ཟླ་འདིའི་ཚེས་ ༡ ཉིན་སི་ཁྲོན་ཞིང་ཆེན་གསེར་རྟ་རྫོང་ཐོག་ཏུ་བོད་མི་བརྒྱ་སྐོར་ཞིག་གིས་བོད་རང་བཙན་ཡིན། ༧གོང་ས་མཆོག་བོད་ལ་གདན་ཞུ་དགོས་ཞེས་པའི་ངོ་རྒོལ་སྐད་འབོད་གནང་ཡོད་འདུག
ཕྱི་ཟླ་ ༡༠ པའི་ཚེས་ ༡ ཉིན་ཏེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཉིན་མོ་དང་བསྟུན་ཏེ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་ཐོག་ཏུ་བོད་དོན་སྐོར་གྱི་ཡིག་ཆ་གང་མང་ཞིག་འགྲེམས་གཏོར་བྱས་ཡོད་པ་དང་། ཉིན་གུང་ཆུ་ཚོད་ ༡༢ ཙམ་ལ་ས་གནས་བོད་མི་ཞིག་གིས་རྫོང་གི་ཁྲོམ་གཞུང་དུ་ཡིག་ཆ་འགྲེམས་གཏོར་བྱེད་བཞིན། བོད་ལ་རང་དབང་དགོས་པ་དང་། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་ཞུ་དགོས་པའི་ཞེས་པའི་སྐད་འབོད་གནང་ཡོད་འདུག ཁོང་གིས་སྐད་འབོད་གནང་སྐབས་ས་གནས་བོད་མི་ ༢༠༠ ལྷག་གིས་ལས་འགུལ་དེར་མཉམ་ཞུགས་བྱས་འདུག བོད་མི་དེ་ཚོས་ངོ་རྒོལ་བྱས་ཏེ་ཡུན་རིང་མ་ཕྱིན་པར་རྒྱ་ནག་ཉེན་རྟོག་པ་མང་པོ་ཞིག་འབྱོར་ཡོད་ཀྱང་། སྐབས་དེར་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་མེད་ཀྱང་། དེའི་རྗེས་གསེར་རྟ་རྫོང་ཐོག་ཏུ་ཉེན་རྟོག་པས་དམ་དྲག་བྱེད་མགོ་ཚུགས་ཡོད་འདུག
གོང་གསལ་གནས་ཚུལ་སྐོར་བོད་རིགས་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་དྲ་བའི་སྟེང་བཀོད་པའི་ནང་། ཟླ་འདིའི་ཕྱི་ཚེས་ ༡ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢ ཕྱེད་ཀ་ཙམ་ལ་གསེར་རྟ་རྫོང་གི་ཐང་ཆེན་གཡས་ཕྱོགས་ཀྱི་ཁང་བརྩེགས་བཞི་ཐོག་ནས་ན་གཞོན་ཞིག་གིས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་ཆེན་མོ་དང་བོད་ཀྱི་རྒྱལ་དར་ལྷན་དུ་འཕྱར་ཅིང་བསྒྲགས་ཡིག་མང་པོ་གཏོར་སོང་། སྐབས་དེར་ཁང་བརྩེགས་འོག་གི་ཚོང་ཁང་དག་གི་སྒོ་འགྲམ་དང་བཞི་མདོ་དེར་འཚང་ཁ་རྒྱག་བཞིན་པའི་མི་ཚོགས་ཀྱི་མགོར་བསྒྲགས་ཡིག་ཁ་བ་བཞིན་བབས་སོང་།
བསྒྲགས་ཡིག་གི་ནང་དུ། “ བོད་རིགས་སྤུན་ཟླ་རྒྱ་ནག་པོས་གཡོ་སྒྱུའི་འོག་ཏུ་གཉིད་མ་འདུག རང་ཉིད་ཀྱི་མི་རིགས་དང་ཆོས་ལུགས། སྐད་ཡིག་དང་འདུ་ཤེས་རྩོད་ཀྱིན་ལོངས་ཤོག ང་ཚོར་འགྲོ་བ་མིའི་རིགས་ལ་ཡོད་པའི་རང་དབང་གང་ཡང་མེད་པས། ཐམས་ཅད་ཀྱིས་བདེན་པའི་ལམ་ནས་རང་དབང་རྩོད་རོགས། ང་ཚོར་དད་མོས་ཀྱི་རང་དབང་དགོས། སྨྲ་བརྗོད་ཀྱི་རང་དབང་དགོས། སྐད་ཡིག་བེད་སྤྱོད་ཀྱི་རང་དབང་དགོས། འགྲོ་འདུག་གི་རང་དབང་དགོས། རྩོམ་འབྲི་ཁྱབ་སྤེལ་གྱི་རང་དབང་སོགས་གཞན་ལ་ཡོད་པའི་རང་དབང་དེ་དག་ང་ཚོ་བོད་ལ་ངེས་པར་དུ་དགོས། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་ཤོག བོད་རྒྱལ་ལོ། བོད་རྒྱལ་ལོ ” ཞེས་བཀོད་འདུག
བསྒྲགས་ཡིག་ལ་ཆེ་ཆུང་རིགས་གཉིས་འདུག་ལ། བསྒྲགས་ཡིག་གི་གཤམ་གྱི་ཟླ་ཚེས་མ་གཏོགས་ནང་དོན་གཅིག་པ་རེད། བསྒྲགས་ཡིག་ཆེ་བ་དེའི་མཇུག་ཏུ་ ༢༠༡༡ ལོའི་ ༨ པའི་ཚེས་ ༢༥ ལ་ཞེས་བཀོད་འདུག ཆུང་བའི་མཇུག་ཏུ་ ༢༠༡༡ ལོའི་ཟླ་༩ བའི་ཚེས་ ༢༦ ཞེས་བཀོད་འདུག ཉིན་དེ་ནི་རྔ་པ་ཀིརྟིན་དགོན་པའི་དགེ་འདུན་པ་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་ཉིན་མོ་རེད། བསྒྲགས་ཡིག་དེའི་རྒྱབ་ངོས་སུ་ཐམ་ཀ་དམར་པོ་བརྒྱབ་ཏེ་༼ རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལོར་བརྟན་པར་ཤོག༽ཅེས་བསྐོར་ནས་འཁོད་འདུག་ལ། དེའི་དཀྱིལ་དུ་སྙིང་དབྱིབས་ཀྱི་རི་མོ་ཞིག་གི་དབུས་སུ་༼ བོད ༽ ཅེས་བྲིས་འདུག དེ་དག་ལ་ཞིབ་ཏུ་བསམ་ན། དེ་ནི་བོད་ནང་གི་གསང་བའི་ཚོགས་པ་ཞིག་གི་ལས་འགུལ་གྱི་ཟུར་སྣེ་རེད། ཅེས་བཀོད་འདུག
གནས་ཚུལ་དེའི་ཐད་བོད་མི་མང་སྤྱི་འཐུས་དང་བོད་ཀྱི་བང་ཆེན་རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས་ལགས་སུ་བཀའ་འདྲི་ཞུས་པར། “ གནས་ཚུལ་དེ་འདྲ་ཞིག་བྱུང་བ་དངོས་ཡོད་རེད། ཉེ་ལམ་རྔ་པ་ཁུལ་དང་རྟའུ་ཁུལ་དུ་ངོ་རྒོལ་ལས་འགུལ་རབ་དང་རིམ་པར་བྱུང་ཡོད་པ་རེད། རྔ་པ་དང་རྟའུ་གཉིས་ནི་གསེར་རྟ་རྫོང་དང་ས་འབྲེལ་ཆགས་ཡོད་སྟབས། ཐེངས་འདིའི་ལས་འགུལ་ལ་ཏན་ཏན་ཁོང་ཚོས་ཤུགས་རྐྱེན་ཐེབས་ཡོད་པ་རེད ” ཅེས་བརྗོད་སོང་།
གསར་འགོད་པ། དཔལ་ལྡན།
ཐུགས་རྗེ་ཆེ།
ཁྱེད་ཚོའི་གཞི་ལས་བོད་མི་རྣམས་ཀྱི་ལྷག་བསམ་རྣམས་དག་གི་རང་མི་རིགས་ཀྱི་ཆེད་འདེ་ལྟར་གཅེས་པའི་སྲོག་ལ་མ་འཛེམ་པར་ལས་འགུལ་སྤེལ་བ་དག་རང་ཉིད་ཀྱི་ཁ་བོར་ཆེད་བེད་སྤྱོད་མ་བྱེད་རོགས། ཁྱེད་ཚོ་རང་ཉིད་ལ་འདེ་ལྟར་སྙིང་སྟོབ་དང་ནུས་པ་མེད་ཀྱང་ཤི་གསོན་གཉིས་ཀྱི་དཀོར་ཟས་རི་རབ་ཙམ་གསོལ་ནས་འགོ་ཐུམ་ནས་ཉོལ་ཅིག།
ཕྱི་ལོ་ 1995 ལོར་ཁམས་གསེར་རྟ་གནུབས་ཟུར་དགོན་པའི་སྤྲུལ་སྐུ་གའུ་སྐྱེས་ཀྱིས་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་མགོ་བརྩམས་ཏེ། ད་ལྟའི་བར་དུ་ལས་འགུལ་གང་མང་སྤེལ་ཡོད། ༢༠༠༨ ལོར་ཡང་གནུབས་ཟུར་དགོན་པའི་སྤྲུལ་སྐུ་དང་གྲ་བཙུན་མང་པོས་ལས་འགུལ་མུ་མཐུད་དེ་སྤེལ་ཡོད། ད་ལོ་ཁམས་གསེར་རྟའི་ས་ཁུལ་ཛ་དྲག་ཆེ་ཤོས་དེ་གནུབ་ཟུར་དགོན་པ་ཆགས་ཡོད་པ་རེད། དགོན་པ་འདི་ཉིད་ནི་ག་དུས་ཡིན་ན་ཡང་རྒྱ་ནག་སྲིད་གཞུང་གིས་ཆེས་སྙིང་ནག་བྱེད་ས་ཞིག་ཡིན་པས་མ་ཚད། ད་ལྟ་བར་དུ་ཁམས་གསེར་རྟའི་ལུང་པའི་ནང་དུ་བོད་དོན་ལས་འགུལ་གྱི་སྣེ་ཁྲིད་ཨང་དང་པོ་དེ་ཆགས་ཡོད།
དྲ་གྲོགས་ཐུབ་བསྟན་ལགས། ཐུབ་བསྟན་འདིས་ན་ནིང་ཞིག་ནས་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལ་ཁ་གཏོང་གི་འདུག སུ་ཡིན་བསམ་སོང་ད་བལྟས་དུས་༼ཨ་མདོ་མགོ་ལོག་གསེར་རྟ་༽ཟེར་མཁན་དེ་རེད་བཞག གང་ལྟར་ཡང་གནས་སྐབས་རྒྱ་ནག་ལ་ཁ་གཏད་བྱེད་དགོས་པས་དུས་ཚོད་མི་འདུག་ལགས། ཐུགས་བདེ་མོ་བཞུགས།
བཀྲ་ཤིས་ལགས། ཨ་མདོ་མགོ་ལོག་གསེར་རྟ་ལ་ཁམས་གསེར་རྟ་ཞེས་ལོ་རྒྱུས་རྫུན་བཟོ་མ་བྱས་ན་ཡག་གི་རེད།
ལོ་རྒྱུས་རྫུན་བཟོ་མ་བྱས་ཀྱང་མདོ་སྟོད་པ་ཚོས་སྙིང་རྗེའི་སྒོ་ནས་ཁམས་རྫུན་གསེར་རྟ་ཡང་སྤྱི་འཐུས་ལ་འོས་ཤོག་བླུག་ཡོད། དེ་བཞིན་མོན་གྷོ་གཞིས་གྲོང་ལྔ་པར་གནས་བཅས་པའི་ཕ་ཡུལ་མགོ་ལོག་གསེར་རྟ་ནས་ཡིན་པ། བང་ཆེན་གསར་ཤོག་གི་གསར་འགོད་པ་ཁམས་རྫུན་བཀྲ་ཤིས་ཁྱེད་རང་ལ་ཡང་མདོ་སྟོད་མང་ཚོགས་ཀྱིས་སྙིང་རྗེ་བལྟས་ཏེ། ས་གནས་མདོ་སྟོད་རྒྱུན་ལས་ལ་འོས་ཤོག་བླུགས་ཡོད།
ཁྱེད་ཚོས་བོད་ཀྱི་ལོ་རྒྱུས་རྫུན་བཟོ་མ་བྱེད། དེས་ང་ཚོ་ལ་གནོད་པ་ལས་ཕན་པ་ཡོད་མ་རེད། དེ་ལས་བསམ་པ་རྣམ་དག་གིས་ལས་ཀ་ཡག་པོ་བྱོས་དང་། ང་ཚོས་མ་འོངས་པར་ཡང་རང་ཚོར་སྙིང་རྗེ་ལྟ་ངེས་རེད།
བརྒྱུད་ལམ་ཁག་ཏུ་གནས་ཚུལ་གསལ་བ་ལྟར་ན། ཁམས་གསེར་རྟའི་གནུབས་ཟུར་དགོན་པ་ལ་རྒྱ་ནག་སྲིད་གཞུང་གིས་དམ་བསྒྲགས་ཧ་ཅང་ཆེན་པོ་རེད་འདུག
དགོན་པ་འདི་ནི་ནམ་རྒྱུན་རྒྱ་ནག་སྲིད་གཞུང་གིས་དོགས་པ་ཆེ་ན་པོ་བྱེད་ཀྱི་ཡོད་འདུག
ཁམས་གསེར་རྟའི་རྫོང་གཅིག་གི་ནང་ནས་བོད་དོན་ལས་འགུལ་རབ་དང་རིམ་པ་སྤེལ་མཁན་དེ་ཡང་གནུབས་ཟུར་དགོན་ཡིན་པ་རེད།
སྔོན་མ་་་བཞི་བཅུའི་དུས་དྲན་སྐབས་སུ་གནུབས་ཟུར་དགོན་པའི་སྤྲུལ་སྐུ་གའུ་སྐྱེས་ཀྱིས་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་མགོ་བརྩམས་པ་ནས་བཟུང་། ཁམས་གསེར་རྟ་ས་ཆས་བོད་དོན་ཆེད་ངོ་རྒོལ་ལས་འགུལ་རྩོམ་རྒྱུའི་སྲོལ་དོད་ཡོད་པ་རེད།
མང་ཐོས་ཀྱིས་གསུངས་པ་བདེན་པ་རེད། གསེར་རྟ་ཞེས་བྲིས་པ་དེས་འགྲིག་པ་རེད། ཨ་མདོ་མགོ་ལོག་གསེར་རྟ་མདོ་སྨད་མ་རེད། ཟེར་མཁན་དེ་ཚོ་ལོ་ཤས་གོང་ལ་རང་གི་ལྟོ་རྒྱབ་ཆེད་དེ་ལྟར་ཤོད་མཁན་བྱུང་བ་རེད། དེའི་རིགས་བོད་ཀྱི་ལོ་རྒྱུས་རྫུན་བཟོ་བྱེད་མཁན་རེད་པས་ངོ་རྒོལ་དགོས།
གྱད་ལྷ་དགའ་ལགས། རྩོམ་སྒྲིག་པས་ཁམས་གསེར་རྟ་ཞེས་མ་བཀོད་པར་གསེར་རྟ་ཞེས་བཀོད་པ་ནི་ཧ་ཅང་འགྲིག་གི གསེར་རྟ་ཞེས་པའི་ཡུལ་མིང་འདིའི་ཐོག་ལ་ཁམས་ཞེས་སྦྱར་ནས་ལོ་བཅྭོ་ལྔ་ལས་ལྷག་ཅིག་ལོན་མེད། དེ་ཡང་བཙན་བྱོལ་ནང་ནས་མི་ཁག་ཅིག་གིས་ཐོག་མར་སྦྱར་ནས་ཁྱབ་སྤེལ་བྱས་པ་ཞིག་རེད།
ཁམས་གསེར་རྟ་ཞེས་པའི་མིང་གསར་འདིའི་བྱུང་རིམ་ནི་ཧ་ཅང་ཉོག་འཛིང་ཅན་ཞིག་ཡིན་པས་མ་བཀོད་པ་ཡིན་རྒྱུ་རེད། བོད་ལ་དུང་ཞེན་ཆེ་བའི་ཞེས་ཀྱང་སྦྱར་དགོས་དོན་མི་འདུག་
ན་གཞོན་དེའི་ལས་འགུལ་སྤེལ་སྟངས་འདིས་བོད་ལ་དུང་ཞེན་ཡོད་པ་གསལ་བོ་གསལ་རྐྱང་རེད། ནང་དོན་ཚང་ན་འགྲིག་ཚར་བ་རེད།
རྩོམ་སྒྲིག་པ་ལགས། མ་རྩོམ་ནང་ཁམས་གསེར་རྟ་ཞེས་བཀོད་ཡོད་ཀྱང་འདིར(ཁམས)གཅོད་དགོས་དོན་གང་ལ་ཐུགས་སོང་། ད་དུང་མ་རྩོམ་ནང་དུ་བོད་ལ་དུང་ཞེན་ཆེ་བའི་ན་གཞོན་ཞིག་ནས་བརྗོད་ཡོད་ཀྱང་འདིར་ན་གཞོན་ཞིག་གི་ཞེས་བརྗོད་དགོས་དོན་གང་ལ་ཐུགས་སོང་། འདི་ཚོ་བསམ་བཞིན་གནང་བ་ཞིག་ལས་གཞན་ཅི། མ་གཞི་ངའི་བསམ་འཆར་ཁྱེད་ཚོས་མཐའ་གཅིག་ཏུ་བཀག་རྐྱང་གནང་བས་ད་རེས་འདི་མ་བཀོད་ན་ཡང་ཁྱེད་ཚོ་ཤེས་གང་ལྟར་ཉིན་ཞིག་ང་ཚོ་ཕན་ཚུན་ངོ་ཐུག་གི་རེད།
དངོས་ནས་ཡག་པོ་འདུག
ད་ང་ཚོའི་གང་བྱེད།
བསྡད་བསྡད་ན་མ་རེད་དམ།
༑གཞིས་སྡོད་བོད་ཤར་ཁུལ་མི་མང་གི་སྙིང་སྟོབས་ལ་རྗེས་སུ་ཡིད་རང་དང་གུས་དུད་བཅས་ཇི་སྲིད་གོ་ལ་གནས་ཀྱི་བར་དེ་སྲིད་བོད་མི་རིགས་རྒྱས་ཤིང་གནས་གྱུར་ཅིག་
གངས་ཅན་སྐྱིད་གཤོང་ནས་གསལ་བསྒྲགས་རེ་བྱས་ནས་ཡིད་ཚིམ་བཞིན་འདུག། ཀྱེ་མ་ལ།།།།།།
ཕྱིན་ཆད་བོད་མིའི་ངོ་རྒོལ་སྐབས་བརྗོད་བྱ་འདི་ལྟ་བུའི་ཐོགས་སྐད་འབོད་བྱས་ན་ཡག་པོ་འདུག། འདི་རྣམས་ནི་ངེས་དོན་ཀྱི་དཔའ་བོ་དང་། ཤེས་རབ་ཅན་ཏུ་ངེས་པས་སྙིང་ནས་གུས་འདུད་ཞུ་འོས་།། བོད་ནས་ཉིན་བཞིན་རང་ལུས་མེ་བསྲེགས་དང་ངོ་རྒོལ་འདྲ་མིན་གནང་ཡང་བཙན་བྱོལ་བཀའ་ཁྲི་གཙོས་འགོ་དམངས་རྣམས་ནི་འདོད་ལ་མ་འདོད་པའི་མར་མེ་ཁྲོམ་བསྐོར་རེ་དང་། གངས་ཅན་
རྒྱལ་གཅེས་པ་ཟེར་ན་ངོ་མ་དེ་འདྲ་ཞིག་ཡིན་རྒྱུ་རེད། ཁོང་ཚོའི་ལས་འགུལ་དང་རྣམ་དཔྱོད་ལ་ཧ་ལས་སོང་། རྗེས་སུ་ཡི་རངས་ཞུ། བོད་རྒྱལ་ལོ།
སྙིང་སྟོབས་ལ་ཡིད་རང་ཡོད། ཚེ་སྲོག་ལ་བར་ཆད་མེད་པར་སྨོན།
གཞིས་ལུས་བོད་མིའི་སྙིང་སྟོབས་དང་སྤོབས་པ་ནི་འདྲན་ཟླ་བྲལ་བའི་གངས་སེང་གི་སྤུན་ཟླ་ཡིན།
ཡིན་ཡང་ཡིད་སྐྱོ་ནི་ང་ཚོ་རང་དབང་ཡིན་ན་འང་གང་ཡང་འགྱོན་གྱི་མི་འདུག
བོད་མི་ཚོ་ཤུགས་རྒྱོབ་ལོ།
ང་ཚོ་ལས་བོད་ནང་དུ་ཡོན་ཏན་དང་སེམས་ཤུགས་གཙང་མ་ཡིན་པས་ཕྱོགས་གང་ཐད་ནས་ཐབས་ལམ་ཡོངས་ངེས་རེད་བསམ། ང་ཚོ་ལ་དགོས་པ་དེ་ཆིག་སྒྲིལ་ངང་མཐུན་འབྲེལ་དམ་གཙང་ངང་གཞོན་སྐྱེས་ཚོས་ཡོན་ཏན་རེ་སློབ་རྒྱུ་གལ་ཆེན་རེད། ལམ་ཁ་གཅིག་གི་ཐོག་མདུན་སྐྱོད་བྱེད་དགོས། གཞུང་ལ་གུས་བཀུར་དང་དམིངས་ནང་མཐུན་འབྲེལ་དགོས། གསལ་བསྒྲགས་གཙང་མ་སྤེལ་རྒྱུ་གལ།རྫུན་མ་མ་བཟོ་རོགས་ཞུ་རྒྱུ་ཡིན། ངས་དེ་ཞུ་དགོས་པ་དེ་བོད་ནང་གི་སེམས་ཤུགས་ཅན་དག་གི་སྤེལ་བའི་དོན་དངོས་དེ་དག་རྫུན་ཏུ་མི་འགྲོ་བའི་ཆེད་ཡིན།
ཛ་དྲག་གི་གནས་སྟངས་འདི་གཞི་ལ་བཞག་སྟེ་ངྷ་རམ་ས་ལའི་གཞུང་གིས་པེ་ཅིང་གཞུང་ལ་འཕྲིན་ཅིག་གཏོང་དགོས་ཀྱི་འདུག བོད་ནང་གི་ཛ་དྲག་གི་གནས་ཚུལ་དེ་དག་བཟོད་ཀྱི་མི་འདུག་ལ། འདི་མུར་བཞག་ན་དོན་རྐྱེན་ཅི་ཆགས་ཆ་མ་འཚལ་བས་འགན་འཁུར་ཡོངས་རྫོགས་རྒྱ་ནག་གཞུང་ལ་ཡོད། དེ་བཞིན། བཙན་བྱོལ་ནང་གི་བོད་མི་ཚོར་སྟངས་འཛིན་དང་མགོ་འགེབ་བྱེད་རྒྱུར་ཡང་ད་ཆར་ཁ་ཚོན་གཅོད་མི་ཐུབ་པའི་གནས་སུ་གྱུར་ཡོད་སྟབས། ཛ་དྲག་གཉན་འཕྲང་གི་གནས་བབ་འདིར་ཕྱོགས་གཉིས་ངོས་ནས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གྲོས་མོལ་ཞིག་གནང་རྒྱུར་རེ་སྐུལ་ཞུ་དགོས་ཀྱི་འདུག
འཆར་གཞི་ལྡན་པའི་ལས་འགན་འདི་མུ་མཐུད་དུ་མཇུག་སྐྱོངས་ཐུབ་ན་ཅི་མ་རུང་མཉམ་ལུས་པོ་ཕྱི་རྒྱལ་ལ་ཡོད་ཀྱང་སེམས་པ་བོད་ནང་ལ་བོད་མི་ཚོ་དང་མཉམ་དུ་ཡོད། སེམས་ཤུགས་མ་ཆགས། བདེན་པ་ཉིད་རྒྱལ་གྱུར་ཅིག
བཀའ་ཁྲི་གསར་པ་ལ་འཇོན་ཐང་ཡོད་ན་རྔ་བ་དང་གསར་རྟའུ་སོགས་ཀྱི་གནས་ཚུ་དྲོད་རླངས་མ་ཡལ་བ་འདི་ཚོ་རྒྱལ་སྤྱི་ཐོག་ལ་ཛ་དྲག་གིས་བསྐྱལ་གང་ཐུབ་བྱ་བའི་དུས་ལ་བབ་ཡོད།
གཞིས་ལུས་མང་ཚོགས་ལ་བསྔགས་བརྗོད་དང་རྒྱབ་སྐྱོར་ཡོད། ཧ་ལས་དགོས་པ་ཞིག་རེད།
འོག་གི་བཀྲ་ཤིས་ཟེར་བ་འདིས་ཀྱང་བཤད་སྟངས་ལ་བལྟས་ན་ཆོལ་ཞེན་ཡོད་མདོག་གི་རྣམ་འགྱུར་རྫུན་མ་ཞིག་མ་བསྟན་ན་རང་ཁ་མི་སོས་མཁན་གྱི་རིགས་ཡིན་ཐག་ཆོད་རེད། དྲ་གྲོགས་ཚོས་མི་ངན་འདིའི་རིགས་ཀྱི་བཤད་སྟངས་ལ་ལྟ་དགོས།
བོད་ནང་གི་དཔའ་བོའི་མཛད་རྗེས་ལ་བསྔགས་བརྗོད་ཀྱི་མེ་ཏོག་ལན་མང་གཏོར་བཞིན་ཡོད། ཁྱེད་རྣམས་ཀྱི་སྙིང་སྟོབས་ཀྱི་ཆིངས་ཐག་ནི་སུས་ཀྱང་གཏོར་མི་ཐུབ། འདི་ནི་ང་ཚོ་བྱེས་སུ་གནས་པ་རྣམས་ལ་མཚོན་ན་སེམས་ཤུགས་ཀྱི་མེ་ལྕེ་སྤོར་བྱེད་ཀྱི་གཞི་རུ་གྱུར། ཁྱེད་རྣམས་ཀྱི་བརྗོད་ཚིག་བཞིན་ཏུ་གྱུར་ཐུབ་པའི་རེ་སྨོན་ཡོད། བོད་རྒྱལ་ལོ། །
རྩ་འཛུགས་དང་འཆར་གཞི་ཡོད་པའི་སྒོ་ནས་འདི་ལྟར་ཞི་བའི་ངོ་རྒོལ་གྱི་རླབས་ཕྲེང་མི་འཇགས་པ་ལ་བོད་ས་ཡོངས་ནས་སྙིང་སྟོབས་སྐྱེད་པར་རིགས། “བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག”
རྩ་འཛུགས་དང་འཆར་གཞི་ཡོད་པའི་སྒོ་ནས་འདི་ལྟར་ཞི་བའི་ངོ་རྒོལ་གྱི་རླབས་ཕྲེང་མི་འཇགས་པ་ལ་བོད་ས་ཡོངས་ནས་སྙིང་སྟོབས་སྐྱེད་པར་རིགས། “བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག”
མདོ་ཁམས་ཡུལ་གིྱ་དཔའ་རྒོད་རྣམས་ཀྱི་སྙིང་སྟོབས་དང་ཆོད་སེམས་ལ་བསྔགས་བརྗོད་ཡོད་
”ད་ལྟ་རང་གནས་ཚུལ་ཐོན་པར་གཞིགས་ན་སི་ཁྲོན་རྔ་བ་ཁུལ་དུ་བོད་མི་ཞིག་གིས་རང་ལུས་མེར་སྒྲོན་འདུག་ཟེར་”དེ་ཙམ་ལས་ད་དུང་ཁ་གསལ་མི་འདུག་གནས་ཚུལ་ཡོང་ཁུངས་ངོ་དེབ་དྲྭ་བ་ཡིན་
ཁམས་པའི་དཔལ་རྒོད་ཚོ། བྱས་རྗེས་བཞག་འདུག ལས་འགུལ་མུ་མཐུད་དེ་སྤེལ་དགོས། ང་ཚོ་ལ་རང་བཙན་གཙང་མ་མྱུར་དུ་ཐོབ་ཀྱི་ཉག་གཅིག་ཡིན།
ངོ་མ་རྒྱལ་གཅེས་དཔའ་བོ་དཔའ་མོའི་སྙིང་སྟོབས་ལ་ཡིད་སྨོན་ཤོར་སོང་། ད་གང་དྲག་ ཅི་དྲག ང་ཚོ་བཙན་བྱོལ་བ་ཚོས་ཅི་ཞིག་བྱེད་དགོས་སམ། ང་ཚོས་ལྟད་མོ་བལྟས་ནས་སྡོད་ཐབས་ཨེ་ཡོད། གཞིས་བྱེས་བོད་རིགས་སྤུན་ཟླ་ཚོས་ལུས་སེམས་སྡུག་བསྔལ་དེ་རྒྱལ་པོ་སྲོང་བཙན་སྒམ་པོའི་རྣམ་ཤེས་ཀྱིས་གཟིགས་སམ། དྲག་པོ་དྲག་པོ་བྱས་ན་ཁ་ཐུག ཞི་བ་ཞི་བ་བྱས་ན་སྣ་ཐུག ད་ང་ཚོས་ཅི་ཞིག་བྱས་པའི་ལས་ཡིན་ནམ། ཡང་སྙིང་ལས་དབང་ལ་སྙིང་རྗེ་ཡོད་དམ། དྲང་བདེན་ལ་ནུས་པ་ཡོད་དམ།
མགོན་སྐྱབས་དང་དཔུང་གཉེན་ཞེས་པ་ཨེ་ཡོད།