མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་རྒྱུས་དཔེ་དེབ་དབུ་འབྱེད།

བོད་ཀྱི་དུས་བབ།
༢༠༡༡/༡༠/༡༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་དུ་སྣར་སྐྱིད་ངག་དབང་དོན་གྲུབ་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་རྒྱལ་དབང་སྐུ་འཕྲེང་བཅུ་གསུམ་པའི་སྲི་བྱ་བ་སྐོར་ཞིག་གི་ལོ་རྒྱུས་དེབ་ཆུང་ཞིག་དབུ་འབྱེད་གནང་སོང་།  

དེ་རིང་ཕྱི་ཟླ་ ༡༠ ཚེས་ ༡༧ ཉིན་ཏེ་༧གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་ནས་གསེར་གྱི་གཟེངས་རྟགས་ཕུལ་ཏེ་ལོ་ ༤ འཁོར་པའི་དུས་ཆེན་དང་བསྟུན་ཏེ། ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་ཡིག་ཚང་དུ་སྣར་སྐྱིད་ངག་དབང་དོན་གྲུབ་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་ ༼ ༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་རྒྱལ་ཁབ་ཀྱི་ལུགས་ཟུང་ཆབ་སྲིད་འཛིན་སྐྱོང་མཛད་འགན་བཞེས་སྐབས་སྲི་ཞུའི་ཞབས་འདེགས་གཟེངས་ཐོན་ཞུ་མཁན་མི་སྣ་ངོ་སྤྲོད་ཟུར་བཏོན ༽ ཞེས་པའི་ལོ་རྒྱུས་མི་སྣ་ངོ་སྤྲོད་ཀྱི་དེབ་ཆུང་ཤོག་ངོས་ ༥༠ ཅན་ཞིག སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་དབུ་འབྱེད་གནང་སོང་། 

དཔེ་དེབ་དེའི་ནང་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པར་སྲི་ཞུ་སྒྲུབ་མཁན་གྱི་མི་སྣ་ ༡༣ ཡི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་གནང་ཡོད་པ་དག་ནི། སྲིད་བློན་བཤད་སྒྲ། སྲིད་བློན་ཞོལ་ཁང་། སྲིད་བློན་ཆང་ཁྱིམ། བཀའ་བློན་བླ་མ་བྱམས་པ་བསྟན་དར། མགྲོན་གཉེར་ཆེན་མོ་བསྟན་པ་དར་རྒྱས། རྩིས་དཔོན་ལུང་ཤར་རྡོ་རྗེ་ཚེ་རྒྱལ། ཛ་སག་ཚ་རོང་ཟླ་བཟང་དགྲ་འདུལ། སྤྱན་བསལ་ཐུབ་བསྟན་ཀུན་འཕེལ། མཚན་ཞབས་བློ་བཟང་ངག་དབང་། འབྲུག་གཞུང་ནང་གཟིམ་ཀ་ཇི་ཨོ་རྒྱན་རྡོ་རྗེ། འབྲས་སྤྱི་བློན་ཆེན་སཱར་ཅཱལ་སེ་འབེལ། རྒྱལ་ཟུར་རྭ་སྒྲེང་སྐུ་ཕྲེང་ལྔ་པ། མཚན་ཞབས་ཀེའུ་ཚང་རིན་པོ་ཆེ་བཅས་རེད།

དེབ་ཆུང་དབུ་འབྱེད་ཀྱི་ཐོག་མར་བང་ཆེན་རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་ངོ་སྤྲོད་རྒྱུར། ༧གོང་ས་མཆོག་ལ་ཨ་རིའི་གསེར་གྱི་རྟགས་མ་ཕུལ་ཏེ་ལོ་ ༤ འཁོར་པའི་དུས་ཆེན་དང་སྟབས་བསྟུན་དབུ་འབྱེད་བྱས་པའི་དཔེ་དེབ་དེ་ཆུང་ཆུང་ཞིག་ཡིན་ཡང་། ནང་དོན་གལ་ཆེན་པོ་ཡིན་པ་དང་། ༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་སོག་ཡུལ་དང་རྒྱ་ཡུལ། རྒྱ་གར་སོགས་སུ་ཆབ་སྲིད་ཀྱི་དཀའ་རྙོག་འོག་ཉེན་གཡོལ་དུ་ཕེབས་དགོས་བྱུང་པ་དང་། བོད་རང་བཙན་གསལ་བསྒྲགས་རྐྱང་པ། ཕྱི་ལོ་ ༡༩༡༤ ནས་ ༡༩༤༩ བར་འཛམ་གླིང་ནང་བོད་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་བསྙོན་མེད་དུ་སྒྲུབ་ཐུབ་པ་དེ་༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་མཛད་འཕྲིན་ཆེ་ཤོས་ཡིན་ཞིང་། སྐབས་དེ་དག་ནང་ཁོང་གི་རྗེས་འབྲང་པ་དང་རོགས་འདེགས་བྱེད་མཁན་གྱི་མི་སྣ་གལ་ཆེན་དག་ནི་དེབ་ཆུང་དེར་ངོ་སྤྲོད་བྱས་ཡོད་ཚུལ་སོགས་ངོ་སྤྲོད་གནང་བྱུང་། 

སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་མཆོག་གིས་དཔེ་དེབ་དབུ་འབྱེད་གནང་རྗེས། གཞོན་ནུ་ལྷན་ཚོགས་ཐོག་མར་འཛུགས་སྐབས་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གིས་གནང་པའི་གསུང་བཤད་ཅིག་ལུང་འདྲེན་གྱིས་གསུངས་དོན། “ ཕྱི་ལོ་ ༡༩༧༡ ལོར་གཞོན་ནུ་ལྷན་ཚོགས་དབུ་འཛུགས་ཀྱི་མཛད་སྒོ་དང་བསྟུན་ནས་རྒྱལ་ལོ་དོན་གྲུབ་མཆོག་ཕེབས་ཏེ། སྔོན་མ་ལྷ་སར་སྐུ་དྲག་རིགས་གཅིག་ཡོད་པ་རེད། ཁོང་ལྷ་སར་ཕེབས་སྐབས། གཅིག་ནས་༧གོང་ས་མཆོག་གི་སྐུ་མཆེད་དང་གཉིས་ནས་རྒྱ་ནག་ནས་སློབ་སྦྱོང་ཡུན་རིང་བྱས་མྱོང་ཡོད་སྟབས། སྐབས་ཤིག་ལྷ་སའི་ནོར་བུ་གླིང་ཁ་རུ་སྡེ་བ་གཞུང་གི་ལྷན་ཚོགས་ཤིག་ལ་ཞུགས་སྐབས། སྲི་ཞུ་བ་ཀླུ་ཁང་དང་བློ་བཟང་བཀྲ་ཤིས་གཉིས་མ་གཏོགས། རྒྱ་མགོ་མཐོ་དུས་རྒྱ་དང་བོད་མགོ་མཐོ་དུས་བོད་ཅེས་པའི་དཔེ་ལྟར་བྱུང་སོང་། དེ་ལྷ་སའི་གནས་སྟངས་རེད། དེ་བཞིན་མདོ་སྟོད་སྨད་གཉིས་གང་ས་གང་ལ་བལྟས་ཡོང་ན། ས་ཁུག་ཁུག་རེར་རྡོ་འབུར་འབུར་རེ་ཡོད་པ་རེད་ཅེས་བརྗོད་བྱུང་། ས་ཁུག་ཁུག་རེར་རྡོ་འབུར་འབུར་རེ་ཞེས་པ་ནི་ས་ཁུག་རེ་ལ་དཔོན་ཆུང་རེ་ཡོད་ཅིང་། དཔོན་ཆུང་དེ་དག་གིས་ཡུལ་མིར་བཙན་ཤེད་དང་ཁྲལ་བསྡུ་རྒྱུ་ལས་མི་མང་གི་བདེ་སྡུག ལུང་པའི་འཛུགས་སྐྲུན་དང་ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་བཅས་ལ་བསམ་བློ་འཁོར་གྱི་མེད་པ་དང་།  དེ་ལྟ་བུའི་གནས་བབ་ཅིག་གི་འོག་རྒྱ་དམར་བོད་དུ་བསླེབས་པ་ཞིག་ཡིན་པ་ཁྱེད་ཚོས་ཤེས་དགོས་རེད། སྐུ་དྲག་དང་དཔོན་ཆུང་དེ་དག་རྐང་པ་ཕར་རྐྱང་ཉི་མ་ཚུར་ཕུད་དེ་སྤྲོ་བོ་བྱས་ཏེ་སྡོད་མཁན་རྐྱང་ཡིན་པ་དང་། ད་ཆར་སོ་སོའི་ལུང་པ་ཤོར་ཏེ་མི་ཡུལ་ལ་སླེབས་དུས་ཀྱང་༧གོང་ས་མཆོག་ལ་ཕྱག་རོགས་ཞུ་ཐུབ་མཁན་དེ་འདྲ་སུ་མི་འདུག་ཀ་ཞེས་གསུངས་པ་རང་ཉིད་ཀྱིས་གོ་མྱོང” ཞེས་གསུངས་སོང་། བཀའ་བློན་མཆོག་གིས་མུ་མཐུད། བོད་ལ་ནང་ཆོས་སྐོར་ཀྱི་དཔེ་དེབ་རིགས་ཧ་ཅང་མང་པོ་ཡོད་པ་རེད་དེ། ལོ་རྒྱུས་རང་བཞིན་གྱི་ཆབ་སྲིད་དཔེ་དེབ་དཀོན་པོ་ཡིན་སྟབས། དཔེ་དེབ་འདི་ཆུང་ཆུང་ཡིན་ཡང་རིན་ཐང་ལྡན་པ་ཞིག་ཡིན་སྐོར་གསུངས་སོང་།  

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

ཆུ་ཚོད་ ༢ སྔོན་ལ།
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༥ སྔོན་ལ།
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨

མཆན། 3

  1. མནར་མེད་པ། says:
    ལོ་ 14 སྔོན།

    གང་ཡིན་ཟེར་ན།གནའ་སྔ་མོའི་སྡེ་བ་གཞུང་གིས་བྱས་སྟངས་དེ་ཚོ་གཅེན་པོའི་ལུང་དང་བསྒྲགས་ཏེ་སྒྲུབ་ཡོང་དུས་སུ་ལའང་ཞེད་དགོས་ཡ་མི་འདུག་ཡག་པོ་འདུག་དངོས་ཡོད་གནས་སྟངས་སྦས་བསྡད་ན་ཕན་ཐོགས་ཀྱི་མ་རེད།སྔ་མོའི་སྡེ་བ་གཞུང་གི་བག་ཆགས་དེ་ད་ལྟ་གྲྭ་མ་ཞིག་པར་ལྷག་ཡོད་པ་དེ་ཚོའང་སྐབས་འདིར་ཅུང་ཟད་གླེང་ན་ག་འདྲའི་ཡག་པོ་མེ་དམ།།

    Reply
  2. མནར་མེད་པ། says:
    ལོ་ 14 སྔོན།

    ཆོས་རིག་བློན་ཆེན་གྱིས་བཀའ་སློབ་ཡག་པོ་ཞི་དྲག་གནང་འདུག

    Reply
  3. གྲྭ་རྒོད says:
    ལོ་ 15 སྔོན།

    ལོ་རྒྱས་ཀྱི་དཔེ་དེབ་དེ་བཙོང་གི་ཡོད་ན་འདྲ་རིན་མེད་ཐོག་གནང་གི་ཡོད་འདྲ་གང་ལྟར་ཀྱང་ཁ་བྱུང་འདིའི་ཐོག་གཅིག་གཉིས་ཞིག་བསྐུར་རོགས་གནོང་དང་འགྲོ་ལུགས་གང་ཡིན་ཀྱང་དེ་ལྟར་བསྒྲུབ་ཆོག sera je jadrel khangtsen
    hous No.777 P.O.Bylakuppe-571004
    D.Mysore (K.S) INDIA ཁ་པར་ཨང་འདི་ཡིན། 9980129500 འདི་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese