཀྱི་ལམ་ནས་གཏན་ལ་ཕབ་ཀྱི་ཡོད་པ་རེད། ལྟ་བ་ཕྱིན་ཅི་ལོག་པ་ཡིན་ནའང་། གདུལ་བྱའི་ཁམས་དང་མོས་པའི་ཁྱད་པར་དེས། ཕྱིན་ཅི་ལོག་པའི་ལྟ་བ་ཕན་ཐོགས་ཡོད་པ་ཞིག་ཡོང་གི་ཡོད། བཅོམ་ལྡན་འདས་ཀྱིས་སྐབས་རེར། ཕུང་པོ་ལྔ་ནི་འཁུར་རོ། ཁུར་འཁུར་པོ་ནི་གང་ཟག་གོ་གསུང་ཡོང་སྐབས། སྡུག་བསྔལ་བའི་ཕུང་པོ་ལས་དོན་གཞན་པའི་སྡུག་བསྔལ་འཁུར་མཁན་གྱི་བདག་ཡོད་པ་འདྲ་བོ་ཞིག་གསུང་གི་ཡོད། དེ་ནི་དགོས་པའི་དབང་གིས་གསུངས་བ་ཞིག་རེད། དངོས་བསྟན་གྱི་དོན་དག་དེ་ཕྱིན་ཅི་ལོག་པ་རེད། དེ་བཅོམ་ལྡན་འདས་ཀྱིས་མ་མཁྱེན་པའི་དབང་གིས་གསུངས་བ་མ་རེད། ཤེས་བཞིན་བཞིན་དུ་དགོས་པ་རྒྱུ་མཚན་ལ་བལྟས་ནས་གསུངས་བ་རེད། དགོས་པ་རྒྱུ་མཚན་ནི་ཕུང་པོ་ལས་དོན་གཞན་པའི་བདག་འདོད་མཁན་གྱི་བདག་ཅིག་ཡོད་པ་རེད་གསུང་བ་ཡིན་ན། བྱམས་པ་དང་བརྩེ་བར་ཕན་ཐོགས་ཡོད་མཁན་གྱི་གདུལ་བྱ་ཞིག་ལ། ཕུང་པོ་ལྔ་ནི་འཁུར་རོ་གསུངས་ན། ཕྱིན་ཅི་ལོག་པའི་ལྟ་བ་ཡིན་ཀྱང་། ཁོང་ལ་ཕན་གྱི་ཡོད་པ་རེད། ཕྱིན་ཅི་ལོག་པའི་ལྟ་བ་དེ་ཕྱིན་ཅི་ལོག་པ་ཡིན་པ་མཁྱེན་བཞིན་དུ། དགོས་དབང་གིས་ལྟ་བ་གསུང་གི་ཡོད་པ་རེད། དེ་ག་རེ་མཚོན་གྱི་ཡོད་པ་རེད་ལབ་ན། འཛམ་གླིང་འདིའི་ཐོག་ལྟ་གྲུབ་མི་འདྲ་བ་མང་པོ་ཡོད་པའི་ནང་། ལྟ་བ་མི་འདྲ་བ་དེར་ཁམས་དང་མོས་པ་སྣ་ཚོགས་དགོས་ཀྱི་ཡོད་དུས། ལྟ་བ་མི་འདྲ་བའི་གྲུབ་དོན་མིའི་སེམས་པ་བཟང་པོ་དགོས་པའི་བསླབ་བྱ་གཅིག་གྱུར་ཡིན་པ་དེ་ཆོས་ལུགས་ཚང་མས་དད་པ་བྱ་དགོས་པའི་རྒྱུ་མཚན་ཆགས་ཡོད། ལྟ་གྲུབ་མི་འདྲ་བ་རེ་ཡོད་པ་དེ་རྩོད་པ་རྩོད་རྒྱུའི་ཆེད་དུ་མ་རེད། དགོས་དོན་མི་ལ་ཕན་དགོས་ཀྱི་ཡོད་པ་རེད། མི་ལ་ཕན་ན་ལྟ་བ་ཕྱིན་ཅི་ལོག་ནའང་འགྲིག་པ་རེད། བཅོམ་ལྡན་འདས་ཀྱིས་དགོས་པའི་དབང་གིས་མཁྱེན་བཞིན་དུ་ཕྱིན་ཅི་ལོག་པའི་ལྟ་བ་གསུངས་ཡོད་པ་རེད། ཅེས་གསུངས་བྱུང་།   

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༩ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༩ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 2

  1. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    དྲ་གྲོགས་བརྩོན་རྒྱམ་ལགས།
    བསྟོད་མི་ཤེས་མཁན་ཞིག་གིས་བསྟོད་པ་ལས། །
    སྨད་མི་ཤེས་མཁན་ཞིག་གིས་སྨད་ན་དགའ། །ཞེས་པ་ཅིས་མི་བདེན། ཁྱེད་ཀྱིས།༼༧གོང་ས་མཆོག་སངས་རྒྱས་དངོས་སུ་ཕྱོན་ནས་བཀའ་ཆོས་གནང་པ་འདི་ནི་ངོ་མ་རིན་ཐང་མེད་པ་ཞིག་རེད།༽ ཅེས་པ་༸གོང་ས་མཆོག་ལ་བསྔགས་བརྗོད་ཡིན་ནམ་ཡང་ན་དམའ་འབེབ་ཡིན་ཡག་པོ་བྱས་ནས་བསམ་བློ་མཐོང།།

    Reply
  2. བརྩོན་རྒྱམ། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་སངས་རྒྱས་དངོས་སུ་ཕྱོན་ནས་བཀའ་ཆོས་གནང་པ་འདི་ནི་ངོ་མ་རིན་ཐང་མེད་པ་ཞིག་རེད།   ད་དུང་མི་གང་མང་ཞིག་གི་བློ་ཁ་ཆོས་སུ་བསྒྱུར་མི་ཐུབ་པ་ནི་ཐབ་སྐྱོ་བོ་རེད་ཟེར་གྱི་ཡོད་དེ་ནི་ངའི་རང་གི་མཐོང་སྟངས་ཤིག་གི་འདི་འདྲ་བྲིས་པ་ཡིན།   ཕྱི་རྒྱལ་མི་རིགས་འདི་ཚོ་སྙིང་རྗེ་སྐད་མ་གོ་ན་ཡང་༧གོང་ས་མཆོག་གི་སྐུ་དངོས་སུ་མཇལ་དུ་མིག་ཆུ་རང་དབང་མེད་པར་ཐོན་གྱི་འདུག་འདི་ཚོའི་དད་པ་ནི་ངོ་རིན་ཐང་གཞན་ན་མེད་པ་ཞིག་རེད།   བོད་མི་ཚོ་དེ་འདྲ་ཞིག་མིན་པས་རྒྱུ་མཚན་གང་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese