གཤོང་ཀ
རང་ཡུལ་རྒྱབ་ཏུ་བསྐྱུར་ནས་གཞན་ཡུལ་པང་དུ་ལེན་པའི་རང་ཅག་བོད་མི་དག་གི་དུས་དེ་རིང་ནི། རྒྱ་གར་གྱི་རང་བཙན་ཉིན་མོ་ཞེས་བརྩི་སྲུང་ཞུ་བཞིན་པས་ང་ཚོའི་ངོས་ནས་དུས་སྟོན་འདི་ཇི་ལྟར་བྱུང་བ་དང་དགོས་པ་ལ་སོགས་རྟོགས་རྒྱུ་ནི་ཤིན་ཏུ་ནས་གལ་ནས་ཅན་ཞིག་ངོས་འཛིན་པས་འདིའི་སྐོར་ལ་ཤེས་དམན་ཁོ་བོས་རག་ཙམ་གླེང་འདོད་ བྱུང་ལ་ཀློག་པ་པོ་རྣམས་པས་གསལ་གཟིགས་ཡོད་པར་འཚལ།
རྒྱ་གར་གྱི་རང་བཙན་ཉིན་མོ་ནི་ལོ་ལྟར་དབྱིན་ཟླ་ ༨ པའི་ཚེས་ ༡༥ ལ་བརྩི་སྲུང་ཞུ་བ་དང་དེ་ནི་ ༡༩༤༧ རྒྱ་གར་དམངས་གཙོའི་གཞུང་གི་དབུ་བྱེད་པ་འམ་ཡང་ན་དབྱིན་ཇི་བཙན་རྒྱལ་རིང་ལུགས་རྒྱ་གར་ས་གནས་ནས་འཇུག་རྫོགས་པའི་ཁྱད་འཕགས་ཀྱི་ཉིན་མོ་ཞིག་ཡིན། ཉིན་མོ་འདི་ནི་རྒྱ་གར་རྒྱལ་ཁབ་དང་མི་དམངས་ཀྱི་གཞུང་འབྲེལ་དུས་ཆེན་ཞིག་ལ་ངོས་འཛིན་ཞུ་མུས་ཡིན། དེ་རིང་གི་ཉིན་མོ་ནི་མི་ལོ་ཧྲིལ་པོ་ ༦༤ སྲུང་བརྩི་ཞུས་ཡོད་ལ་དེའི་ཉིན་མོ་རྒྱ་ གར་དབུས་གཞུང་ནས་རྒྱལ་ས་ལྡི་ལི་གསར་པར་དགའ་སྟོན་དང་སྲིད་བློན་ནས་རྒྱལ་དར་སྒྲེངས་འཛུགས་ལ་སོགས་ཀྱི་བྱེད་སྒོ་སྤེལ་བཞིན་ཡོད་ལ། མཐའ་ན་རྒྱ་གར་གྲོང་ཚོ་ཆུང་ཆུང་མི་གཉིས་གསུམ་ལས་མེད་པ་དག་གིས་ཀྱང་རྒྱལ་དར་སྒྲེངས་ལ་རྒྱལ་གླུ་ལེན་པ་སོགས་གནང་གི་རེད།
ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཞིག་གླེང་ན་དེ་ཡང་དབྱིན་ལོ་ ༡༩༤༦ ལོར་ངལ་རྩོལ་པའི་དབྱིན་གཞུང་( the Labour government )ལ་དམག་ཆེན་གཉིས་པའི་རྐྱེན་ལས་དབང་ཤུགས་ཤིན་ཏུ་ནས་ཉམས་པ་དང་དེ་ལས་དབྱིན་ཇི་བཙན་པོའི་རྒྱལ་ཁབ་ནང་ཁུལ་ལ་མི་ཐུན་པའི་རིགས་བྱུང་བར་རྟེན་མི་སེར་སྤེལ་ཡུལ་དུ་འགྱུར་པའི་རྒྱ་གར་གཞུང་ལ་མུ་མཐུད་སྲིད་དབང་འཛིན་རྒྱུ་དཀའ་སྟབས། དབྱིན་ལོ་ ༡༩༤༧ ལོའི་ལོ་སྟོད་དུ་དབྱིན་གཞུང་ནས་རྒྱ་གར་ལ་སྲིད་དབང་མི་འཛིན་རྒྱུའི་གསལ་སྒྲགས་གནང་། གསལ་སྒྲགས་ནང་ ༡༩༤༨ ལོའི་དབྱིན་ཟླ་ ༦ པའི་སྔོན་ལ་སྲིད་དབང་སྤྲོད་རྒྱུ་བྱས། འོན་ཀྱང་རང་བཙན་ཉིན་མོ་ཤར་ལ་ཉེ་བའི་དུས་འདིར་རྒྱ་གར་གྱི་མངའ་སྡེ་པན་ཛྷབ་(Punjab )དང་། སྦིང་གིལ(Bengal)། ཧིན་དུ་(Hindu)དང་། ཁ་ཆེ་( Muslim)བཅས་ལ་གྱི་བར་ཟིང་འཁྲུག་ཆེན་པོ་ཞིག་བྱུང་ཡོད་དེ་ལ་དབྱིན་གཞུང་གིས་དྲག་གནོན་དང་འཁྲུག་འཛིང་ཞོད་འཇགས་གཏོང་རྒྱུའི་ནུས་པ་མེད་པས་ཟིང་འཁྲུག་ཇེ་ཆེར་སོང་། དེར་རྟེན། སྐབས་འདིའི་སྲིད་དབང་འཛིན་མཁན་ལོཡུ་སི་མོན་ཊི་བྷེ་ཊན་(Louis Mountbatten)གྱིས་རང་བཙན་ཉིན་མོ་སྔ་ནུར་བྱས་དགོས་བྱུང་།
རྒྱ་གར་གྱི་མགོ་ཁྲིད་དཔལ་ལྡན་ནེཧ་རུ་(Pandit Nehru)དང་། དབྱིན་ཇིའི་ས་གནས་སྲིད་སྐྱོང་པ་མོ་ཧ་མོཏ་ཨ་ལི་(Mohammed Ali )ལགས་སོགས་ཟླ་བ་མང་པོར་གྲོས་མོལ་བྱས་མཐར་རྒྱ་གར་དང་པ་ཀི་སེ་ཐན་རྒྱལ་ཁབ་གཉིས་ཀྱི་ངོ་བའི་ཐོག་ནས་རང་བཙན་སྤྲོད་རྒྱུའི་ཞལ་ཐག་གཅོད་བྱུང་། ཁ་ཆེ་བ་མང་ཆེ་བ་པ་ཀི་སེ་ཐན་ལ་གནས་པ་དང་ཧིན་དུ་བ་མང་ཆེ་བ་རྒྱ་གར་ནང་ཡོད། དུས་ཡུན་འདིའི་རིང་ལ་རྒྱལ་ཁབས་གཉིས་བར་དང་དེ་བས་སིག་གི་ཡུལ་གྲུ་པན་ཛྷབ་མངའ་སྡེའི་ནང་ཁྲག་གི་རྒྱ་མཚོ་འཁྱིལ། སྐྱབས་བཅོལ་བའི་གྲངས་ཤིན་ཏུ་ནས་ཆེ་རུ་སོང་སྟེ་བདག་ཉིད་ཆེན་པོ་གན་དྷི་ཡང་བློ་ཕམ་ཀྱི་གནས་སུ་ལྷུང་། ཕྱོགས་གཉིས་ཀའི་ས་ཁོངས་ནས་མི་གྲངས་ ༢༥༠,༠༠༠ དང་། ༥༠༠,༠༠༠ འདས་གྲོངས་སུ་འགྱུར། དབྱིན་ལོ་ ༡༩༤༧ ཟླ་༨ཚེས་ ༡༤ ཉིན་ལ་བ་ཀི་སེ་ཐན་ལ་རང་བཙན་གནང་བ་དང་སྲིད་བློན་ལ་ཨ་ལི་ཇ་ན་རྒྱ་གར་གྱི་རང་བཙན་ཉིན་མོ་ནི་མཚན་གུང་གི་དུས་ཚོད་ ༠ དང་སྐར་མ་ ༠ ལ་གནང་ཡོད་སྟབས། ༡༩༤༧ གྱི་ཟླ་ ༨ ཚེས་ ༡༥ ཉིན་སྐབས་དེའི་སྲིད་བློན་དང་པོ་ནེཧ་རུ་མཆོག་གིས་སྙན་གྲགས་ཆེ་བའི་གསུང་བཤད་གྲགས་ཆེན་༼ དུས་བཏབ་དང་ལྷན་དུ་མདུན་སྐྱོད ༽ (Tryst with destiny)ཞེས་པ་མི་དམངས་ལ་བསྩལ་ཡོད་ལ། དུས་དེ་ནས་བཟུང་ཕྱི་ཟླ་ ༨ ཚེས་ ༡༥ ཉིན་ནི་རྒྱ་གར་རང་བཙན་ཉིན་མོར་གཏན་ཁེལ་གྱིས་བརྩི་སྲུང་བྱེད་ཀྱིན་ཡོད།
ད་ལྟའི་བར་དུས་དྲན་སྲུང་བརྩི་ཞུས་ཏེ་མི་ལོ་ཧྲིལ་པོ་ ༦༤ སོང་ཡོད། སྟོབས་འབྱོར་མངའ་ཐང་རྒྱས་པའི་འཕགས་ཡུལ་ལ་གྲོང་ཚོ་གྲངས་ ༥༦༨,000 དང་། རྫོང་ཁག་ ༦༡༩། མངའ་སྡེ་ ༣༡ ། སྐད་ཡིག་ ༡༦༡༨ ། རིགས་རུས་ ༦༤༠༠ ། ཆོས་ལུགས་ཆེ་ཁག་ ༦ ། དུས་ཆེན་ཆེ་ཁག་ ༢༩ བཅས་ཡོད་པའི་གཅིག་སྒྲིལ་སྤྱི་མཐུན་རྒྱལ་ཁབ་ཞིག་ཡིན་ལ། ང་ཚོ་བོད་མི་སྐྱབས་བཅོལ་བ་དག་གི་ཕ་ཡུལ་གཉིས་པའང་ཡིན།།
དེ་རིང་གི་ཉིན་མོར་ང་ཚོས་ཁྱེད་ལ་འཚམས་འདྲི་ཞུ།།།
༄༅། བཀྲ་ཤིས་ལྗོངས་གཞིས་ཆག་ལ་ཧི་མ་ཅར་དབུས་གཞུང་ནས་(འཕྲོད་བསྟེན་དྭངས་ཐོན་ལ་
བསྔགས་བརྗོད་ཀྱི་དཔལ་བཟང་)ཞེས་པའི་རྟགས་མ་ཐོབ་པ།
ཁ་སང་སྤྱི་ཟླ་༨་ ཚེས་༡༥་ ཉིན་འཕགས་ཡུ