ཉི་ཧོང་ནང་པའི་ཆོས་ཚོགས་ཤིག་གི་གདན་ཞུས་ལྟར། ༧གོང་ས་མཆོག་ཟླ་འདིའི་ཕྱི་ཚེས་ ༣༠ ཉིན་ནས་ཕྱི་ཟླ་ ༡༡ པའི་ཚེས་ ༦ ཉིན་དུས་ཡུན་བདུན་ཕྲག་གཅིག་རིང་ཉི་ཧོང་དུ་ཆིབས་བསྒྱུར་གྱིས། ད་ལོར་ས་ཡོམ་དང་མཚོ་ལྷགས་ཀྱི་གོད་ཆགས་འོག་འདས་གྲོངས་སུ་ཕྱིན་པ་རྣམས་ཀྱི་ཆེད་བསྔོ་སྨོན་མཆོད་འབུལ་གནང་རྒྱུ་ཡིན་པ་དང་། དེའི་རྗེས་ཡུལ་དེའི་སྐད་གྲགས་ཅན་གྱི་ (Nichi Sai) ནེ་ཆི་སི་གཙུག་ལག་སློབ་གྲྭ་དང་། (Sendai Seiwa Buddhist School) སིན་ཌེ་སེ་ཝ་ནང་པའི་སློབ་གྲྭ་བཅས་སུ་མང་ཚོགས་ལ་བཀའ་སློབ་བསྩལ་རྒྱུ་ཡིན་ལ། སྐབས་དེར་གཙུག་ལག་སློབ་ཁང་དེའི་དགེ་རྒན་དང་མཁས་དབང་བར་བགྲོ་གླེང་བཅས་གནང་རྒྱུ་ཡིན་འདུག མཛད་འཆར་ཁག་འགྲུབ་རྗེས་ཕྱི་ཚེས་ ༦ ཉིན་གྱི་ཕྱི་དྲོར་རྒྱལ་ས་ཊོག་ཀྱོའི་མཁའ་ལམ་བརྒྱུད་ཕྱིར་རྒྱ་གར་དུ་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་འདུག
ཆིབས་བསྒྱུར་འདི་ནི་ད་ལོར་ཉི་ཧོང་དུ་ས་ཡོམ་དང་མཚོ་ལྷགས་བྱུང་རྗེས་༧གོང་ས་མཆོག་ཡུལ་དེར་འཚམས་གཟིགས་ཕེབས་པ་ཐོག་མ་ཆགས་ཡོད་འདུག
གསར་འགོད་པ། དཔལ་ལྡན།
བླ་མ་སྐུ་ཁམས་བཟང་བའི་རྟེན་འབྲེལ་འགྲིག །
མཆོག་ཏུ་སྐུ་ཚེ་རིང་བའི་ཞལ་བཞེས་ཐོབ། །
འཕྲིན་ལས་དར་ཞིང་རྒྱས་པའི་ལས་སྨོན་འཛོམས། །
བླ་མ་དང་བྲལ་བ་མེད་པའི་བཀྲ་ཤིས་ཡོད། །
བོད་རྒྱལོ།།