མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ལ་མིག་དཔེ་བལྟས་ཏེ་བོད་པས་རང་བཙན་རྩོད་ཟེར།

བོད་ཀྱི་དུས་བབ།
༢༠༡༡/༠༨/༡༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བཞུགས་སྒར་དུ་གཞུང་འབྲེལ་མིན་པའི་ཚོགས་པ་འགས་རྒྱ་གར་རང་བཙན་གྱི་ཉིན་མོ་སྲུང་གཙི་གནང་སྟེ། རྒྱ་གར་གྱིས་ལོ་ངོ་མང་པོར་རང་བཙན་འཐབ་རྩོད་བྱས་པ་དང་། ལྷག་པར་དུ་འཚེ་མེད་ཞི་བའི་ལམ་ནས་འཐབ་རྩོད་བྱས་ཏེ་རྒྱལ་ཁ་ཐོབ་པ་དེ་མིག་དཔེར་སྟོན་ཆེད་ཡིན་ཟེར།  

དེ་རིང་ཕྱི་ཚེས་ ༡༥སྟེ་རྒྱ་གར་རང་བཙན་ཐོབ་པའི་ཉིན་མོར་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བོད་ཀྱི་དགུ་བཅུ་གསུམ། ངྷ་ས་ས་གནས་གཞོན་ནུ་དང་བུད་མེད། བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་བཅས་ཚོགས་པ་ལྔས་གོ་སྒྲིག་འོག་ངྷ་ས་ཉིན་མོ་སློབ་གྲྭའི་ཚོགས་ཁང་དུ་རྒྱ་གར་རང་བཙན་གྱི་ཉིན་མོ་ཐེངས་ ༦༥ པ་སྲུང་གཙི་བྱས་ཡོད་ཅིང་། དུས་དྲན་གྱི་སྐུ་མགྲོན་གཙོ་བོར་བཞུགས་སྒར་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨཱ་རྗེལ་མོན་གྷོ་ཌི་ཡཱ་དང་དྲུང་ཆེ་ཕུ་རེམ་སཱ་གྷ་རྣམ་གཉིས་གཙོས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་མི་དང་བཞུགས་སྒར་མི་མང་བཅས་མི་གྲངས་ ༢༠༠ ལྷག་འདུ་འཛོམས་བྱུང་ཡོད།

                                                         

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་མཆོག་ནས་རྒྱ་གར་གྱི་རྒྱལ་དར་བསྒྲེངས་འཛུགས་དང་ས་གནས་མི་མང་མཉམ་འཛོམས་ཐོག་རྒྱ་གར་གྱི་རྒྱལ་གླུ་དང་བོད་ཀྱི་རྒྱལ་གླུ་གྱེར་འདོན་གནང་རྗེས། ངྷ་ས་ས་གནས་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ཐེངས་འདིའི་དུས་དྲན་ངོ་སྤྲོད་དང་འབྲེལ། སྔོན་མར་བཞུགས་སྒར་དུ་བོད་པ་ཚོར་རྒྱ་གར་རང་བཙན་གྱི་ཉིན་མོ་སྲུང་གཙི་བྱས་པའི་ལུགས་སྲོལ་ཡོད་ཀྱང་། བར་སྐབས་ཤིག་ནས་དུས་དྲན་སྲུང་གཙི་མེད་པར་ཆགས་ཡོད་སྟབས། ད་ལོ་ལས་འགུལ་དེ་བསྐྱར་འཛུགས་ཀྱིས་སྔར་གྱི་ལུགས་སྲོལ་རྒྱུན་འཁྱོང་བྱ་འཆར་ཡོད་ཚུལ་བརྗོད་བྱུང་།

རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ཀྱིས། “རྒྱ་ནག་གཞུང་གིས་དྲག་གནོན་གདུག་རྩུབ་འོག་བོད་པའི་རང་བཙན་འཐབ་རྩོད་པ་མང་པོ་རྐྱེན་འདས་དང་བཙོན་འཇུག་བྱེད་བཞིན་ཡོད་སྟབས། སྐབས་རེར་བོད་མི་མང་པོ་ཞིག་ང་ཚོའི་འཐབ་རྩོད་ལ་གྲུབ་འབྲས་མེད་པའི་ཐེ་ཚོམ་སྐྱེ་བཞིན་ཡོད་ཀྱང་། རྒྱ་གར་འདི་ཡང་ད་ལྟ་ང་ཚོའི་ཁ་གཏད་ལས་ལྷག་པའི་སྟོབས་ཆེན་དབྱིན་ཇིའི་འོག་ལོ་ ༢༠༠ རིང་གི་འཐབ་རྩོད་བརྒྱུད་རང་བཙན་ཐོབ་ཡོད་སྟབས། ང་ཚོས་རྒྱ་གར་བས་ལོ་དུ་མར་འཐབ་རྩོད་བྱས་པ་དང་། ལྷག་པར་དུ་ཞི་བའི་ལམ་ནས་འཐབ་རྩོད་བྱས་པ་དེ་མིག་དཔེར་བཟུང་དུས་དྲན་འདི་སྲུང་གཙི་བྱེད་ཀྱི་ཡོད”། ཅེས་བརྗོད་བྱུང་།

བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ད་ལྟ་རྒྱ་ནག་གིས་བོད་མི་ཚོར་ཁྲིམས་དང་དམག་གིས་བཙན་གནོན་བྱེད་ཀྱི་ཡོད་ཀྱང་། ད་དུང་བོད་མི་ཚོའི་སེམས་ཀྱི་རང་དབང་ཤོར་མེད་སྟབས། རང་བཙན་ཐོབ་རྒྱུར་རེ་བ་བྲལ་བའི་གནས་སྟངས་ཆགས་མེད་པའི་དྲན་གསོ་བྱ་ཆེད་ཡིན་སྐོར་ཡང་བརྗོད།

 

 དེ་བཞིན་སྐུ་མགྲོན་གཙོ་བོ་སྐུ་ཞབས་ཨཱ་རྗེལ་མོན་གྷོ་ཌི་ཡཱ་མཆོག་གིས་ཀྱང་། བོད་མི་ཚོར་འཛམ་གླིང་ནང་སྙན་གྲགས་དང་ཀུན་གྱི་གཙུག་ཏུ་བཀུར་བཞིན་པའི་དབུ་ཁྲིད་༸གོང་ས་མཆོག་ཡོད་པ་དེ་གཞན་དང་མི་འདྲ་བའི་ནུས་པ་ཞིག་ཡིན་པ་དང་། དེ་ཡང་བོད་པ་ཙམ་མིན་པར་རྒྱལ་གར་བ་དང་ཕྱི་གླིང་བ་ཚང་མས་ཁོང་གི་བཞུགས་གནས་ལ་བདེ་འཇགས་དང་གཙང་སྤྲ་བྱ་རྒྱུ་དང་། རྒྱལ་ཁབ་དང་ཡུལ་ཁྲིམས་བརྩི་སྲུང་ཡག་པོ་བྱ་དགོས་པའི་ལམ་སྟོན་གནང་བྱུང་བར་མ་ཟད། ད་ལྟ་བོད་མི་ཚོས་རྒྱ་གར་གྱི་རང་བཙན་ཉིན་མོ་སྲུང་གཙི་བྱེད་བཞིན་པ་ལྟར། མ་འོངས་པར་རྒྱ་གར་དང་བོད་པ་མཉམ་རུབ་ཐོག་རྒྱལ་ས་ལྷ་སར་བོད་རང་བཙན་གྱི་ཉིན་མོ་སྲུང་གཙི་བྱ་རྒྱུའི་ཉིན་མོ་ཞིག་ཡོང་བར་འབད་བརྩོན་བྱ་དགོས་སྐོར་སོགས་གསུངས་བྱུང་།

ཐེངས་འདིའི་དུས་དྲན་ཐོག་སྐུ་མགྲོན་རིམ་པའི་རྒྱ་བོད་དབྱིན་གསུམ་གྱི་འདས་པའི་རྒྱ་གར་རང་བཙན་གྱི་ལོ་རྒྱུས་དང་འབྲེལ་ཏེ་མ་འོངས་བོད་ཀྱི་གནད་དོན་སེལ་ཐབས་ཀྱི་ཐད་ནས་གཏམ་བཤད་གནང་བར་མ་ཟད།  ཐང་སྟོང་གླུ་གར་ཚོགས་པ་དང་རྒྱ་གར་གྱི་ཇཱ་ཀོ་རེ་བུད་མེད་ཚོགས་པ། ངྷ་ས་ཉིན་མོ་སློབ་གྲྭ  ཡོངས་གླིང་སློབ་གྲྭ་བཅས་ཚོགས་པ་དང་སློབ་གྲྭ་ཁག་ཅིག་གིས་གཞས་སྣ་འཁྲབ་སྟོན་ཡང་གནང་སོང་།  

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༨ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༩ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༢ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese