མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངེས་པར་དུ་བཀླག་དགོས་པའི་དཔེ་དེབ་ཅིག

བོད་ཀྱི་དུས་བབ།
༢༠༡༡/༠༧/༢༣
Share on FacebookShare on TwitterShare on EmailShare on Whatsapp

དཔེ་དེབ་བསྐྱར་ཞིབ།

ཐེ་བོ་ཤེས་རབ་རྒྱ་མཚོ།

ཤེས་རབ་ཀྱི་འོད་སྣང་ལས་མཆེད་ཅིང་མེ་དཔུང་ལྟ་བུའི་དཔེ་དེབ་ནི་ད་གཟོད་ཤེས་རྨོངས་ཀྱི་གྲོག་རོང་ལས་བརྒལ་བའི་རྐང་ཟམ་ངོ་མ་ཞིག་སྟེ། ཡོད་ཚད་ཀྱི་ཡོད་ཚད་ཉམས་རྒུད་ཀྱི་མུན་དོང་ནང་ཐུར་ནས་ཐུར་དུ་ཟགས་བཞིན་པའི་མི་རིགས་ཤིག་ལ་མཚོན་ན། དཔེ་དེབ་དེའི་རིགས་ནི་ངེས་པར་དུ་བཀླག་དགོས་ངེས་ཤིག་ཡིན་ལ། མ་བཀླགས་ཚད་མེད་ཀྱི་དཔེ་ཆ་ཞེས་པ་ཡང་དཔེ་ཆ་དེའི་རིགས་ལ་ཟེར་བ་ཡིན་ན་ཧ་ཅང་འོས་འཚམ་ཡིན།

གཤམ་ནས་བདག་གིས་སྐུ་ཞབས་རེ་མདོ་སེངྒེ་ལགས་ཀྱི་དཔྱད་བརྗོད་དེབ་འཕྲེང་གསུམ་པ་《བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས》 ཀྱི་ལྗིད་ཁོག་ཐད་ནས་སྐད་ཆ་ཚིག་ཀ་གཅིག་བཤད་འདོད་བྱུང་། ཁོང་ནི་རིག་གནས་དགག་སྒྲུབ་ཐད་བོད་ཕྱི་ནང་གཉིས་ཆར་ཤུགས་རྐྱེན་མི་ཆུང་བའི་གཞོན་སྐྱེས་རྩོམ་པ་པོ་ཞིག་ཡིན་ལ། ཉེ་ཆར་ྋགོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་ཁོང་གི་དཔྱད་བརྗོད་བརྩམས་ཆོས་དེབ་ཕྲེང་གསུམ་པ་《བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས》ཞེས་པའི་དཔེ་དེབ་འདི་ཤེས་རིག་ལས་ཁུངས་ཀྱིས་པར་བསྐྲུན་བྱས་ནས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་དངོས་སུ་དབུ་འབྱེད་གནང་ཡོད་པ་རེད།

དེ་རིང་ང་ཚོས་མི་ལོ་ལྔ་བཅུའི་རིང་འཐུས་ཚང་མ་ཡིན་པའི་བྱེས་ཀྱི་ཤེས་ཡོན་ལམ་ལུགས་འདིས་བསྐྱེད་པའི་མཐའ་འབྲས་ཀྱི་ངོ་བོ་དངོས་ལ་བསྐྱར་ཞིབ་ཅིག་བྱས་ཚེ། དངོས་གནས་མི་རྣམས་དངངས་སྐྲག་སྐྱེ་དགོས་པ་ཞིག་ཏུ་གྱུར་ཡོད་པ་དེ་ཡིན་ལ། ཁྱེད་ལྟ་བུའི་རང་མི་རིགས་ཀྱི་འབྱུང་འགྱུར་ལ་བསམ་གཞིགས་བྱེད་མཁན་གྱི་ཀློག་པ་པོ་ཞིག་གི་ངོས་ཐད་ནས་བལྟས་ན། དེས་བས་ནུབ་མོ་ཉལ་ཡང་གཉིད་མི་ཁུག་པའི་ཚད་དུ་བསྐྱལ་ཡོད།

དུས་རབས་ཉེར་གཅིག་པའི་མིའི་རིགས་ཀྱི་འཇིག་རྟེན་འདི་ནི་ཤེས་ཡོན་གྱིས་ཁ་ལོ་བསྒྱུར་བའི་གཏན་སྲོལ་འདིར་འུ་ཚོའི་སྤྱི་ཚོགས་ཆུང་ཆུང་འདིས་གོ་བ་གཏིང་ཟབ་ཅིག་ལོན་ཚེ། དེས་འུ་ཚོས་ཤེས་ཡོན་ལ་ཅི་ཙམ་མཐོང་ཆེན་བྱེད་དགོས་པ་དང་། དེས་འུ་ཚོས་ཤེས་ཡོན་ལམ་ལུགས་ལ་ཅི་བས་ཀྱང་གཙིགས་ཆེར་ག་འདྲ་འཛིན་དགོས་མིན་ཐད་ངེས་ཤེས་གཏིང་ཟབ་ཅིག་འདྲོང་ངེས་ཡིན། 《བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས》འཇིག་རྟེན་དུ་མ་འཁྲུངས་པའི་ཡར་སྔོན་ནས་བོད་མིའི་སྒྲིག་འཛུགས་ཀྱིས་ཤེས་ཡོན་སྲིད་བྱུས་གསར་པ་ཁྲིམས་སུ་བཅས་ཤིང་གཏན་ལ་ཕབ་ཟིན་ནའང་། རྒྱུ་རྐྱེན་མང་པོ་ཞིག་གིས་སློབ་གྲྭ་ཁག་ཏུ་ལག་བསྟར་གྱིས་མདུན་སྐྱོད་བྱེད་རྒྱུར་ད་དུང་ཡང་བཀག་རྒྱ་མི་ཉུང་བ་ཞིག་ཐེབས་ནས་ཡོད་པ་དང་། བཀག་རྒྱ་དེ་གང་ན་ཇི་ལྟར་ཐེབས་ནས་ཡོད་པའི་ཐད་སྤྱི་ཚོགས་ཁྲོད་ད་སྔ་ཕན་ངོས་འཛིན་བྱེད་སྟངས་གཅིག་གྱུར་བྱུང་མྱོང་མེད་པ་དང་། གཅིག་བྱས་ན་དེ་ནི་སྒེར་ཕན་རིང་ལུགས་པ་ཚོས་ངོས་འཛིན་གཅིག་གྱུར་མ་བྱས་པ་ཞིག་ཀྱང་ཡིན་སྲིད་པ་རེད།

གང་ལྟར་ཀྱང་། 《བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས》 ནི་དེའི་ཐོག་ལ་དཔྱད་ཞིབ་བྱས་པའི་དཔེ་དེབ་ཐོག་མ་དེ་ཡིན་ལ། བོད་མི་རིགས་ཀྱི་ཤེས་ཡོན་བྱུང་རབས་ཀྱི་ངོས་ཐད་ནས་བལྟས་ན། བོད་ནང་ནས་སློབ་གསོའི་སྐོར་གྱི་དཔེ་དེབ་རེ་གཉིས་ཐོན་ཡོད་པ་ལས་སློབ་གསོའམ། ཤེས་ཡོན་ལམ་ལུགས་ཀྱི་སྐོར་ལ་ཚུལ་གསུམ་རིགས་པ་ཡང་དག་གིས་གཏན་ལ་ཕབ་ནས་དཔྱད་ཞིབ་གཤིབ་གསུམ་བྱས་པའི་དཔེ་དེབ་ཅིག་ད་སྔ་བྱུང་མྱོང་མེད་པའི་སྟོང་ཆ་དེ་ཡང་། ད་ལན་སྐུ་ཞབས་རེ་མདོ་སེངྒེ་ལགས་ཀྱི་《བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས》ཀྱིས་ཁ་སྐོང་བྱས་ཡོད་པ་འདི་ང་ཚོས་མིག་མཐོང་ལག་ཟིན་ཡིན་དུ་གྱུར་ནས་ཡོད།

ད་བར་བྱེས་ཀྱི་ཤེས་ཡོན་སློབ་གསོའི་ཐོག་གི་སྐྱོ་གནད་འདིའི་འབྱུང་རྩའི་སྐོར་ནས་གླེང་སློང་བའི་སྐབས། དགེ་རྒན་གྱིས་སློབ་མ་དང་སློབ་མའི་ཁྱིམ་བདག་གིས་མ་འཐུས་ཚུལ་དང་། སློབ་མ་དང་སློབ་མའི་ཁྱིམ་བདག་གིས་དགེ་རྒན་གྱིས་མ་འཐུས་ཚུལ་དང་། དགེ་སློབ་དང་ཁྱིམ་བདག་གསུམ་ཆ་ཕྱོགས་གཅིག་ཏུ་འཛོམས་ཚེ་སློབ་གྲྭའམ་སྒྲིག་འཛུགས་ཀྱིས་མ་འགྲིག་ཚུལ་བཤད་ནས་གཡོལ་ཐབས་ཀྱིས་མི་ལོ་ལྔ་བཅུ་ཐམ་པ་བསྐྱལ་ཟིན་ནའང་། འཕྲིན་ཡིག་ཙམ་ཡང་མགོ་མི་འཁྱོངས་པའི་སློབ་མའི་སྡེ་ཆེན་པོ་ཞིག་འཚར་ལོང་འབྱུང་གིན་ཡོད་པ་འདིས། ཁོང་ཚོས་རྒྱུ་རྐྱེན་ལ་ཅི་ཙམ་གཡོལ་ཐབས་བྱས་ཀྱང་མཐའ་འབྲས་ནི་དམར་དམར་རྗེན་རྗེན་དུ་བསྟན་ཡོད་པའི་ཀླད་གོར་ཞིག་ཡིན་པས། སུ་ཡང་དེའི་ཐད་ལ་ཕྱིར་སྣུར་བྱེད་ས་ཞིག་གཏན་ནས་ལྷག་མེད།

བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་གནད་འགག་ངོ་མ་འདི་ལས་ནམ་ཡང་འགག་སྒྲོལ་བྱེད་ཐུབ་ཀྱི་མེད་པའི་སྐབས་འདི་འདྲ་ཞིག་ལ། 《བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས》ཀྱི་འོད་རླབས་རྣོན་པོ་འདིས་ད་གཟོད་གནད་དོན་དེ་དག་རྦད་དེ་གསེད་བཀྲོལ་གྱིས་འགག་སྒྲོལ་བྱས་ཟིན་པས། ད་ནི་ང་ཚོ་བློ་གཅིག་སེམས་གཅིག་གིས་ཤེས་ཡོན་སྲིད་བྱུས་གསར་པའི་ཐོག་ལ་ཤར་སྐྱོད་ཇི་ལྟར་བྱ་རྒྱུར་རམ་བླ་ན་མཐོ་བ་ཞིག་བཏེགས་ནས་ཡོད་པ་རེད།

མ་གཞི་འགྲོ་བ་མིའི་རིགས་ཀྱི་འཇིག་རྟེན་དུ། འདི་ལྟ་བུའི་ཤེས་རབ་དང་། འདི་ལྟ་བུའི་དཔྱོད་ཤེས་ཀྱི་ངར་ཁ་བརྡར་བ་ན་ད་གཟོད་འཕེལ་རྒྱས་ཀྱི་ལམ་ཁ་གསར་དུ་བཏོད་ཀྱིན་ཡོད་པས། ད་ལན་སྐུ་ཞབས་རེ་མདོ་སེངྒེ་ལགས་ཀྱིས་རྣོ་མྱུར་གསལ་ཟབ་ཀྱི་ཀྱི་རིག་འཕྲུལ་ཞིབ་མོས། བྱེས་ཀྱི་བོད་མིའི་ཤེས་ཡོན་འཐུས་ཤོར་ཐད་ཀྱི་འགག་རྩར་དཔྱད་ཞིབ་གཤིབ་གསུམ་བྱས་ནས། མི་ལོ་ལྔ་བཅུའི་རིང་གི་འཐུས་ཤོར་གྱི་འགག་སྒོ་ངོ་མ་དེ་བརྟོལ་བར་བྱས་ཡོད་པ་འདིས། དགེ་སློབ་དང་འཛིན་སྐྱོང་འགན་ཁུར་བ་རེ་ཟུང་གི་རང་ལྟ་མཆོག་འཛིན་གྱི་རྫོང་གོག་དེ་རྨང་ནས་འགྱེལ་བར་བྱས་ཡོད་པས་འདི་ནི་ཧ་ཅང་དགའ་འོས་པ་ཞིག་ཡིན།

ཁོང་གིས་མི་ལོ་ལྔ་བཅུའི་རིང་བྱེས་ཀྱི་སྤྱི་ཚོགས་ཁྲོད་དུ་ཤེས་ཡོན་ཐུས་ཤོེར་ཅིའི་ཕྱིར་བྱུང་བའི་ཐད་མཇུག་བསྡོམས་གསལ་ཐིང་ངེར་བརྒྱབ་ཡོད་པས། ད་ནི་ང་ཚོ་ལ་ཤེས་ཡོན་སྲིད་གསར་པའི་ལམ་ཁར་གོམ་པ་ཇི་ལྟར་སྤོ་མིན་ལས་གཞན་ཅི་ཡང་མ་ལྷག་པར་བྱས་ཡོད།

《བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས》ལ་ཁྱད་ཆོས་དེ་དག་ཁོ་ན་ལས་མེད་པ་མ་ཡིན་ཏེ། ད་དུང་དཔེ་དེབ་འདིའི་ནང་དུ་བོད་ནང་གི་ཤེས་ཡོན་གནས་བབ་ལའང་དཔྱད་ཞིབ་དཔྱིས་ཕྱིན་པ་གནང་ཡོད་པ་དང་། བོད་ཀྱི་ཤེས་ཡོན་ལམ་ལུགས་ལ་ཉམས་ཞིབ་གནང་མཁན་གྱི་བོད་རིག་པ་བ་ཞིག་ལ་མཚོན་ན་བཤད་ན་ཡང་། དཔེ་དེབ་འདི་ཅིས་ཀྱང་བཀླག་དགོས་ངེས་ཤིག་ཡིན་ཏེ། དུས་རབས་བདུན་པ་ནས་ད་ཐུག་གི་བར་གྱི་བོད་ཀྱི་ཤེས་ཡོན་ལམ་ལུགས་ལ་རིགས་པ་ཁུངས་འདེད་ཀྱིས་དམིགས་ཕུག་པའི་དཔྱད་ཞིབ་བྱས་པའི་དཔེ་དེབ་རིན་ཐང་བྲལ་བ་ཞིག་རེད།

བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་“ཉམས་ཞིབ་པ་རེ་མདོ་སེངྒེས་བློ་གཟུ་བོར་གནས་པའི་ཐོག ཕྲ་ཞིང་མཛངས་ལ་ཞིབ་པའི་བློ་གྲོས་ཀྱིས་དཔྱད་པ་ཕུན་སུམ་ཚོགས་པའི་ལམ་ནས་སྲོལ་རྒྱུན་མཐའ་དཔྱོད་ཀྱི་ཁྱད་ཆོས་དང་། དེང་རབས་ཉམས་ཞིབ་ཀྱི་གནས་ཚད་གཉིས་འཛོམས་ཡོད་པའི་རྩོམ་ཡིག་འདིས་ཀློག་པ་པོ་རྣམས་ལ་དོན་ཕན་རླབས་ཆེ་རྒྱུན་སྲིང་ཡོང་བའི་ཡིད་ཆེས་ཡོད།”ཅེས་དཔེ་དེབ་འདིའི་རིན་ཐང་ལ་མཐའ་བསྡོམས་གནང་ཡོད།

མཐར་གཏུག་ནས་བཤད་ན། 《བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས》འདི་མགོ་བཀའ་བློན་ནས་མཇུག་སྔོན་འགྲོ་འཛིན་གྲྭའི་བུ་གུ་ཡན་ཆད་ཀྱིས་ངེས་པར་དུ་ལྟ་ཀློག་བྱེད་དགོས་པའི་དཔེ་དེབ་ཅིག་རེད་ཅེས་བདག་གིས་བཤད་འདོད་བྱུང་ངོ་།།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༣ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༤ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༨ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 18

  1. སྒ'པ'བསོད'ནམས'དར'རྒྱས'། says:
    ལོ་ 15 སྔོན།

    སིྤྱ’གཏང’བསོྟད’ར’སྨད’ར’གང’བྱས’ཀྱང’རང’དབང’རེད’། ཡིན’ན’ཡང’ངས’ལྟས’ཚད’ལ’མི’དེ’ཙོ’ནི’ཕལ’ཆེ’བོད’ཡིག’འབིྲ’བ’བཀའ’ངལ’གང’ཚམ’ཡོད’པ’འདྲ’། སོ’སོ’ཡག’པོ’ལམ’ནས’འགོྲ’མ’ཤེས’། ད’དུང’མི’ལ’སོྐྱན’བརོྗད’བེྱད’ཡ’དེ’ག’འདིྲ’ཡིན’ན’། ལྷག’པར’དུ’ཤེས’འཇོན’གཉིས’ལྡན’གིྱ’མཁས’དབང’སོླབ’དཔོན’ཟམ’གདོང’རིན’པོ’ཆེ’ལ’ཡང’དམའ’འབེབས’པ’ནི’ནོར’ནས’སྐྱག’པ’ཟ’མཁན’ཞིག’ཡིན’པ’ནི’ཐེ’ཚོམ’མེད’དོ’། རེྗས’མ’ནས’དེ’འདིྲ’རིགས’མ’སེྤལ’ན’ཡག’པོ’འདུག’ཞེས’འབོད’སྐུ’ཞུ’།

    Reply
  2. གངས་ཕྲུག་ཁེར་རྐྱང་། says:
    ལོ་ 15 སྔོན།

    ཡག་སྡུག་གང་འདྲ་ཡོད་རྗེས་མར་བཤད་ཆོག་

    Reply
  3. ཁ་བ་སྐམ་པོ། says:
    ལོ་ 15 སྔོན།

    དྲ་གྲོགས་ལགས།
    ངས་ཁྱོད་ཀྱི་བསྒྲགས་བཞིན་པ་འདི་ལས་རེབ་མདོ་གླེང་ཁུལ་ཡིན། དགག་སྒྲུབ་བྱེད་པས་རྣམ་པ་མེད་པའི་སྟེང་ནས་ངས་དཔེ་མཚོན་གཅིག་བཤད་ན།
    ཁྱོད་ཀྱིས་གསུངས་བ་ལྟར་༼དང་པོ་གཅིན་པ་ཀ་ཏོ་ར་གང་བཏང་ནས་དེའི་ནང་ལ་སོ་སོའི་ངོ་གདོང་ག་འདྲ་འདུག་ལྟོས༽དང་པོ་ཀིརྟི་མཐོ་སློབ་སླར་གསོ་བྱས་བསམ་བློ་ཀུ་ཡངས་རེ་སོ་བཏང་
    ད་གཟོད་བཙན་བྱོལ་དང་དེ་དག་ལ་ཤེས་ཡོན་སྲིད་ཇུས་བསླབ་ན་གནས་ལུགས་ཞིག་རེད་སྙམ།
    འདི་ཕལ་ཆེར་ཁྱོད་ཀྱི་འདོད་པ་དང་གཅིག་པ་མ་རེ་བེ།

    Reply
  4. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    ལོ་ 15 སྔོན།

    གྲོགས་ཁ་བ་སྐམ་པོ་ལགས། ངས་གནས་ལུགས་དང་བདེན་པ་བརྡར་མཁན་ཚོར་ནམ་ཡང་བརྩི་འཇོག་བྱེད་ཀི་ཡོད། ཁྱེད་ལའང་དེའི་རང་བཞིན་ཡོད། ཤེས་ཡོན་ལམ་ལུགས་ཐད་ཀྱི་སྐད་ཆ་ནི་ལོ་རྒྱུས་ལ་ཉམས་ཞིབ་ཡང་དག་པ་ཞིག་བྱས་ནས་ད་གཟོད་བཤད་དགོས་པའི་སྐད་ཆ་ཞིག་རེད། ངས་བསམ་ན་འདིའི་ཐད་ལ་འུ་ཚོ་མི་ཚང་མར་འགན་ཡོད་པ་རེད་སྙམ། ང་ཚོས་རྩོམ་པ་པོ་མི་གླེང་བར་བརྩམས་ཆོས་གླེང་ཚེ་དེས་ང་ཚོ་ལ་དགོས་པའི་གནད་དོན་ཞིག་གསེད་བཀྲོལ་བྱེད་ཐུབ་རྒྱུ་རེད། ང་ཚོ་ཚང་མ་དུས་རབས་གསར་པའི་མི་བུ་སྒལ་ཚིགས་ཅན་དག་ཡིན་ཟེར་ཀི་ཡོད་ནི་རེད། དེར་བརྟེན་ང་ཚོས་ཁྱད་ཆོས་མ་འདྲ་བ་ཞིག་གི་ཐོག་ནས་གནད་དོན་ལ་བགྲོ་གླེང་བྱ་དགོས་པ་རེད། ར་བཟི་བ་ཚོས་བྱེད་སྟངས་ལྟར་བྱས་ནས་རང་གཞན་གྱིས་མི་གོ་བའི་ལྡབ་ལྡིབ་ཅིག་བཤད་བསྡད་ན། དུས་ཚོད་གྲོན་བྱེད་མ་རེད་དམ། ངའི་རེ་བ་ལ་ཁྱེད་ཀྱིས་ངས་སྤེལ་བའི་ཡི་གེ་འདི་ལ་དགག་སྒྲུབ་ཡང་དག་པ་ཞིག་བྱ་རྒྱུར་ངས་སེམས་གཏིང་ནས་དགའ་བསུ་ཞུ་རྒྱུ་ཡིན།

    Reply
  5. རྫ་སྲས་བདེ་ཆེན says:
    ལོ་ 15 སྔོན།

    གཅིག རེ་མདོའི་འཆད་རྩལ་དང་འབྲི་རྩལ་གཉིས་ལས་འབྲི་རྩལ་གྱི་ལེགས་པ་དང་། གཉིས། དེབ་འདི་སྐྱ་ཆད་སྔོ་སྡུག་གི་བཙན་བྱོལ་བོད་ཀྱི་ཤེས་ཡོན་སྲིད་ཇུས་དང་འབྲེལ་ནས་གླེང་བ་དེ་ཁ་ཚ་དགོས་གཏུགས་ཤིག་ཆགས་བསྡད་ཡོད་པ་སོགས་རྒྱུ་མཚན་གང་ནས་བཤད་ཀྱང་དེབ་འདི་ཧ་ཅང་ཀློག་དགོས་པ་ཞིག་ཡིན་པར་རབ་ཏུ་འདོད་པས། ཐེ་བོ་ཚང་ལ་དེབ་འདི་ཡོད་ན་ང་ལ་ལན་གཅིག་གཡར་བར་འཚལ་ཞེས་རེ་བ་ཞུ།

    Reply
  6. ཁ་བ་སྐམ་པོ། says:
    ལོ་ 15 སྔོན།

    དྲ་གྲོགས་ལགས། ཁྱོད་ཀྱིས་ང་ལ་ཁྱོས་བཤད་མི་ཤེས་མོ།
    གཞན་གྱིས་གང་བཤད་ལ་ཁྱོད་མི་དགའ་མོ།
    ཁྱོས་མི་འཇོན་མོ། གཞན་གྱིས་གང་འཇོན་ལ་ཁྱོད་མི་དགའ་མོ་ཟེར་ན།
    གྲྭ་བའི་ཁྱིམ་ཚང་གི་སློབ་གསོ་བཤད་པ་དང་གཅིག་པ་རེད།

    Reply
  7. གཞིས་ཆགས་བུ། says:
    ལོ་ 15 སྔོན།

    དཔེ་དེབ་དེ་ནི་ངས་སྐུའི་འཁྲུངས་སྐར་སྐབས་གཙུག་ལག་ཁང་གི་རྒྱལ་སྒོ་ཆེན་པོ་དེའི་སྒོམ་འགྲམ་དུ་བཙོང་གི་ཡོད་པ་རིག་ནས། ལམ་སེང་དཔེ་དེབ་དེར་འགོ་འཇུག་བར་གསུམ་དུ་ཁྱུག་ཙམ་རིང་བལྟས་ནས། བཀླགས་འདོད་ཀྱི་འདུན་པ་སྐྱེས་ནས་ལམ་སེང་ཨམ་བྲག་ནས་སྒོར་མོ་མང་པོ་མེད་ནའང་དེ་ཉོས་པ་ཡིན། དེ་ནས་ཕྱི་དྲོ་རང་ཤག་ཏུ་སླེབས་མ་ཐག་ནས་ཀློག་འགོ་བཙུགས་པ་ཡིན། ངོ་མ་དེབ་དེ་ཡག་པོ་ཞིག་འདུག

    ལྷག་པར་དུ་སློབ་ཁག་གི་དགེ་བའི་བཤེས་གཉེན་རྣམས་ཀྱིས་དཔེ་དེབ་དེ་ཀློག་ཐུབ་ན་ངོ་མ་ཤེས་ཡོན་སྤྲོད་ཕྱོགས་ཀྱི་ཐད་འགྱུར་བ་འབྱུང་སྲིད།

    སྐུ་ཞབས་རེ་མདོ་སེང་གེ་ལགས་ཀྱིས་དཔེ་དེབ་དེ་འདྲ་ཞིག་བརྩམས་གནང་བར་སྙིང་དབུས་ནས་ཐུགས་རྗེ་བླ་མེད་ཞུ་རྒྱུ་ཡིན།

    Reply
  8. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    ལོ་ 15 སྔོན།

    ངས་འདི་ནས་རེ་མདོ་སེངྒེ་བགྲོ་བ་མ་ཡིན་པར་ཁོང་གི་བརྩམས་སྟེང་ལ་གླེང་བ་ཡིན། དོན་ངོ་མ་མྱི་སྐད་བཤད་བསམ་ན། དང་པོ་དེབ་འདི་ཡག་པོ་བྱས་ནས་ཀློགས། དེ་ནས་ངས་བཤད་པ་དང་དེབ་ཀྱི་ནང་དོན་ལ་བར་ཁྱད་ཤོར་ཡོད་ཚེ་ད་གཟོད་སྐད་ཆ་བཤད་དུ་ཤོག ངས་སྐད་ཆ་དྲང་མོ་བཤད། ཁྱོད་ཚོ་ལ་ད་ལྟ་སྐད་ཆ་བཤད་རྒྱུའི་ཐོབ་ཐང་ཡོད་པ་མ་རེད། བརྩམས་ཆོས་བཀླགས་མ་མྱོང་བར་དགག་པ་རྒྱག་གི་འདུག ད་དུང་ང་ལ་དྲི་བ་གཅིག་ཡོད། ཁྱེད་ཚོས་བརྩམས་ཆོས་དགག་གི་ཡོད་དམ། རྩོམ་པ་པོ་དགག་གི་ཡོད། རྩོམ་པ་པོ་དགག་གི་ཡོད་ན་ང་ལ་བཤད་རྒྱུ་ཅང་མེད། འོན་ཀྱང་ངས་བསམ་ན་འདིར་སྐད་ཆ་ཤོད་མཁན་མང་པོ་ཞིག་གིས་བཤད་པའི་སྐད་ཆ་དེ་ཚོ་བརྩམས་ཆོས་དང་འབྲེལ་བ་གང་ཡང་མི་འདུག དེར་བརྟེན་ངས་ལན་རྒྱག་གི་མིན། དང་པོ་གཅིན་པ་ཀ་ཏོ་ར་གང་བཏང་ནས་དེའི་ནང་ལ་སོ་སོའི་ངོ་གདོང་ག་འདྲ་འདུག་ལྟོས། སོ་སོའི་ངོ་གདོང་གསལ་པོ་ཞིག་མཐོང་རྗེས་གཞི་ནས་ཁྲོམ་ལ་བཏོན་ནས་མིའི་ངོ་གདོང་གི་སྐྱོན་འཚོལ།

    Reply
  9. ཁྲི་སྲོང་བཙན། says:
    ལོ་ 15 སྔོན།

    རེ་མདོ་སེངྒེ་ལགས་ཀྱི་བྱས་རྗེས་ལ་བསྔགས་བརྗོད་ཞུ། ང་ཚོའི་སྤྱི་ཚོགས་ནང་
    རྩོམ་པ་པོ་སྒེར་གྱི་སེམས་ཁམས་མཚོན་པའི་སྙན་ངག་དེབ་ཕྲེང་རི་ལྟར་སྤུངས་ཡོད་ཀྱང་། ཤེས་ཡོན་སློབ་གསོའི་སྐོར་གྱི་དཔྱད་རྩོམ་ནི་ཉུང་བའི་སྐྱོན་ཡིན། དེས་ན་
    ཤེས་ཡོན་པའི་མིང་འཛིན་མཁན་ཚང་མས་ཕྲག་པ་དོག་པའི་བསམ་བློ་དོར་ནས་ཁ་ཚ་དགོས་གཏུགས་ཀྱི་དཔྱད་རྩོམ་འདི་ལྟ་བུར་གང་མང་གནང་རོགས་ཞུ་རྒྱུ་ཡིན།།

    Reply
  10. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    སྤྱིར་བཏང་དེབ་མ་ཀློག་པར་བསྟོད་ར་འཐེན་པ་དང་ཁ་གཡང་འབོད་པ་སོགས་ནི་དེ་ཙམ་ཡག་པོ་ཞིག་ཁྱོན་ནས་མིན་ལ། ང་རང་དགའ་བོ་ཡང་མེད་མོད། རྩོམ་པ་པོ་ཁོང་ནི་སེར་མོ་ཡི་སྤྱི་ཚོགས་ནང་གི་དྲང་ཚུགས་ཅན་གྱི་རྩོམ་པ་པོ་དང་གྲྭ་བའི་ཀུན་སྤྱོད་སོགས་ལས་ནམ་རྒྱུན་མི་འདའ་མཁན་ཞིག་ཡིན་པས་ཁོང་གི་རྩོམ་དེབ་ལ་རྟེན་འབྲེལ་ཞུ་རྒྱུ་དང་ཁོ་བོས་ཀྱང་མྱུར་ཏུ་ཀློག་ཐུབ་པའི་སྨོན་འདུན་ཡོད།

    Reply
  11. ཁ་བ་སྐམ་པོ། says:
    ལོ་ 15 སྔོན།

    རེབ་མདོ་སངྒེའི་དེབ་དེའིེ་རྒྱབ་ཤ་ངོ་མ་ཡག་གི
    རྩོམ་པ་པོ་ཐེ་བོ་ཤེར་རབ་ལགས
    རྩོམ་པ་པོ་ངོ་མ་ཞིག་ཡིན་ན་ཕྱོགས་ཞེན་སྤང་དགོས
    ངས་ཁྱེད་ལ་ཕྱོགས་ཞེན་ཡོད་ཁུ་བཤད་ཀི་མེད།
    འོན་ཀྱང་འུད་སྟོད་ཀི་ཅི་བྱེད་རེབ་མདོ་སངེྒ་བསམ་བློ་གང་ཡང་མེད་པ་ངས་ཁ་ཚོད་བཅད་ནས་བཤད་ཐུབ། འདི་ངོ་མ་ཡིན། ཁོར་ཟམ་གདོང་ལྟ་བུའི་མི་གཞི་མེད་ནི་ཞིག་གི་སྟོད་བསྔགས་བཏང་ཡོད་ཁུ
    ད་དུང་ཐུབ་བསྡན་ལུང་རིག་ཟེར་བའི་ཟམ་གདོང་གི་རྐུབ་ལྡག་རྒྱུ་མ་གཏོགས་མི་ཤེས་བ་དེའི་ཅིག་བཤད་འདུག ཡིན་ན་ཡང་ཁོའི་བཙན་བྱོལ་གྱི་སློབ་གསོའི་གནད་དོན་གང་ཡང་ཤེས་མི་འདུག
    རེབ་སེང་གི་པད་མ་འབུམ་ལ་བྲིས་བ་ཡིན་ཟེར་བས་དེབ་དང་ཁྱོད་ཀྱིས་བསྒྲགས་བཞིན་བའི་དེབ་འདི་དག་ནང་ལེན་རྒྱུ་གང་ཡང་མི་འདུག མ་གཞིར་ཁོ་ལ་ཤེས་ཡོན་པ་ངོས་ལེན་བྱེད་པའི་སྤོབས་པ་མི་འདུག
    འདི་དག་སུ་ལ་ཡང་གསལ་བོ་ཡིན་ནི་རེད། ཁྱོད་འགོ་འཁོར་མི་ཉན་ཡ་་་་་་

    Reply
  12. ཀླུ་སྨྱོན་ཧེ་རུ་ཀ says:
    ལོ་ 15 སྔོན།

    རེ་མདོ་སེང་གེ་ལགས་ནི་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ང་སྐྲག་སའི་མི་གསུམ་ནང་གི་གཅིག་ཡིན།

    Reply
  13. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    ལོ་ 15 སྔོན།

    གྲགས་བསོད་ལགས། ངས་ཁྱོད་ལ་གཅིག་འདྲི། དཔེ་དེབ་འདིས་ཁྱོད་ལ་དེ་ལྟའི་ཚོར་བ་ཞིག་སྤྲད་མ་སོང་ངམ། བསམ་བློ་ཡི་འཁོར་སྤྱོད་མང་དུ་རྒྱས་སུ་མ་བཅུག་མ་བྱུང་ངམ།

    Reply
  14. samten says:
    ལོ་ 15 སྔོན།

    མི་བུ་ཁོ་ལྟ་བུ་ཞིག་གིས་བྲིས་བའི་བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས་ཐོིག་ལ་སོང་བ་ཡིན་ན་དེ་ནི་བོད་གཞུང་དམངས་གཉིས་ཀྱིས་ཤེས་ཡོན་དང་ཆབ་སྲིད་གཉིས་ཀའི་རྒྱུད་ཉམས་པའི་ནོར་འཁྲུལ་ཤོརབའི་སྔ་ལྟས་ཞིག་ཅི་ལ་མིན།
    ཁོ་ལ་བོད་ཀྱི་སྲོལ་རྒྱུན་གྱི་སྙན་ངག་དང་རྒྱལ་རབས་ཕྱོད་ཅུང་ཙམ་རྒྱུས་ཡོད་པ་ནི་བདེན་དུ་སྣང་མོད། དེ་མིན་ཁོ་ལ་ཕྱིའི་ལྟ་རྒྱ་དང་མཐོང་རྒྱ་ཅི་ཡང་མེད་པའི་དུས་རབས་ཉི་ཤུ་རྩ་གཅིག་པའི་བོད་མི་ཞིག་གསོ་སྐྱོང་བའི་ནུས་བ་མེད། ཁོ་ནི་ཨུ་ཚུགས་དང་ཕྱོགས་རིས་ཅན་ཞིག་ཡིན་པ་ནི་བདེན་དུ་སྣང་ངོ། དོན་མེད་ཀྱི་བསྟོད་ར་བཤད་པ་ཞིག་ཁྱོད་ཀྱི་རྒྱན་དུ་མི་སྣང་ངོ།

    Reply
  15. གྲགས་བསོད་ says:
    ལོ་ 15 སྔོན།

    ཁྱོད་ཀྱིས་མ་བགླགས་ཚད་མེད་ཀྱི་དཔེ་ཆ་ཞེས་པ་ཡང་དཔེ་ཆ་དེའི་རིགས་ལ་ཟེར་བ་ཡིན་ན་ཧ་ཅང་འོས་འཚམ་ཡིན་བཤད་འདུག དེ་ནི་ཁྱོད་ཀྱི་མ་བགླགས་ཚད་མེད་ཀྱི་དཔེ་ཆ་ངོས་མ་ཟིན་པའི་རྟགས་རེད། གང་ཡིན་ཟེར་ན། དེ་འདྲའི་དཔེ་ཆ་ཡིན་ན་བགླགས་པ་ཙམ་གྱི་མི་ལ་ཚོར་བ་སྤྲོད་ཐུབ་པ་དང་བསམ་བློ་ཡི་འཁོར་སྤྱོད་མང་དུ་རྒྱས་དགོས་མཁན་དགོས་པ་རེད།

    Reply
  16. བཀྲ་ཤིས་སྒྲོལ་མ། says:
    ལོ་ 15 སྔོན།

    བོད་ཀྱི་ཤེས་ཡོན་སློབ་གསོའི་བྱུང་རིམ་དང་དེ་འབྲེལ་སྲིད་ཇུས་སོགས་ཀྱི་ཐད་རྩོམ་པ་པོ་རེ་མདོ་སེང་གེས་ཉམས་ཞིབ་བྱས་པའི་དཔེ་དེབ་ཅིག་ཤེས་རིག་ལས་ཁུངས་ཀྱིས་འགྲེམས་སྤེལ་བྱས་འདུག་ཅེས་ཐོས་སོང་། དོ་སྣང་ཆེན་པོས་བལྟ་འདོད་བྱུང་། འོན་ཀྱང་ཡུལ་གྱིས་བསྐལ་སྟབས་དེ་མ་ཐག་ཏུ་བལྟ་རྒྱུ་མ་བྱུང་ལ། ད་དུང་ལག་ཏུ་ཡང་མ་འབྱོར། འོན་ཀྱང་གྲོགས་པོ་ཞིག་ལ་ལྡི་ལི་ནས་དཔེ་དེབ་དེ་བཞིན་གུས་མོར་སྦྲག་ཁང་བརྒྱུད་བསྐུར་རྒྱུར་བསྐུལ་བ་བཞིན་བསྐུར་ཚར་འདུག མི་འགྱང་བར་ལག་ཏུ་འབྱོར་ཚོད་ཡོད། དེ་དུས་བལྟ་ངེས་ཡིན། དེ་རིང་འདིར་ཡག་ཉེས་དང་བཟང་ཞན་སོགས་བཤད་མི་ཐུབ།

    Reply
  17. རི་བོང། says:
    ལོ་ 15 སྔོན།

    རེབ་མདོ་སེངྒེ་ལགས་ཀྱི་འབད་འབུངས་ལ་ཡི་རངས་ཡོད། དཔེ་དེབ་ཀྱི་རིན་ཐང་རྗེས་ནས་ལྟ་ཆོག གྲོགས་པོ་དཔུང་སྒྲིག་གིས་བསྟོད་ར་གཏོང་རེས་དེས་སུན་སྣང་བསྐྱེད་པ་གང་མང་ཡིན་ཁྱོད་ཀྱིས་བཤད་པ་ལྟར་ཡིན་ན་དེ་ལ་མི་དགའ་ཅི་ལ་དགའ།

    Reply
  18. ཤར་མཁན་སྤྲུལ། says:
    ལོ་ 15 སྔོན།

    ཨོ་དེ་ནི་གཏམ་བཟང་རེད།
    ཉམས་ཞིབ་པ་རེ་མདོ་སེངྒེ་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབ་གཅིག 《བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས 》ལ་དཔྱད་ནས་དཔེ་དེབ་བྲས་པ་ལ་རྗེས་སུ་ཡི་རིང་ཡོད།
    ཕྲན་གྱི་བསམ་ཚུལ་ཙམ་བརྗོད་ན། ད་སྔོན་བྱེས་བཞུགས་བོད་གཞུང་དམངས་གཉིས་ཀྱིས་མཐུས་ཤོར་དང་ནོར་འཁྲུལ་ཤོར་ཡོད་པ་བས་ད་དུང་ལེགས་བཅོས་གཏོང་དགོས་པ་མང་བས་ཁ་ཤས་གླེང་ན་འདི་ལྟར་རེད།
    ༡ ཤེས་ཡོན་སྤྲད་སྟང་ལ་ནོར་འཁྲུལ་དང་མཐོས་ཤོར།
    ༢ ཆབ་སྲིད་ཆེད་ལས་བ་གསོ་སྐྱོང་མ་བྱས་པ།
    ༣ དཔལ་ལྡན་རྒྱལ་བ་ཇོ་ནང་བའི་ཆོས་བརྒྱུད་འདྲ་མཉམ་ལ་ཐོབ་ཐང་ལ་སྣང་ཆུང་འགོར་འགྱང་བྱས་པ།
    ༤ ཕྱི་རྒྱལ་གནས་སྡོད་བོད་རིགས་དག་ལ་དམིགས་བསལ་འགན་ཆེན་མ་བཞག་པ།
    ༥ ཏོ་རྒྱལ་བརྟེན་མཁན་དག་ལ་ཐོབ་ཐང་སྤྲད་དྲག་པ་བཅས་རེད། ད་དུང་མང་ཡང་དུས་སུ་བབ་ན་གླེང་ཆོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese