མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་བཙན་ལྟ་བ་གས་སྲུབ་ཏུ་མི་གཏོང་བའི་ཁས་ལེན་ཞུ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༡/༠༩/༢༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོ་དྷ་ས་བོད་གཞུང་ཟློས་གར་ཐང་ཆེད་དུ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དབུ་བརྙས་ཏེ་ལོ་ ༢༠ འཁོར་བའི་རྗེས་དྲན་མཛད་སྒོ་ཚོགས་ཏེ།  བོད་རང་བཙན་གས་སྲུབ་དང་ཉམས་རྒུད་མི་གཏོང་བའི་ཁས་ལེན་བསྒྲགས་གཏམ་སྤེལ་སོང་།

དེ་རིང་སྔ་དྲོ་ཆུ་ཚོད་ ༨ །༣༠ སྟེང་དྷ་ས་བོད་གཞུང་ཟློས་གར་ཐང་ཆེན་དུ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་བཙུགས་ནས་ལོ་འཁོར་ ༢༠ ལོན་པའི་དུས་དྲན་སྲུང་གཙིའི་མཛད་སྒོ་ཚོགས་ཡོད་པ་དང་།  དུས་དྲན་མཛད་སྒོའིསྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་ཕེབས་འདུག གཞན་ངྷ་ས་ས་གནས་མགོ་འཛིན་དང་རང་བདེན་ཚོགས་གཙོ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་བཅས་སྐུ་མགྲོན་ ༣༠ ལྷག་དང་།  སེར་སྐྱ་མི་མང་བརྒྱ་ཕྲག་ལྷག་མཉམ་ཞུགས་གནང་འདུག 

མཛད་སྒོའི་ཐོག་མར་སྐུ་མགྲོན་སྐྱ་སེར་ཡོངས་ཀྱིས་བོད་རྒྱལ་ཁབ་ཆེན་པའི་རྒྱལ་གླུ་བཏང་རྗེས། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་རྩོམ་སྒྲིག་བྱས་པའི་༼ བཙན་གནོན་འོག་གི་བོད༽དང་༼རྨོངས་མུན་སེལ་བའི་ཉིན་བྱེད༽༼བློ་གསལ་མེ་ལོང་། མྱོང་བའི་ལས་ཀྱི་བདུད་རྩི༽ཞེས་པའི་དེབ་གསུམ་དབུ་འབྱེད་དང་། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཟུར་ངག་དབང་འོད་འབར་དང་ཡེ་ཤེས་སྟོབས་ལྡན། མ་བྱིན་པ་སངས་ལགས་གསུམ་ལ་ཐུགས་རྗེ་ལེགས་གསོལ་གྱི་བྱ་དགའ་གནང་རྗེས།  ཐེངས་འདིའི་མཛད་སྒོ་དང་བསྟུན་ཏེ་དགུ་བཅུ་གསུམ་ཚོགས་པའི་ངོས་ནས། ལོ་སུམ་ཅུའི་རིང་བཙོན་འཇུག་མནར་གཅོད་མྱངས་པའི་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ལགས་དང་། ཕྱི་ལོ་ ༡༩༨༨ ལོའི་ལྷ་སའི་ཞི་རྒོལ་སྐབས་བཙོན་འཇུག་གིས་ད་ལྟའང་ལྷ་ས་ཆུ་ཤུར་བཙོན་ཁང་ནང་ཡོད་པའི་བོད་ལྗོངས་སློབ་ཆེན་གྱི་སློབ་བུ་བློ་བཟང་བསྟན་འཛིན་ལགས། དེ་བཞིན་བོད་མི་རིགས་ཀྱི་བདེན་དོན་འཐབ་རྩོད་ཆེད་རང་ལུས་མཆོད་མེར་བསྲེགས་གཏོང་མཁན་རྔ་པ་ཀིརྟི་དགོན་པའི་གྲྭ་ཕུན་ཚོགས་ལགས་དང་། ཁམས་རྟའུ་ཉ་འཚོ་དགོན་པའི་གྲྭ་ཚེ་དབང་ནོར་བུ་ལགས་བཅས་རྒྱལ་གཅེས་དཔའ་བོ་བཞི་ཡི་ལྷག་བསམ་སྙིང་སྟོབས་ལ་ཡི་རངས་རྗེས་དྲན་མཚོན་ཆེད་དུ་ཕུལ་བའི་གཟེངས་བསྟོད་རྟགས་མ་རྣམས། སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་གཟེངས་རྟགས་བཞེས་མཁན་གྱི་འཐུས་ཚབ་པ་རྣམས་ལ་ཕུལ་ཡོད་པ་རེད།  

 

དེ་རྗེས་དགུ་བཅུ་གསུམ་ཚོགས་པའི་ཚོགས་གཞོན་ཀླུ་མཁར་བྱམས་ལགས་ཀྱིས་ཚོགས་པའི་བྱུང་རིམ་ལོ་རྒྱུས་ངོ་སྤྲོད་དང་སྦྲགས། དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཙུགས་ནས་ལོ་ངོ་ཧྲིལ་བོ་ ༢༠ འཁོར་བའི་དུས་དྲན་གྱི་བསྒྲགས་གཏམ་སྒྲོག་སྦྱངས་གནང་སོང་། བསྒྲགས་གཏམ་དེར་དགུ་བཅུ་གསུམ་ཚོགས་པའི་ངོས་ནས་མ་འོངས་པར་བོད་ནང་གི་ཆབ་སྲིད་བཙོན་པའི་གནས་སྟངས་ལ་ཞིབ་འཇུག་དང་། བཙོན་པར་གཅར་རྡུང་གཏོང་མཁན་གྱི་ཉེན་རྟོག་པ་དང་དཔོན་རིགས་རྣམས་ལ་བརྩད་ཞིབ་ཀྱིས་རྒྱལ་སྤྱིའི་ཉེན་རྟོག་རྩ་འཛུགས་ལ་ཞུ་གཏུགས་དང་།  བོད་ནང་དྲག་གནོན་བྱེད་མཁན་རྒྱ་དཔོན་རྣམས་དང་དེ་དག་གི་ནང་མི་བུ་ཕྲུག་བཅས་ཀྱི་མིང་ཕྱི་རྒྱལ་གཞུང་ཚབ་ཁང་དག་ལ་བཏང་སྟེ་ཁོ་ཚོར་ཕྱི་སྐྱོད་ཐོངས་མཆན་སོགས་སྤྲོད་རྒྱུར་བཀག་འགོག་བྱ་རྒྱུ། རྒྱ་ནག་ནང་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་ཁང་ཁག་ནང་བོད་དོན་ལྟ་རྟོག་གནང་མཁན་ལས་བྱེད་རེ་བསྐོ་འཛུགས་བྱ་རྒྱུར་རྒྱལ་སྤྱིའི་སྒང་རེ་བསྐུལ་བཅས་བྱ་རྒྱུ་ཡིན་པར་མ་ཟད། མ་འོངས་པར་བོད་ནང་དོན་རྐྱེན་ཆེན་པོ་བྱུང་སྟེ་ཆབ་སྲིད་བཙོན་པ་གཙོས་པའི་བོད་མི་རྣམས་སྐྱབས་བཅོལ་ལ་འགྲོ་དགོས་ཐུག་སྐབས། བལ་ཡུལ་དང་རྒྱ་གར་ཙམ་མ་ཡིན་པར་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་གཞན་དག་ནང་དུའང་བྲོས་བྱོལ་ལ་འགྲོ་ཆོག་པའི་ལམ་ཁ་ཞིག་ཐོབ་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་སྐོར་དང་།  དེ་བཞིན།  རྒྱ་གར་གཞུང་ལ་བོད་ནས་བྲོས་བྱོལ་དུ་ཡོང་བའི་ཆབ་སྲིད་བཙོན་ཟུར་རྣམས་ཆབ་སྲིད་སྐྱབས་བཅོལ་པར་ངོས་ལེན་དགོས་པའི་རེ་སྐུལ་དང་། བཙན་བྱོལ་སྒྲིག་འཛུགས་ཀྱིས་བཙོན་ཟུར་རྣམས་ཀྱི་བུ་ཕྲུག་དང་ནང་མིར་དམིགས་བསལ་ལྟ་རྟོག་ཡོང་བར་རེ་སྐུལ་ཞུ་རྒྱུ་ཡིན་ཚུལ་སོགས་བཀོད་འདུག་ལ། བསྒྲགས་གཏམ་དེའི་མཇུག་དུ་ང་ཚོའི་གཤིན་པོའི་ཁ་ཆེམས་དང་གསོན་པོའི་རེ་བ། ད་ལྟའི་བར་ཚོགས་པས་རྒྱུན་འཛིན་བྱས་ཡོང་བའི་བོད་རང་བཙན་གཙང་མའི་ལྟ་བ་འདི་ལ། གས་སྲུབ་དང་ཉམས་རྒུད་མི་འགྲོ་བའི་ཁས་ལེན་དམ་བཅའ་གཙང་མ་འབུལ་རྒྱུ་ཡིན་ཚུལ་སོགས་བཀོད་འདུག 

 

མཇུག་མཐར། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། “མི་རིགས་དང་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་གྱི་དཔའ་བོ་དཔའ་མོ་རྣམས་པ་དང་། བཙོན་དུ་ཡོད་པ་དང་བཙོན་ཟུར་ཚང་མར་རྗེས་དྲན་བྱེད་པ་དང་། ཁོ་རང་ཚོའི་རླབས་ཆེན་གྱི་མཛད་རྗེས་དེས། འབྱུང་འགྱུར་བོད་མི་རིགས་ཀྱི་སེམས་ཤུགས་དང་སྙིང་སྟོབས་ལ་ཕན་རླབས་ཆེན་པོ་ཡོད་པར་ངོས་འཛིན་ཞུ་བ་དང་ཆབས་ཅིག  དཔའ་བོ་དཔའ་མོ་འདས་སོང་ཚང་མ་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་རྗེ་སྐྱབས་འོག་ནས་མི་འདོར་བ། བྱང་ཆུབ་ཐོབ་པའི་བར་དུ་རྗེས་འཛིན་ཡོང་བའི་གསོལ་འདེབས་དང་སྨོན་ལམ་ཞུ་རྒྱུ་ཡིན། ” ཞེས་གསུངས་ཏེ། རྒྱ་གཞུང་གིས་ཁྲིམས་འགལ་ཐོག་བོད་བཙན་བཟུང་བྱས་པ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས་བཅས་ཤུལ་མེད་བཟོ་བའི་སྲིད་ཇུས་རིམ་པར་ལག་བསྟར་བྱས་ནས་ལོ་དྲུག་ཅུ་འདས་པའི་རིང་། ཆེས་གྲངས་ཉུང་བོད་མི་རིགས་ཚོས་མི་གྲངས་ཧ་ཅང་མང་ཞིང་། ཆབ་སྲིད་དང་དམག་སྲིད། ནོར་སྲིད་གང་ཐད་ནས་སྟོབས་ཆེན་ཡིན་པའི་རྒྱ་ནག་ལ་ཁ་གཏད་བཅག་སྟེ།  མི་རིགས་རྩ་མེད་ལ་མ་ཕྱིན་པར་ཉར་ཐུབ་པ་བྱུང་བར་མ་ཟད། བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་སྒང་མང་ཚོགས་ཀྱིས་རྒྱབ་སྐྱོར་ཆེན་པོ་ཡོད་པའི་གནད་དོན་ཞིག་ཏུ་བསྒྱུར་ཐུབ་པ་བྱུང་པ་དེ་ནི། འདས་པའི་དཔའ་བོ་དཔའ་མོ་རྣམས་ཀྱི་མཛད་རྗེས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། ཁོང་ཚོའི་མཛད་རྗེས་རྒྱུན་དུ་སྙིང་བཅིངས་བྱ་དགོས་པ་ཞིག་ཡིན་སྐོར་དང་། དེ་བཞིན།  འདས་པའི་ལོ་དྲུག་ཅུའི་རིང་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གིས་ཕྱག་ལས་གནང་པ་དེ་རྒྱལ་སྤྱིའི་སྒང་ཡོངས་ཁྱབ་གསལ་བསྒྲགས་ཡོང་ཐུབ་པ་དང་། བཙོན་ཟུར་པ་རྣམས་བཙོན་གྲོལ་ཐོབ་པའི་རྗེས་ལ་རང་དབང་ལུང་པའི་ནང་ཟས་གོས་གནས་མལ་འཛོམས་པའི་ཐོག་རང་དབང་ཆ་ཚང་ལོངས་སུ་སྤྱོད་ཐུབ་པ་དེ་དག་ཚང་མ། ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་གི་ཐུགས་རྗེ་དང་ཕྲིན་ལས་ཉག་ལ་བརྟེན་ནས་བྱུང་བ་ཡིན་པས། གལ་སྲིད་༸གོང་ས་མཆོག་ལྟ་བུའི་དབུ་ཁྲིད་ཅིག་མེད་པ་ཡིན་ན། བོད་པའི་གནད་དོན་དེ་ད་ལྟ་ལོ་རྒྱུས་ཀྱི་བར་གསེང་ཞིག་ཏུ་འཛུལ་ཏེ་འཛམ་གླིང་འདིར་ནག་གསུབ་བཏང་ཚར་བ་ཞིག་ཆགས་ཡོད་པ་ཚང་མས་སེམས་ལ་ངེས་དགོས་སྐོར་སོགས་གསུངས་སོང་།

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ནི། ཕྱི་ལོ་ ༡༩༩༢ ཟླ་ ༩ ཚེས་ ༢༧ ཉིན་བཞུགས་སྒར་དྷ་རམ་ས་ལར་གསར་འཛུགས་གནང་པ་དང་ད་ལྟ་ཚོགས་མི་ ༥༧༢ ཡོད་པ་རེད། དགུ་བཅུ་གསུམ་ཞེས་པའི་ཚོགས་པའི་མིང་དེ་ནི། ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༧ དང་། ཕྱི་ལོ་ ༡༩༨༧ ཟླ་ ༡༠ ཚེས་ ༡ །  ཕྱི་ལོ་ ༡༩༨༨ ཟླ་ ༣ ཚེས་ ༥ ཉིན་བཅས་སོ་སོར་རྒྱལ་ས་ལྷ་སར་རྒྱ་རྒོལ་ལས་འགུལ་བྱུང་བའི་དུས་ཚིགས་ཀྱི་བསྡུས་མིང་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 20

  1. མྱུལ་ཞིབ་པ་ says:
    ལོ་ 14 སྔོན།

    ཀླུ་གར་བྱམས་ཁཽང་ཆབ་བྲག་ཁྱོད་ཀྱི་ཚབ་ཏུ་མདོ་སྨད་སྤྱི་མཐུས་སུ་མ་སླེབས་པར་བློ་ཕམ་ཆེ།

    Reply
  2. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ཀླུ་མཁར་བྱམས་དང་ཟམ་གདོང་མཉམ་དུ་བཤད་མི་ཆོག་པ་གང་ཡིན་ནམ།
    ཆབ་བྲག་གིས་ཀླུ་མཁར་བྱམས་སྐེ་གཙེར་དགོས་བའི་རྒྱུ་མཚན་གང་ཡིན་ནམ།
    ཀླུ་མཁར་བྱམས་དེ་དོན་ངོ་མའི་ཤེས་ཡོན་པ་སྐུ་དྲག་ལམ་ལུགས་ཀྱི་ངོ་སྲུང་འོག་ཏུ་མ་སོང་པ་ཟིག་རེད།
    དེང་སང་བཀའ་ཁྲི་ཡང་སྐུ་དྲག་ངོ་སྲུང་འོག་ཏུ་ཕྱིན་ཡོད།
    ཀླུ་མཁར་བྱམས་འདི་དྲང་ཚུགས་ཐུབ་པའི་མི་ཞིག་ལ་ངོ་འཛིན་བྱ་གི་ཡོད་ཁོང་སྤྱི་འཐུས་ལ་བསླེབས་མ་ཐུབ་པ་དེ་བློ་ཕམ་བྱུང།

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཁྱེད་ཅག་གིས་ཟམ་གདོང་རིན་པོ་ཆེ་དང་ཀླུ་མཁར་བྱམས་གཉིས་ཇེ་ཆེའམ་་ཇེ་ཆུང་འདྲ་མཉམ་གང་ཞིག་ལ་འཇོག་གི་ཡོད་པ་འདིས་ཞོར་དུ་བོད་དོན་ལ་སྣང་མེད་གཏོང་གིན་ཡོད་པའི་ཚོར་སྣང་བྱུང། ཕན་ཚུན་མཉམ་འབྲེལ་དང་ལྟ་ཚུལ་བརྗེ་རེས་འདི་གུ་ཡངས་དང་ཐབས་མཁས་ཀྱི་སྤྱོད་ཚུལ་ཞིག་ཡིན་པས་གང་ཟག་སྒེར་བའི་རྒྱལ་ཕམ་སོགས་སུ་གླེང་མི་འོས།

    Reply
  4. གནས་ཚང་། says:
    ལོ་ 14 སྔོན།

    ད་རེས་མི་ཆུང་ནོར་ཤག ཟམ་གདོང་བླ་མའང་ཀླུ་མཁར་བྱམས་ལ་སེམས་གཏིང་ནས་མི་དགའ་བ་བཞིན་དུ་ཕེབས་པ་དེའང་ཀླུ་མཁར་བྱམས་ཀྱི་རྒྱལ་ཁ་དང་གཟི་བརྗིད་རེད་མ་གཏོགས་གཞན་མ་རེད།

    Reply
  5. མི་ཆུང་། says:
    ལོ་ 14 སྔོན།

    ཟམ་གདོང་བླ་མ་དང་ལམ་དབུ་མར་སེམས་གཏིང་ནས་མོས་པ་མེད་བཞིན་དུ། འདི་གར་ཨ་ན་ཨུ་ཚུགས་ཀྱིས་གདན་དྲངས་པ་དེ་ཡང་། རྡ་སའི་དྲན་འཁྲུལ་རང་ལུགས་པ་དང་། ཆབ་སྲིད་པ་མགོ་བདེ་ཚོའི་ངོ་ལྐོག་གི་གླེན་རྟགས་ཤིག་རེད།

    Reply
  6. མྱུལ་ཞིབ་པ་ says:
    ལོ་ 14 སྔོན།

    དགུ་བཅུ་གསུམ་ཚོགས་པས་བྱ་སྤྲད་དགོས་ན་སྔོན་ལ་ཚོགས་གཙོ་ཟུར་པ་ངག་དབང་འོད་འབར་མཆོག་ལ་ལས་དཀའ་ཞིག་སྤྲོད་རོགས་་་གང་ཡིན་ཞེས་ན་དེང་སྐབས་ཁོང་ལ་ལས་དཀའ་མི་རགས་པར་མེག་ལོར་འཁྲོམ་གཞུང་དུ་ཁྱི་སྨྱོན་བཞིན་རྒྱུག་བསྡད་འདུག་་་་སྐབས་རེར་དུས་ཚོད་མི་འཁྱོལ་བར་ཁེམ་རིམ་བོལ་རྩེས་མོ་རྩེས་ནས་བཞུགས་དགོས་ཀྱི་འདུག་་་་བྱུང་ན་མ་བྱན་པ་སངས་ཀྱི་རོགས་པར་མ་གཡོག་ཀྱི་ལས་དཀའ་ཞིག་སྤྲད་རོགས།།

    Reply
  7. གནས་ཚང་། says:
    ལོ་ 14 སྔོན།

    མི་སྐོར་ཞིག་སླེབས་འདུག ཚིག་ཁ་ཤས་ཤིག་ཞུ་བསམ་སོང་།

    རང་བཙན་ནི་ལོ་རྒྱུས་རེད་ལ། དེ་བསྐྱར་གསོ་བྱེད་རྒྱུའང་འོས་འགན་དང་ཐོབ་ཐང་གཅིག་ལྕོགས་རེད། དེ་བས། སྲིད་དོན་བཙོན་པ་མཐའ་དག་གིས་དེའི་ཆེད་དུ་དཀའ་ལས་བརྒྱབ་པ་རེད་མ་གཏོགས་གཞན་མ་རེད། ཡིན་ནའང་། དུས་ཚོད་ཀྱི་རྒྱས་གཅོད་ཐུབ་མི་ཐུབ་ནི་སྟོབས་ཤུགས་ལ་རག་ལས་ཀྱི་ཡོད་པས། བོད་པ་མི་རེ་ངོ་རེར་བོད་དོན་སླད་རང་སྲོག་འདོར་བར་གྲ་སྒྲིག་ཡོད་དམ་མེད། གལ་སྲིད་མེད་ན་ཁ་རྒྱགས་བཤད་མ་ཡོང་། རྒྱུ་མཚན་ནི་འཐབ་རྩོད་ཞི་བར་བསྟེན་ཡོད་པས། ཞི་བར་མཐའ་ཡོད་པ་མ་རེད། གཅིག་བྱས་ན་ལོ་ངོ་སྟོང་ཕྲག་ཀྱང་འགོར་སྲིད་པ་རེད། གཙོ་བོའི་ནང་གི་གཙོ་བོ་འོས་འགན་དེ་དང་ཐོབ་ཐང་དེར་བདག་པོ་རྒྱག་ཐུབ་མི་ཐུབ་ལ་ཐུག་ཡོད་པ་རེད།

    Reply
  8. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    འདྲེ་མགོ་རྡོ་ཡ། ཁོང་ཚོས་ཐོབ་མི་ཐོབ་ལ་ལྟ་གི་མེད། ཐོབ་ཐང་ཡོད་པ་ཁོ་ན་བཤད་ཀྱིན་ཡོད། དེ་ཡང་ལྟ་བ་ཞིག་ལོས་ཡིན། སེམས་ཤུགས་ཤིག་ཀྱང་ཡིན་ན་ཐང། ད་ཁྱོད་འདྲེ་ཅི་འདྲ་ཞིག་ཡིན་ཡང་མགོ་རྡོ་ཡིན་པས་ཁོང་ཚོ་ལ་བརྡུངས་ནས་ཅང་ན་གི་མ་རེད་ཡ། ཧ་ཧ་ཧ་་་

    Reply
  9. གྲྭ་རྒོད says:
    ལོ་ 14 སྔོན།

    ང་རང་ཉིད་ཀྱིས་སེམས་ཁུངས་ཀྱི་སྐད་ཆ་ཞིག་བཤད་འདོད་བྱུང་། དུས་དྲན་འདི་དང་སྒེར་ཚོགས་སུ་ཡིན་ནའང་མང་ཚོགས་ཀྱི་བསམ་བློའི་ཆིག་སྒྲིལ་འཐོར་ཞུག་ཏུ་མི་གཏོང་རྒྱུ་ནི་བོད་སྤྱི་སྒེར་སྣེ་ཁྲིད་དག་གི་འགན་ལེན་དགོས་པ་གལ་ཆེན་པོར་མཐོང་། མིའི་སྟོབས་ཤུགས་ཆིག་སྒྲིལ་མེད་ན་ལས་དོན་གང་ཡང་འགྲུབ་དཀའ་བས་བསམ་བློ་གཏོང་གལ་ཆེ། བོད་ནང་གི་གཞི་ལས་བོད་མིའི་གནས་བབས་ལ་བསམ་ཤེས་བྱེད་རྒྱུ་ནི་རེ་བ་ལགས།

    Reply
  10. འདྲེ་མགོ་རྡོ། says:
    ལོ་ 14 སྔོན།

    ལས་འཆར་གྱི་ཆ་ནས་བཤད་ན་བློ་སེང་གི་ལས་འཆར་ལས་དགུ་བཅུ་གསུམ་གྱི་འཆར་སྣང་འདི་དག་དངོས་ཡོད་དང་ཐག་ཉེ་བོ་འདུག དེ་ཡག་པའི་ཆ་ཡིན།

    འོན་ཀྱང་། རང་བཙན་གྱི་ལྟ་བ་གས་ཆག་བཏང་མ་བཏང་དང་གཏོང་མི་གཏོང་དེ་གནད་དོན་མིན་པར། ལག་ལེན་ཐོག་རང་བཙན་འཆར་རྒྱུ་འདུག་མི་འདུག དེ་དོན་དག་ཅིག་འབྱུང་ས་རེད་མ་རེད་བསམ་བློ་གཏོང་རྒྱུ་ཤིན་ཏུ་ནས་གལ་ཆེན་རེད་ལ། བྱུང་ན་དུས་ཡུན་རྒྱས་བཅད་ཀྱིས་ཚོད་བགམ་བྱས་ནས་གྲུབ་རང་བཙན་ལག་ལེན་ཐོག་མཐོང་ངེས་ཀྱི་བསྒྲགས་གཏམ་སྤེལ་དགོས་པ་རེད།

    དེ་མིན་ཡིག་ཐོག་ནས། ང་འདྲེ་མགོ་རྡོས་ཁྱེད་ཚོ་ལས་ཀྱང་རང་བཙན་བསྒྲགས་གཏམ་ཚད་ལྡན་སྤེལ་ཐུབ་ཀྱི་འདུག

    Reply
  11. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    གངས་ཕྲུག་ལགས་ནི་རྡ་སའི་གཤིས་ཀ་ངོ་མ་དེ་ལྡན་འདུག་སྤྱི་ཚོགས་ཐོག་ཅུང་ཟད་འབུར་དུ་ཐོན་པའི་མི་སྣ་རེ་བྱུང་དུས་གོང་ས་མཆོག་ལ་བསྐུར་འདེབས་བྱ་མཁན་དང་རྒྱ་མི་ཉུལ་མ་རེད་ཟེར་བ་དེས་མི་མང་པོས་མདུན་ལམ་དང་ཚེ་སྲོག་འཕྲོག་ཚར་བ་རེད།
    གངས་ཕུག་ལགས་ནི་གུ་དོགས་ཀྱི་འཆིང་རྒྱ་ལས་མ་ཐར་པའི་གོ་ཁའི་ཨ་མ་རྒན་མོ་ཞིག་དང་ད་དུང་ཁྱོད་དང་རིགས་མཐུན་པ་དེ་ཚོས་རྡ་སའི་ཕྱི་ནང་གསང་གསུམ་ཤིག་ཤིག་ཏུ་གཡོས་ནས་ཡོད།

    Reply
  12. གངས་ཕྲུག says:
    ལོ་ 14 སྔོན།

    ཀླུ་མཁར་བྱམས་ཁོས་རང་བཙན་ལྟ་བ་གས་སྲུབ་མི་གཏོང་ཟེར་ནས་ཁོས་ག་རེ་འཇོན་གྱི་ཡོད། ཁོས་ཤེས་བ་ནི་༧གོས་ས་མཆོག་ལ་མཚན་སྨོལ་ཞུ་རྒྱ་ལས་གཞན་ལས་ཀ་གང་ཡང་མེད་པ་ཀུན་ཀྱིས་ཤེས་གསལ་རེད

    Reply
  13. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    བློ་བཟང་རྒྱལ་མཚན་ལགས།
    རང་ཉིད་དད་ལྟ་གྲུབ་མ་མཐུན་ན་ལྟ་ལོག་དང་ལྟས་ངན་རྒྱ་མི་ཉུལ་མ་རེད་ཟེར་བ་དེ་རྡ་སའི་ཆབ་སྲིད་པ་ཚོས་མི་མགོ་རྡུང་སའི་ཐོ་བ་ངོ་མ་དེ་རེད།
    ཐོ་བ་འདི་མགོ་ལ་ཞུས་ནས་དྲང་བདེན་དང་ལྷག་བསམ་ཅན་དུ་མ་ཞིག་རྒྱངས་ཕུད་བཏང་ཚར་བ་རེད།

    ཆབ་སྲིད་བརྩོན་པའི་གདོང་འབག་རྫུན་མ་གྱོན་ནས་ད་དུང་མི་གཞན་ལ་འབོད་བསྐུལ་དང་རེ་བ་ཞུ་མདོག་བྱ་བ་ནི་སྤྱང་ཀིས་ཤ་དམར་ཁམ་ཟོས་བྱེད་བཞིན་སྙིང་རྗེ་དང་གཞན་ཕན་བཤད་པ་དང་ཨ་ན་མ་ན་རེད།

    Reply
  14. བཀྲ་ཤིས་སྒྲོལ་མ། says:
    ལོ་ 14 སྔོན།

    བོད་ཀྱི་དགུ་བཅུ་གསུམ་ཚོགས་པའི་མ་འོངས་ལས་འཆར་ཧ་ཅང་ཡག་པོ་འདུག ལས་འཆར་འདི་ངེས་པར་ལག་ལེན་གྱི་སྟེང་ནས་སྒྲུབ་རྒྱུར་རེ་བསྐུལ་ཤུགས་ཆེན་ཞུ་གི་ཡོད། དེ་དང་མཉམ་དུ་ཡིད་ཀྱང་བྱེད་ཀྱི་ཡོད།

    Reply
  15. བློ་བཟང་རྒྱལ་མཚན། says:
    ལོ་ 14 སྔོན།

    ཨོ་་་་བོད་གཞུང་ཟློས་གར་ཚོགས་པ་མ་ལབ་མ་གཏོགས་་་་་་་་མིང་འདི་སྒྱུར་ཚར་ཡོད་པ་འདྲ
    བོད་གཞུང་ལ་ཁ་བཏང་མཁན་ཚང་མ་ལ་རྒྱ་མིའི་ཉུལ་མ་རེད་ལབ་ཀྱང་བྱེད་ཀྱི་རེད་
    དེ་ལས་་བོད་མིའི་ཟློས་གར་ཚོགས་པ་ལབ་གང་འདྲ་འདུག
    ཧཧཧཧ།

    Reply
  16. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ཀླུ་མཁར་བྱམས་དེ་དོན་དམ་པའི་རྒྱལ་ཞེན་པ་ཞིག་དང་དོན་དམ་པའི་ཆབ་སྲིད་ཤེས་མཁན་ཀོ་ལྐོག་རྒྱབ་མདུན་མེད་མཁན་གྱི་ཁ་རུ་ཁ་གཏུགས་ཞིག་རེད།

    Reply
  17. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ལུས་སྲོག་ལོངས་སྤྱོད་བློས་བཏང་བྱས་པའི་རྒྱལ་གཅེས་དཔའ་བོ་དཔའ་བོ་དཔའ་མོ་ཚོས་བོད་མི་་རིགས་ཀྱི་ཆེད་དུ་ཡོད་ཚད་བློས་བཏང་བྱ་མཁན་ཚོ་ལ་སྙིང་ནས་ཡིད་རངས་ཞུ།
    ཆབ་སྲིད་བཙོན་ཟུར་གྱི་གདོང་འབག་རྫུན་མ་གྱོན་པའི་མི་ངན་ངོ་ཚ་མེད་པ་འདི་ཚོ་ལ་ལྟ་དང་ཧམ་བཤད་བྱེད་ཀྱི་འདུག
    ཁོང་ཚོ་ཨོ་སི་ཏྲོ་ལའི་ཡ་ཐར་ན་དམིགས་ཡུལ་དེ་ག་མ་གཏོགས་གང་ཡང་མེད་དེ་དུས་ཁོང་ཚོའི་ཆབ་སྲིད་བཙོན་པའི་མིང་གི་གོ་ཆོད་ཆོད་སོང་བ་རེད།

    Reply
  18. གངས་ཅན། says:
    ལོ་ 14 སྔོན།

    དགུ་བཅུ་གསུམ་ཚོགས་པའི་འབྱུང་འགྱུར་གྱི་ལས་འཆར་དེ་ཡག་པོ་འདུག་ལ། བོད་པ་གང་ན་སུ་བཞུགས་ཀྱིས་ཕྱར་གྲུ་མཉམ་འདེགས་ཀྱི་འཛམ་གླིང་ལ་གསལ་སྟོན་དང། ས་གནས་དཔོན་ངན་རིང་ལུགས་ཀྱི་བྱུས་ངན་ཐེར་འདོན། ལྷག་པར་དུ་རྒྱ་མི་རྒྱུགས་ཁྱི་བྱེད་པ་དག་ཐེར་འདོན་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ། སོ་སོའི་ས་གནས་ཀྱི་མི་ངན་གྱི་གོ་ས་དང་དངུལ་དངོས་ཆེད་རང་ཉིད་ཀྱི་གྲོགས་པོ་དང་རང་གི་མི་རིགས་བཙོང་གི་ཡོད་པའི་བྱ་སྤྱོད་ཐེར་འདོན་བྱེད་རོགས།

    Reply
  19. གནས་ཚང་། says:
    ལོ་ 14 སྔོན།

    དགུ་བཅུ་གསུམ་ཚོགས་པས་བཀའ་ཟུར་ཟམ་གདོང་བླ་མ་གདན་འདྲེན་ཞུ་སྟངས་འདི་ཧ་ཅང་གི་ཡག་གི ཚོགས་གཞོན་ཀླུ་མཁར་བྱམས་ལགས་གཞན་དང་མ་འདྲ་བའི་ཁྱད་ཆོས་གཅིག་འདི་ནའང་འདུག བོད་པའི་སྲིད་དོན་པ་ཞིག་ཡིན་ན། སྐྱོན་བརྗོད་ཐུབ་པ་དང་དེའང་སྤྱི་དོན་གྱི་ཆེད་ལས་སྒེར་དོན་མིན་པ་གསལ་སྟོན་གནང་བཞིན་ཡོད་པས། སྲིད་དོན་པ་ཚང་མས་དགུ་བཅུ་གསུམ་ལས་འགུལ་ཚོགས་པར་ཁ་མིག་ཡར་ལྟ་བྱེད་རོགས།

    Reply
  20. བསེ་རུ། says:
    ལོ་ 14 སྔོན།

    བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་། ཁ་ཆེ་དབང་ཐང་ཡོད་ཚད་བློས་བཏང་དང་གཏོང་བཞིན་པའི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ལ་རྗེས་དྲན་བྱེད་དགོས་པ་ནི། ལས་འབྲས་གཙུག་ཏུ་བཀུར་མཁན་གྱི་མི་རིགས་ཤིག་གི་འོས་འགན་རེད་ལ། ཡ་རབས་ཀྱི་སྤྱོད་ཚུལ་ཞིག་ཀྱང་རེད། བོད་མི་རིགས་ཀྱི་གནད་དོན་འདི་ནམ་ཞིག་ཞི་འགྲིག་མ་བྱུང་བར་དུ་རང་རིགས་ཀྱི་སྐྱེས་བུ་སྙིང་སྟོབས་ཅན་དང་ལྷག་བསམ་ཅན་མི་ཉུང་བ་ཞིག་རྒྱ་དམར་གྱི་གདུག་རྩུབ་མནར་གཅོད་དང་། མེ་མདའི་སོ་ཁ། བཙོན་ཁང་གི་སྡུག་སྦྱོང་མྱོང་དགོས་པ། ཐ་ན་ལུས་སྲོག་ཀྱང་ཤོར་དགོས་པ་སོགས་དཀའ་སྡུག་གི་ལམ་འཕྲང་ད་དུང་འགྲིམས་དང་འགྲིམ་མུས་ཡིན་པས། ངེད་རྣམས་ཀྱིས་རང་རང་གི་ཉིན་རེའི་བྱ་གཞག་ནང་ཁོང་རྣམ་པ་ལྟ་བུའི་བྱས་རྗེས་འཇོག་མི་ཐུབ་རུང་། བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ལ་གནོད་པའི་བྱ་བ་ཏིལ་འབྲུ་ཙམ་ཡང་མ་བསྒྲུབས་པར་རང་ཁ་རང་གསོ་དང་། རང་འགན་རང་ཁུར་ཐོག་གནས་དགོས་པ་ལས། ར་སྤུས་བཟོས་པའི་འུར་རྡོ་ར་ཡི་མཇིང་པར་ཕོག་ཏུ་འཇུག་པའམ། ཡང་ན་རང་ལུས་ལས་མཆེད་པའི་སྲིན་བུས་རང་ལུས་ལ་རྨ་ཁ་བཟོ་བའི་དཔེ་ཟླར་ནམ་ཡང་མ་འགྱུར་བ་ཞིག་ཅི་གནས་ཀྱང་གནང་གལ་ཆེ་ཞེས་གཞེན་སྐུལ་ཙམ་དུ་ཐལ་ལོ། །
    ཆབ་སྲིད་བཙོན་ཟུར་གྱི་གྲལ་མཐར་གཏོགས་པ་བསེ་རུས་ལག་གཉིས་ཐལ་མོ་སྦྱར་ཏེ། ལྷག་བསམ་དག་པས་སྦྱར་བའོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese