མི་གྲངས་ལྔ་བརྒྱའི་སྐུ་ཚབ། ཕུན་ཚོགས་ཆོས་སྡོང་།
ངེད་ཅག་གསར་འབྱོར་བ་མི་གྲངས་ལྔ་བརྒྱ་ལྷག་ལ་གནས་སྐོར་ལག་དེབ་དཀར་པོ་ཞིག་ཐོབ་པ་ལས་སྐྱབས་བཅོལ་ལག་འཁྱེར་ཐོབ་མེད། དེ་ནི་ངེད་ཅག་ལ་བལ་ཡུལ་རྒྱ་གར་གཞུང་ཚབ་ཀྱིས་སྤྲད་པའི་ལག་དེབ་དཀར་པོའི་སྟེང་༼ གནས་སྐོར་ ༽ ཞེས་བཀོད་ཡོད་པས་རེད་ལ། གུས་པ་རྒྱ་གར་དུ་བསླེབས་རྗེས་བཙན་བྱོལ་གཞུང་དང་འབྲེལ་ཡོད་ཁག་ལ་བདེ་སྡུག་སྙན་སེང་རབ་དང་རིམ་པ་ཞུས་མཐར་ཟླ་བ་གཅིག་གི་དུས་ཡུན་ལས་མེད་པའི་སྐྱབས་བཅོལ་ལག་འཁྱེར་( R.C )ཞིག་ལས། གཏན་སྡོད་སྐྱབས་བཅོལ་ལག་འཁྱེར་ཞིག་ད་དུང་ཡང་ཐོབ་མེད། སྐྱབས་བཅོལ་ལག་འཁྱེར་མེད་པར་རྒྱ་གར་ནང་གནས་སྡོད་བྱེད་པར་དཀའ་ངལ་ཆེན་པོ་ཡོད་པ་ནི་ཚང་མས་མཁྱེན་གསལ་ལྟར་ལགས་ན། དེའི་བྱུང་རྐྱེན་གཙོ་བོ་ཞིག་ནི་བལ་ཡུལ་རྒྱ་གར་གཞུང་ཚབ་ཁང་ལ་འབྲེལ་གཏུགས་བྱེད་མཁན་བལ་ཡུལ་སྣེ་ལེན་ཁང་གི་ལས་བྱེད་ཀྱི་ནོར་འཁྲུལ་ཡིན་པ་ལས་ངེད་ཅག་ལ་ནོར་འཁྲུལ་གང་ཡང་མེད་ཀྱང་། བལ་ཡུལ་སྣེ་ལེན་ཁང་གི་དཀའ་རྙོག་དང་ནོར་འཁྲུལ་དེ་དག་ངེད་ཅག་དང་རྒྱ་གར་གཞུང་ཚབ་ཀྱི་མགོ་ལ་གཡོགས་ཐབས་བྱས་ཏེ། དངོས་ཡོད་གནས་ཚུལ་ཤེས་རྟོགས་མེད་སྐོར་དང་། གཞུང་དམངས་བར་འགལ་ཟླ་བཟོ་ཐབས་བྱས་ཚུལ་གྱི་ཉེས་འཛུགས་འདི་རིགས་ལ་བསྐྱར་དུ་གསལ་བཤད་ཐུང་ཙམ་མི་ཞུ་ཐབས་མེད་བྱུང་སོང་།
བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༥༡༦ ཐོག་གུས་པས་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་ཏེ་ “ ནོར་འཁྲུལ་འདི་དག་བཟོ་མཁན་བལ་ཡུལ་སྣེ་ལེན་ཁང་རེད། ཅེས་དང༌། ང་ཚོ་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་ཏེ་ཐོ་འགོད་བྱས་སྐབས། དོ་བདག་ལ་སྐད་ཆ་མི་འདྲི་བར་གང་དྲན་དྲན་འབྲི་བཞིན་འདུག མི་རེ་ཟུང་གིས་རང་ཉིད་གནས་སྐོར་བའི་ཐོ་གཞུང་ནང་ཡོད་པ་ཤེས་འཕྲལ། འབྲེལ་ཡོད་ལས་བྱེད་ཚོར་བསྒྱུར་བཅོས་གཏོང་རོགས་ཞེས་འབོད་སྐུལ་ཞུས་ཀྱང༌། ཁྱེད་ཚོས་ཧ་གོ་བ་མ་རེད་ཟེར་ནས་ཉན་འཇོག་བྱས་མི་འདུག དེའི་དབང་གིས་རྒྱ་གར་གཞུང་ཚབ་ནས་ཀྱང་ངོས་འཛིན་གཅིག་མཚུངས་བྱས་པ་རེད ” ཅེས་ལན་འདེབས་བྱས་པ་དངོས་ཡོད་ཡིན། སྐད་ཆ་འདི་ལ་གསལ་བཤད་ཀྱི་ཚུལ་དུ། བོད་གཞུང་དབུས་སྣེ་ལེན་འབྲེལ་མཐུད་ཁང་ནས་བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༥༢༢ ཤོག་གྲངས་ ༤ ནང་༼ གསལ་བཤད་དང་འབོད་བསྐུལ་༽ཞེས་པའི་མགོ་བརྗོད་འོག “ དངོས་ཡོད་གནས་ཚུལ་ཤེས་རྟོགས་མེད་པར་ཐག་ཆོད་པོའི་ཐོག་ལན་འདེབས་བྱས་པ་དང་། དེ་ཡང་གསར་འགོད་པས་འགོད་རྐྱང་བྱས་པ་ནི་མང་ཚོགས་ཁྲོད་དངོས་ཡོད་གནས་ཚུལ་གོ་བརྡ་མི་འཕྲོད་པར་གཞུང་དང་མི་མང་བར་འགལ་ཟླ་བཟོ་ཐབས་དང་གོ་བ་ལོག་སྒྲུབ་བྱ་ཉེན་ཆེ་བར་བརྟེན ” ཞེས་བྲིས་འདུག དེ་ནི་རང་སྐྱོན་གཞན་འགེལ་ཞེས་པའི་དཔེ་ལྟར། རང་གི་ནོར་འཁྲུལ་གཞན་མགོར་གཡོགས་པའི་སྟེང་ལ། གུས་པ་ཚོ་ནག་པོ་བཟོ་ཐབས་ཀྱི་ཚིག་བརྗོད་སྤེལ་བ་དེ་ལ་བློ་ཕམ་ཆེན་པོ་བྱུང༌ལ། ངེད་ཅག་བོད་ནས་རྒྱ་གར་དུ་རང་སྲོག་ལའང་མ་འཛེམ་པར་ྋགོང་ས་སྐྱབས་མགོན་རིན་པོ་ཆེ་དང་བཙན་བྱོལ་བོད་གཞུང་ལ་ཁ་བལྟས་ཏེ་ཡོང་བ་ཞིག་ལས་བཙན་བྱོལ་གཞུང་དམངས་བར་འགལ་ཟླ་བཟོ་བར་ཡོང་བ་གཏན་ནས་མིན་ཞེས་གསལ་བཤད་ཞུ་རྒྱུ་ཡིན་ལ། ལྷག་པར་དུ་བཀའ་མོལ་དེ་རིགས་གཞུང་གི་ལས་ཀྱི་སྣེ་མོ་བ་ཞིག་གིས་གསུངས་པ་ནི་བཟང་སྤྱོད་ལ་འགན་མ་འཁུར་བ་ཞིག་ཆགས་ཡོད།
གུས་པ་ཚོས་དབྱིན་ཡིག་དབྱིན་སྐད་དང་། ཧིན་སྐད་ཧིན་ཡིག་ཤེས་ཀྱི་མེད་མོད་སྣེ་ལེན་ལས་བྱེད་རྣམས་ཀྱི་ལས་ཀ་བྱེད་ཕྱོགས་གང་འཚམ་ཤེས་ཀྱི་ཡོད། དང་ཐོག་སྣེ་ལེན་ཁང་ནས་གུས་པ་ཚོར་རྒྱ་གར་དུ་བསླེབས་པའི་དམིགས་ཡུལ་སོགས་ཀྱི་ཐད་དྲི་བ་གཏོང་སྐབས། ང་ཚོས་ཁ་གཅིག་གྲགས་ཐོག་ྋགོང་ས་སྐྱབས་མགོན་རིན་པོ་ཆེའི་ཞལ་མཇལ་དང༌། དེའི་རྗེས་སློབ་གྲྭ་དང་གདན་ས་ཁག་ཏུ་སློབ་སྦྱོང་ལ་བསྐྱོད་རྒྱུའི་ལན་འདེབས་བྱས་ཡོད་ལ། ༧གོང་ས་ཡིད་བཞིན་ནོར་བུར་མཇལ་དུ་ཡོང་བ་ཡིན་ཟེར་བ་འདི་ང་ཚོ་ཙམ་མིན་པར་བལ་ཡུལ་སྣེ་ལེན་ཁང་བརྒྱུད་རྒྱ་གར་དུ་ཡོང་མཁན་བོད་པ་བརྒྱ་ཆ་ ༡༠༠ % ཡི་མཐུན་མོང་གི་སྐད་ཆ་ཞིག་ཡིན། གུས་པ་ཚོས་གནས་སྐོར་དང་སློབ་གཉེར། སྐྱབས་བཅོལ། དེ་མ་ཡིན་པའི་སྡེ་ཚན་གཞན་སོགས་ཀྱི་དབྱེ་བ་ཡོད་པ་ཤེས་ཀྱི་མེད་ལ། བོད་གཞུང་སྣེ་ལེན་ཁང་ནས་ཀྱང་ངེད་ཅག་ལ་དེའི་ཐོག་ཁ་གསལ་ཁུངས་དག་གི་འབྲེལ་བརྗོད་གང་ཡང་བརྒྱབ་མ་སོང་། རྒྱུ་མཚན་འདི་ལ་བརྟེན་ཏེ་རྒྱ་གར་གཞུང་ཚབ་ཁང་གིས་སྣེ་ལེན་ཁང་ནས་གསར་འབྱོར་བ་ཚོར་འབྲེལ་བརྗོད་ལོ་རྒྱུས་གང་བཀོད་པ་དེ་གཞིར་བཟུང་ཐོག་ལག་དེབ་དཀར་པོ་བཟོ་བཞིན་ཡོད་པ་སྣེ་ལེན་ལས་བྱེད་ཚོ་དང་། གསར་འབྱོར་བ་ཡོངས་ཀྱི་སེམས་ན་ཧ་ཅང་གསལ་ཐང་ཡིན། ད་ལྟ་ངྷ་རམ་ས་ལར་གསར་འབྱོར་བ་མི་གྲངས་ལྔ་བརྒྱ་ལྷག་གིས་སྐྱབས་བཅོལ་ལག་དེབ་གསར་བཟོའི་ཆེད་ཁྱི་སྨྱོན་བཞིན་གང་སར་འདུར་རྒྱུག་གིས་འབྲེལ་བ་བྱེད་པ་དང་། རྩ་ཆེའི་དུས་ཚོད་དང་དཔལ་འབྱོར་ཕོན་ཆེན་གྱི་འགྲོ་གྲོན་བཏང་སྟེ་དཀའ་ངལ་ལ་གདོང་ལེན་བྱེད་ཀྱི་ཡོད་པའི་འབྱུང་རྩ་ཡང་འདི་ཡིན།
ཡང་གསལ་བཤད་ནང༌ “ བལ་ཡུལ་རྒྱལ་ས་ཀཐ་མན་གྲུའི་ནང་བཅའ་བཞུགས་རྒྱ་གར་གཞུང་གི་གཞུང་ཚབ་ཁང་ནས་བོད་ནས་གསར་དུ་ཕེབས་མི་རྣམས་ལ་བལ་ཡུལ་སྣེ་ལེན་ཁང་བརྒྱུད་རྒྱ་གར་ནང་དམིགས་གསལ་འཛུལ་བཞུགས་ཆོག་པའི་ལག་འཁྱེར་(Special Entry Permit)ཕྱི་ལོ་ ༢༠༠༣ ཟླ་ ༣ པ་གནང་མགོ་ཚུགས་པ་ནས་ཟུང་ད་ལྟའི་བར། བལ་ཡུལ་སྣེ་ལེན་ཁང་ནས་གསར་དུ་འབྱོར་བ་རྣམས་ཀྱི་ལོ་རྒྱུས་རྒྱ་གར་གཞུང་ཚབ་ཁང་ལ་འབུལ་སྐབས། རྒྱ་གར་གཞུང་ཚབ་ཁང་ནས་དགོངས་བཞེས་གནང་མིན་ལ་མ་ལྟོས་པར་ཚང་མར་སློབ་སྦྱོང་དང་སྐྱབས་བཅོལ་བའི་སྡེ་ཚན་ཐོག་ཐོ་འགོད་བྱས་ཏེ་རྒྱབ་གཉེར་ཞུ་བ་ལས་གནས་སྐོར་དང་གཞན་ཞེས་པའི་སྡེ་ཚན་དུ་རྒྱབ་སྐྱོར་ཞུ་སྲོལ་ནམ་ཡང་མེད། རྒྱུ་མཚན་ནི་བོད་ནས་ཕེབས་མི་རྣམས་རྒྱ་ནག་དམར་པོའི་གཞུང་གི་བཙན་གནོན་འོག་གནས་མ་ཐུབ་པར་རྒྱ་གར་རང་དབང་ལུང་པའི་ནང་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་དང༌། ཤེས་ཡོན་རིག་གནས་སྦྱོང་རྒྱུ། རང་དབང་ལུང་པའི་ནང་འཚོ་བ་གསར་པ་ཞིག་ལ་རེ་ལྟོས་བཅོལ་ཏེ་ཡོང་བ་འབའ་ཞིག་ཡིན་སྟབས། གནས་མཇལ་ཐོག་རྒྱབ་གཉེར་ཞུ་ཤེས་སྟངས་མེད་པ་དངོས་ཡོད་གནས་ཚུལ་ཐོག་ནས་གསལ་པོ་ཆགས་ཡོད ” ཅེས་བཀོད་འདུག དེ་ནི་ཤིན་ཏུ་ཡ་མཚན་པ་ཞིག་རེད། “ སྤྱི་ལོ་ ༢༠༠༣ ནས་ད་བར་སྐྱབས་བཅོལ་དང་སློབ་གཉེར་ཆེད་དུ་རྒྱབ་གཉེར་ཞུས་པ་མ་གཏོགས་གནས་སྐོར་ཐོག་རྒྱབ་གཉེར་ཞུ་སྲོལ་ནམ་ཡང་མེད ” ཅེས་པ་དང༌། “ གནས་སྐོར་ཐོག་རྒྱབ་གཉེར་ཞུ་ཤེས་སྟངས་མེད་པ་དངོས་ཡོད་གནས་ཚུལ་ཐོག་གསལ་པོ་ཆགས་ཡོད ” ཅེས་པ་ལྟར་ན། ངེད་ཅག་གསར་འབྱོར་བ་ལྔ་བརྒྱ་ལྷག་ལ་གནས་སྐོར་གྱི་ལག་དེབ་དཀར་པོ་འདི་ཇི་ལྟར་ཐོབ་པ་ཡིན། བལ་ཡུལ་སྣེ་ལེན་འབྲེལ་མཐུད་ཁང་གི་ལས་བྱེད་ཀྱི་སྣེ་འཁྲིད་འོག་གསར་འབྱོར་བ་ཚོ་རྒྱ་གར་གཞུང་ཚབ་ཁང་དུ་ལག་དེབ་དཀར་པོ་བཟོ་རུ་སྐྱོད་སྐབས། མི་ཕལ་ཆེ་བར་ཞིབ་ཚགས་ཀྱི་སྐད་ཆ་ཙམ་ཡང་མི་འདྲི་བར་སྣེ་ལེན་ཁང་གི་འགྲེལ་བརྗོད་ཐོ་གཞུང་གཞིར་བཟུང་དམིགས་བསལ་ལག་དེབ་དཀར་པོ་(Special Entry Permit)ཞེས་པ་འདི་བཟོ་བཞིན་ཡོད་པ་དངོས་ཡོད་གནས་ཚུལ་མ་ཡིན་ནམ། རེ་ཟུང་ལ་སྐད་ཆ་འདྲི་སྐབས་ཀྱང་སྣེ་ལེན་ལས་བྱེད་ཚོས་སྐད་སྒྱུར་གནང་གི་ཡོད་སྟབས། དགོས་པ་རྒྱུ་མཚན་ཧ་གོ་བའི་ཐོག་ནས་འགྲེལ་བཤད་གནང་རྒྱུའི་ལས་འགན་སྣེ་ལེན་ལས་བྱེད་ཚོར་ཡོད་པ་ལས། བོད་ནས་གསར་དུ་འབྱོར་ཏེ་ཉིན་གཅིག་གཉིས་ལས་འགོར་མེད་པའི་གསར་འབྱོར་ཚོར་ཁག་དཀྲི་ས་ག་ལ་ཡོད།
དཔལ་ལྡན་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གྲོས་ཚོགས་ནང་ལག་དེབ་དཀར་པོའི་སྐོར་གྱི་གསལ་བཤད་ཅིག་གནང་བའི་ནང་ “ ཁོ་རང་ཚོའི་ངོས་ནས་ཡང་ཡང་གསལ་བཤད་བྱས་པའི་རྗེས་ལ་དོ་བདག་སོ་སོས་ཅི་ཞིག་དགོས་མིན་ཐད་ཀར་དུ་བསྒྱུར་བ་མ་གཏོགས་སྣེ་ལེན་ལས་བྱེད་ཀྱིས་ངོས་ནས་དོ་བདག་གིས་མ་བཤད་པ་ཞིག་རྩ་བ་ཉིད་ནས་བརྒྱབ་མེད་ཅེས་མནའ་བསྐྱལ་ནས་བཤད་ཀྱི་འདུག ” ཅེས་གསུངས་འདུག་པས་ན། དེ་ལ་དོགས་འདྲི་ཞུ་རྒྱུ་ཞིག་ལ། ད་ལྟ་བཞུགས་སྒར་ངྷ་རམ་ས་ལ་ཁུལ་དུ་བོད་ནས་གསར་དུ་འབྱོར་བའི་ཕོ་བཞོན་མོ་བཞོན་མི་གྲངས་ལྔ་བརྒྱ་ལྷག་ཅི་བྱ་གཏོལ་བྲལ་དུ་གྱུར་ཏེ། རྒྱ་གར་གཞུང་གི་ཁྲིམས་འགལ་ཉེས་ཅན་ཆགས་བཞིན་པ་འདི་དག་དོན་དངོས་ཐོག་རྒྱ་གར་ལ་གནས་སྐོར་དུ་ཡོང་བ་ཞིག་ཡིན་ནམ། གནས་སྐོར་གྱི་དམིགས་ཡུལ་མེད་པར་གནས་སྐོར་དུ་ཡོང་བ་ཡིན་ཟེར་ཤེས་སམ། བོད་པ་ཚོ་བལ་ཡུལ་སྣེ་ལེན་ཁང་དུ་མ་འབྱོར་སྔོན་དུ་ལམ་བར་ནས་ཕྱི་མི་སོགས་ལ་ཐུག་སྐབས། རྒྱ་གར་ལ་གནས་སྐོར་དུ་འགྲོ་བཞིན་ཡོད་ཟེར་མཁན་རེ་ཟུང་ཡོད་སྲིད་ཀྱང་། དེ་ནི་རྒྱ་དམར་གྱི་འཇུ་གཟུང་ལ་འཇིགས་སྐྲག་གིས་བཤད་པ་སུས་ཀྱང་རྟོགས་བསླ་བའི་གནས་ལུགས་ཤིག་ཡིན། བལ་ཡུལ་སྣེ་ལེན་ཁང་ནི་ྋགོང་ས་མཆོག་གི་དབུ་ཁྲིད་འོག་རང་གཞུང་གིས་ཆེད་བཙུགས་བྱས་པ་ཞིག་ཡིན་སྟབས། ངེད་ཅག་སྣེ་ལེན་ཁང་དུ་བསླེབས་རྗེས་སུ་གཅིག་ལའང་དེ་འདྲའི་འཇིགས་སྣང་དང་དོགས་པ་མེད་པས། དབང་བོ་རྒྱུན་ལྡན་དུ་གནས་པ་སུ་གང་གིས་ཀྱང་ང་རྒྱ་གར་ལ་གནས་སྐོར་དུ་ཡོང་བ་ཡིན་མི་ཟེར་ལ། རང་ཉིད་ཀྱིས་ཡུན་རིང་ཡིད་ལ་བརྣག་པའི་དམིགས་ཡུལ་ཟུར་དུ་བཞག་སྟེ་སྣེ་ལེན་ཁང་གི་ལས་བྱེད་ཚོར་རྫུན་གཏམ་བཤད་དེ་བས་ཀྱང་མི་སྲིད། ངེད་ཅག་གསར་འབྱོར་བ་ལྔ་བརྒྱ་ལྷག་འདུ་འཛོམས་གླེང་མོལ་བྱེད་སྐབས། བལ་ཡུལ་སྣེ་ལེན་ཁང་དུ་འདྲི་རྩད་བྱེད་སྐབས་གནས་སྐོར་དུ་བསྐྱོད་ཀྱི་ཡོད་སུ་གང་གིས་ཀྱང་ལབ་མི་འདུག་མོད། གལ་སྲིད་དེ་ལྟར་བཤད་མཁན་བྱུང་ཡང་ལག་དེབ་དཀར་པོའི་སྟེང་དུ་གནས་སྐོར་འབྲི་མི་སྲིད་དེ། སྣེ་ལེན་ཁང་གི་ངོས་ནས་གནས་སྐོར་དང་གཞན་ཞེས་པའི་སྡེ་ཚན་དུ་རྒྱབ་སྐྱོར་ཞུ་སྲོལ་མེད་པའི་ཕྱིར།
གསལ་བཤད་ནང༌། “ དེ་ཡང་རང་གཞུང་གིས་སྔར་ནས་ལག་ལེན་བསྟར་མུས་ཀྱི་སྲིད་ཇུས་ལམ་སྟོན་དགོངས་དོན་ལྟར། རང་ལོ་ ༦ ནས་ ༣༠ བར་སློབ་གྲྭ་ཁག་དང་དགོན་སྡེ་ཁག་ནང་སློབ་འཇུག་བྱ་རྒྱུའི་གཏན་འབེབས་ལོ་ཚད་ཡོད་པ་རྒྱ་གར་དབུས་གཞུང་ནས་ཁ་གསལ་མཁྱེན་རྟོགས་ཡོད། བར་སྐབས་རང་ལོ་ ༣༠ ཡོལ་ཟིན་པ་རྣམས་སློབ་གཉེར་བྱ་ཡུལ་གྱི་སྒྲིག་འཛུགས་ཁག་ནང་འཇུག་ཡུལ་མེད་སྟབས། སྐྱབས་བཅོལ་སྡེ་ཚན་ཁོངས་རྒྱབ་གཉེར་ཞུ་དང་ཞུ་མུས་སྐབས་རྒྱ་གར་གཞུང་ཚབ་ཁང་ནས་ལོ་ན་ཡོལ་ཟིན་པའི་རིགས་ལ་གནས་སྐོར་དང་གཞན་ཟེར་བའི་སྡེ་ཚན་ཁོངས་བཀའ་ཁྲོལ་གནང་བཞིན་ཡོད ” ཅེས་པ་ལྟར་ན། རང་ལོ་ ༦ ནས་ ༣༠ བར་ལ་སློབ་གཉེར་གྱི་ལག་དེབ་གནང་བཞིན་ཡོད་པ་གསལ་འདུག འོན་ཀྱང་ངེད་ཅག་གསར་འབྱོར་བ་ལྔ་བརྒྱ་ལྷག་གི་ནང་ནས་བརྒྱ་ཆ་བདུན་བཅུ་ཙམ་ལོ་ན་ ༡༨ ནས་ ༣༠ བར་ཡིན་ཡང་། ལག་དེབ་དཀར་པོའི་སྟེང་སློབ་གཉེར་བཀོད་མེད་པ་འདི་ལ་གསལ་བཤད་ཇི་ལྟར་བྱ་རྒྱུ་ཡིན། ཕྱོགས་གཞན་ཞིག་གི་གསལ་བཤད་ནང “ དེང་སྐབས་རང་ལོ་ ༣༠ བརྒལ་ཡང་ཆབ་སྲིད་གནས་དོན་ཡོད་པ་དང་། གཞན་ཁག་ཅིག་ལ་སྐྱབས་བཅོལ་བཀའ་ཁྲོལ་གནང་བཞིན་ཡོད་པ་དེ་དག་དངོས་ཡོད་གནས་ཚུལ་ཡིན་པ་མང་ཚོགས་ནས་མཁྱེན་རྟོགས་ཡོང་བའི་འབོད་བསྐུལ་གསལ་བཤད་དང ” ཞེས་འཁོད་འདུག ངེད་ཅག་མི་ལྔ་བརྒྱའི་ཁྲོད་དུ་ཆབ་སྲིད་བཙོན་པའང་ཁ་ཤས་ཡོད་ཀྱང་། ལག་དེབ་དཀར་པོའི་སྟེང་གི་གནས་སྐོར་ལ་འགྲེལ་བཤད་གཅིག་ལས་གཉིས་རྒྱག་སྟངས་མེད།
སྤྱི་ལོ་ ༢༠༠༣ ནས་ད་བར་བལ་ཡུལ་སྣེ་ལེན་ཁང་གིས་རྒྱ་གར་གཞུང་ཚབ་ལ་སྐྱབས་བཅོལ་ཁོངས་བཀའ་འཁྲོལ་ཡོང་བའི་རྒྱབ་གཉེར་ཞུས་པའི་ངོ་བཤུས་ཡིག་ཆ་ཁག་བསྟན་རྒྱུ་ཡོད་ཅེས་འཁོད་འདུག ཡིག་ཆ་ནི་ཡིག་ཆ་ཙམ་སྟེ་ཚོགས་པ་སྒྲིག་འཛུགས་གང་ཞིག་ཡིན་རུང་རང་རང་གི་ལས་དོན་ཆེ་ཕྲ་མཐའ་དག་གི་སྐོར་ལ་ཡིག་ཆ་ཕོན་ཆེན་རེ་བསྟན་རྒྱུ་ཡོད་པ་ཚོགས་པའི་འགྲོ་ལུགས་ཡིན་ལ། བལ་ཡུལ་སྣེ་ལེན་ཁང་ལའང་ཡིག་ཆ་བསྟན་རྒྱུ་ཡོད་པ་ང་ཚོས་ཀྱང་གསལ་པོར་ཤེས་ཀྱི་ཡོད། དངོས་ཡོད་གནས་ཚུལ་ཐོག་ནས་ལས་དོན་གང་ཞིག་བསྒྲུབས་ཡོད་པ་དང་། བསྒྲུབས་ཟིན་པའི་ལས་དོན་དེ་ལ་གྲུབ་འབྲས་ཅི་ཞིག་ཐོན་ཡོད་པ། སྤྱི་ཚོགས་ནང་སོ་སོ་དང་འབྲེལ་བའི་དཀའ་རྙོག་གང་ཞིག་ལྷག་ཡོད་པ་བཅས་ལ་ངོས་ཟིན་དང་ར་སྤྲོད་གསལ་བོ་མེད་ན་ཡིག་ཆ་ནི་ཁ་གཡར་ས་དང་ཁག་དཀྲི་ས་ཙམ་ཡིན་ནོ།།
མཐའ་དོན་དུ་ངེད་ཅག་ལ་རྒྱ་གར་ནང་དཀའ་ངལ་དུ་མ་འཕྲད་པ་སོགས་ཀྱིས་རྐྱེན་བྱས་ཏེ། ངེད་ཅག་མི་གྲངས་ལྔ་བརྒྱ་ལྷག་འདུ་འཛོམས་དང་དེའི་ཐོག་གོ་བསྡུར་གླེང་མོལ་ཞིབ་ཚགས་བྱས་པ་བརྒྱུད་དཔལ་ལྡན་བོད་གཞུང་བཀའ་ཤག་དང་སྤྱི་མཐུས། བདེ་སྲུང་ལས་ཁུངས་སོགས་འབྲེལ་ཡོད་ཁག་ལ་སྙན་ཞུ་ཐེངས་མང་ཕུལ་བ་ཡིན། དེར་བརྟེན་གསར་འགོད་པས་གུས་པར་དེའི་ཐོག་བཅར་འདྲི་ཞུ་རྒྱུ་ཡིན་གསུངས་སྐབས། གུས་པས་གོ་སྐབས་ཤིག་ཏུ་བཟུང་སྟེ་བཅར་འདྲི་དང་ལེན་བྱས་ཏེ། ངྷ་རམ་ས་ལར་འཛོམས་པའི་ང་དང་ང་ལྟ་བའི་གསར་འབྱོར་བ་ལྔ་བརྒྱ་ལྷག་ལ་འཕྲད་བཞིན་པའི་དཀའ་ངལ་དང་། དེ་སེལ་ཐབས་སུ་ལས་དོན་གང་བྱས་པ། དཀའ་རྙོག་འདིའི་རྒྱུ་རྐྱེན་གནད་འགག་གང་ལ་ཐུག་ཡོད་པ་སོགས་ཀྱི་དངོས་ཡོད་གནས་ཚུལ་གསལ་བཤད་བྱས་པ་ལས། མ་ཡིན་ཡིན་མདོག་དང་མ་ཤེས་ཤེས་མདོག་བྱས་པ་རྩ་བ་ནས་མིན་ལ། གཞུང་དམངས་བར་དཀྲུག་ཤིང་དང་འགལ་ཟླ་བཟོ་བའི་བསམ་བློ་ཟུར་ཙམ་ཞིག་སྔར་སྐྱེས་མྱོང་མེད་ལ། མ་འོངས་པར་སྐྱེ་ཡང་མི་སྲིད་ཅེས་རྒྱ་ཆེའི་མི་མང་གི་སྙན་དུ་གསོལ་རྒྱུ་ཡིན།
གྲོགས་པོ། གཤོངས་པ། དེ་འདྲ་གསུངས་རྒྱུ་ཨ་ཡོད། བཀའ་ཟུར་རིན་པོ་ཆེ་མཆོག་གི་ལས་དུས་སུ་སྐྱོན་ཤོར་ཡོད་ན། སྐྱོན་བཤངས་སྟངས་དེ་འདྲ་མ་རེད། ཁྱོད་རང་གིས་སྐྱོན་བརྗོད་བྱེད་སྟངས་འདི་ནི། མི་ཐ་ཤལ་ཞིག་གིས་སྐྱོན་བརྗོད་བྱེད་སྟངས་ཤིག་རེད། ཁྱོད་རང་ཐ་ཤལ་གྲས་ཤིག་ཨ་ཡིན་བསམ།
རང་གི་བསམ་དོན་གྲུབ་པ་ལ་སྒྲུབ་སྟངས་ཤེས་དགོས། ཁྱོད་ལ་སྤུན་ཟླ་ངའི་བསླབ་བྱ་ཡིན།
དྲ་གྲོགས་བྱ་གཞུང་གསེར་གྱི་གཤོངས་པ་ཟེར་བའི་མིང་རྫུན་ཁྱོད་ལྐུགས་རྟགས་དེ་འདྲ་མ་བྱེད། བོད་མི་མང་གི་ཐད་ཀར་བཀའ་བློན་ཁྲི་པ་མཁས་་དབང་ཟམ་གདོང་རིན་པོ་ཆེ་ནི་མིང་དང་དོན་དངོས་སུ་མཚུངས་པའི་མཁས་དབང་དང་། དབུ་འཁྲིད་བཟང་པོ་ཞིག་རེད། ལོ་ངོ་བཅུའི་ནང་ཁོང་ནས་གཞན་གྱི་ཟེར་རྗེས་སུ་མ་དྲངས་པར་རང་ཉིད་ཀྱི་ལྟ་བ་ལངས་ཕྱོགས་དམ་པོར་བཟུང་སྟེ་༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ཤར་བསྐྱོད་བྱས་ཏེ་གྲུབ་འབྲས་གང་ལེགས་ཐོན་ཡོད་པས་སྐྱེ་བོ་ཁོང་ལྟ་བུ་ནི་ད་ལྟ་མཐོང་རྒྱུ་དཀོན་པོ་རེད། དེ་ལ་རྫུན་དང་བདེན་པ་མིན་པའི་སྐད་ཆ་ཤོད་པ་ནི་འཕྱོ་མེད་རང་རེད། གཙོ་བོ་ཁྱོད་ཀྱི་བཤད་པ་འདི་བརྗོད་གཞི་དང་འབྲེལ་བ་མི་འདུག་ཀྱང་བོད་ཀྱི་དུས་བབས་དོ་དམ་པས་འདིར་བཀོད་འདུག་པས་སུའི་བསམ་ཚུལ་ཡིན་པའང་གསལ་པོ་མི་འདུག་པས་ངས་ཀྱང་དེར་ལན་ཞིག་བྲིས་པ་ཡིན།
ཚང་མས་མཁྱེན་གསལ་ལྟར། ཟམ་གདོང་ནི་བླ་མའི་མིང་ཙམ་མ་གཏོགས་། དོན་དངོས་ཐོག་རྫུན་གྱི་ཕ་རེད། རྫུན་གྱིས་ནམ་ཡང་བདེན་པ་ངོས་ལེན་བྱེད་གི་མ་རེད།
དྲ་གྲོགས་ཚོ་དགོངས་པ་མ་འཚོམ་རོགས། ཉིན་ཤས་རིང་ངའི་ཀློག་ཀླད་སྐྱོན་ཤོར་ཏེ་བཟོ་བཅོས་བྱ་དགོས་བྱུང་སོང་བས་ལམ་སེང་དྲ་ཐོག་ཡོང་ཐུབ་མ་སོང༌། ངས་ཁ་སེང་བྲིས་པ་འདི་ཀློག་ཐུབ་ཀྱི་མི་འདུག་ཟེར། དེའི་སྟེང་ཅོ་རི་ཉི་མ་ཁྱོད་དང་ང་བསྡུར་ན་བོད་ཡིག་ང་ཡག་པ་ཡོད་པ་ངས་ཁྱོད་ཀྱི་མཆན་མང་པོ་ཀློག་ཚར་ཙང་གསལ་པོ་ཤེས་ཀྱི་ཡོད། དེའི་ཞོར་དུ་གསར་དུ་ལྐུགས་པ་གསར་པ་ཞིག་སླེབས་ཏེ་ང་ལ་གསོག་སྒར་སློབ་གྲྭར་བོད་ཡིག་སྦྱོང་བར་རྒྱུགས་ལབ་འདུག ལྐུགས་པ་རང་རེད། ཀས་གསོག་སྒར་སློབ་གྲྭའི་ནང་བོད་ཡིག་ཤེས་ཚད་ཧ་ཅང་མཐོ་པོ་ཡོད་པའི་སློབ་ཕྲུག་ཀྱང་མང་པོ་སླེབས་ཡོད་རེད། སྐྱོ་བ་ཚང་མ་དང་ལོ་སླེབས་པ་ཚང་མ་གསོག་སྒར་ ལ་འགྲོ་དགོས་མ་རེད། འདི་གར་ལྡི་ལིར་ཡང་མགྲོན་ཁང་ཁག་ཅིག་ནང་སྦྱངས་ས་ཡོད་རེད། སེམས་ ཁྲལ་དགོས་ཡས་ཡོད་མ་རེད། མང་པོ་བྲིས་འདོད་མི་འདུག གང་ལྟར་ཕུན་ཚོགས་ཆོས་སྡོང་ཟེར་བ་འདིར་རྒྱུ་མཚན་གྱིས་འདེང་གི་མེད་ཙང་འདིར་རྩ་བ་ནས་ཡོང་མ་སོང༌། བྱས་ཙང་ང་ཚོའི་དམིགས་ཡུལ་གཅིག་པུ་འདི་ང་ཚོ་གསར་འབྱོར་ཚོར་སྐྱབས་བཅོལ་ལག་འཁྱེར་གཅིག་མཚུངས་རག་རྒྱུ་འདི་རེད། ངས་ཉེ་ཆར་ང་རང་གི་ཕ་ཡུལ་གཅིག་པ་ཞིག་སླེབས་པ་འདི་ཟླ་བ་གཅིག་མ་ཕྱིན་གོང་ནས་སྐྱབས་བཅོལ་ལག་འཁྱེར་འཁུར་ཏེ་ལྡི་ལིར་སླེབས་ཏེ་ང་ལ་ལག འཁྱེར་སེར་པོ་བཟོ་རྒྱུའི་རོགས་པ་བྱ་རོགས་ཟེར་གྱི་འདུག གནས་ཚུལ་དེ་ཚོར་བལྟ་དུས་ང་ཚོ་གསར་འབྱོར་ཚོར་དེང་སང་སྐྱབས་བཅོལ་ལག་འཁྱེར་བཟོ་རྒྱུ་འདི་སྣེ་ལེན་ཁང་ནས་མ་ཐོན་གོང་ནས་རྒྱ་གར་གཞུང་གི་བཟོ་གི་ཡོད་འདུག་པས་དེ་ལྟ་བུའི་འགྱུར་བ་ཕྱིན་པ་དེ་ཚོ་ལྐུགས་པ་ཅོ་རི་ཉི་མ་སོགས་ནས་ཤེས་ན་ཡག་པོ་འདུག དེ་མིན་གོ་ཚོད་པ་ ཕྱེད་དང་མ་ཚོད་པ་ཕྱེད་ཀའི་ ཐོག་ནས་བཤད་བསྡད་ན་སྣེ་ལེན་ཁང་གི་གསལ་ བཤད་དང་གཅིག་པ་གཞུང་དང་མི་མང་བར་ལ་དཀྲུག་ཤེན་རྒྱག་མཁནཆགས་ས་རེད། དེ་རིང་དོན་དག་འདིའི་ཐོག་མཆན་བཀོདཀྱི་མིན་བཞུགས་གདན་འཇགས་ཨང་། གནད་དོན་གཞན་པའི་ཐོག་མཇལ་ཡོང་། བའི་བའི་བའི་བའི་
ཉི་མ་ལགས་སོག་སྒར་སློབ་གྲྭར་སོང་དང་ཅིག་བྱས་ན་བོད་ཡིག་ཡར་རྒྱས་ལ་ཡོང་སྲིད་ཀྱི་རེད།
ཝེ་ཡེ་ཉི་མ།
སྨན་ཁང་ལ་མགྱོགས་པོ་བསྟན་མ་གཏོགས་ཁྱོད་རང་གི་ནད་བུ་ས་འདི་བ་ལ་བསླེབས་འདུག་ཏ། ཧ་ཧ་ཧ།
ཉི་མ་ལགས་་་ཁྱེད་ཀྱི་བྲིས་རྣམས་ཀློག་ཐུབ་ཀྱི་མི་འདུག་་་་་་་་་་་་་་་་་་་དེ་ལས་དྲག་ཙམ་འབྲི་ཐུབ་ཀྱི་མི་འདུག་གམ། ལག་རྩལ་དེ་ལས་མེད་པས་་་ཧཧཧཧཧཧ
ད྄ྲ་ག྄ྲོགས་འཇིགས་བ྄ྲལ་བས྄ྟན་འཛིན། ཁ྄ྱོད་ཀ྄ྱི་ས྄ྐད་ཆ་ར྄ྫིག་པོ་འད྄ྲ་གཅིག་བཤད་ནས་བཞག་འདུག་ ཨ་མ་ཡིན་ཤག་དང་ནུ་མ་ནུ་ ཤག་ཡིན་བསམ་པ་ག་དུས་ཡིན་ནའང་ཡོང་ཡས་ཡོད་མ་རེད། ས྄ྔོན་མ་ནང་བཞིན་དཀའ་ངལ་མེད་པ་ཟེར་བ་དེ་ཚོ་ཁག་ཙམ་ཆགས་ཀ྄ྱི་ཡོད་ས་རེད། ཟམ་གདོང་རིན་པོ་ཆེ་མ་ས྄ླེབས་པའི་ས྄ྔོན་དུ་བོད་ནས་ཡོང་བའི་གསར་འབ྄ྱོར་བ་ལག་འཁ྄ྱེར་མེད་པར་འཛིན་བཟུང་བ྄ྱ་བཞོིན་པའི་གནས་ཚུལ་ཐོན་ཡོད། དེ་ལ་བར྄ྟེན་ནས་ར྄ྒ྄ྱ་གར་ནང་འཛུལ་ཆོག་པའི་ལག་འཁ྄ྱེར་འདི་ཟམ་གདོང་རིན་པོ་ཆེའི་ས྄ྐབས་སུ་ཞུས་ནས་ཐོབ་པ་རེད་ཅེས་ 2009་ལོར་མན་ཇུ་ཀ྄ྲི་ལར་ས྄ྐུ་ངོ་ནས་བཀའ་ས྄ློབ་གནང་སོང༌། ལག་འཁ྄ྱེར་འདི་བཟོས་པའི་ར྄ྗེས་ལ་ཁ྄ྲིམས་ལས་འགལ་ན་མ་གཏོགས་གསར་འབ྄ྱོར་ལག་འཁ྄ྱེར་མེད་པར་ར྄ྒ྄ྱ་གར་ནང་བས྄ྡད་མཁན་འཇུ་བཟུང་བ྄ྱས་པ་གཅིག་ཀ྄ྱང་བ྄ྱུང་ཡོད་མ་རེད་ཅེས་ས྄ྐབས་དེ་དུས་གསུངས་སོང༌། དེ་བདེན་པ་ཡིན་ན་འཇིགས་བ྄ྲལ་ཁ྄ྱོད་ཀ྄ྱི་འདི་ཤེས་ཀ྄ྱི་མེད་ས་རེད། ང་ ཚོ་གསར་འབ྄ྱོར་ལག་འཁ྄ྱེར་མེད་པ་ཚོར་ར྄ྒ྄ྱ་གར་ནང་གཏན་ས྄ྡོད་ཆོག་པའི་ལག་འཁ྄ྱེར་ཚད་ལ྄ྡན་ཐོབ་ཐབས་སུ་འགན་འཁ྄ྲི་འདི་བོད་གཞུང་གི་འཛིན་ས྄ྐ྄ྱོང་གི་བདག་པོ་བཀའ་བ྄ློན་ཁ྄ྲི་པ་དང་བོད་མི་མང་ནས་འདམས་པའི་ས྄྄ྤ྄ྱི་འཐུས་ཚོར་ཡོད་རེད། ཡིན་ནའི་ས྄ྤ྄ྱི་འཐུས་ཚོ་ཁག་པོ་རེད། ཁང་པ་གསར་པ་བར྄ྒ྄ྱབ་ནས་ཁོ་རང་ཚོའི་ར྄ྐུབ་ས྄ྟེགས་ཧ྄ྲ་ཐག་ཐག་བཟོས་ནས་བས྄ྡད་ཀ྄ྱི་རེད། བ྄ྱས་ཙང་འགན་དེ་བཀའ་བ྄ློན་ཁ྄ྲི་པ་གསར་པ་གཅིག་པུས་ལེན་དགོས་བ྄ྱེད་ཀ྄ྱི་རེད།
་ དེ་ནས་ད་ལ྄ྟ་གཡུ་འབ྄ྲུག་དཀར་ཁ྄ྱོད་ཉོན་ཨང་། བོད་གཞུང་གི་བས྄ྟེན་པའི་ས྄ྲུང་མ་དམར་ནག་དེ་ཚོ་དེ་འད྄ྲའི་བ྄ྱབ་ཆུང་བ་དེ་འད྄ྲ་མ་རེད། ལ྄ྐུགས་པ་ཁ྄ྱོད་བསམ་བ྄ློ་གཏོང་ས྄ྟངས། ཁ྄ྱོད་རའི་འཕ྄ྲིན་བཅོལ་ལ་དེ་ལ྄ྟ་བུའི་ནུས་པ་ཡོད་ན་ཀས་ ར྄ྒ྄ྱ་ནག་གཞུང་གི་ད྄ྲ་ར྄ྒ྄ྱ་དང་ཚགས་ཤོག་དེ་ཚོའི་ནང་༸གོང་ས་མཆོག་ལ་མཚན་ས྄ྨད་དང༌། ཁ྄ྱོད་ས྄ྡོད་སའི་ར྄ྡ་རམ་ས་ལའི་ཁོར་ཡུག་འདིའི་ནང་ཁ྄ྱོད་རའི་ཕ་ཡུལ་གཅིག་པ་དེ་ཚོས་ཀ྄ྱང་གཞན་པའི་བེད་ས྄ྤ྄ྱོད་འོག་ཏུ་སོང་ས྄ྟེ་༸གོང་ས་མཆོག་ལ་མཚན་ས྄ྨད་གང་འད྄ྲ་ཞུ་གི་འདུག་ བོད་པའི་ས྄ྤ྄ྱི་ཚོགས་དངང་དཀ྄ྲུུག་ཤེན་གང་འད྄ྲ་བ྄ྱ་གི་འདུག་ ལས་མེད་དཀ྄ྲུུག་ཤེན་བ྄ླངས་ནས་བས྄ྡད་མཁན་ག་ཚོད་འདུག་ ས྄ྔོན་ཁོང་ཚོའི་ག྄ྲས་ཁ྄ྲག་ས྄ྐ྄ྱུག་བཅུག་གི་རེད། དང་པོའི་བར྄ྗོད་གཞི་དང་འབ྄ྲེལ་ནས་མཆན་འདེབས་ཏེ་ཡག་ཉེས་གང་བ྄ྲིས་ཀ྄ྱང་བ྄ྲིས་པ་ལས་བ྄ྱིས་པ་ཀ྄ླད་ ཆུང་བ་འད྄ྲ་པོ་བ྄ྱས་ཏེ་ཁ྄ྲག་ས྄ྐ྄ྱུག་གི་རེད་ཟེར་བ་དེ་འད྄ྲའི་ཅོལ་ཆུང་དེ་འད྄ྲ་མ་བ྄ྱེད། བོད་ཀ྄ྱི་དུས་བབས་ར྄ྩོམ་ས྄ྒ྄ྲིག་པ་ཡང་སེམས་ས྄ྐ྄ྱོ་གི་རེད་ད། ཟིན་བ྄ྲིས་ཀ྄ྱི་བདག་པོ་མང་ཆེ་བ་ག྄ྲྭ་ལོག་ཡིན་ས྄ྟབས་ཁོང་ཚོ་ཡང་ངོ་ཚ་གི་རེད་ད། ཆོས་ཀ྄ྱི་ནང་དོན་མ་ཤེས་པར་ས྄ྲུང་མ་གསོལ་བ་ཡིན་ན་འཕ྄ྲིན་བཅོལ་བཏང་ཚར་དུས་ཁ྄ྱོད་རང་ཁ྄ྲག་ས྄ྐ྄ྱུག་ར྄ྒ྄ྱུའི་ཉེན་ཁ་ཡོད་རེད་ད། ར྄ྩེད་མོ་ར྄ྩེད། ཁ྄ྱོད་ཀ྄ྱི་མཆན་འདིར་འཆོ་ར྄ྩ་བ་ནས་མི་འདུག་ བ྄ྲིས་མ་ཡོང་།
གུས་པར་འོས་པའི་ཉི་མ་ལགས། ཁྱེད་ཀྱིས་གཟབ་གཟབ་མ་བྱས་ན་ཁྱེད་ལ་གནས་ཆུང་དང་དཔལ་ལྡན་ལྷ་མོ་གང་རུང་ཞིག་གིས་བཀའ་ཆད་གཏོང་གི་ཡོད་པ་འདྲ། ཡིད་མི་ཆེས་ན་ཁྱེད་ཀྱིས་བཏབ་པའི་མཆན་ལ་ལྟོས་དང་། རྨང་གཞིའི་ཞབས་ནས་ཡར་འདྲེན་པའི་ཡ་བཏགས་མང་ཚུལ་ལ་བལྟས་ན་ཁྱེད་ཞབས་འདྲེན་ཞུ་མཁན་ཞིག་རེད་ཟེར་གྱིན་ཡོད་པ་འདྲ། ཧ་ཧ་ཧ་ཧ་ཧ་ སང་ཉིན་མགྱོགས་པོར་འཕྲིན་བཅོལ་གཏོང་གི་རྒྱུག་མ་གཏོགས་ཁ་ནས་ཁྲག་བསྐྱུགས་འོང་། རྩེད་མོ་ཡིན དགོངས་དག
སྤྱིར་བཏང་རྒྱ་གར་རྒྱལ་ཁབ་འདིའི་ནང་དུ་བོད་མིའི་སྐྱབས་བཅོལ་ལག་དེབ་བཟོ་རྒྱུའི་ཁྲིམས་ཞིག་ཡོད་པ་ལས་ང་ཚོ་ལ་རག་མ་སོང་ཟེར་ནས་ལམ་སེང་བརྣག་བརྣག་བྱེད་སོང་ཟེར་ན་འགྲིག་གི་མེད། རང་སོ་སོ་ལ་ལག་དེབ་བཟོ་རྒྱུའི་ཆ་རྐྱེན་མ་ཚང་ན་གསར་རྙིང་སུ་ཡིན་རུང་དཀའ་ངལ་འཕྲད་རྒྱུ་ཡིན། དཔེར་ན། གཞིས་ཆགས་ནང་དུ་སྐྱེས་པ་ཡིན་ན་ཡང་ཨར་སི་ལག་དེབ་མ་རག་པ་མང་པོ་ཡོད།སྤྱིར་སྐྱབས་བཅོལ་ལག་དེབ་བཟོ་བར་དམ་བསྒྲགས་ཆེ་རུ་ཕྱིན་པའི་རྒྱུ་རྐྱེན་གཙོ་བོ་ནི་བོད་མི་བསམ་མེད་འགའ་ཞིག་གིས་ཁྲིམས་འགལ་གྱིས་ལག་དེབ་རྫུན་མ་བཟོ་བ་ལ་བརྟེན་ནས་བོད་མི་སྤྱི་ཡོངས་ལ་དཀའ་ངལ་འཕྲད་པ་ཞིག་ཡིན་པ་ལས། བཙན་བྱོལ་བོད་གཞུང་ལ་ནག་ཉེས་རྩ་བ་ནས་མེད་པས་ངན་ཁག་གཡོགས་མི་ཉན།འགའ་ཞིག་གིས་ལག་པ་འཆང་ས་རག་ཚད་གོ་སྐྱབས་བཟུང་ནས་ཟམ་གདོང་བླ་མས་འགྲིག་མ་སོང་ཟེར་ན་རང་མདོག་བསྟན་པ་ཡིན་པས་དེ་ལྟར་བྱེད་པ་ནི་གཞི་མེད་སྐྱོན་བརྗོད་བྱེད་པ་ལས་མ་འདས།
བགྲོ་གླེང་འདིའི་ནང་དྲ་གྲོགས་ཚོས་བཀའ་མོལ་ནོར་འཁྲུལ་ཅན་ཞིག་གནང་བཞིན་འདུག དེ་ནི་གསར་འབྱོར་དང་རྙིང་འབྱོར་ཟེར་བ་དེ་རེད། དེ་རིང་ང་ཚོའི་མིག་མདུན་དུ་ཡོད་པ་ནི་གནད་དོན་དེ་རྩ་བ་ནས་མ་རེད། དྲི་བ་དངོས་དང་ཞིབ་འཇུག་དངོས་བྱེད་དགོས་པ་ནི་གཤམ་གྱི་དྲི་བ་དང་དེ་ཚོའི་ལན་རེད།
༡ གསར་འབྱོར་མང་པོ་ཞིག་ལ་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་འཁྱེར་རག་པར་དཀའ་འཕྲད་བཞིན་པ་འདིའི་ཐད་འགན་ཆེ་ཤོས་སུ་ལ་ཡོད་པ་རེད།
༢ འདས་པའི་ཟམ་གདོང་རིན་པོ་ཆེའི་ལོ་བཅུའི་རིང་བཙན་བྱོལ་བོད་མི་ཚོ་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་འཁྱེར་བཟོ་བར་དཀའ་ངལ་ཆེ་རུ་ག་རེ་བྱས་ནས་ཕྱིན་པ་རེད།
༣ ཟམ་གདོང་རིན་པོ་ཆེའི་སྐབས་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་འཁྱེར་བཟོ་བར་དཀའ་ངལ་འཕྲད་འགོ་ཚུགས་པ་ནས་རྒྱ་གར་གཞུང་གིས་གསར་འབྱོར་ཚོར་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་ long term stay in India ཟེར་བ་ག་རེ་བྱས་ནས་སྤྲོད་བཞིན་ཡོད་པ་རེད།
༤ བལ་ཡུལ་སྣེ་ལེན་ཁང་གི་ལས་བྱེད་ཚོས་སྤྱི་ཡོངས་ཀྱི་ཆ་ནས་བོད་མི་གསར་འབྱོར་བ་ཚོ་རྒྱ་གར་ལ་ག་རེ་བྱས་ནས་ཡོང་བ་ཤེས་ཀྱི་ཡོད་དམ་མེད། ཡོད་ན་ག་རེའི་ཆེད་དུ་ཡོང་བ་རེད།
༥ གསར་འབྱོར་ཚོས་སྣེ་ལེན་ཁང་ལ་ག་རེ་བཤད་དགོས་པ་ཤེས་ཀྱི་ཡོད་དམ་མེད།
༦ གང་ལྟར་གོང་དུ་དྲངས་པའི་འཕེལ་རིམ་འདིའི་འོག་ནས་ད་ལྟ་ཁ་ཡོད་ལག་ཡོད་ཡིན་པའི་གསར་འབྱོར་ཚོའི་དཀའ་ངལ་དེ་སེལ་བར་འགན་གང་འདྲ་ཞིག་ཁུར་དགོས་ཀྱི་འདུག
ཉི་མ་ཟེར་བ་དེས་གླེན་རྟགས་འདི་འདྲ་བསྟན་འདུག་་་་དེའི་ཁར་ཡི་གེའང་ཀློག་མི་ཐུབ་པ་ཞིག་བྲིས་འདུག་པས་ཀློག་འདུན་མ་བྱུང་་་ཡིན་ནའང་ཁོའི་མིང་འདི་ངོས་མིང་ཡིན་ཁུལ་བྱས་འདུག་ཀྱང་་་་ཉི་མ་དང་ཟླ་བ་་་ད་དུང་བཀྲ་ཤིས་དང་བསྟན་འཛིན་སོགས་ཀྱི་མིང་ཅི་ཙམ་བྲིས་ཀྱང་དེ་དག་སྨྱུག་མིང་དང་གཅིག་མཚུངས་རེད་་་་ཁྱེད་ཀྱིས་ངའི་མིང་ཤེས་འདོད་ན་ངའི་མིང་ལ་ཟླ་བ་ཟེར་གྱི་ཡོད་་་་
ཕོ་ང་དང་འད྄ྲ་བར་མིང་དངོས་སུ་ཕེབས་མཁན་ད྄ྲ་ག྄ྲོགས་ཅོ་རི་ཉི་མ་ལགས། མིང་དངོས་སུ་མ་བཀོད་མཁན་ཚོར་ངས་མཆན་འདེབས་འདོད་མི་འདུག་ དེ་ཚོ་བསམ་ཕོད་པ་བཤད་ཕོད་པ་ཞིག་མ་རེད། ཅོ་རི་ཉི་མ་ལགས་ནས་གསུངས་ས྄ྟངས་ལ་བལ྄ྟས་ན་ང་ཚོ་ཐོག་མའི་མཆན་འདེབས་ཡུལ་འདི་ས྄ྣེ་ལེན་ཁང་ནས་ང་ཚོ་གསར་འབ྄ྱོར་ཚོར་བལ་ཡུལ་ནས་ར྄ྒ྄ྱ་གར་གཞུང་ཚབ་ལ་ངོ་ས྄ྤ྄ྲོད་གནང་ས྄ྐབས་ཡག་པོ་མ་བ྄ྱུང་བར་ས྄ྐ྄ྱབས་བཅོལ་ལག་འཁ྄ྱེར་བཟོ་ར྄ྒ྄ྱུར་དཀའ་ངལ་འཕ྄ྲད་བཞིན་པའི་ས྄ྐོར་རེད། ཡིན་ནའི་ད་ལ྄ྟ་ང་ཚོ་ར྄ྩོད་ས་འདི་གསར་འབ྄ྱོར་དང་གཞིས་ཆགས་ཙམ་མ་ཟད། ཁ྄ྱེད་རང་ནས་དཔོན་ངན་ཚོ་ལ྄ྐོག་ཟ་རུལ་སུངས་བ྄ྱ་གི་ཡོད་པའི་ས྄ྐོར་ག྄ླེང་འདུག་ ཁག་མེད། དེང་སང་ར྄ྒ྄ྱ་གར་ནང་ལ྄ྐོག་ས་རུལ་སུངས་ཀ྄ྱི་ངོ་ར྄ྒོལ་ལངས་བཞིན་པ་འདི་རེད། དེ་ཁ྄ྱེད་རང་ནས་ང་ཚོ་བོད་པ་ཚོར་ཚུར་བཀབ་ས྄ྟེ་བཤད་ཀ྄ྱི་ཡོད་ས་རེད། བོད་པའི་ནང་དཔོན་ངན་དེ་ཚོ་སུ་རེད། ༸ར྄ྒ྄ྱལ་བ་རིན་པོ་ཆེ་རེད་པས། ཟམ་གདོང་རིན་པོ་ཆེ་རེད་པས། དུས་ཡུན་རིང་པོ་བལ྄ྟ་མི་དགོས་པར་འདས་པའི་ལོ་བཅུའི་ནང་བོད་གཞུང་གི་དཔལ་འབ྄ྱོར་ས྄ྟངས་འཛིན་བ྄ྱ་ཕ྄ྱོགས་འདི་ཧ་ཅང་ནན་པོ་བ྄ྱུང་ཡོད་ལ། གཞུང་གི་འག྄ྲོ་ག྄ྲོན་ཡོངས་ར྄ྫོགས་ཟམ་གདོང་རིན་པོ་ཆེ་ས྄ྟངས་འཛིན་གནང་གི་ཡོད་པ་མ་རེད་པས། ད་དཔོན་པོ་སུས་ལ྄ྐོག་ས་བ྄ྱ་གི་འདུག་ཟེར་ག྄ྱི་ཡོད། ཁ྄ྱེད་རང་ནས་བཀའ་བ྄ློན་ཁ྄ྲི་པ་བ྄ློ་བཟང་སེང་གེ་མཆོག་ནས་གསུངས་པ་ལ྄ྟར་རང་མགོ་རང་ཐོན་ཡོང་མིན་བཤད་ཀ྄ྱི་ཡོད་པས། ཚང་མ་ཕ྄ྱི་ར྄ྒ྄ྱལ་ལ་ཕ྄ྱིན་ན་རང་མགོ་རང་ཐོན་ཆགས་ཀ྄ྱི་རེད་པས། ལ྄ྐུགས་ར྄ྟགས་མ་བ྄ྱེད་ཟེར་ངས་ཁ་སེང་བཤད་ཡོད་ད། ངས་ཁ་སེང་གསར་འབ྄ྱོར་ཕ྄ྱི་ར྄ྒ྄ྱལ་ལ་འག྄ྲོ་ཆོག་ཆོག་དེ་ཚོ་གཙོ་བོར་བཏོན་ནས་བཤད་ཡོད། ཡིན་ནའང་དེར་ཁ྄ྱེད་རང་ནས་ལན་བར྄ྒ྄ྱབ་ན་ར྄ྩ་བ་ནས་ཡག་པོ་མི་འདུག་ ཁ྄ྱེད་རང་བོད་པ་རེད། ཡིན་ནའི་བཙན་བ྄ྱོལ་ག྄ྱི་བོད་མི་མ་རེད། གང་ཡིན་ཟེར་ན་ཁ྄ྱོད་རང་སུད་སིའི་མི་སེར་བཟོས་ཟིན་པ་རེད། ཁ྄ྱེད་རང་སུད་སི་བ་ཆགས་པ་རེད། བ྄ྱས་ཙང་གསར་འབ྄ྱོར་ལ་དཀའ་ངལ་ཡོད་རེད་ཅེས་ང་ཚོ་གསར་འབ྄ྱོར་ས྄ྤ྄ྱི་མཚུངས་སུ་འད྄ྲེས་ནས་བཤད་ན་ཏག་ཏག་བས྄ྡད་ཀ྄ྱི་མ་རེད། སུད་སིར་ས྄ླེབས་ར྄ྗེས་ས྄ྣེ་ལེན་ཁང་ལ་གསར་འབ྄ྱོར་དཀའ་ངལ་ཆེ་བ་དེ་ཚོའི་ཆེད་དུ་སུད་ས྄ྒོར་ཕ྄ྱེད་ཀ་ཞིག་ཞལ་འདེབས་ཕུལ་བ་ཡིན་པས། ཁག་པོ་རེད། ད་ལ྄ྟ་སུད་སིར་ས྄ླེབས་ནས་ཀ྄ྱང་ད་དུང་མ་ཚིམས་པར་ཨ་རིར་རེ་བ་བ྄ྱ་གི་འདུག་ག་ ཐབས་ས྄ྐ྄ྱོ་བ་ལ། ངས་གསར་འབ྄ྱོར་དཀའ་ལས་ར྄ྒ྄ྱག་མཁན་ཚོ་དང་དངོས་ཡོད་བོད་ནང་ར྄ྒ྄ྱ་མིས་ཆབ་ས྄ྲིད་ཀ྄ྱི་ཐོག་ནས་ས྄ྡུག་པོ་བཏང་ས྄ྟེ་ས྄ྡོད་མ་ཐུབ་མཁན་ཚོའི་བ྄ྱ་ས྄ྤ྄ྱོད་དང་དཀའ་ངལ་དེ་ཚོར་བལ྄ྟས་ནས་གསར་འབ྄ྱོར་ཚང་མ་བལ་ཡུལ་ནས་ཨ་རི་མ་ཟད། དེ་ལས་ལ྄ྷག་པའི་ར྄ྒ྄ྱལ་ཁབ་ཆ་ར྄ྐ྄ྱེན་ཡོད་པ་ཞིག་ཏུ་ང་རང་གི་ས྄ྒལ་པར་འཁུར་ནས་མི་གཅིག་བས྄ྐ྄ྱལ་བར་བཏང་བ་ཡིན་ནའང་ངས་འག྄ྲོ་ས་རེད། ར྄ྒ྄ྱ་རོ་དམར་པོའི་ཧམ་པ་དང་བཙན་ཤེད་ཀ྄ྱི་འོག་ལ་ས྄ྡུག་བས྄ྔལ་མ྄ྱངས་མཁན་དངོས་ཡོད་དེ་ཚོར་དཀའ་ངལ་འདི་དང་འདི་འཕ྄ྲད་ཀ྄ྱི་འདུག་ འདི་བ྄ྱ་དགོས་འདུག་ཅེས་བསམ་འཆར་བཏོན་མཁན་འདུག་ན། ངའི་དེའི་ར྄ྒ྄ྱབ་ཏུ་ལངས་ནས་ར྄ྒ྄ྱབ་ས྄ྐ྄ྱོར་བ྄ྱ་གི་ཡིན་ལ། གསར་འབ྄ྱོར་དེ་ཚོ་ནི་དངོས་གནས་བོད་གཞིས་བ྄ྱེས་གཉིས་ཀ྄ྱི་ལ྄ྕགས་ལས་ག྄ྲུབ་པའི་ཟམ་པ་ཡིན་པ་མ་ཟད། ཟམ་པ་དེ་ཚོས་མི་དང་མེ་འཁོར་ཡང་འཁ྄ྱོག་གི་རེད། བ྄ྱས་ཙང་མང་པོ་བཤད་ཀ྄ྱི་མིན། ངའི་རེ་བ་ཆེ་ཤོས་འདི་བཀའ་བ྄ློན་ཁ྄ྲི་པ་གསར་པས་ཞལ་གདན་ཚིག་ལ་གནས་པའི་ ཐོག་ནས་བོད་ནས་གསར་དུ་འབ྄ྱོར་བའི་ས྄ྐ྄ྱབས་བཅོལ་ལག་འཁ྄ྱེར་གནས་འཇལ་འཁོད་པ་དེ་དག་གཞན་པ་དང་ས྄ྤ྄ྱི་མཚུངས་ཞིག་ཡོང་ཐུབ་པའི་ ཆེད་ནུས་པ་བཏོན་ཐུབ་ཚེ་ཁ་ཡོད་ལག་ཡོད་ཀ྄ྱི་གསར་འབ྄ྱོར་དཀའ་ངལ་ཅན་ཚོའི་དཀའ་ངལ་སེལ་ཐུབ་ན་དེ་ནི་ང་ཚོའི་ཐོག་མའི་ར྄ྩོད་གཞི་འདི་ག྄ྲུབ་པ་རེད་ལ། ང་དང་ཅོ་རི་ཉི་མ་ལགས་ཀ྄ྱང་དེ་ལས་འཕ྄ྲོས་ནས་ར྄ྩོད་པ་གཞན་བ྄ྱ་དགོས་དོན་མི་འདུག་ གཙོ་བོ་བོད་ནས་གསར་དུ་འབ྄ྱོར་བ་ཚོའི་ས྄ྐ྄ྱབས་བཅོལ་ལག་འཁ྄ྱེར་དེ་ཐག་གཅོད་ཐུབ་ན་དེ་གས་འག྄ྲིག་པ་འདུག༌༌༌༌༌༌་ མང་པོ་བཤད་ནས་འཆོ་མི་འདུག༌༌༌༌༌༌༌ངས་་མན་ཇུའུ་ཊི་ལའི་ནང་ཉིན་ལ྄ྟར་བོད་མི་ག་ཚོད་ཙམ་ག྄ྱིས་ཕ྄ྱི་ར྄ྒ྄ྱལ་དུ་ར྄ྒ྄ྱལ་ཁབ་གཞན་པའི་མི་སེར་ཆགས་ར྄ྒ྄ྱུའི་དོན་དུ་བཙན་བ྄ྱོལ་ག྄ྱི་འཚོ་བ་ས྄ྐ྄ྱོ་པ་འདི་དོར་ནས་མིང་འད྄ྲ་མིན་འཁུར་ཏེ་ས྄ྡུག་ས྄ྐད་བར྄ྒ྄ྱབ་པ་འདི་ཚོ་མཐོང་ས྄ྐབས་ལོ་ངོ་ཉི་ཤུ་ལ྄ྷག་གི་ར྄ྗེས་སུ་ཅོ་རི་ཉི་མ་དང་ང་འད྄ྲ་བའི་མི་དེ་ཚོ་ཤ་རུས་གཅིག་ལས་ཆད་ཀ྄ྱང་ར྄ྒ྄ྱལ་ཁབ་ཁག་ཁག་ཡིན་ས྄ྟབས་ཕན་ཚུན་ག྄ྱི་འདི་ད་ལ྄ྟ་ནང་བཞིན་མེད་པར་རིམ་བཞིན་ཡལ་འག྄ྲོ་བ་འདི་ར྄ྩ་བ་ནས་མཐོང་འདོད་མི་འདུག་ ཅོ་རི༌༌༌༌་ ང་ཁ྄ྱོད་ཀ྄ྱི་ལ་ར྄ྒ྄ྱ་ལ྄ྐུགས་པ་འདི་ལ་དགའ༌༌༌༌༌
དྲ་གྲོགས་ཉི་མ་ལགས། ཁྱེད་ཀྱི་གསར་འབྱོར་ཚོའི་གོན་པ་གོན་སྟེང་དང་བཅའ་ལག་ཁྱེར་སྟེང་ལ་ལྟས་ནས་མི་རིང་བར་ཕྱི་རྒྱལ་ལ་འགྲོ་མཁན་ཞིག་ཡིན་པར་ངོས་འཛིན་བྱས་ནས་བལ་ཡུལ་སྣེ་ལེན་ཁང་ངོས་ལེན་བྱེད་མི་ཐུབ་པའི་རྒྱུ་མཚན་བཀོད་འདུག ཕྱི་རྒྱལ་ལ་འགྲོ་མཁན་གསར་འབྱོར་དང་གཞིས་ཆགས་གཉིས་ལ་གང་གི་མང་། གཞུང་ཞབས་ལས་བྱེད་དང་བལ་ཡུལ་སྣེ་ལེན་ཁང་གི་ལས་བྱེད་གཉིས་ཕྱི་རྒྱུལ་ལ་འགྲོ་མཁན་གང་གི་མང་། ཕྱི་རྒྱལ་ལ་འགྲོ་འདོད་ཡོད་མཁན་གསར་འབྱོར་དང་གཞིས་ཆགས་གཉིས་གང་གིས་མང་ལན་ཞིག་སྐྱོན་དང་།
དེ་ནས་ཕྱི་རྒྱལ་ལ་འགྲོ་མཁན་ཡིན་ན་བཙན་བྱོལ་བའི་སྣེ་ལེན་དགོས་མིན་དང་མཐོང་ཆེན་དགོས་མིན་གཞི་ནས་ཤེས་ཐུབ་ལགས།།
བསམ་བློ་མི་བཏང་བར་གང་བྱུང་དྲ་ཐོག་ལ་ཡི་གེ་བྲིས་ན་ཅི་ཕན།
སྐུ་ངོ་ཉི་མ་ལགས།
ཁྱེད་ཀྱིས་བཀའ་མོས་གསུངས་སྟངས་ལ་བལྟས་ན་དཔོན་ཉམས་ཞེ་དྲག་འདུག་ག གསར་བ་ཚོང་རྫས་བྱས་མཁན་གྲལ་ཞིག་ཡིན་ས་རེད་ད། བསམ་བློ་ཡག་པོ་ཐོངས་། སྐད་ཆ་བསམ་ནས་ཤོད། གསར་འབྱོར་བའི་རིགས་ཀྱིས་བོད་ཕྱི་ནང་གཉིས་ཀྱི་འབྲེལ་ཐག་འདིར་ལྕགས་ཟམ་ནང་བཞིན་ཡོད་པ་ལས་ཆག་ཆོག་ཆོག་ཤིག་གཏན་ནས་མེད།
སྐད་ཆ་ཐབས་སྡུག་འདི་འདྲ་བཤད་མ་ཡོང་ཨ། ཁྱེད་འདྲ་བའི་བོད་མི་རེ་གཉིས་ཀྱིས་བཙན་བྱོལ་བོད་མི་རང་འགོ་རང་ཐོན་ཡོང་ལ་འགོག་རྐྱེན་བཟོ་ཡི་ཡོད་པར་ཤེས་ཀྱི་གལ་ཆེ། བཀའ་ཁྲི་གསར་པ་བློ་སེང་མཆོག་གིས་གསུངས་པ་ལྟར་རང་འགོ་རང་ཐོག་ཡོང་བ་ལ་བཙན་བྱོལ་བོད་མི་རྣམས་ས་གནས་གང་བསྡད་ཀྱང་སྡོད་ཆོག་པའི་ལག་ཁྱེར་དགོས་པ་མ་ཟད་འཚོ་བ་རང་འགོ་ཐོན་པ་དགོས་ནི་རེད་དོ།
གཉིས་ནས་་་་གཞི་ཆགས་ནང་གི་གཞི་མི་ཉམས་ཐག་རྣམས་དང་གསར་འབྱོར་ཚོའི་འཚོ་བ་ཡག་པོ་ཞིག་ཡོང་མ་ཐུབ་པར་བཙན་བྱོལ་བོད་མི་རང་འགོ་རང་ཐོན་ཟེར་བ་ཞིག་ཡོང་སྲིད་ཀྱི་མ་རེད་ད། བཀའ་ཁྲི་གསར་པས་འོས་བསྡུའི་གོང་དུ་གསར་འབྱོར་ཚོ་དང་གཞི་མི་ཉམས་ཐག་ཚོ་བལྟ་སྐྱོང་བྱེད་ཀྱི་ཡིན་ཞེས་གསུངས་ཡོད་རེད། གསུངས་པ་ལྟར་ལས་དོན་ལམ་འགྲོ་ཡོང་བར་འགོག་རྐྱེན་བཟོ་མ་ཡོང་རོགས་ཞེས་རེ་བ་ཞུ་རྒྱུ་ཡིན།
གསུམ་པ།་་་་་བོད་ནས་ཕེབས་པའི་གསར་འབྱོར་བ་ཡིན་ནའང་འདྲ། གཞི་མི་ཉམས་ཐག་ཡིན་ནའང་འདྲ་ཕྱི་རྒྱལ་འགྲོ་འདོད་པར་གཅིག་མཚུངས་རེད་ལ་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་གསར་པའི་ངོས་ནས་ཀྱང་དེའི་ཐོག་ཏུ་ཤུགས་མནོན་རྒྱབ་ཀྱི་རེད།
བཞི་པ་་་་ཁ་ནས་བཤད་དུས་སུ་གཞི་ལུས་བོད་མིའི་དཀའ་ངལ་དང་དཀའ་ངལ་ཞེས་རྒྱལ་སྤྱིའི་སྤྱི་ཚོགས་ནང་བསྒྲགས་བསྡད་པ་ཙམ་མ་ཡིན་པར་གཞི་ལུས་བོད་མི་གསར་འབྱོར་བ་ཆགས་དུས་སུ་བདག་པོ་རྒྱབ་དགོས་ཀྱི་གལ་ཆེ་ནང་གི་དོན་ཆེན་རེད།
ལྔ་པ་་་་ཨ་རིའི་གཞུང་གི་རོགས་དངུལ་གནང་བསྡད་པའི་རྒྱུ་མཚན་ཡང་གསར་འབྱོར་བ་དང་གཞི་མི་ཉམས་ཐག་ཚོའི་ཆེད་དུ་རེད་མ་གཏོགས་དཔོན་ངན་ལྐོག་ཟ་རུལ་སུངས་ཚོར་ཕྱུག་པོ་བཟོ་ཆེད་དུ་མ་རེད་པྭ་་་་་ཧཧཧཧཧཧ
ཉི་མ་ཞེས་པའི་མིང་ཚིག་འོག་གི་མཆན་ལན་འདེབས་མཁན་ལགས།
སྤྱི་ཚོགས་ཀྱི་དཀའ་ངལ་བཤད་པར་མི་གཞི་ལ་སྨད་འབོད་བྱས་འདུག་ཀྱང་ཁྱེད་འདྲ་བའི་དཔོན་ངན་ལྐོག་ཟ་རུལ་སུངས་ཚོས་ཁྱད་ཆོས་ཙམ་ལས་ཡ་མཚན་གྱི་ཅི་ཡང་མི་འདུག
༡་་་http://www.cic.gc.ca/english/refugees/outside/asylum-apply-how.asp འབྲེལ་ཐག་འདིའི་རྒྱུད་ནས་གནས་ཚུལ་ཤེས་རྟོགས་ཡོང་གི་རེད། canada immigration ཡི་དྲ་རྒྱ་ནང་དུ་ཞིབ་ཚ་ཙམ་གཟིགས་རོགས་བྱོས་དང་། གསར་འབྱོར་བ་ཚོ་ལ་སྐྱབས་བཅོལ་ཐོབ་ཐང་ཞིག་འདུག་སྙམ།
ངས་མཁས་མདོག་དང་སྤྱང་མདོག་བྱས་པར་དེ་འདྲ་རྩ་ནས་མིན། ལོ་མང་རིང་དུ་སྐྱབས་བཅོལ་བའི་མི་ཚེ་བསྐྱེལ་མྱངས་བའི་ཉམས་མྱོང་ཐོག་ནས་ཞུ་གི་ཡོད།
༢་་་ཁྱེད་ཀྱིས་བོད་ནས་ཕེབས་པའི་གསར་འབྱོར་ཚོའི་གྱོན་ཆས་གྱོན་སྟངས་དང་ཅ་ལག་འཁྱེར་སྟངས་དེ་ཚོར་ལྟས་ན་ཏན་ཏན་དཀའ་ངལ་འཕྲད་དེ་ཡོང་མཁན་ཧ་ཅང་ཉུང་ཉུང་རེད།ཞེས་གསུངས་འདུག་ཀྱང་འདི་ནི་གནད་དོན་མ་ཤེས་པའི་བཤད་སྟངས་ཤིག་རེད། བོད་ནས་ཕེབས་པའི་འབྱོར་བ་ཚོ་ལ་གོས་གྱོན་གྱི་མེད་པ་དང་ལྟོ་ཟ་གྱི་མེད་ནས་བཙན་བྱོལ་ནང་དུ་བསླེབས་པ་མ་རེད། དེར་ཤེས་བྱོས། ཁ་མདོག་གོས་མདོག་ལ་བལྟས་ནས་གསར་འབྱོར་མང་ཤོས་སུ་བོད་ནང་དུ་བསྡད་པར་དཀའ་ངལ་མི་འདུག་ཞེས་བཤད་ན་དོན་དང་ལྡན་པ་མ་རེད།
༣་་་རྒྱ་གར་གཞུང་གི་ས་ཐོག་ནས་རྒྱལ་ཁབ་གཞན་ལ་སྐྱབས་བཅོལ་ཞུ་ཆོག་པ་ནི་དངོས་ཡོད་གནས་ཚུལ་རེད། གསར་འབྱོར་བ་ཚོ་ཕྱི་རྒྱལ་ལ་འགྲོ་འདོད་ཡོད་པར་དངོས་ཡོད་རེད་ལ་དོན་ལྡན་ཀྱང་རེད། དེ་བརྟེན་བོད་མི་རིགས་སུ་ཤ་ཚ་ཡོད་མཁན་མི་ཞིག་ཡིན་ན་མཐུན་འགྱུར་རོགས་རམ་གནང་མ་ཐུབ་ནའང་དགག་བྱ་བྱེད་མི་རུང་སྙམ།
༤་་་བོད་མི་རིགས་ཀྱི་འཚོ་བ་གནོད་པའི་སྐད་ཆ་དང་བཙན་བྱོལ་སྤྱི་ཚོགས་ཡར་རྒྱས་འགྲོ་བ་ལ་འགོག་རྐྱེན་འགྲོ་བའི་སྐད་ཆ་མ་བཤད་རོགས་ཞེས་ཞུ་རྒྱུ་ཡིན།
ཉི་མ་ཟེར་བ་དེས་བཤད་སྟངས་དང་འབྲི་སྟངས་ལ་བལྟས་ན་བོད་མི་གསར་འབྱོར་ཚོ་མིག་ནང་མི་འཇོག་མཁན་གྱི་མི་ཞིག་ཡིན་པ་གསལ་བོ་རེད།
ཁོས་འབྲི་སྟངས་དང་བོད་ཡིག་སྐྱོ་སྟངས་ལ་བལྟས་ནས་འདི་ནས་འཚར་ལོང་བྱུང་བ་ཞིག་ཡིན་པའི་ཚོད་དུ་འདུག་་་་་གང་ཡིན་ཡང་འདིར་སླེབས་པའི་སྐྱབས་བཅོལ་བ་ཚོ་ལོ་གཅིག་དང་གཉིས་་་ད་དུང་ཟླ་བ་འགའ་ལས་མ་བསྡད་ཀྱང་ཆོག་་་་ཡང་ན་ཕྱི་རྒྱལ་ཞིག་ལ་སོང་ཡང་ཆོག་གང་ལྟར་ས་ཆ་གང་དུ་སོང་ཡང་ས་དེར་འདུག་ཐབས་ཀྱི་ཕྱོགས་ལ་བོད་གཞུང་གི་ངོས་ནས་རོགས་པ་བྱེད་དགོས་པ་བོད་གཞུང་གི་འགན་རེད། རྒྱ་གར་དང་ཡང་ན་ཕྱི་རྒྱལ་ཁག་གང་དུ་བསྡད་ཀྱང་གཅིག་པ་རེད། ད་དུང་ཕྱི་རྒྱལ་ཁག་ལ་ཕེབས་ཐུབ་ན་དེ་ལས་ཀྱང་ཡག་པོ་འདུག
ཉི་མ་ཟེར་བ་དེས་མཆན་བཞག་ན་ལེགས་ཙམ་བྲིས་ཤོག་་་ཅེས་བྲིས་འདུག་པ་ནི་་་དངོས་གནས་གད་མོ་ཤོར་བ་ཞིག་རེད། ཁོ་རང་གིས་བོད་ཡིག་ཡག་པོ་ཞིག་འབྲི་མི་ཐུབ་པར་ད་དུང་གཞན་ལ་ལེགས་པོ་ཕྲིས་ཞེས་བཤད་འདུག ལྟོས་དང་ཐ་སྙད་ཀྱིས་མ་འདང་བའི་ཁར་འཕྲེད་རྣམ་དབྱེའང་ཡག་པོ་ཞིག་སྦྱར་ཐུབ་མི་འདུག་ ་ད་དུང་ལོ་བཅུ་གྲངས་ཤིག་ལ་བོད་ཡིག་སྦྱོངས་ཨ་་་དེ་ནས་འདིར་ཡོང་ནས་མཆན་རེ་འབྲི་ཨེ་ཐུབ་ལྟོས་་་་་གོ་སོང་ངམ་ཉྀ་མ
རྣམ་པ་ཚོ། བོད་ནས་སླེབས་པ་དང་སྣེ་ལེན་ཞུ་མཁན་ཡོད་པ་དང། སློབ་གྲྭར་ཚུད་ཆོག་ཆོག། མཇལ་ཁ་རག་ཆོག་ཆོག ཚོང་རྒྱབ་ན་རྒྱབ་ཆོག་ཆོག བཙན་འབྱོལ་ས་ཐག་ཆགས་ནས་སླེབས་པར་སོང་ཙང་ལས་ཀ་ག་རེ་བྱེད་བདེ་པོ་ཡོད་རེ། བསོད་བདེ་ཡིན་བསམ་དགོས་མ་རེད་པས། སྡུག་སྐད་རྐྱང་རྐྱང་རྒྱབ་ན་ཆོ་ག་རེ་ཡོད། ཕྱིལ་རྒྱལ་སླེབས་ན་བོད་ནས་ཡིན་པ་ཚོར་དམིགས་གསལ་གྱི་ཡིག་ཆ་རག་ལས་སླ་བ་ཡོད་རེད། དངོས་ནས་རྒྱ་གར་ནང་ཡོད་མཁན་ཚོའི་ཕྲུ་གུ་གཞུང་ལ་ཚུད་ཁག་པོ་རེད།་ཕྱི་རྒྱལ་སླེབས་ན་ཡིག་ཆ་རག་ཁག་པོ་རེད།་་་ཨ་ཙི།་དེ་འདྲ་ཡིད་མ་རངས་པ་བྱེད་རྒྱུ་འདུག་གམ།
བོད་ནས་སླེབས་མཁན་ཚང་མ་སྐྱོ་པོ་མ་རེད་ད། ཁོང་ཚོ་ཕྱི་རྒྱལ་ལ་ལམ་སེང་འགྲོ་གི་འདུག་ག ཨོ་་ཙི།་བསམ་བློ་ཞིག་ཐོངས།
དངོས་གནས་གསར་འབྱོར་དཀའ་ངལ་འཕྲད་དེ་ཡོང་མཁན་ཞིག་ཡིན་ན་བོད་གཞུང་གིས་ང་ཚོར་རོགས་པ་བྱ་དགོས་ངེས་རེད་ད་ ཏན་ཏན་མ་འདེང་པའི་གནས་ཚུལ་ཡོད་རེད། ཡིན་ནའི་གསར་འབྱོར་ཚང་མ་དཀའ་ངལ་ཡོད་མ་རེད། དེང་སང་ཡོང་མཁན་མང་ཆེ་བ་རྒྱལ་བ་རིན་པོ་ཆེ་མཇལ་རྒྱུ་དང་རྒྱ་གར་ནང་གཞིས་ཆགས་པར་ཡོང་གི་ཡོད་མ་རེད། ཀས་བོད་དུ་བསྡད་མ་ཐུབ་པར་ཕྱི་རྒྱལ་ལ་ཐར་ན་བསམ་ནས་ཡོང་གི་ཡོད་རེད། རེ་བ་དེ་འདྲ་ཞིག་འཁྱེར་ནས་ཡོང་སྟེ་ད་ལྟ་ཕྱི་ལ་མ་ཐར་ཙང་སྐད་ངན་ཤོར་གྱི་ཡོད་རེད། བོད་ནང་སྡུག་དཀའ་ལས་རྒྱབ་ནས་ཡོང་མཁན་དེ་ཚོར་དཀའ་ངལ་འཕྲད་ན་སྙིང་རྗེ་སྐྱེ་དགོས་པ་ཞིག་རེད། ཡིན་ནའི་དེང་སང་སྣེ་ལེན་ཁང་དུ་ཡོང་མཁན་དེ་ཚོའི་གྱོན་ཆས་གྱོན་སྟངས་དང་ཅ་ལག་འཁྱེར་སྟངས་དེ་ཚོར་ལྟས་ན་ཏན་ཏན་དཀའ་ངལ་འཕྲད་དེ་ཡོང་མཁན་ཧ་ཅང་ཉུང་ཉུང་རེད། ཚང་མ་བོད་ལ་བསྡད་འདོད་མེད་པ། རྒྱ་གར་ལ་བསྡད་འདོད་མེད་པ། གཞན་པ་གཅིག་ལ་འགྲོ་འདོད་བྱ་མཁན་མང་ཆེ་བ་རེད། དེ་ཚོའི་རིགས་ཀྱི་རྒྱ་གར་གཞུང་དང་བོད་གཞུང་ནས་ང་ཚོར་གསར་འབྱོར་སྤྱི་ཡོངས་ལ་གཟིགས་སྐྱོང་གནང་རྒྱུར་སྟབས་མ་བདེ་བ་བཟོ་གི་ཡོད་རེད། ལྐུགས་པ་ཁག་ཅིག་གསར་འབྱོར་ཚོ་གཞིས་བྱེས་གཉིས་ཀྱི་ཟམ་པ་རེད་ཟེར། དེ་བདེན་པ་རེད། ཡིན་ནའི་ཟམ་པ་དེ་ཚོ་ཟན་པའི་ཟམ་པ་རེད་མ་གཏོགས་ལྕགས་དང་རྡོ་ལས་གྲུབ་པའི་ཟམ་པ་མིན་སྟབས་མི་འཁྱོག་གི་ཡོད་མ་རེད་ལ། དེང་སྐབས་ཡོང་མཁན་གསར་འབྱོར་མང་ཆེ་བར་ཆབ་སྲིད་ཀྱི་བསམ་བློ་དེ་ཙམ་མེད་པར་རང་མགོ་གང་ཐོན་ཡོང་མཁན་མང་ཆེ་བ་ཡིན་སྟབས་ཁོང་ཚོ་ས་ཆ་ག་པར་ཕྱིན་ཡང་གནས་ཆགས་ཀྱི་མ་རེད། ཡིད་མ་ཆེས་ན། སྡ་སའི་མེ་ལོ་གན་ཇི་ཟེར་མཁན་དེར་གཟིགས་དང་། ཚང་མ་གཤོག་པ་ཆད་པའི་གཤོག་བྱ་དང༌། གཤོག་བྱ་ཅན་ཆུ་ལ་བང་ནས་འཕུར་མ་ཐུབ་པའི་རྣམ་པ་ཡོད་པ་ཤ་སྟག་རེད། ཁོང་ཚོ་༸གོང་ས་མཆོག་ལ་དད་ཞེན་ཆེ་མདོག་བྱ་ཁུལ་མ་གཏོགས་སྐུའི་འགྲམ་ནས་འཕུར་འདོད་བྱ་མཁན་ཁྱུ་ཚོགས་རུབ་ཡོང་བ་དང་གཅིག་པ་རེད། དེ་འདྲ་སོང་ཙང་བོད་གཞུང་ནས་ང་ཚོ་གསར་འབྱོར་ཚོའི་སེལ་བཞིན་ཡོད་རེད་ལ། ་ སེལ་དགོས་ཀྱི་ཡང་རེད། ་ ང་ཚོ་གསར་འབྱོར་ཚོའི་ངོས་ནས་ཀྱང་ང་ཚོའི་གྲས་སུ་ང་ཚོའི་མིང་ཤས་བཟོ་མཁན་གྱི་ཁྱུ་ཚོགས་དེ་ཡང་མང་དུ་འགྲོ་གི་ཡོད་པ་ཤེས་པ་བྱ་དགོས། ང་ཚོར་ཟླ་བ་གཅིག་ལས་རིང་བའི་དུས་ཚོད་དགོས་རེད་ལ། ཟླ་བ་གཅིག་ལས་རིང་བའི་སྐྱབས་བཅོལ་ལག་ཁྱེར་དགོས་ཡོད་ན། ང་ཚོས་བསམ་བློ་གཅིག་རང་བཏང་སྟེ་རང་ཉིད་གཅིག་པུ་འགྲིག་པའི་གནས་ཚུལ་བསམ་བློ་མ་བཏང་བར། ཚང་མས་མཉམ་རུབ་ཀྱིས་ང་ཚོ་གང་དུ་བསྡད་ཀྱང་ཡུན་རིང་ཙམ་བསྡད་ཐུབ་ཐབས་སུ་མཐུན་འགྱུར་གནང་མཁན་ཞིག་ཡོང་བར་མཉམ་རུབ་བྱ་དགོས་པ་ལས། བོད་གཞུང་ལ་དམའ་འབེབས་དང་ཁ་བཏང་ནས་རྒྱ་མགོ་མ་ཐོན་བོད་མགོ་མ་ཐོན་ཁྱོད་སྤོ་རོག་དཀར་པོ་དམིགས་ཡུལ་ཅི་ཞིག་གྲུབ་རྒྱུ་ཡོད་པ་མ་རེད། ཤེས་སོང་ངམ།
་
གསར་འབྱོར་བ་ཚོའི་དཀའ་ངལ་ལ་གཞུང་དམངས་གཉིས་ནས་བསམ་ཤེས་དང་རྒྱབ་སྐྱོར་བྱེད་དགོས་པ་ཤིན་ཏུ་གལ་ཆེན་ཞིག་ཆགས་ཡོད། གསར་འབྱོར་ཚོ་ནི་བོད་གཞིས་བྱེས་གཉིས་ཀྱི་ལུས་སེམས་ལ་འབྲེལ་མཐུད་བཟོ་སའི་ཟམ་པ་ལྟ་བུ་ཡིན། གལ་སྲིད་ཟམ་པ་འདི་ཆད་དེ་བོད་ནས་རྒྱ་གར་དུ་སྐྱབས་བཅོལ་ལ་ཡོང་མཁན་མེད་སོང་ན། ང་ཚོས་བཙན་བྱོལ་ནང་དུ་སྐད་ཅི་འདྲ་བརྒྱབས་ཀྱང་དེ་ལ་ཉན་འཇོག་དང་ཡིད་ཆེས་བྱེད་མཁན་གཅིག་ཀྱང་མེད། ད་དུང་དེ་ལས་ཀྱང་ཉེན་ཁ་ཆེ་བ་ཞིག་ནི་ད་ལྟ་བོད་གཞུང་དང་མི་མང་ལ་རེ་བ་རྒྱག་བཞིན་པའི་གསར་འབྱོར་བ་ལྔ་བརྒྱ་པོ་འདི་ཚོའི་རེ་བ་འདི་མ་བརླགས་པ་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་རེད། ནམ་ཞིག་འདི་དག་འདུག་བཟོད་མ་ནུས་པར་ཕར་རྒྱ་མིར་རེ་བ་དང་མགོ་མདོགས་བྱེད་མི་སྲིད་པ་མ་རེད། སྟབས་མི་ལེགས་པར་དུས་ངན་དེ་འདྲ་བྱུང་བ་ཡིན་ན་མགོ་ལས་ཝ་ཆེ་བ་ཟེར་བ་ཞིག་ཡོང་ངེས་པས་གནད་ཡོད་དང་། ལྷག་པར་དུ་རྒྱ་གར་གྱི་ཁྲིམས་ལུགས་འགྲོ་སྟངས་ཤེས་མཁན་དང་། དཔལ་འབྱོར་ཡོད་མཁན་རྣམས་ཀྱིས་ཁོངས་རྣམ་པར་རོགས་ཕན་གནང་རྒྱུ་ནི་གལ་ཆེའི་དོན་ཆེན་ཞིག་རེད།
ལྔ་བརྒྱའི་འཐུས་མི་ལགས། བོད་ཀྱི་དུས་བབས་སྤྱིའི་འདོན་ཐེངས་ 516་འདི་རྙིང་པ་རེད་འདུག་ག ལམ་སེང་ལན་མ་བརྒྱབ་པར་འདིའི་བར་དུ་ཁྱོད་ག་པར་ཕྱིན་པཡིན། ང་བད་དེ་འཐོམས་སོང་། སྐྱབས་བཅོལ་ལག་འཁྱེར་ནང་ཟླ་བ་གཅིག་ལས་སྡོད་རྒྱུ་མི་འདུག་ཟེར་འདུག ཁྱེད་རང་སྡ་རམ་ས་ལ་ཟླ་བ་གཅིག་ཙམ་ལས་བསྡད་ཀྱི་ཡོད་ས་མ་རེད་པ། དེའི་བར་དུ་བོད་ལ་ལོག་པ་ཡིན་པས། ག་པར་ཕྱིན་པ་ཡིན། ཁྱེད་རང་སྐྱ་མིན་སེར་མིན་ལས་མེད་ལས་ཡོད། ག་རེ་བྱས་བྱས་དེ་འདྲ་ཡིན་ས་རེད་ད། བདེན་པ་བཤད་རྒྱུ་ཡོད་ན་ལན་གསོས་པོ་མ་རྒྱོབ་པར་བཞག་ནས་ག་རེ་བྱེད་ཀྱི་ཡོད། ད་དུང་ལྔ་བརྒྱའི་འཐུས་མི་ཡིན་ཟེར། རྒྱ་གར་གྱི་ཤེས་ཡོད་ཀྱི་རེད། ཁྱེད་རང་འདྲ་པོ་དེ་ཚོ་ས་ཆ་གང་སར་དྲི་སྣོམ་ཙམ་སྣོམ་ཙམ་བྱས་ཏེ་གང་སར་རྒྱུགས་ཏེ་དཀྲུག་ཤེན་བླངས་ཀྱི་ཡོད་ཙང་སྣེ་ལེན་ཁང་གི་ཁྱེད་རང་ལ་མི་དམངས་དབར་ལ་དཀྲུག་ཤེན་མ་བཟོ་ཟེར་གྱི་མེད་འགྲོ་ རྒྱ་གར་གྱིས་ཁྱེད་རང་འདྲ་པོ་དེ་ཚོ་ཟླ་བ་གཅིག་ལས་བསྡད་ཐུབ་ཀྱི་མེད་པ་ཤེས་པ་ཡིན་གྱི་རེད་ད་ ཧཧཧཧཧཧཧ༌༌༌༌༌༌་ ལན་ལམ་སེང་མ་རྒྱོབ་པར་མི་ལྔ་བརྒྱ་དེ་ཚོ་ཚང་མ་འཚོལ་བར་ཕྱིན་པ་ཡིན་པས། ཁྱེད་རང་གི་ལན་དེ་འཆོ་ཞེ་དྲག་མི་འདུག ༌༌༌༌༌དེའི་སྟེང་མཆན་བཞོགམཁན་ཅོ་རི་ཉི་མ་ཟེར་བ་དེ་ནི་དེ་བས་ཀྱང་ལྐུགས་རྟགས་ཚ་བ་ཞིག་འདུག ལུང་པ་གཞན་པ་སྐྱབས་བཅོལ་ཞུ་ས་ཡོད་པའི་འགྲེལ་བཤད་བྱེད་ཀ་བྱས། ཧཧཧཧ༌༌༌ཀས་བོད་ནས་ཁར་ཐུག་རྒྱ་གར་མ་གཏོགས་སུས་ལམ་སེང་སྐྱབས་བཅོལ་ཞུ་སར་ལེན་གྱི་འདུག ཁྱེད་རང་སྔོན་མ་གྲ་ལོག་མ་བྱས་གོང་རྒྱ་གར་གྱི་ས་དང་གནམ་འཛེགས་ནས་སུད་སིར་སླེབས་པ་རེད་མ་གཏོགས་ཁྱེད་རང་སུད་སི་ནས་ལེན་པར་སླེབས་བྱུང་ངམ། ལྐུགས་རྟགས་མ་བྱེད། ང་ཚོ་གསར་འབྱོར་ཚོ་ཕྱི་རྒྱལ་གཞུང་ཚབ་ཁང་གི་སྒོ་འགྲམ་དུ་འགྲོ་དགོས་རེད་ཟེར། སྤྱང་མདོག་མ་བྱེད། གཞུང་ཚབ་ནས་གནམ་གྲུ་དང་བག་སེ་བབས་ནས་གནམ་ལ་ཐད་ཀར་སུས་བསྐྱག་འགྲོ་གི་རེད། ལྐུགས་རྟགས་མ་བྱེད། རྒྱ་གར་ལ་རེ་བ་མ་བརྒྱབ་ན་འགྲོ་ས་ཡོད་མ་རེད། གྲོང་པ་ཁྱིམ་མཚེས་སྡུག་པའི་དཀྱིལ་ནས་ཡག་ཤོས་ཀས་རྒྱ་གར་རེད། གཞན་སུ་ཡདོ་རེད། བལ་ཡུལ། རྒྱ་མི་དེ་ཚོ་གཅིག་པ་རེད་ད༌༌༌༌༌༌༌བསྡད་ད་དཔྲལ་བར་བསྡད་ནས་མིག་ལ་ཐལ་ཤོད་རྒྱག་མཁན་ ཚོ་མཆན་གང་བྱུང་བྲིས་མ་ཡོང་ཨ༌༌༌༌༌༌༌་ མིའི་ལུང་པར་བསྡད་ནས་ཁ་བདེ་པོ་བྱས་༌༌འགྲོ་སྡོད་གཏམ་གསུམ་ལ་ཟབ་ཟབ་བྱེད༌༌༌༌༌༌༌་བཤད་རྒྱུ་འདུག་བསམ་འདྲ་མ་འདྲ་བཤད་མ་ཡོང་༌༌༌༌༌༌མཆན་བཞག་ན་ལེགས་ཙམ་བྲིས་ཤོག༌༌྄
འཇམ་དབྱངས་ལགས། ད་བར་རྒྱལ་སྤྱིའི་སྟེང་སྐྱབས་བཅོལ་གཞན་ལས་ལྷག་པའི་བོད་བཙན་བྱོལ་སྒྲིགས་འཛུགས་ཀྱི་ཆབ་སྲིད་དང་དཔལ་འབྱོར་ཤེས་ཡོན་སོགས་གང་སྤྱིའི་ཐད་གཞན་ལས་ལྷག་པའི་ཡར་རྒྱས་དང་ཚགས་ཚུད་ཡོད་པ་དེ་༸གོང་ས་མཆོག་གིས་དབུས་པའི་བཙན་བྱོལ་གཞུང་གི་གཞུང་ཞབས་རྣམས་པས་མི་འཇོན་ན་སུས་འཇོན་ཡོད་དམ། ཁྱེད་ཀྱིས་ཅི་འཇོན་ཡོད་དམ་རང་གི་མཛུབ་མོ་རང་ལ་བཙུགས་སྟེ་བསམ་བློ་ཞིག་གཏང་ན་གང་འདྲ་འདུག་གམ། བོད་གཞུང་ནས་སྐྱབས་བཅོལ་ལག་འཁྱེར་བཟོ་རྒྱུས་མཚོན་པའི་བོད་པ་སྐྱབས་བཅོལ་བའི་དཀའ་ངལ་གསེལ་ཐབས་མི་གནང་བ་ག་ཡིན། སྐྱབས་བཅོལ་ལག་འཁྱེར་ལས་ལྷག་པའི་རྒྱ་གཞུང་ནས་བོད་ནང་སྡུག་སྤྱོད་སྣ་ཚོགས་སྤྱོད་བཞིན་པ་དེའི་ཆེད་ཁྱེད་ཀྱིས་བཟས་བཅད་ངོ་རྒོལ་ལམ་སྐད་འབོད་བྱེད་རྒྱུའི་སྐུལ་སློང་ཞིག་གནང་ཅི་འདྲ་འདུག་གམ།
གསར་འབྱོར་དང་ཉམས་ཆུང་ཚོར་སྣེ་ལེན་ཁང་གི་ལས་བྱེད་གཅིག་པོ་མ་རེད་ལགས།
གསར་འབྱོར་དང་གཞིས་ཆག་གང་ཡིན་ཡང་ཉམས་ཆུང་ཚོར་ལྟ་ཚོའི་སྐད་ཆ་བཤད་སྐབས་ལས་བྱེད་ཚོའི་རྣམ་འགྱུར་མི་འདྲ་བ་ཞིག་ཡོད་པ་ལ་གཟིགས་དང་། རྒྱལ་ཁབ་གཞན་པ་ཚོར་དེ་འདྲ་རེད་བེ།
༄༅། །གྲོགས་པོ་ཚོ། ཐབས་མཁས་ཐུགས་རྗེ་མངའ་བའི་༧གོང་ས་མཆོག་གིས་བོད་གཞུང་དགའ་ལྡན་ཕོ་བྲང་རྒྱལ་ཁའི་ངང་མཇུག་བསྡུ་གནང་ཡོད་ཀྱང་། ད་དུང་མི་འཇོན་དཔོན་ཉམས་སྟོན་པའི་བོད་སྡེ་པ་གཞུང་གི་གད་སྙིགས་མང་པོ་ཞིག་ལྷག་བསྡད་ཡོད་པ་རེད། དེ་དག་གི་རྐྱེན་པས་འུ་ཅག་བོད་པ་ཚང་གི་ལས་ཀ་མང་པོ་ཞིག་དོན་མེད་འཐུས་ཤོར་འགྲོ་གི་ཡོད་པ་མཐོང་གསལ་རེད། དཔེར་ན། གསར་འབྱོར་བ་རྣམས་ལ་འཕྲད་པའི་ R.C. གྱི་དཀའ་ངལ་ལྟ་བུ་རེད། མ་ཟད་གསར་འབྱོར་བ་སུ་ཞིག་གིས་ཅུང་ཙམ་མ་འགྲིག་ན་དེ་མ་ཐག་རྒྱ་དམར་གྱི་རྒྱུག་ཁྱི་ཡིན་ཚུལ་ཟ་ཟུར་ནས་ཐོན་པའི་ཡིག་ཆག་རེ་བྲིས་ཏེ་ཚགས་པར་སོགས་སུ་འགྲེམས་སྤེལ་བྱེད་པ་འདི་ཡང་ཁོ་པ་ཚོའི་གཤིས་རྒྱུད་དུ་འཇགས་ཡོད། དེས་ན་མི་ལྔ་བརྒྱའི་ R.C. གྱི་དཀའ་རྙོག་ཆེད་བཀའ་ཤག་གསར་པའི་ཁང་པ་དང་། ཚོགས་ལ་ཉེ་བའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་སྐབས་གངས་ཅན་སྐྱིད་གཤོངས་ནས་སྐད་འབོད་དང་། ཟས་བཅད་ངོ་རྒོལ་བྱས་ན་ཅི་འདྲ་འདུག འདི་ཡང་དམངས་གཙོའི་ཐོབ་ཐང་གི་ཐོབ་ཆ་གཅིག་མ་ཡིན་ནམ།
སྤྱིར་བཏང་བལ་ཡུལ་སྣེ་ལེན་ཁང་གི་ལས་བྱེད་ཚོས་གསར་འབྱོར་བ་ཚོར་མཐོང་ཆུང་དང་སྣང་མེད་བྱས་པ་གྲངས་ལས་འདས་པ་ཞིག་ཡོད་པ་བོད་མི་གསར་འབྱོར་བ་ཚོའི་སེམས་ལ་གསལ་ཐང་རེད། ད་རེབ་བྱུང་པའི་གནས་སྟངས་འདི་ནི་སྣེ་ལེན་ཁང་གི་ལས་བྱེད་ཚོས་བཟོས་པའི་ཆེས་ནོར་འཁྲུལ་དང་གསར་འབྱོར་ཚོར་ཤ་མ་ཚ་བའི་སྐྱོན་རེད། འདི་ལ་རྡ་སར་ཡོད་པའི་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་རོགས་རམ་དེ་ཙམ་གནང་མེད།
སྐྱབས་བཅོལ་ལག་འཁྱེར་གྱི་དུས་ཡུན་རྫོགས་རྗེས་མི་འགས་རང་ངོས་ནས་ཐབས་ཤེས་ཕྲན་བུ་རེ་བཏང་ནས་གནས་སྐབས་ཙམ་འདུག་ཐབས་རེ་བྱས་ཡོད་ཀྱང་། ད་དུང་སེམས་ཁྲལ་ཞིག་གི་ནང་དུ་ཡོད་པ་ནི་སྨོས་ཅི་དགོས།
འདིའི་ཐད་ལ་ང་ཚོས་ངེས་པར་དུ་རང་དགར་མ་བཞག་པར་འདི་ལྟར་འབྲེལ་ཡོད་དག་ལ་ཡང་དང་འོར་དུ་ཞུ་གཏུགས་བྱས་ནས་དཀའ་ངལ་འདི་རིགས་སེལ་ཐབས་ལ་འབད་པ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་དུ་ཆགས་ཡོད།
དེ་མིན་བལ་ཡུལ་སྣེ་ལེན་ཁང་གི་ལས་བྱེད་རེ་རེའི་ལས་ཀ་གྱིས་སྟངས་སྐོར་ལ་གཞུང་སྒེར་གཉིས་ནས་ཞིབ་འཇུག་གནང་རྒྱུ་དེའང་གལ་ཆེན་ཡིན་པ་མ་ཟད་རབ་བྱུང་ན་ལས་བྱེད་ཚོ་བརྗེ་བོ་རྒྱག་ཐབས་བྱེད་རྒྱུ་དེའང་གལ་ཆེན་ཞིག་ཏུ་འཁུམས།
རྒྱ་གར་ནང་དམིགས་གསལ་འཛུལ་བཞུགས་ཆོག་པའི་ལག་འཁྱེར་(Special Entry Permit)བརྒྱུད་ནས་RCབཟོ་མི་ཐུབ་པའི་རིགས་ནི་ ལག་འཁྱེར་(Special Entry Permit)སྟེང་དུ་རྒྱ་གར་དུ་སློབ་སྦྱོང་བྱེད་ཡོང་ཟེར་བ་དང་གནས་སྐོར་གཉིས་ཡིན། འདི་དག་ཚང་མ་སྣེ་ལེན་ཁང་གཅིག་པུ་ཁག་དཀྲི་ས་མི་འདུག།
ཕུན་ཚོགས་ཆོས་སྡོང་ཟེར་བས་ཡང་བསྐྱར་རྩོམ་ཡིག་འདིའི་ནང་དུ་གསལ་བོ་བྱས་ནས་བྲིས་འདུག།
(རྒྱ་གར་རང་དབང་ལུང་པའི་ནང་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་དང༌། ཤེས་ཡོན་དང་རིག་གནས་སྦྱོང་ཡོང་ས་ཡིན་ཞེས་གསལ་བོ་བྱས་ནས་བྲིས་འདུག) ཁྱོད་ཚོ་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་དུ་ཡོང་བ་དེ་ཁོང་ཚོས་གནས་སྐོར་དུ་ཡོང་བ་བརྩིས་ནས་ཟླ་བ་གསུམ་ལ་ཆོག་མཆན་སྤྲད་པ་རེད།
སྤྱིར་བཏང་བོད་པར་རྒྱ་གར་ནང་སྐྱབས་བཅོལ་ལག་ཁྱེར་ཡོད་མཁན་ཞིག་ཡོད་པ་རེད། ཡིན་ཡང་ད་ལྟ་བཤད་བཞིན་པ་དེ་རྒྱ་གར་ནང་གནས་སྡོད་ཆོག་པའི་(RC) གྱི་དོན་རེད། ད་ལྟ་བོད་མི་མང་པོ་ཞིག་ལ་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་མེད་པའི་དཀའ་ངལ་ཡོད་པ་དངོས་ཡོད་རེད། ཕྱི་ནང་གི་རྐྱེན་གང་ཡིན་ལ་ཞིབ་འཇུག་བྱས་ན་ཡག་པོ་ཡིན་པ་ལས། སྐྱོན་བརྗོད་བྱེད་རེས་ཀྱིས་ཕན་ཐོགས་མེད།
རེད། ངོ་མ་དཀའ་ངལ་རེད། སྐྱབས་བཅོལ་བ་ཡིན་ཚར་བའི་གཞུག་ཏུ་དཀའ་ངལ་ཁོ་ན་མ་གཏོགས་རང་དབང་ཡོད་པའི་ལུང་པ་ནང་ལ་སྡོད་པ་ནང་བཞིན་མེད། བྱས་ཙང་། མཁྱེན་དགོས་པ་ཞིག་ལ་སྐྱབས་བཅོལ་བ་གཞན་དང་བསྡུར་ན་ང་ཚོ་ཞེ་དྲག་ཆ་རྐྱེན་འཛོམས་པོ་རེད། ཡིན་ན་ཡང་དཀའ་ངལ་མེད་པ་མ་རེད། གསལ་འབྱོར་བ་ཙམ་མ་ཡིན་པར་གཞིས་ཆགས་ལ་སྐྱེས་མཁན་ཞིག་ཡིན་ན་ཡང་དཀའ་ངལ་གཅིག་མཚུངས་ཡོད། དྲང་པོར་བཤད་ན། རྒྱ་གར་ནང་དུ་བོད་ནས་གསར་དུ་འབྱོར་བ་ལ་དཀའ་ངལ་ཡོད་པ་ནང་བཞིན། ཕྱི་རྒྱལ་དུ་སླེབས་སྐབས་གཞིས་ཆགས་ནས་སྐྱེས་པ་རྣམས་ལ་དཀའ་ངལ་ཧ་ལས་པའི་ཆེན་པོ་འཕྲད་ཀྱི་ཡོད། དཔེར་ན་བོད་པ་ཡིན་པའི་ཁུངས་སྐྱེལ་ཡིག་ཆ་མ་རག་པའི་དཀའ་ངལ་སོགས་ཡིན། དེའི་རྐྱེན་པས་སེམས་ཁམས་མི་བདེ་བར་གྱུར་མཁན་མང་དག་གཅིག་ཡོད། བོད་ནས་འབྱོར་བ་ཞིག་ཡིན་ན་སྣེ་ལེན་ཁང་གི་ཡི་གེ་དང་གཞན་ཡང་བོད་ནས་ཉེ་འབྲེལ་ཡི་གེ་སོགས་སྟོན་རྒྱུ་ཡོད། འོན་ཀྱང་། ཕྱོགས་གཞན་ལ་དེ་འདྲ་མེད། བོད་གཞུང་གི་དཔྱ་ཕྲལ་ལག་དེབ་དང་ཨར་སི་ལག་དེབ་ནི་བེད་སྤྱོད་མེད། བྱས་ཙང་། དཀའ་ངལ་གཅིག་མཚུངས་རེད། དེང་སང་ཨར་སི་མ་རག་པའི་དཀའ་ངལ་ནི་ཕྱོགས་ཡོངས་ནས་དམ་སྒྲག་ཕྱིན་པས་རེད་མ་གཏོགས་དམིགས་བསལ་གྱིས་གསར་འབྱོར་བ་ལ་དམིགས་ནས་དམ་སྒྲག་བཟོས་པ་མ་རེད། དེ་ལ་བཙན་བྱོལ་བོད་གཞུང་གི་ལས་བྱེད་དང་འབྲེལ་བ་མེད། བྱས་ཙང་། རྐྱེས་རྩ་དེས་བོད་གཞུང་གི་ལས་བྱེད་ཁག་ལ་ཚིག་ངན་རིགས་མ་གསུངས་ན་ལེགས། བསམ་འཆར་དང་འབོད་བསྐུལ་དཀའ་ངལ་ཡིན་ན་ལོས་ཞུ་ཆོག ཡིན་ན་ཡང་ཞུ་ན་ཞུ་ལུགས་ཡོད། རང་ལ་དཀའ་ངལ་འཕྲད་པ་རྒྱུ་མཚན་དུ་བྱས་ཏེ་གཞུང་གི་ལས་བྱེད་ཡོངས་ལ་མི་འགྲིག་པ་རྐྱང་རྐྱང་བཤད་ན་ཨེ་འགྲིག་ན། གཅིག་བྱས་ན་དེའི་ཚེ་རང་གིས་སྐད་ཆ་བཤད་སྟངས་དང་རྣམ་འགྱུར་སྟོན་སྟངས་མི་འགྲིག་པ་རྒྱུ་མཚན་དུ་བྱས་ནས་ཕ་རོལ་པོས་ཚིག་ངན་སྨྲས་པ་དེ་འདྲ་ཡང་ཡོང་སྲིད། བྱས་ཙང་། མཐའ་གཅིག་ཏུ་ལས་བྱེད་གཅིག་པུའི་མགོར་གཡུག་ན་འགྲིག་གི་མ་རེད།
རྒྱབ་སྐྱོར་ཡོད།
ཁང་གསར་རྡོ་རྗེ་དང་ལུང་རིག་རྒྱལ་སོགས་ཕྱི་ནང་གི་འགྲོ་སྟངས་ཤེས་མཁན་ཚོས་ཐབས་ཤེས་འདྲ་བཏོན་ཡ་མེད་པས། ཡོད་ན་གསུང་དགོས་དུས་རེད།
གསར་འབྱོར་བ་ཚོ། ཁྱེད་རྣམ་པའི་ཆེད་དུ་ཐབས་ཤེས་འདྲ་ཡོད་ན་དྲ་གྲོགས་ཚོས་གསུང་དགོས་ངེས་རེད་ལ་རོགས་པ་བྱེད་དགོས་ངེས་ཀྱང་རེད། སྤྱིའི་ཆ་ནས་རྒྱ་གར་གྱིས་སྐྱབས་བཅོལ་སྤྲད་ཀྱི་མེད་པ་རེད། ཡིན་ནའང་འཛམ་གླིང་འདིའི་ཐོག་ཏུ་སྐྱབས་བཅོལ་ཞུ་སར་རྒྱ་གར་གཅིག་པོ་ག་ལ་ཡིན།
ནུབ་ཕྱོགས་རྒྱལ་ཁག་ཏུ་སྐྱབས་བཅོལ་ཞུ་ཆོག་གི་རེད། དཔེར་ན་་་ཁ་ན་དྲ་ལྟ་བུ་ལ་སྐྱབས་བཅོལ་ཞུས་ན་ཡག་པོ་ཡོད་ཀྱི་རེད་འདོད། དེ་ཡང་སྐྱབས་བཅོལ་ཞུ་པར་ཕྱི་རྒྱལ་དུ་འགྲོ་མི་དགོས་པར་ས་གནས་ས་ཐོག་གཞུང་ཚབ་ཁང་གི་རྒྱུད་ནས་སྐྱབས་བཅོལ་ཞུ་ཆོག་གི་རེད། བདེ་སྡུག་ཞུ་ཆོག་གི་རེད།
གང་དུ་རྩོམ་བྲིས་པས་བྲིས་པ་ལྟར་དཀའ་ངལ་དང་གནས་ལུགས་ངོ་མ་རྒྱལ་སྤྱིའི་སྐྱབས་བཅོལ་ལས་ཁུངས་སུ་སྙན་ཞུ་རྒྱབ་དགོས་པ་རེད། དེ་དང་དེ་བཞིན་ཨ་རི་གྲོས་འཚོགས་དང་གཞུང་ཚབ་ཁག་ཏུ་གསར་འབྱོར་ཚང་བ་མས་མཉམ་དུ་སྙན་ཞུ་རྒྱབ་ན་ཏན་ཏན་ལྟ་རྟོག་བྱེད་མཁན་ཞིག་རག་མདོག་ཁ་པོ་རེད།
དེ་འདྲའི་སྙན་ཞུ་རྒྱབ་ཐུབ་པ་ཡིན་ན་གཅིག་བྱས་ན་ཕྱི་རྒྱལ་ཁབ་ཁག་གིས་སྐྱབས་བཅོལ་ལེན་མདོག་པོ་རེད་སྙམ། གསར་འབྱོར་བ་ཚོས་ཤེས་དགོས་པ་ཞིག་ལ་ནུབ་ཕྱོགས་ཡུང་རོལ་རྒྱལ་ཁག་གི་སྐྱབས་བཅོལ་བའི་ཁྲིམས་ལུགས་ནང་དུ་རྒྱལ་ཁབ་ཞིག་ལ་སྐྱབས་བཅོལ་ཞུས་ཟིན་པ་ཡིན་ན་སྐྱབས་བཅོལ་གཉིས་པ་སྤྲོད་ཀྱི་མ་རེད། འདིར་གནད་འགག་གཅིག་རེད།
གསར་འབྱོར་བ་ལྔ་བརྒྱ་ཙམ་སྐྱབས་བཅོལ་ལག་ཁྱེར་སྤྲད་མེད་ན་རྒྱལ་ཁབ་གཞན་དག་ལ་སྐྱབས་བཅོལ་ཞུ་ཆོག་པའི་ཐོབ་ཐང་ཡོད་རེད། བསམ་ཚུལ་ཙམ་ཡིན།
ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས། ལས་ཀ་མཉམ་ལས་གྱིས་དང་ནུས་པ་ཐོན་གྱི་རེད། རྒྱ་གར་ལུང་པའི་ནང་དུ་སྐྱབས་བཅོལ་བའི་འཚོ་བ་ཁག་པོ་རེད། དེ་ལས་ཕྱི་རྒྱལ་ཁབ་ཞིག་ཏུ་སྐྱབས་བཅོལ་ཞུ་རྩིས་བྱོས།
རང་གཞུང་ནས་བོད་ཡུལ་སྣེ་ལེན་ཁང་དུ་ལས་བྱེད་དྲག་གྲས་དང་ལྷག་བསམ་དྲང་པོ་ཅན་ཞིག་གཏོང་ཐབས་དགོངས་བཞེས་གནང་དགོས་མཐོང། དེང་སང་ཕྱི་རྒྱལ་དུ་བོད་མི་དང་ཧི་མ་ལ་ཡ་རིགས་བརྒྱུད། སོག་པོ། རྒྱ་རིགས་སོགས་ནས་སྐྱབས་བཅོལ་ཐོབ་ཐབས་སླད་བོད་པ་ཡིན་ཁུལ་རྫུན་བཤད་བཞིན་ཡོད་པ་དངོས་འབྲེལ་ཡིན། རང་ཉིད་བོད་ནས་ཡིན་པ་ཁུངས་བསྐྱེལ་སླད་ཡང་ན་བོད་ནས་ཡིག་ཆ་བསྟོན་རྒྱུ་དགོས། དེ་ལྟར་མེད་ཚེ་བལ་ཡུལ་སྣེ་ལེན་ཁང་ནས་ཡིག་ཆ་བསྟོན་དེ་ཁུངས་བསྐྱེལ་ར་སྤྲོད་ཞུ་དགོས་ཡོད། དེ་སྔ་བལ་ཡུལ་ནང་བོད་པ་མ་ཡིན་པ་ནས་དངུལ་སྤྲད་དེ་དྭང་བླངས་དཔྱ་དེབ་བཟོས་པ་བྱུང་ཡོད་པ་མ་ཟད། སྣེ་ལེན་ཁང་ནས་ཀྱང་རྒྱབ་གཉེར་ཡིག་ཆ་གནང་བ་གོ་རྒྱུ་འདུག དེར་བརྟེན་བོད་མི་དབུས་སྒྲིག་འཛུགས་ནས་དེའི་ཐོག་ཐུགས་སྣང་གནང་གལ་ཆེ་བ་མཐོང།་
གནད་ལ་ཁེལ་བའི་རྩོམ་ཡིག་གཅིག་བྲིས་འདུག་བོད་མིའི་སྒྲིག་འཛུགས་ཀྱིས་དེའི་སྐོར་དཀའ་ངལ་སེལ་དགོས་ངེས་དང་ཐུབ་ངེས་རེད་གལ་སྲིད་ཁོ་ཚོའི་ལས་ཀ་གཅིག་བྱས་པ་ཡིན་ན།་ད་དུང་སྐྱབས་བཅོལ་ལག་ཁྱེར་ནང་ཤེས་ཡོན་འཁོད་པ་དག་ལ་སློབ་གྲྭ་གང་རུང་ནས་ངོ་སྦྱོར་མེད་ན་ས་གནས་ཉེས་རྟོག་ལས་ཁུངས་ནས་ས་ཡིག་རྒྱག་གི་མི་འདུག་པས།་མི་ཚེ་གང་འཚམས་སློབ་ཕྲུག་དང་སློབ་གྲྭའི་ནང་སློབ་སྦྱོང་བྱེད་ཀྱི་མེད་དུས་གཏན་གཏན་ས་གནས་གཞུང་དང་སྐད་ཆ་བཤད་རྒྱུ་ཡོད་རེད་བསམ་གྱི་འདུག་གསར་འབྱོར་རྣམས་ལ་འཚོ་བའི་དཀའ་ངལ་རོགས་རམ་བྱེད་མ་ཐུབ་ན་གནས་སྡོད་ཆོག་པའི་ལག་ཁྱེར་དེ་བློ་ཡིད་འཚེམས་པ་ཞིག་བཟོ་དགོས་ངེས་རེད། མདང་དགོངས་རང་ནང་སྲིད་དྲུང་ཆེ་ནས་ཨ་རིའི་རླུང་འཕྲིན་ཁང་ལ་གཞིས་ཆགས་སྲ་བརྟན་ཆེད་འགྲོ་སོང་བརྒྱ་ཆ་༧༠་གཏོང་གི་ཡོད་ཚུལ་གསུངས་སོང་ལ་གཞིས་ཆགས་དེ་གལ་ཆེན་པོ་རེད་ལ་གསར་འབྱོར་བའི་འཚོ་བའི་གནས་སྟངས་དེ་ག་ནང་བཞིན་གལ་ཆེན་པོ་རེད་བསམ་གྱི་འདུག་གང་ཡིན་ཟེར་ན་ཁོང་ཚོ་ནི་གཞིས་བྱེས་བར་གྱི་ཟམ་པ་ལྟ་བུ་དེ་ཆགས་ཡོད།་ཉེ་བའི་ལོ་ཤས་ནང་བཙན་བྱོལ་ལ་ཡོང་སྟེ་དཀའ་ངལ་མང་དག་འཕྲད་སྟེ་ཕྱིར་བོད་ལ་ལོག་མཁན་དག་གིས་གཞིས་ལ་ཡོད་མཁན་ཁོ་ཚོའི་ནང་མི་དང་ཡུལ་ཕྱོགས་གཅིག་པ་རྣམས་ལ་བཙན་བྱོལ་ལ་ཕྱིན་ན་དོན་སྙིང་མེད་པའི་སྐད་ཆ་མང་པོ་བཤད་ཀྱི་ཡོད། དེ་དག་གྱིས་ཤུགས་རྐྱེན་འོག་བོད་ནས་སྐྱབས་བཅོལ་ལ་ཡོང་མཁན་ལོ་རེར་བཞིན་ཉུང་དུ་འགྲོ་ཡི་ཡོད་པ་ཀུན་གྱིས་མཁྱེན་གསལ་རེད། ད་ཚོའི་བཀའ་ཤག་གསར་པས་དེའི་སྐོར་ཕྱག་ལས་གཅིག་འགོ་འཛུགས་གནང་བའི་རེ་བ་བྱེད་ཀྱི་ཡོད་པས་ལས་གཞན་གང་ཡང་བྱེད་རྒྱུ་མི་འདུག
བལ་ཡུལ་སྣེ་ལེན་ཁང་གི་ལས་བྱེད་ལ་མི་ཡག་པོ་ཞིག་འདེམས་རྒྱུ་གལ་ཆེན་པོ་རེད།
གང་ཡིན་ཟེར་ན་གཞིས་བྱས་གཉིས་ཀྱི་འབྲེལ་མཐུད་པ་ཆག་འདུག་ཡོད་པ་རེད།
བོད་གཞུང་གི་འབྲེལ་ཡོད་ལས་བྱེད་རེ་བསྐུལ་ཞུ་རྒྱུར་ཁ་དོན་མཚུངས་བའི་མི་ཡག་པོ་ཞིག་སྣེ་ལེན་ཁང་གི་ལས་བྱེད་ལ་འདེམས་རྒྱུ་ངས་གསོལ་བ་ལན་བརྒྱར་འདེབས་པ་ཡིན་།
འདས་པའི་བལ་ཡུལ་སྣེ་ལེན་ཁང་ལས་བྱེད་རེ་ཟུང་གིས་བོད་ནས་གསར་ཏུ་འབྱོར་ཚོའི་སེམས་ཤུགས་བཅག་པ་ཉུང་ཉུང་མིན་ལ་གནས་སྐབས་མིང་བཀོད་མི་དགོས་པར་བྱོས།།
དགོང་གི་གསལ་བཤད་དེ་བརྒྱུད་བོད་གཞུང་གི་ལས་བྱེད་པ་ཚོར་བཅོས་བསྒྱུར་ཞིག་བྱ་རང་འདུག། འོན་ཀྱང་རྒྱུག་པ་ལེབ་བརྡུངས་བྱས་ན་ག་འགྲིག་ ཕྲན་རང་དེ་སྔོན་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་སྐབས་དེར་ལས་བྱེད་རེ་བཟུང་གིས་གསར་འབྱོར་བའི་གནས་སྟངས་ཤེས་ཀྱི་འདུག་ལ་ཁོང་རྣམས་པས་ཕྲན་འཚོར་ཤ་ཚའི་སྒོ་ནས་སློབ་སྟོན་ཀྱང་གནང་བཞིན་འདུག་ འོན་ཀྱང་དེ་གར་བོད་ཀྱི་གནས་སྟངས་དང་ལྷག་པར་དུ་གསར་འབྱོར་བའི་གནས་སྟངས་སོགས་རྩ་བ་ནས་མི་ཤེས་མཁན་གྱི་ལས་བྱེད་རེ་བཟུང་འདུག་ལ་དེ་དག་གི་སྐད་ཆ་བཤད་སྟངས་དང་བྱ་སྤྱོད་ནི་རྒྱ་དམར་གྱི་ལས་བྱེད་ལས་གཞན་པ་འདུག། བལ་ཡུལ་སྣེ་ལེན་ཁང་ནི་བཙན་བྱོལ་སྒྲིགས་འཛུགས་ཀྱི་སྒོ་དང་པོ་དེ་ཡིན་པས་དེར་ལས་བྱེད་ཡག་པོ་ཞིག་དགོས་པ་དང་བོད་ནས་འཕེབས་མི་ཚོར་མིག་དཔེ་ཡག་པོ་ཞིག་འདོན་དགོས་པ་ནི་མེད་དུ་མེད་རུང་བ་ཞིག་ཡིན།
གནས་ཚུལ་འདི་ཚོའི་རིགས་གདན་ས་ཁག་ཏུ་སློབ་གཉེར་ལ་ཕེབས་མཁན་གྱི་གྲྭ་བཙུན་དག་ལའང་། བྱུང་འབྱུང་བཞིན་པར་དང་དེ་དག་ནི་བལ་ཡུལ་སྣེ་ལེན་ཁང་གི་ལས་སྣེ་བ་ཚོས་ནོར་འཁྲུལ་ཉག་གཅིག་ལས་བོད་ནས་གསར་དུ་ཕེབས་པའི་གསར་འབྱོར་བ་ཚོར་ངན་ཁག་འཇོག་ས་གཏན་ནས་མེད། དེར་བརྟེན་ད་དུང་ཡང་གནས་ཚུལ་འདིའི་རིགས་འབྱུང་བར་ངེས་པས་བལ་ཡུལ་སྣེ་ལེན་ཁང་གི་ལས་སྣེ་བ་ཚོས་ཡིད་གཟབ་བྱེད་དགོས་པར་སེམས།
སྣེ་ལེན་ཁང་གི་གསལ་བཤད་དེ་ལ་ཁོ་བོའང་ཡ་མཚན་པོ་བྱུང་བ་མ་ཟད། དོགས་པའང་ཟོས་པ་ཡིན། དེང་སང་གི་གསར་འབྱོར་བ་ཡོད་དོ་ཅོག་གིས་གནས་སྐོར་ལས་སྨྲ་མི་ཤེས་པའམ་སྨྲོས་མྱོང་མེད་པ་ལྟ་བུའི་གསལ་བཤད་གནང་འདུག དེ་མིན་གསལ་འབྱོར་བ་ཡོད་དོ་ཅོག་གིས་གནས་སྐོར་ཞེས་སྨྲ་དགོས་དོན་མི་འདུག
སྤྱིར་ན་གསར་འབྱོར་བ་རྣམས་ལ་R.Cདངོས་གནས་པ་ཞིག་མི་སྤྲོད་པའི་རྒྱུ་མཚན་འདི་ནི། རྒྱ་གར་གྱི་སྲིད་བྱུས་ཁོ་ན་ཞིག་ཨེ་ཡིན་ལ་དོགས་པ་ཆེན་པོ་ཡོད། གང་ལྟར་གསེར་སྡོང་གིས་རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག
ཕུན་ཚོགས་ཆོས་སྡོང་ལགས་ཀྱིས་སེམས་འགུལ་ཐེབས་པ་ཞིག་བྲིས་འདུག ང་ཚོའི་གཞུང་གི་ལས་བྱེད་རྣམས་ཀྱིས་གསར་འབྱོར་བ་ཁོ་ན་མ་ཡིན་པར་གཞིས་བྱེས་གཉིས་ཀྱི་ཇོ་ནང་པ་ཡོངས་ཀྱི་སེམས་ལ་བསྐལ་བའི་བར་དུ་དཀྲུས་ན་མི་དག་པའི་བློ་ཕམ་བཞག་ཡོད་པ་རེད། ཇོ་ནང་པའི་བླ་གྲྭ་མང་པོ་ཞིག་རིམ་གྱིས་རྒྱ་གར་དུ་ཕེབས་ཅིང་། ༧གོང་ས་མཆོག་གིས་ཁོང་ཚོར་དགོན་པ་གནང་སྟེ་ཇོ་ནང་ཆོས་བརྒྱུད་གལ་ཆེན་ཡིན་པས་མི་ཉམས་རྒྱུན་འཛིན་དགོས་ཞེས་བཀའ་སློབ་བསྩལ་ཡོད་ཀྱང་། གཞུང་གི་ལས་བྱེད་ཚོས་དེ་ལ་བཀག་འགོག་བྱས་ཏེ་ད་དུང་ཇོ་ནང་ཆོས་བརྒྱུད་ལ་ཆོས་བརྒྱུད་ཀྱི་ཐོབ་ཐང་སྤྲད་ཡོད་པ་མ་རེད།
ད་ལོ་གཞུང་དམངས་ཚོགས་ཆེན་སྐབས་ཚོགས་ཆུང་གང་ཡིན་མི་དྲན་མོད། ཚོགས་ཆུང་ཞིག་གི་ནང་ནས་ཇོ་ནང་པའི་མཁན་པོ་ཞིག་གིས། གཞིས་ལུས་ཇོ་ནང་པའི་དགོན་སྡེ་མང་པོ་ཞིག་གི་སྙན་ཞུ་སྙན་སྒྲོན་ཞུས་ཤིང་། ཇོ་ནང་ཆོས་བརྒྱུད་ལ་ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་སྤྲོད་རོགས་ཞེས་ཞུས་དུས། རྗེ་བཙུན་པད་མ་ཟེར་བའི་རྨོ་རྡོ་དེས་ཇོ་ནང་ལ་ཆོས་བརྒྱུད་ཀྱི་ཐོབ་ཐང་སྤྲོད་དགོས་ནི་མ་རེད། དགོས་ན་བོ་དུང་ལ་ཡང་སྤྲོད་དགོས་ནི་རེད་ཅེས་བཤད་འདུག
ལོས་དགོས། གལ་ཏེ་བོ་དུང་གི་ཆོས་བརྒྱུད་འཛིན་པ་ཚོས་དགོས་ཟེར་ན་སྤྲོད་དགོས་རེད། ད་དུང་བོད་ཀྱི་ཡི་ཤི་དང་ཁ་ཆེ་ཚོས་ཀྱང་དགོས་ཟེར་ན་སྤྲོད་དགོས་རེད། འོན་ཀྱང་ད་ལྟའི་ཆར་ཇོ་ནང་དེ་དག་དང་བསྡུར་ན་གྲངས་མང་བ་དང་རྒྱ་ཆེ་བའི་ཆོས་བརྒྱུད་ཅིག་རེད། ཇོ་ནང་པ་ཚོར་རྒྱ་ནག་གམ་བོད་ནང་དུ་ཐོབ་ཐང་འདྲ་མཉམ་ཡོད་འདུག དེར་བརྟེན་ཇོ་ནང་བའི་གཞིས་བྱེས་གཉིས་ཀྱི་བླ་གྲྭ་དང་མི་མང་ཡོངས་ད་ལྟ་རེ་ཐག་ཆད་ནས་བསྡད་ཡོད། ངས་ཐོས་ཚུལ་ལྟར་ན་ཇོ་ནང་པར་གཞིས་བྱེས་གཉིས་སུ་དགོན་པ་བདུན་ཅུ་ལྷག་དང་། བླ་གྲྭ་གཅིག་ཁྲི་ལྷག མི་མང་འབུམ་གཉིས་ལྷག་ཡོད་ཚོད་འདུག དེ་འདྲའི་མི་འབོར་མང་པོ་ཞིག་གི་སེམས་ལ་ནག་ཐིག་བཞག་ན་བོད་ཀྱི་རྩ་དོན་ཐོག་གྱོང་རེད་དམ་ཁེ་རེད། ངས་བལྟས་ན་འདི་གྱོང་ཆེན་པོ་ཞིག་རེད། ད་དུང་གཞུང་གིས་འདི་ལྟར་ཇོ་ནང་པ་ཚོ་མཐོང་ཆུང་བྱས་ན། རྒྱ་གར་དུ་ཡོད་པའི་ཇོ་ནང་པའི་བླ་གྲྭ་རྣམས་ཀྱིས་དགོན་པ་སྒོ་རྒྱབ་ནས་ཕྱིར་བོད་དུ་ཕེབས་མི་སྲིད་པ་མ་རེད། དེའི་སྐོར་ངས་ཀྱང་མང་པོ་ཐོས་མྱོང་།
དེས་ན་བོད་གཞུང་གི་འབྲེལ་ཡོད་ལས་བྱེད་རྣམས་ཀྱི་མགྱོགས་མྱུར་གིས་གནད་དོན་འདི་དག་ཐག་བཅད་ན་ཡག་པོ་འདུག་སྙམ།
དེ་མིན་འགྱོད་པ་རྗེས་ནས་སྐྱེས་ན་བླུན་པོ་ཟེར་བ་ཡིན་པས་དེ་ལུགས་སེམས་ལ་འཛིན་རྒྱུ་གལ་ཆེ་བསམ་གི
གཞིས་ནས་གསར་དུ་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་དུས་སུ། དེར་ལས་བྱེད་ཡོངས་ཀྱིས་ལྷག་བསམ་དང་ཤ་ཚ་རང་མི་རང་ཁྱིམ་དུ་སླེབ་པ་བཞིན། འདི་བྱས་ན་འདི་སྐྱོན་ཡོད་པ་དང་། འདི་བྱས་ན་འདི་འདྲིའི་ཕན་ཐོག་གི་ཡོད་པའི་གནས་ཚུལ་མི་རེ་ངོ་རེ་ངོ་སྤྲོད་གསལ་པོ་བྱེད་དགོས་ཀྱི། དེ་འདྲ་མ་ཡིན་པར་ཁ་བརྡུང་མགོ་བསྐོར་རྫུན་བཤད་སོགས་ཀྱིས་གསར་འབྱོར་ཡི་ག་སུན་པ་འདི་འདྲ་གཏན་ནས་མ་གནང་ན་ཤིན་ཏུ་དགེ་མཚན་ཆེ་ལ་དེ་འདྲ་རྩ་བ་ཉིད་ནས་བྱེད་ཀྱང་མི་ཉན་པ་ཞིག་རེད། རྒྱུ་མཚན་ནི། དེར་ཡོང་པའི་མི་དེ་གཅིག་ནས་རང་གི་སྲོག་ཉན་ལས་ཐར་ནས་རང་དབང་ལུང་པར་སླེབ་དུས་སུ་སྤྱི་ཚོགས་ཀྱི་འགྲོ་སྟང་མ་འོང་པའི་མདུན་ལམ་སྐད་ཆ་ག་རེ་ཤོད་དགོས་མིན་གཏན་ནས་ཤེས་ཀྱི་མེད་ལ། གཉིས་ནས་མང་ཆེ་ཤོས་དེ་ལོ་ན་ཆུང་ཆུང་དང་། དད་པའི་རྗེས་འབྲང་རྐྱང་རྐྱང་ཡིན་ཙང་མ་ཤེས་པ་དང་། ཡིད་ཆེས་ཀྱི་ཁེངས་པ་གཉིས་ཀྱིས་འདི་དགོས་དང་དེ་དགོས་གསལ་པོ་གང་ཡང་ཤེས་ཐུབ་ཀྱི་མེད། ང་ངད་ང་གཙོས་པའི་གསར་འབྱོར་བ་ཡོད་ཚད། བལ་ཡུལ་སྣེ་ལེན་ཁང་དུ་སླེབ་སྐབས་ལས་བྱེད་པ་དེ་ཚོའི་བྱེད་སྟང་དང་རྣམ་འགྱུར་སྟོན་སྟང་དེ་ཚོ་མཐོང་ཡོང་དུས། སྔོན་མའི་བོད་སྡེ་པ་གཞུང་ཞེས་པ་ཁས་བཤད་པའི་ཉམ་མྱོང་ཙམ་ལས་དོན་ངོ་མའི་བྱེད་སྟང་མཐོང་མྱོང་མེད་ཀྱང་། ལས་བྱེད་པའི་བྱེད་སྟང་མཐོང་དུས་ཡིད་ལ་འདི་འདྲ་ཞིག་ཡིན་ས་འདུག་ཨ་བསམ་པ་དངོས་སུ་ར་འཕྲོད་གསལ་པོ་འབྱུང་གི་འདུག སེམས་སྡུག་པ་དང་ཡིད་ས་འཁྲུད་པ་སོགས་ཚད་མེད་པ་འབྱུང་བ་འདི་ཚོ་ནི་ལས་བྱེད་པ་དེ་ཚོ་ཕན་སེམས་དང་སྙིང་རྗེ་མེད་པ་ལས་བྱུང་བ་ཞིག་ལས་བཙན་བྱོལ་བའི་གཞུང་གི་སྲིད་ཇུས་ཀྱི་མ་འགྲིག་པ་དང་མ་འདང་བ་ཞིག་གི་གནས་སྟང་གཏན་ནས་རེད་མི་འདུག ཡིན་ན་ཡང་དེ་ལ་གལ་སྲིད་ཡ་ལན་སློག་པ་དང་། བདེ་སྡུག་སོགས་བཤད་ན་རང་ཉི་མ་ཕྱི་ཉིན་མོ་ནས་མི་རྒྱུས་མེད་བརྟེན་ས་སྡོད་ས་མེད་པ་བར་དོའི་རྣམ་ཤེས་ལྟ་བུ་དེ་གཤིན་རྗེ་ནག་པོའི་ལག་ཁུང་དུ་ཚུད་འགྲོ་བ་ཉག་གཅིག་ལས་འགྲོ་ས་གཉིས་པ་མེད་ཙང་། ཁོ་ཚོའི་བཀའ་བཀོད་དང་བྱེད་སྟང་དེ་ཚོ་མ་ཉན་རང་ཉན་དུ་ཆགས་ཀྱི་འདུག དཔྱད་པ་ཞིག་བྱས་ན་ཡང་གནས་བསྐོར་ཞིག་ཡིན་ན་སྣེ་ལེན་ཁང་ལ་འགྲོ་དགོས་པའི་རྒྱུ་མཚན་དེ་ཙམ་མེད་པར་སེམས། སྣེ་ལེན་ཁང་ལ་ཡོང་མཁན་མང་ཆེ་ཤོས་དེ་རང་ལ་ཆོད་སེམས་རྣལ་མ་ཞིག་དང་། ཤེས་རིགས་ཀྱིས་དབུལ་བ་དང་། རྒྱ་མི་དམར་པོའི་གདུག་རྩུབ་གནག་པོ་དེ་མི་བཟོད་ནས་རང་དབང་ལུང་པར་བོད་མི་རིགས་ཡོངས་ཀྱི་དཔྲལ་བའི་མིག ཁོག་པའི་སྙིང་། ༧གོང་ས་ཡིད་བཞིན་ནོར་བུའི་གཙོས་པའི་རིས་སུ་མ་ཆད་པའི་བསྟན་པ་འཛིན་པའི་སྐྱེས་སྤྲུལ་ཡོད་དོ་ཅོག་ཀུན་རྒྱ་གར་འཕགས་པའི་ཡུལ་འདིར་བཞུགས་ཡོད་པ་དེ་ཚོ་གི་ཞལ་མཇལ་གསུང་ཐོས་ཉག་གཅིག་ལ་དམིགས་ནས་ཡོང་པ་ལས་ཟ་གོན་མི་རྙེད་ནས་ཡོང་བ་དང་། ལས་བྱེད་པའི་བརྙས་བཅོས་དང་ཁ་བརྡུང་བཟེད་མི་གི་དོན་དུ་མི་སུ་གཅིག་ཀྱང་མེད་པར་ཀུན་ཤེས་ཀུན་གསལ་རེད། དེར་བརྟེན་གསར་འབྱོར་བ་དེ་ལ་ཡང་ནས་ཡང་དུ་དྲི་བས་ནན་ཏན་དུ་སྐྱོན་ཡོན་གསལ་བཤད་བྱེད་དགོས་ཀྱི། དེ་འདྲ་མི་བྱེད་པར་ཁོ་རང་གི་ག་རེ་བྱེད་དགོས་པ་མ་ཤེས་བཞིན་དུ་ཕན་ཚུན་རོག་པ་ཚོས་བྱེད་པ་ལ་རི་བོང་ཅར་འགྲོགས་བྱེད་ནས་ལག་ཁྱེར་ཐོག་གང་བྱུང་བྱུང་གི་ཐོ་འགོད་བྱེད་པ་དེ་ནི་སྣེ་ལེན་ཁང་གི་ལས་བྱེད་པ་རྣམས་ཀྱི་མ་འཇོན་པ་དང་གསར་འབྱོར་བ་དེ་ཚོའི་དཀའ་ངལ་ལ་རྒྱུས་ལོན་གཏན་ནས་མ་བྱས་པའི་སྐྱོན་དམར་རྗེན་དུ་བུད་པ་ཡིན་པ་གསལ་པོ་རེད། དེར་བརྟེན་མ་འོངས་པར་གསར་འབྱོང་ཉུང་རུ་ཉུང་རུ་འགྲོ་རྒྱུ་ལས་མང་དུ་མི་འབྱུང་བ་ངེས་ཅན་ལ། ཁོང་རྣམ་པ་དཀའ་ངལ་འོག་ཏུ་ཚུད་པའི་ཡུལ་གྱར་བའི་ཡུལ་གྱར་ལྟ་བུ་འདི་རྣམས་ལ་མཐོང་ཆེན་དང་རྒྱབ་སྐྱོར་གང་དྲག་ཞིག་མ་བྱེད་ན་བཙན་བྱོལ་བའི་སྤྱི་ཚོགས་ཆུང་ངུ་འདི་ནང་ལ་གྲགས་པ་ཞིག་མི་བཞག་པའི་ངེས་པ་གཏན་ནས་མི་འདུག་པས། འདི་ལ་ངེས་པར་དུ་ཐུགས་གཞིག་ཡང་དག་ཞིག་གནང་དགོས་པའི་སྔོན་ཆིས་སུ་འབོད་བསྐུལ་ཞུ་གི་ཡོད།
ད་ནི་ང་ཚོ་ལ་དམངས་གཙོའི་ལམ་སྲོལ་གཙང་མ་ཡོད་ཙང་། དམངས་གཙོའི་འགྲོ་ལུགས་དང་བསྟུན་ནས་དོན་དངོས་ཀྱི་དཀའ་ངལ་འདི་ངེས་པར་མགྱོགས་མྱུར་སེལ་དགོས་ཀྱི། སྐུ་འཚབ་མཆོག་གིས་དཀའ་ངལ་འདི་རང་གཞུང་ལ་ཐེངས་གཅིག་ཞུས་གཉིས་ཞུས་བྱེད་དགོས།
དེ་ནས་ད་དུང་གྲུབ་འབྲས་ཐོན་གྱི་མིན་འདུག་ན། ཞི་བའི་ཐབས་ཤེས་སམ་ལས་འགུལ་གཞན་ཤིག་གི་ཐོག་ནས་འབྲེལ་ཡོད་ལས་བྱེད་རྣམས་ཀྱིས་དཀའ་ངལ་འདི་ངེས་པར་སེལ་དུ་བཅུག་དགོས། དཔེར་ན་ཟས་བཅད་ངོ་རྒོལ་ལྟ་བུ་བྱ་དགོས་ནའང་བྱ་རྒྱུ་རེད།
སྐུ་འཚབ་མཆོག་རྒྱུན་གཤིས་ལ་གནས་ནས་དཀའ་ངལ་འདི་བསལ་བར་འབད་བརྩོན་དང་འབྲེལ་གཏུག་བསྟུད་མར་གནང་རོགས། བཀའ་དྲིན་ཆེ།
དག་བཅོས།
དཀའ་ངལ་འདི་དངོས་ཡོད་ཀྱི་དཀའ་ངལ་ཞིག་དང་། གྲོས་ཚོགས་སུ་༼ཀ༽རྟགས་ཅན་གྱི་དྲི་བའི་ལམ་ནས་སླེང་སློང་ངེས་པར་བྱེད་དགོས་པ་ཞིག་རེད།
གང་ཡིན་ཟེར་ན། འདས་པའི་དུས་ཡུན་ནང་སྣེ་ལེན་ཁང་གི་ལས་བྱེད་ཚོས་བོད་ནས་གསར་འབྱོར་བ་ཚོར་བག་ཆགས་ཧ་ཅང་སྐྱོ་པོ་མང་པོ་ཞིག་བཞག་འདུག་ལ། དཔེ་མཚོན་གྱི་སྐད་ཆ་ཞིག་བཤད་ན། གསར་འབྱོར་ཚོས་རྒྱ་གར་དུ་༸གོང་ས་མཆོག་འདུག་མ་གཏོགས་བོད་གཞུང་གི་ལས་བྱེད་ཚོར་མི་འདུག་ཟེར་དགོས་པ་ཞིག་བྱུང་བ་འདི་རེད། སྐད་ཆ་འདིའདྲའི་ཆེན་པོ་འདི་རྒྱུ་མེད་རྐྱེན་མེད་དུ་བྱུང་བ་ཞིག་མིན་པར་སེམས་གཏིང་ནས་ཞེན་པ་ལོག་པར་བྱེད་པའི་རྣམ་འགྱུར་དང་བྱེད་སྟངས་ལ་བརྟེན་ནས་བྱུང་བ་ཞིག་དང་། ད་ལན་འཕྲད་བཞིན་པའི་དཀའ་ངལ་འདིའི་མཚོན་པའི་གནད་དོན་འདི་དག་གི་རྒྱབ་ན་གཞིས་བྱེས་གཉིས་ཀྱི་འབྲེལ་བ་ཡོད་པས་བོད་གཞུང་གི་དབུ་ཁྲིད་ཚོས་ངོས་ནས་ལས་བྱེད་ཚོའི་རྒྱབ་རྩ་བྱས་ནས་ཉི་མ་གཏོང་ཐབས་མི་བྱེད་པར་བསམ་གཞིག་ནན་ཏན་གཏོང་དགོས་པ་ཞིག་རེད་ཅེས་ནན་ཏན་གྱི་ཐོག་ནས་ཞུ་གི་ཡོད།
དཀའ་ངལ་འདི་དངོས་ཡོད་ཀྱི་དཀའ་ངལ་ཞིག་དང་། གྲོས་ཚོགས་སུ་༼ཀ༽རྟགས་ཅན་གྱི་དྲི་བའི་ལམ་ནས་སླེང་སློང་ངེས་པར་བྱེད་དགོས་པ་ཞིག་རེད།
གང་ཡིན་ཟེར་ན། འདས་པའི་དུས་ཡུན་ནང་སྣེ་ལེན་ཁང་གི་ལས་བྱེད་ཚོས་བོད་ནས་གསར་འབྱོར་བ་ཚོར་བག་ཆགས་ཧ་ཅང་སྐྱོ་པོ་མང་པོ་ཞིག་བཞག་འདུག་ལ། དཔེ་མཚོན་གྱི་སྐད་ཆ་ཞིག་བཤད་ན། གསར་འབྱོར་ཚོས་རྒྱ་གར་དུ་༸གོང་ས་མཆོག་འདུག་མ་གཏོགས་བོད་གཞུང་གི་ལས་བྱེད་ཚོར་མི་འདུག་ཟེར་དགོས་པ་ཞིག་བྱུང་བ་འདི་རེད། སྐད་ཆ་འདིའདྲའི་ཆེན་པོ་འདི་རྒྱུ་མེད་རྐྱེན་དུ་བྱུང་བ་ཞིག་མིན་པར་སེམས་གཏིང་ནས་ཞེན་པ་ལོག་པར་བྱེད་པའི་རྣམ་འགྱུར་དང་བྱེད་སྟངས་ལ་བརྟེན་ནས་བྱུང་བ་ཞིག་དང་། ད་ལན་འཕྲད་བཞིན་པའི་དཀའ་ངལ་འདིའི་མཚོན་པའི་གནད་དོན་འདི་དག་གི་རྒྱབ་ན་གཞིས་བྱེས་གཉིས་ཀྱི་འབྲེལ་བ་ཡོད་པས་བོད་གཞུང་གི་དབུ་ཁྲིད་ཚོས་ངོས་ནས་ལས་བྱེད་ཚོའི་རྒྱབ་རྩ་བྱས་ནས་ཉི་མ་གཏོང་ཐབས་མི་བྱེད་པར་བསམ་གཞིག་ནན་ཏན་གཏོང་དགོས་པ་ཞིག་རེད་ཅེས་ནན་ཏན་གྱི་ཐོག་ནས་ཞུ་གི་ཡོད།
གྲོགས་པོ་ཧ་ཅང་ཡག་པོ་རེད་རྒྱབ་སྐྱོར་གཙང་མ་ཡོད་རང་གི་རྩོམ་ཡིག་འདི་གསལ་བཤད་ཙམ་མ་ཡིན་པར་མུ་མཐུད་གཞུང་ལ་གཏུགས་གཤེར་བྱེད་དགོས་རེད་དངོས་གནས་ཡིན་མ་འོངས་བར་ཏན་ཏན་ཕན་ཐོག་ཡོད་རེད་དེ་མང་གཙོའི་གཞུང་ཞིག་གིས་དབྱད་བསྡུར་དབྱེ་ཞིབ་བྱ་དགོས་བའི་ལས་དོན་ཧ་ཅང་གལ་ཆེན་ཞིག་རེད་རང་གིས་ཞུས་ཕྱོགས་ཀྱང་དངོས་གནས་མང་གཙོའི་འབངས་མི་ཞིག་གིས་ཚད་ལྡན་སྙན་ཞུ་ཞིག་རེད་དེའི་ཕྱིར་མུ་མཐུད་དུ་འབད་བརྩོན་གནང་རོགས་འུ་ཚང་གིས་བཀའ་ཁྲི་གསར་བའི་ཐུགས་སྣང་ཅི་ཆེར་གནང་ནས་དབྱད་ཞིབ་གནང་བའི་རེ་བ་ཡོད་དེ་ང་ཚོ་གསར་འབྱོར་བ་ཡོངས་འཕྲད་བཞིན་པའི་དཀའ་ངལ་ཆེ་ཤོས་དེ་རེད་ཚང་མས་གསུང་དགོས་རེད།།
བ་ཡུལ་སྣེ་ལེན་ཁང་ས་གནས་གལ་ཆེན་དེ་ཞིག་ལ་ད་བར་དབུ་འཛིན་ཤེས་མཇོན་གཉིས་ལྡན་ཞིག་གཏན་ནས་སླེབ་མྱོང་ཡོད་མ་རེད་གཅིག་བརྗེས་དེའི་རང་གིས་ལག་གཡོག་དེ་དེའི་འཚབ་ལ་དེད་ནས་འགྱིག་ནང་བཞིན་རྩིས་ནས་ཡོད་རེད་ང་ཚོའི་གཞུང་ལ་ད་བར་ས་གནས་དེ་མཚུངས་དང་རྐུབ་སྟེགས་དེ་འདྲ་མིང་ནི་རེད་ད་དེ་ཚོ་ལ་འགྱུར་བ་གཏོང་བའི་དུས་ལ་སླེབ་རེད་ཤུགས་རྒྱོབ་ཡིན་།།
འབྱུང་འགྱུར་དཀའ་ངལ་འདི་དག་སེལ་རྒྱུར་བོད་ནས་ཐོག་མར་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་མ་ཐག་པའི་གསར་འབྱོར་བ་ཚོར་ཐོ་འགོད་ཡིག་ཆ་ཁག་མ་བཟོས་པའི་སྔ་རོལ་ནས་བཙན་བྱོལ་ནང་གི་ཡིག་ཆ་ཁག་གི་འགྲོ་ལུགས་འགྲོ་སྟངས་ཁ་གསལ་ཐོག་འགྲེལ་བརྗོད་གནང་ན། ད་ལྟ་ལྷག་བཞིན་དཀའ་ངལ་འདི་རིགས་ཀྱི་རྒྱུན་ཆད་ངེས་སུ་མཐོང་།།