ཟླ་འདིའི་ཕྱི་ཚེས་ ༩ ཉིན་ནས་༧གོང་མཆོག་གིས་དུས་ཡུན་བདུན་ཕྲག་གཉིས་ཙམ་རིང་། ཡུ་རོབ་སུད་སི་དང་ཧྥ་རན་སི། ཨོ་སི་ཊོ་ནི་ཡ། ཧྥིན་ལན་ཌི། འཇར་མན་བཅས་རྒྱལ་ཁབ་ཁག་ལྔའི་ནང་ཆོས་ཕྱོགས་ཀྱི་མཛད་འཕྲིན་རྒྱ་ཆེར་བསྐྱངས་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༢༤ ཉིན་ཁོང་གི་འཇར་མན་གྱི་མཐའ་མའི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ སྟེང་། དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གཙོས་པའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན། ངྷ་སའི་སེར་སྐྱ་མང་ཚོགས་བཅས་ཀྱིས་ཕེབས་བསུ་འོག་ཕྱིར་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བཀོད་སོང་།
འདི་ནི་༧གོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་ཀྱི་འགན་དབང་རྩིས་སྤྲོད་གནང་རྗེས་ཡུ་རོབ་ཏུ་ཕེབས་པ་ཐོག་མ་ཆགས་ཡོད།
གསར་འགོད་པ། དཔལ་ལྡན།
༸གོང་ས་མཆོག་ལ་ཕྱག་འཚལ་ལོ།
སྤྱན་རིས་གཟིགས་དབང་མཛད་འཕྲིན་རླབས་ཆེ་བ།།
ནུབ་ཕྱོགས་ཡོས་རོབ་ཡུལ་ཏུ་ཆེར་བརྐྱངས་ནས།།
འཛམ་གླིང་ཤར་ནུབ་ཀུན་ཏུ་གྲགས་པས་རྗེས།།
བཞུགས་སྒར་ཞབས་སོར་འཁོད་པ་རྟེན་འབྲེལ་ཞུ།།
༧གོང་ས་མཆོག་བཞུགས་སྒར་དུ་ཕེབས་པ་མཚམས་འབྲེལ་བཀྲ་ཤིས་བདེ་ལེགས་གུས་ཕྱག་དང་བཅས་གུས་པས་
ཕུལ།