མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནད་ལ་ཁེལ་བའི་ལས་འགུལ་དངོས་ལ་ཞུགས་རོགས།

བོད་ཀྱི་དུས་བབ།
༢༠༡༡/༡༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

                                                      སད་མི་ཅོང་ཐོགས།

ཕྱི་ཟླ་བཅུ་གཅིག་པའི་ཚེས་གསུམ་སྟེ་དེ་རིང་བོད་ནང་དུ་ཡང་བསྐྱར་རང་ལུས་མེར་བསྲེགས་ཀྱི་དོན་དག་བྱུང་འདུག སང་ཉིན་ད་དུང་སུ་ཞིག་གིས་རང་ལུས་བསྲེག་ཨེ་ཡོང་སྙམ་ན་སེམས་ཁོང་ལ་ཟུག་གཟེར་བརྒྱབ་སྟེ་སྡོད་མི་ཚུགས་པ་ཞིག་རེད་ཨང་།  བོད་ནང་དུ་དབལ་ཚ་ཞིང་རྔམ་སྟུག་པའི་ལས་འགུལ་སྤེལ་རིམ་བཞིན། བྱེས་པ་ཚོས་ཀྱང་འདོན་པ་རྗེས་ཟློས་ལྟ་བུའི་ལས་འགུལ་རེ་སྤེལ་བཞིན་ཡོད། འོན་ཀྱང་ད་བར་ཡིད་ལ་འབབ་པའི་གྲུབ་འབྲས་ཤིག་ཐོབ་མྱོང་མེད། གཅིག་བྱས་ན་དེ་ནི་སྐབས་དུས་ཏག་ཏག་ཅིག་མ་ཁེལ་བས་ཡིན་སྲིད་ལ། ཡང་གཅིག་བསམ་ན། དེ་ནི་གནད་ལ་ཐུག་ཅིང་རྒྱུན་བརྟན་པའི་ལས་དོན་ཞིག་སྤེལ་མ་ཐུབ་པས་ཀྱང་ཡིན་འདུག ད་ནི་གཞིས་པ་ཚོར་བལྟ་ཞིང་འགྱིག་གི་གདོང་འབག་གྱོན་པའི་རྐང་བྲོ་རེ་འཁྲབ་པ་དང་། ཡུན་དང་གཏིང་མེད་པའི་བྱིས་པའི་ངུ་འབོད་ཀྱི་དུས་དྲན་རེ་བྱེད་ནས་འདུག་པའི་སྐབས་མ་ཡིན་པར། གནད་ལ་ཁེལ་ཞིང་གཏིང་ཟབ་པའི་ལས་འགུལ་དངོས་ལ་ཞུགས་པའི་དུས་ལ་བབ་ཡོད།

 

གཅིག་རྗེས་གཉིས་མཐུད་དུ་རང་ལུས་མེར་བསྲེགས་བྱེད་པའི་བོད་ནང་གི་ཛ་དྲག་གནས་སྟངས་འདི་དང་། སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་སྐོང་ཚོགས་ཀྱིས་འཛམ་གླིང་མི་མང་གི་མིག་ཟུང་ཧྲིག་གེར་སྡོད་པའི་སྐབས་འདིར། ང་ཚོའི་ངོས་ནས་འཛམ་གླིང་མི་མང་ལ་སྐུལ་སློང་བྱེད་ཐུབ་པ་ཅིག་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བདག་མི་བྱེད་ཀ་མེད་ཆགས་པའི་ལས་འགུལ་གཅིག་ཡོད་པ་ནི། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒོ་དྲུང་དང་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་འདུའི་ཚོགས་དྲུང་བཅས་སུ། བོད་ནང་གི་ལས་འགུལ་དང་གཅིག་མཚུངས་ཀྱི་རང་ལུས་མེར་བསྲེགས་ཀྱི་ལས་དོན་སྤེལ་རྒྱུ་དེ་ཡིན། དེ་ཡང་རབ་ཡིན་ན་རང་རེའི་བཀའ་བློན་ཁྲི་བ་གཙོ་བྱས་པའི་བཀའ་བློན་ལས་ཐོགས་པ་རྣམ་པ་དང་། སྤྱི་འཐུས་ཚོགས་གཙོ་གཞོན་གཙོས་པའི་སྤྱི་འཐུས་རྣམ་པ། བོད་ཀྱི་གཞོན་ནུ་དང་བུད་མེད་གཙོ་བྱས་པའི་ཚོགས་པ་རྣམས་ཀྱི་ཚོགས་གཙོ་གཞོན་རྣམ་པས་སྣེ་ཁྲིད་དགོས་པ་ཡིན། གལ་སྲིད་དེ་མ་བྱུང་ན། རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུའི་ཚོགས་འདུའི་ས་གནས་སུ་འགྲོ་བདེའི་ཆ་རྐྱེན་འཛོམས་པ་རྣམས་ཀྱིས་ལས་དོན་སྤེལ་དགོས་པ་ཡིན།

 

 གནད་ཡོད་དང་ནུས་པ་ལྡན་པའི་མགོ་ཁྲིད་རྣམ་པས་ལས་འགུལ་མགོ་བཙུགས་ཚེ། རྒྱ་ཆེའི་མང་ཚོགས་རྣམས་རྗེས་སུ་ཞུགས་རྐྱང་ཡིན་པ་ནི་སྨྲ་མི་དགོས་པ་ཞིག་ཡིན། ང་ཚོས་འདི་ལྟ་བུའི་སྐབས་སུ་བབ་ཅིང་གནད་ལ་ཁེལ་བ་དང་ནུས་པ་ལྡན་པའི་ལས་འགུལ་སྤེལ་ཐུབ་སོང་ཚེ། བོད་མི་དམངས་ལ་གཞི་ནས་མངོན་འདོད་ཀྱི་འབྲས་བུ་ཐོབ་ངེས་པ་ནི་ཟུར་བལྟས་ལེབ་མཐོང་ཡིན། ད་དུང་ང་ཚོའི་རེ་འདུན་གྱི་འབོད་སྒྲ་ཡང་གཅིག་གི་སྟེང་འབབ་དགོས་ཏེ། བཙན་གནོན་མཚམས་འཇོག་དང་འགྲོ་བ་མིའི་ཐོབ་ཐང་ཞེས་པ་འདི་ཡིན། བོད་ལ་རེ་བ་ཞིག་ཡོད་ན་མེད་ན་ད་ཐེངས་ཀྱི་གོ་སྐབས་འདི་ཡིན་པས། ཆེས་གནད་འགག་གི་སྐབས་སུ་རང་རེའི་དབུ་ཁྲིད་རྣམ་པས་གོ་ཐག་མི་སློད་རྒྱུར་མི་མང་ལ་ཡིད་ཆེས་གཙང་མ་ཡོད། དེར་མ་ཟད། དབུ་ཁྲིད་རྣམ་པས་ཀྱང་སྔར་ནས་ད་བར་ཡང་དང་བསྐྱར་དུ་གསུངས་ཡོད་པ་སྟེ། གལ་ལ་ཐུག་ཚེ་རང་སྲོག་བློས་གཏོང་སོགས་ཅི་ཞིག་བྱ་དགོས་རུང་བྱེད་ངེས་པ་དང་། རང་ཉིད་ཀྱི་ཡོད་ཚད་བོད་མི་དམངས་ལ་འབུལ་ངེས་ཡིན་པའི་ཞལ་བཞེས་གཙང་མ་གནང་ཡོད། བོད་དུ་བཞུགས་མཁན་ཚོ་ད་བར་འགུལ་སྐྱོད་གནང་སྟེ་ད་ལྟའི་སྐབས་འདིར་གཏུག་ཡོད་ལ། ད་ནི་བྱེས་པ་ཚོར་རེས་སུ་བབ་ཡོད་པས། ཡུལ་དུས་ཀྱི་ཆ་རྐྱེན་ཚང་བའི་རྣམ་པ་ཚོའི་ཕྱག་ལེན་དངོས་ལ་རེ་བ་ཤུགས་དྲག་བྱེད་བཞིན་ཡོད་ལགས།

 

འབྲེལ་ཡོད་གསར་འགྱུར།

TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༨ སྔོན་ལ།
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

ཆུ་ཚོད་ ༨ སྔོན་ལ།
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

ཆུ་ཚོད་ ༨ སྔོན་ལ།
Sakkar Tashi’s profile on X. Screenshot taken on 24 June 2026.
Mobile App

རྒྱ་ནག་གཞུང་གིས་ས་དཀར་བཀྲ་ཤིས་ལགས་ཀྱི་བོད་ནང་གི་ནང་མི་རྣམས་ནག་ཉེས་ཅན་གྱི་ཐོ་གཞུང་དུ་བཅུག་འདུག

ཆུ་ཚོད་ ༩ སྔོན་ལ།
སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་བསྒྲིལ། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༢༤
Mobile App

སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཁུལ་གྱི་ཕྱོགས་ཕེབས་མཇུག་བསྒྲིལ། 

ཆུ་ཚོད་ ༡༣ སྔོན་ལ།
Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

༢༠༢༦/༠༦/༢༣

མཆན། 9

  1. འབྲོང་བུ་སོག་ཚ། says:
    ལོ་ 15 སྔོན།

    སད་མི་ཅོང་ཐོགས། ཁྱོད་རང་དབྱེན་དཀྲུག་གི་སྐད་འདི་ལྟར་བཤད་པའི་དུས་ལ་བབས་མེད། གཞིས་བྱེས་གཉིས་སུས་བྱས་ན་བོད་དོན་ཆེད་ཡིན་པ་གཅིག་གྱུར་རེད། ཁྱོད་རང་གིས་བཤད་པ་བཞིན་བྱེས་ནས་གང་ཡང་བྱེད་ཀྱི་མེད་ན་༧གོང་ས་༧སྐྱབས་མགོན་པོས་དབུས་རང་རེའི་ཆོས་སྲིད་ཀྱི་དབུ་འཁྲིད་ཚོས་ཉིན་མཚན་ལྟོས་མེད་དཀའ་སྤྱད་སྙིང་རུས་ཀྱིས་རང་དོན་དང་སྒེར་དོན་རིགས་རིང་དུ་བཞག་ནས་བོད་སྤྱི་པའི་བསྟན་སྲིད་ཐོག་ཐུགས་བསྐྱེད་དང་ཕྱག་ལས་མུ་མཐུད་གནང་བཞིན་པ་ཁྱོད་ཀྱི་མ་མཐོང་ངམ། དེ་ཙམ་དུ་མ་ཟད་ད་ལྟ་ཉེ་འཆར་བཀའ་བློན་ཁྲི་པ་མཆོག་དང་། སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ཕྱི་རྒྱལ་ཁབ་ཁག་ལ་ཕེབས་ནས་བོད་སྤྱིའི་གནད་དོན་དང་། བྱེ་བྲག་བྱུང་བཞིན་པའི་ད་ལྟའི་བོད་ཀྱི་གནས་སྟངས་སོགས་ཀྱི་སྐོར་རྒྱལ་ཁབ་གཞན་ལ་གསལ་བཤད་དང་རྒྱབ་སྐྱོར་འཚོལ་བཞིན་པ་ལས་ཁྱོད་རང་ནང་ལྟར་སྐྱིད་ཉལ་དང་། ཁ་བཤད་གཅིག་པུས་དུས་འདའ་ནས་བསྡད་མེད་པ་ཤེས་པར་གྱིས་ལ་ད་ནས་བཟུངས་དབྱེད་དཀྲུག་རིགས་མ་བྱེད་པར་བུ་ཁྱོད་ལ་ཡོད་ན་གཏོང་རན་པའི་དུས་ཡིན་པས་མ་འཁྱུགས།

    Reply
  2. སྨར་ཀླུང་དཔའ་ལ། says:
    ལོ་ 15 སྔོན།

    ད་བྱུང་འདུག་དྲྭ་གྲོགས་ཚོ་(རྒྱུ་དག་ཡོད་མེད་ཀྱི་སྐད་ཆ་མ་གླེང་རོག)བོད་མི་གཞིས་བྱེས་གཉིས་ཀྱི་སྙིང་སྟོབས་ལ་ཁྱད་པར་གཏན་ནས་མེད་པ་དེ་རིང་བྱེས་ཀྱི་དཔའ་བོ་ཤེས་རབ་ལགས་ཀྱིས་ལས་འགུལ་མགོ་ཁྲིད་སོང་ལྟོས་དང་ཁྱེད་རྣམ་པ་སུ་ཡིན་ན་མདུང་རྩེའི་རྣོ་སོ་ནང་དུ་མ་གསོར་རོག བྱི་བ་ལ་ངན་བྱེད་ནས། ཕ་ཁང་ལ་མེ་མ་བཤོར་རོག དུས་ད་ནས་བཟུང་གཞིས་བྱེས་གཉིས་ཀྱིས་ཆོད་སེམས་ལ་ཡང་ལྗིད་མེད་པ་འབྱུང་བར་མགོ་ཟིན་སོང་། ཡ་ང་བ་ལ། ཆོད་སེམས་ཅན་དང་རྒྱལ་ཞེན་ཅན་ཡོད་ཚད་ཀྱིས་འདི་ལྟར་མེ་དབུང་གི་ཀློང་དུ་གཤེགས་སོང་ན་གཞིས་ལུས་པས་ག་རེ་བྱེད་དགོས་ཀྱི་རེད་དམ། ལས་འགུལ་འདི་ནི་ཟིལ་ཆེ་བ་ལ།

    Reply
  3. ཨ་ར་དཀར་པོ says:
    ལོ་ 15 སྔོན།

    བཀྲ་ཤིས་ལགས། གཤོག་འོག་ལ་རླུང་རྒྱག་མི་ཐུབ་ཀྱང་གཤོག་ཐོག་ལ་རྡོ་མ་འཕེན། ཕྱི་ཡུལ་ནས་སུས་རང་ལུས་མེ་བསྲེགས་གཏོང་ཐུབ་ཟེར། གཟིགས་དང་ཕྱི་ཡུལ་ནས་རང་ལུས་མེར་བསྲེགས་མཁན་བྱུང་སོང་ང་། ཁ་རྒྱག་བཤད་པ་རེད་མི་འདུག་ག།

    Reply
  4. གངས says:
    ལོ་ 15 སྔོན།

    བཀྲ་ཤིས་ལགས། ཁྱོད་དང་ང་མ་ཡིན་པའི་མི་བུ་སྙིང་སྟོབས་ཅན་ཡོད་ཁོ་ཐག་ཡིན། དཔེར་ན་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལྟ་བུ།
    ངས་རང་ལུས་ཐ་གཅིག་ཏུ་མེ་བསྲེག་གཏོང་དགོས་ཟེར་བ་མིན། རྒྱལ་ཁབ་གཞན་ལ་ལྟོས་ནས་སྐབས་འདིར་འཁྲབ་སྟངས་ཞིག་ཡོད་ཡ། བསམ་བློ་ཞིག་ཐོང་དང་།

    Reply
  5. གངས says:
    ལོ་ 15 སྔོན།

    རང་ལུས་མེ་བསྲེགས་གཏོང་མི་ཐུབ་ཀྱང་འབོད་སྐུལ་ནི་ཧ་ཅང་དགོས་བ་ཞིག་རེད། ་རྡར་མ་ང་དང་ཁྱོད་ལྟ་བུ་མ་ཡིན་པ་ཞིག་ཡོད་ཁོ་ཐག་ཡིན།
    རྒྱབ་སྐྱོར་ཡོད། ་ཚང་མས་ལས་འགུལ་མགོ་སྔ་འཇུག་གསུམ་ཡོད་པ་ཞིག་ལ་འབད་རོགས།
    ༼བཙན་གནོན་མཚམས་འཇོག་འགྲོ་བ་མའི་གཞི་རྩའི་ཐོབ་ཐང་དགོས།༽

    Reply
  6. བཀྲ་ཤིས། says:
    ལོ་ 15 སྔོན།

    སད་མི་ཅོང་ཐོག་ཁ་རྒྱག་བཤད་ནས་ཕན་པ་ཡོད་དམ། ཕྱི་ཡུལ་ནས་སུས་རང་ལུས་མེ་བསྲེགས་གཏོང་ཐུབ། ཁྱོད་ཀྱིས་མེ་བསྲེགས་གཏོང་ཐུབ་བམ། གལ་སྲིད་ཐུབ་ན་ཁྱེད་ཀྱི་བསམ་ཚུལ་འདི་ལ་རྗེས་སུ་ཡི་རངས་དང་། ཁྱེད་ནམ་ཡང་རྒྱལ་གཅེས་དཔའ་རྒོད་ཡིན། དེ་མིན་ན་རྒྱག་གཏམ་བཤད་པས་གོ་མི་ཆོད་ལགས།
    ༼བོད་ནང་གི་ལས་འགུལ་དང་གཅིག་མཚུངས་ཀྱི་རང་ལུས་མེར་བསྲེགས་ཀྱི་ལས་དོན་སྤེལ་རྒྱུ་དེ་ཡིན།༽

    Reply
  7. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    དུས་ལ་བབས་པའི་ཅོང་བརྡ་ཞིག་རེད། ཕྱོགས་ཡོངས་ནས་སྒོ་ཀུན་ནས་་ལས་འགུལ་གྱི་མེ་ལྕེ་དྲག་ཏུ་སྦོར་དགོས། བདེན་པའི་གཟི་འོད་ཀུན་ཏུ་ཁྱབ་པར་བྱེད།

    http://zhu-ruiblog.blogspot.com/
    Like · · See Friendship · about an hour ago
    Sorima Phurba likes this.

    http://www.chinesepen.org/Article/gjbhdt/201111/Article_20111104020143.shtml

    Reply
  8. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ཡག་པོ་གསུང་འདུག་་་རྒྱབ་ལ་ལངས་ཡོད།
    སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་སྐོང་ཚོགས་ལ་ཕེབ་དེ་བོད་དོན་བཤད་རྒྱུ་གལ་ཆེན་ཡིན་ན་ཡང་ཚོགས་མི་དེ་དག་གི་མ་གོ་མ་ཚོལ་བ་ཞིག་ང་ཚོ་ལ་བཤད་རྒྱུ་ལྷག་མེད་ཉམས། དེ་བས་འཛམ་གླིང་མི་མང་གི་མིག་མདུན་དུ་ང་ཚོའི་གནད་ཡོད་མི་སྣ་དག་གི་དབུ་ཁྲིད་པའི་ཐོག་ལས་འགུལ་ཞིག་སྤེལ་ན། འཛམ་གླིང་མི་མང་ལ་སྐུལ་སློང་བྱེད་ཐུབ་པ་དང་སེམས་འགུལ་ཐེབས་པ་ཞིག་ཡོང་ན་ད་བཟོདམི་མང་གི་རྒྱབ་སྐྱོར་ཐོབ་སྲིད།
    དེ་མ་གཏོགས་སྟོབས་ཆེན་རྒྱལ་ཁབ་དག་གི་གནད་ཡོད་མི་སྣ་ཚོའི་རང་གི་རྒྱལ་ཁབ་གི་ཁེ་ཕན་ལས་གོམ་གང་ས་ཐིག་ལས་བརྒལ་མི་སྲིད།

    Reply
  9. སེར་སྨད་བློ་དགའ། says:
    ལོ་ 15 སྔོན།

    ་་་་་་་་་་་་་་རྒྱབ་སྐྱོར་ཡོད། འབོད་སྐུལ་དང་། སད་སྐུལ་གནང་བར་ཐུགས་རྗེ་ཆེ། མང་པོ་ཞིག་ད་དུང་གཉིད་ཁུག་བཞིན་པ་དང་། རེ་ཟུང་གིས་མུ་མཐུད་དེ་རང་ཉིད་ཀྱིས་གཉིད་སྨན་འཐུང་བ་མ་ཟད་མི་གཞན་ལ་གཉིད་སྐུལ་བྱེད་ཀྱིན་འདུག
    རེ་འགས་ནད་རྙིང་སྟོད་ལ་བསགས་ཏེ་གཞུང་སྒེར་ཚང་མ་ཧྲོབ་བརྡུང་བྱེད་ཀྱིན་འདུག སྤྱིར་བཏང་བཀའ་སྤྱི་མཉམ་རུབ་ཀྱིས་ལས་འགུལ་མང་པོ་ཡོད་པ་འདྲ་ཡང་། ངས་འདིའི་གཤམ་དུ་བྲིས་པའི་་་་རྒྱུ་དག་མེད་པའི་སྤྱི་འཐུས། ཞེས་པའི་དཔྱད་རྩོད་ནང་གི་མི་སྣ་གཙོ་བོ་ཚོས་བར་ཆད་མི་གཏོང་བའི་ངེས་པ་མེད། དོགས་ཟོན་བྱོས་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese