གནས་ཚུལ་བཏང་འབྱོར་ལྟར་ན། ཉིན་འདི་གར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡུ་རོབ་ཁུལ་དུ་གཞུང་འབྲེལ་ཕྱོགས་སྐྱོད་བྱེད་ཀྱིན་ཡོད་པ་ལྟར། ཚེས་ ༣༠ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༦ པ་ཙམ་ལ་ཨོ་སོ་ཊི་རི་ཡ་དང་རྒྱ་ནག་གཉིས་ཀྱི་ཚོང་ལས་ཆེད་ཨོ་སོ་ཊི་རི་ཡའི་རྒྱལ་ས་ (Wien)ལ་འབྱོར་ཡོད་པ་དང་། ཉིན་དེའི་ཞོགས་པ་ནས་ཨོ་སོ་ཏྲི་རི་ཡའི་གསར་ཤོག་ནང་། དེ་རིང་ཁོ་པ་འདི་གར་འབྱོར་གྱི་ཡོད་པ་དང་བོད་པས་ངོ་རྒོལ་གྱི་ལས་འགུལ་སྤེལ་འཆར་ཡོད་ཚུལ་སོགས་བཀོད་ཡོད་འདུག
གནས་ཚུལ་ནང་བཀོད་དོན། བོད་རིགས་མཐུན་ཚོགས་ཀྱིས་གོ་སྒྲིག་འོག ཕྱི་ཚེས་ ༣༠ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༨ པའི་སྟེང་རྒྱལ་ས་(Wien)ནང་གི་ཧུའུ་ཅིན་ཐའོ་སྡོད་སའི་མགྲོན་ཁང་གི་མདུན་དུ་ས་གནས་ཀྱི་བོད་རིགས་རྣམས་ཀྱིས། རྒྱ་ནག་གི་ལུགས་སྲོལ་ལྟར་མགོ་བོར་མྱ་ངན་གྱི་རས་དཀར་དཀྲིས་ཏེ་དགོང་དྲོ་ཆུ་ཚོད་ ༩ པ་བར། ཞི་རྒོལ་གྱིས་འབོད་ཚིག་དབྱིན་ཡིག་དང་འཇར་མན་སྐད་ཡིག་ནང་སྐད་སེང་མཐོན་པོས་བསྒྲགས་པ་དང་། བདེན་ཚིག་སྨོན་ལམ་དང་ཞལ་འདོན། མི་དམངས་ལངས་གླུ་བཏང་བ་སོགས་ཀྱིས་ངོ་རྒོལ་གནང་ཡོད་འདུག
ཕྱི་ཚེས་ ༣༡ ཉིན་ཧུའུ་ཅིན་ཐའོ་ཨོ་སི་ཊྲི་རི་ཡའི་རྒྱལ་སའི་ནང་མཐོ་རིམ་དཔོན་རིགས་ཐུགས་འཕྲད་ཀྱིས་གཞུང་ལས་ཁང་སོ་སོར་བསྐྱོད་འཆར་ཡོད་པ་བཞིན། ཉིན་དའི་ཞོགས་པའི་ཆུ་ཚོད་ ༨ ནས་ཕྱི་དྲོའི་ཆུ་ཚོད་ ༧ བར་ས་གནས་བོད་རིགས་རྣམས་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱིས་རྒྱལ་ས་(Wien)ནའི་ཨོ་སོ་ཊི་རི་ཡའི་གྲོས་ཚོགས་དང་ས་ཐག་ཧ་ཅང་ཉེ་བའི་(Burgtheater)ཞེས་པའི་ཁང་བརྩེགས་ཀྱི་མདུན་དུ། ཡུ་གུར་རང་བཙན་རྩོད་ལེན་པ་དང་ཆོས་འཁོར་སྒོམ་སྒྲུབ་ཀྱི་རང་དབང་རྩོད་ལེན་པ་རྣམས་དང་མཉམ་དུ། རིགས་སོ་སོའི་དཀའ་སྡུག་གནས་ཚུལ་དང་དགོས་འདུན་ཁག་འཇར་མན་སྐད་ཡིག་ཐོག་སྒྲོག་སྦྱང་བྱས་ཡོད་པ་དང་། དེ་ཉིན་ཨོ་སི་ཊི་རི་ཡའི་ལྗང་ཁུ་ཚོགས་པའི་སྐུ་ཚབ་འཐུས་མི་ཞིག་གིས་བོད་དོན་སྐོར་གཏམ་བཤད་ཀྱང་གནང་ཡོད་འདུག
ཉིན་རྒྱབ་ནས་ཨ་རབ་ལུང་པའི་སུ་རི་ཡ་རྒྱལ་ཁབ་ཀྱི་མི་དམངས་རྣམས་ཀྱིས་སུ་རི་ཡའི་རྒྱལ་དར་འཆར་ཏེ་ཧུའུ་ཅིན་ཐའོ་ལ་ངོ་རྒོལ་བྱེད་པར་བསླེབས་ཡོད་འདུག དེ་ནི་རྒྱ་ནག་དམར་ཤོག་ཚོགས་པས་སེ་རི་ཡའི་མི་མང་གི་རང་དབང་འགོག་ཆེད། སེ་རི་ཡའི་དྲག་པོའི་གཞུང་ལ་རྒྱབ་སྐྱོར་གྱིས་གོ་མཚོན་མཁོ་སྤྲོད་བྱས་རྐྱེན་ཡིན་འདུག ཉིན་དེའི་ཕྱི་དྲོར་ཧུའུ་ཅིན་ཐའོ་ཨོ་སོ་ཏྲི་རི་ཡའི་གྲོང་ཁྱེར་(Salzburg)ལ་འབྱོར་ཡོད་པ་དང་། དེ་གར་ཡང་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཆེད་ཕེབས་ཀྱིས་ས་གནས་དང་གྲོང་ཁྱེར་གཞན་ནས་ཕེབས་པའི་བོད་རིགས་དང་། འཇར་མན་ནས་ཆེད་དུ་ཕེབས་པའི་བོད་རིགས་མཉམ་འདུས་ཀྱིས་ཉིན་གུང་ཆུ་ཚོད་ ༢ པ་ནས་དགོང་དྲོའི་ཆུ་ཚོད་ ༡༠ བར་ཧུའུ་སྡོད་སའི་མགྲོན་ཁང་གི་ཕྱོགས་སུ་ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་ཡོད་འདུག
དེ་རིང་ཉིན་ཧུའུ་ཅིན་ཐའོ་གྲོང་ཁྱེར་(Salzburg)ནང་ལས་འཆར་ཡོད་པ་ལྟར། བོད་རིགས་རྣམས་ཀྱིས་མུ་མཐུད་ཁོའི་རྗེས་འདེད་ཀྱིས་ཞོགས་པ་ཆུ་ཚོད་༨ ནས་དགོང་དྲོ་ཆུ་ཚོད་༡༠ པ་བར་ངོ་རྒོལ་ལས་འགུལ་སྤེལ་བཞིན་ཡོད་པ་དང་། ཉིན་གཉིས་ཀྱི་ལས་འགུལ་རྣམས་ཨོ་སོ་ཏྲི་རི་ཡའི་རྒྱལ་ཡོངས་ཀྱི་གསར་ཤོག་ཁག་དང་། བརྙན་འཕྲིན་ལས་ཁང་འདྲ་མིན་ནང་སྟོན་བཞིན་ཡོད་འདུག
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།
༸ གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་ལྟ་རང་བོད་ནང་གི་དགེ་འདུན་པ་རྣམས་ཀྱིས་མེ་བསྲེགས་བཏང་བའི་འབྱུང་རྐྱེན་དེ་ནི་རྒྱ་ནག་གི་གདུག་རྩུབ་ཅན་གྱི་སྲིད་བྱུས། ནོར་འཁྲུལ་ཅན་གྱི་སྲིད་བྱུས། ནང་དོན་མེད་པའི་སྲིད་བྱུས་བཅས་ལས་བྱུང་བ་རེད་ཅེས་བཀའ་བསྩལ་འདུག་ཅེས་VOAབརྙན་འཕྲིན་ཁང་ན་བཤད་ཀྱིན་འདུག
ས་ཁུལ་དེ་ཡོད་པའི་བོད་མི་ཚོ། ཅིན་ཐོའི་མགོ་ལ་ལྷམ་མགོའོ་ཨེ་རྒྱོག་གི་བལྟོས། ཨ་མའི་དུ་ལོ་ཚོ།
ངོ་རྒོལ་བྱེད་དགོས། ཇི་སྲིད་བར་རྒོལ་བྱེད་དགོས། ངས་རྨི་ལམ་ཞིག་བཏང་མྱོང་བ་ནི། མི་རིང་བར་ཧུའུ་ཅིན་ཐོ་ཡང་ལི་བྷེ་ཡའི་སྲིད་འཛིན་སྒེར་གཅོད་པ་གྷ་ཌ་ཕྷེ་དང་གཅིག་མཚུངས་ཀྱིས་འགྲོ་དགོས་ཀྱིན་འདུག་པས། ངོ་མ་ཧམ་སེམས་དང་ང་རྒྱལ་གྱིས་རང་བདེ་བརླགས་པའི་བླུན་པོ་རང་རེད། ངོ་རྒོལ་བ་ཚོར་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཚབ་བྱས་ཏེ་ཐུགས་རྗེ་ཆེ་ཞུ།
མའོ་ཙེ་ཏུང་གིས་བཤད་པ་ལྟར། གང་དུ་དྲག་གནོན་ཡོད་ན། དེ་རུ་ངོ་རྒོལ་ཡོད། ཅེས་པ་ལྟར་བོད་དུ་དྲག་གནོན་ན། དེ་རུ་ངོ་རྒོལ་ཡོད།
ཤིང་ཅང་དུ་དྲག་གནོན་ཡོན་ན། དེ་རུ་ངོ་རྒོལ་ཡོད།
ནང་སོག་ཏུ་དྲག་གནོན་ཡོད་ན། དེ་རུ་ངོ་རྒོལ་ཡོད།
གང་དུ་དམངས་གཙོ་མེད་ན། དེ་རུ་ངོ་རྒོལ་ཡོད།
རྒྱ་ནག་ཏུ་རང་དབང་མེད་ན། དེ་རུ་ངོ་རྒོལ་ཡོད།
རྒྱ་ནག་ཏུ་དམངས་གཙོ་མེད་ན། དེ་རུ་ངོ་རྒོལ་ཡོད།
ཇི་ཙམ་ངོ་རྒོལ་ཡོད་ན། དེ་ཙམ་གྱིས་འགྱུར་བ་ཡོད།
ཇི་ཙམ་གྱི་འགྱུར་བ་ཡོད་ན། དེ་ཙམ་གྱི་རེ་བ་ཡོད།
ག་ཚོད་ཀྱི་རེ་བ་ཆེ་ན། དེའི་ཚོད་ཀྱི་མདུན་ལམ་ཡོད།
བོད་རྒྱལོ།
གཡོ་སྒྱུའི་ཐབས་ལ་བྱང་བའི་འདྲེ་སྲིན་མའོ།།
ཤ་ཁྲག་རུས་ལ་རྔམ་པའི་གདོན་འདྲེ་ཧུའུ།།
གཟུགས་ཕུང་ལོ་ན་ཙམ་གྱིས་ཁྱད་པར་ལས།།
བོད་མིའི་ཤ་ཁྲག་འཇིབས་པའི་ཤན་པར་མཚུངས།།
འཛམ་གླིང་གང་ས་ནས་འདི་ལྟར་མི་མང་གིས་བདེན་ལུགས་ཀྱི་དར་ཆ་བསྒྲེངས་ཏེ་བདེན་དོན་གྱི་མདུང་རྩེ་གཏོད་པ་འདི་ཧུའི་ཅིན་ཐའི་གཅིག་པུའི་ངོ་ཚ་ཞིག་ཡིན་ནམ། སང་ཉིན་ཡང་ཧྤ་རན་སིའི་བོད་རིགས་ཚོགས་པས་གཙོས་ངོ་རྒོལ་བྱེད་མཁན་མང་པོ་འདུག
བདེན་པ་ལ་མགོ་མི་སྒུར་བ་སུ་ཞིག་ཡིན་ཡང་དེ་དག་མྱུར་དུ་ཕམ་ངེས་ཡིན། ཕམ་རྗེས་ད་དུང་མིང་ངན་ལ་དག་རྒྱུ་མེད།
ས་གནས་དེ་གར་ཡོད་པའི་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་ཚང་མར་ཐུགས་རྗེ་ཆེ་ཞུ།