ཁ་སང་བལ་ཡུལ་གཞུང་གིས་བོད་ནས་བྲོས་བྱོལ་སྐྱབས་བཅོལ་ཏུ་ཡོང་མཁན་བོད་མི་ཉེར་གསུམ་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལས་ཁུངས་ལ་རྩིས་སྤྲོད་བྱས་འདུག
ཟླ་འདིའི་ཕྱི་ཚེས་ ༡༡ ནས་ ༡༣ བར་བལ་ཡུལ་གཞུང་གིས་སྔ་ཕྱི་བོད་ནས་བྲོས་བྱོལ་དུ་ཡོང་མཁན་བོད་མི་ ༢༣ བལ་བོད་མཐའ་མཚམས་ནས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། ཉེ་ཆར་བལ་ཡུལ་རྒྱ་ནག་གཞུང་ཚབ་ཁང་གིས་བོད་མི་དེ་དག་རྒྱ་ནག་ལ་རྩིས་སྤྲོད་བྱ་དགོས་སྐོར་ཡིག་ཐོག་ནས་འབོད་སྐུལ་ཞུས་པ་སོགས་གནོན་ཤུགས་འོག་ད་ལྟའི་བར་བཀག་ཉར་བྱས་ཡོད་ཀྱང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་ཕྱི་རྒྱལ་གྱི་གཞུང་ཚབ་ཁག་ཅིག་གིས་བལ་ཡུལ་གཞུང་ལ་ཐེངས་མང་འབྲེལ་གཏུགས་དང་འབོད་སྐུལ་ཞུས་སྟབས། ཁ་སང་ཕྱི་ཚེས་ ༢༢ ཉིན་བོད་མི་དེ་དག་རེ་རེར་བལ་སྒོར་ ༤༠༠༠ ལྷག་གི་ཉེ་ཆད་བཏང་སྟེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་ལ་རྩིས་སྤྲོད་བྱས་ཡོད་འདུག
བལ་ཡུལ་གཞུང་གིས་འཛིན་བཟུང་བྱས་པའི་ཁྲོད། བུ་ ༡༨ དང་བུ་མོ་ ༥ བཅས་ཁྱོན་བསྡོམས་བོད་མི་ ༢༣ ཡོད་འདུག་ལ། བོད་མི་དེ་དག་ཁམས་སྡེ་དགེ་དང་དཀར་མཛེས། འབའ་ཐང་། ནག་ཆུ། གོང་འཇོ་བཅས་ནས་རྒྱ་གར་ནང་༸གོང་ས་མཆོག་ལ་མཇལ་ཁ་དང་སློབ་སྦྱོང་གི་དམིགས་ཡུལ་བཟུང་སྟེ་གྲོས་བྱོལ་དུ་ཡོང་མཁན་གཞོན་སྐྱེས་ཁག་ཅིག་ཡིན་འདུག
གསར་འགོད་པ། དོན་གོ
ཐུགས་རྗེས་གཟིགས་སོང།
དྲ་འབུ་བཙན་བྱོལ་བ་ཁྱོད་རང་གིས་ག་དུས་ཡིན་ན་གསར་འབྱོར་བ་རྣམས་ཀྱིས་གཅིག་བྱས་མ་ཐལ། གཉིས་འགྲིགས་མ་སོང་ལབ་ཡས་མ་ཏོག་མེད། དངོས་གནས་བཤད་ན་བོད་གཞུང་དམངས་གཉིས་ལ་མཐུན་སྒྲིལ་གཏོར་བཤིགས་གཏོང་མཁན་ཞིག་ཡིན་པས་རྗེས་སུ་ཁ་བཙུན་ན་དགའ། དེ་བས་ཁྱོད་རང་ཁ་ཟས་རྒྱབ་གོས་འགྲིགས་ན་ཧྲ།
ད་ལེན་བུ་ཕྲུག་དེ་དག་རྒྱ་གར་དུ་ཡོད་པའི་བཙན་བྱོལ་ནང་འཛུལ་བཞུགས་ཐུབ་པར་བློ་སེམས་དགའ་པའི་འཚམ་དྲིས་བཀྲ་ཤིས་བདེ་ལེགས་ཞུ།།་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐངཚོགས་པ་དང་གཞུང་ཚབ་དེ་དག་ལ་ཐུགས་རྗེ་ཆེ་ཆེ་ཞུ་པ་དང་ང་ཚོ་བོད་མི་རིགས་གིས་ནམ་ཡང་མི་བཇེད།།
ད་ལེན་བུ་ཕྲུག་དེ་དག་རྒྱ་གར་དུ་ཡོད་པའི་བཙན་བྱོལ་ནང་འཛུལ་བཞུགས་ཐུབ་པར་བློ་སེམས་དགའ་པའི་འཚམ་དྲིས་བཀྲ་ཤིས་བདེ་ལེགས་ཞུ།།་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐངཚོགས་པ་དང་གཞུང་ཚབ་དེ་དག་ལ་ཐུགས་རྗེ་ཆེ་ཆེ་ཞུ་པ་དང་ང་ཚོ་བོད་མི་རིགས་གིས་ནམ་ཡང་མི་བཇེད།།
མུ་གེ་སྒང་ལ་ཟླ་ལྷག་རང་རེད།
བཙན་བྱོལ་བས་མཆན་ཡག་པོ་སྤེལ་འདུག
ཡག་པོ་བྱུང་། བཙན་བྱོལ་ན་ཡོད་པའི་སྒྲིག་འཛུགས་རྣམས་ཀྱིས་རྔམས་སྟོན་དང་འབོད་བསྐུལ་གྱི་ལས་འགུལ་རབ་དང་རིམ་པ་སྤེལ་ནས་མཐར་ང་ཚོ་བོད་རིགས་འདི་དག་སྣེ་ལེན་ཁང་དུ་སྐྱེལ་ཐུབ་པ་བྱུང་བ་ནི་གྲུབ་འབྲས་ཆེན་པོ་རེད། ད་དུང་ཡང་ཉེས་ཆད་ཀྱང་དངུལ་ཕོན་ཆེན་སྤྲོད་དགོས་ཐུག་པ་རེད། བྱས་ཙང་། བལ་ཡུལ་ནང་ཡོད་པའི་དབུས་བོད་མི་སྒྲིག་འཛུགས་ཀྱི་ཡན་ལག་ལས་ཁུངས་ནས་ཕལ་ཆེར་དངུལ་ཆད་འདི་དག་སྤྲོད་པ་ཡིན་གྱི་རེད། ད་ལྟ་འདི་ཙམ་གྱི་གནས་སྟངས་ཙམ་མ་ཡིན་པར་ལོ་རབས་མང་པོའི་གོང་ནས་ད་ལྟ་བར་དུ་ལས་འགུལ་དེ་ལྟ་བུ་སྤེལ་ནས་འགྲོ་བཞིན་ཡོད། འདི་ནི་གསར་འབྱོར་བ་རྣམས་ལ་མཚོན་ན་དྲིན་དྲན་དགོས་པ་ནི་གནད་འགག་ཆེན་པོ་རེད། མ་གཏོགས། འགའ་ཞིག་གིས་རང་ལ་དཀའ་ངལ་ཕྲན་བུ་འཕྲད་པ་རྒྱུ་མཚན་དུ་བྱས་ནས་བོད་གཞུང་དང་ལས་ཁུངས་ཁག་གིས་བལྟ་སྐྱོང་བྱེད་ཀྱི་མིན་འདུག་ཟེར་བ་སོགས་སྨྲས་རྐྱང་བྱེད་པ་ནི་སྤྱོད་པ་ཡག་པོ་ཞིག་མ་རེད་སྙམ།
ད་ཡིན་ན་བལ་ཡུལ་གཞུང་ཡག་པོ་བྱེད་འདུག་ཐུགས་རྗེ་ཆེན།།