ཕྱི་ཚེས་ ༤ ཉིན་གྱི་དགོང་མོ་ཧྥ་རན་སིའི་བོད་རིགས་གཞོན་སྐྱེས་ཁག་ཅིག་གིས། རྒྱ་ནག་གཞུང་ཚབ་ཐོག་ཁང་སྟེང་འཛེགས་ནས་རྒྱ་ནག་རྒྱལ་དར་མར་ཕབ་རྗེས་བོད་ཀྱི་རྒྱལ་དར་ཡར་བསྒྲེངས་ཏེ་ངོ་རྒོལ་སྐད་འབོད་བྱས་འདུག
ཕྱི་ཚེས་ ༤ ཉིན་གྱི་མཚན་མོའི་ཆུ་ཚོད་ ༣ ཙམ་ལ། ཧྥ་རན་སིར་གནས་སྡོད་བོད་མི་ ༡༧ དང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཧྥ་རན་སིའི་ཡུལ་མི་ ༣ བཅས་མཉམ་རུབ་ཐོག རྒྱ་ནག་གཞུང་ཚབ་ཁང་གི་སྒོ་འགྲམ་དུ་ལག་ལ་བོད་ཀྱི་རྒྱལ་དར་འཕྱར་བ་དང་བོད་རང་བཙན་གྱི་སྐད་འབོད་སོགས་གནང་སྟེ། རྒྱ་གཞུང་གིས་བོད་ནང་དྲག་སྤྱོད་དབང་བསྒྱུར་གྱི་སྲིད་ཇུས་སྤེལ་བཞིན་མཚམས་འཇོག་དགོས་པའི་ངོ་རྒོལ་བྱས་ཡོད་པ་དང་། སྐབས་དེར་ཧྥ་རན་སིའི་ཉེན་རྟོག་པ་རྣམས་ཐོན་ཏེ་བོད་མི་ངོ་རྒོལ་བ་རྣམས་རྒྱ་ནག་གཞུང་ཚབ་ཁང་ནང་འཛུལ་རྒྱུར་བཀག་འགོག་བྱས་ཡོད་འདུག ཡིན་ནའང་། སྐབས་དེར་བོད་མི་གཞོན་སྐྱེས་ཤིག་རྒྱ་ནག་གཞུང་ཚབ་ཁང་གི་ཐོག་ཁང་སྟེང་འཛེགས་ཏེ། ཐོག་ཁང་གི་ཡང་སྟེང་བསྒྲེངས་ཡོད་པའི་རྒྱ་ནག་གི་རྒྱལ་དར་མར་ཕབ་ཏེ་བོད་ཀྱི་རྒྱལ་དར་ཡར་བསྒྲེངས་ཡོད་པར་མ་ཟད། རྒྱ་གཞུང་གིས་བོད་ནང་དྲག་གནོན་དང་བོད་མི་དམར་གསོད་བྱ་རྒྱུ་མཚམས་འཇོག་དགོས་པའི་སྐད་འབོད་གནང་ཡོད་འདུག
གསར་འགོད་པ། ཚེ་རིང་རྒྱལ།
ཁ་བྱང་ཐོག་ནས་ ངས་ནོར་བ་ཅི་མཐོང་གི་འདུག
རྒྱལ་ས་པ་རི་སི་ནང་བཞུགས་བོད་རིགས་གཞོན་སྐྱེས་ཁྱེད་རྣམས་ལ་རེ་བ་ཏན་ཏན་བརྒྱབ་པ་ཡིན་ལ་ དུས་ལ་བབ་དུས་ཁྱེད་རྣམས་ལ་སྙིང་རུས་དང་ རང་རེའི་དོན་དུ་གང་ཡང་གནང་ཐུབ་ཀྱི་ཡོད་པ་ཤེས་བྱུང་། འོ་ཡག་བྱུང་ མི་རྒན་ང་བློ་བདེ་བྱུང་ མུ་མཐུད་ཤོག་།
རྗེས་སུ་ཡིད་རང་ཡོད། ད་དུང་བོད་ནང་གནས་ཚུལ་ཅི་རིགས་བྱུང་མིན་ལ་མ་ལྟོས་པར་ཕྱི་སྡོད་བོད་རིགས་ཡོངས་ཀྱིས་བོད་མི་རིགས་འདི་ཤི་ན་རང་ཉིད་ཀྱང་འཆི་ངེས་པའི་གནས་ལུགས་འདི་སེམས་ལ་ཉར་ནས་མི་རིགས་ཀྱི་འཐབ་བརྩོད་ལ་འབད་དགོས། ང་ཚོའི་མི་རབས་འདིར་བོད་མི་རིགས་འདི་ཤི་ཚེ་ང་ཚོ་ནི་འདས་དང་མ་འོངས་པའི་བོད་མི་རིགས་ཀྱི་ཞབས་འདྲེན་ཡིན། ང་ཚོའི་འཐབ་བརྩོད་འདི་མི་རབས་གཅིག་ཁོ་ན་དང་བོད་མི་ས་ཡ་དྲུག་ཁོ་ནའི་བདེ་སྡུག་གི་འཐབ་བརྩོད་མིན་པར་དེ་ནི་བོད་མི་དུང་ཕྱུར་མང་པོའི་ལས་དབང་དང་འབྲེལ་བའི་འཐབ་བརྩོད་ཡིན། དེས་ན་ཐོག་མར་རང་ཉིད་བོད་རིགས་ཡིན་པར་ཤེས་པར་བྱ་རྒྱུ་དེ་གཙོ་བོ་ཡིན། བསམ་བློ་དེ་ཡོན་ཕྱིན་ང་ཚོ་ནམ་ཡང་འཆི་མི་སྲིད།
ཙོ་རི་ཉི་མ་ལགས། ཁྱེད་རང་གིས་ཟམ་གདོང་བླ་མར་དེ་འདྲའི་ཟུར་ཟ་བྱེད་དགོས་དོན་གང་ཡིན། ཟམ་དགོང་བླ་མས་ཡོ་རོབ་བོད་རིགས་རྣམས་ཁྲིམས་འགལ་རེད་ཡུལ་གང་དང་ས་ཆ་གང་དུ་གསུངས་འདུག ཡོ་རིབ་གནས་སྡོད་བོད་རིགས་སྤྱི་དང་ཡང་སྒོས་ཉེ་དུས་འབྱོར་བའི་བོད་རིགས་མི་ཉུང་བ་ཞིག་ཡོ་རོབ་ནང་སྐྱབའ་བཅོལ་ལ་འབྱོར་སྐབས་རང་ཉིད་ཀྱི་མིང་བརྗེ་བསྒྱུར་བྱས་ཏེ་མིང་གཞན་ཞིག་གི་འོག་གནས་འཚོ་གནས་བྱས་དང་བྱེད་བཞིན་པ་དོན་དངོས་རེད། དཀའ་ངལ་གྱི་འབྱུང་རྩ་དེ་དང་བླང་དཔྱ་ཁྲལ་འབུལ་ཕྱོགས་དེ་རེད། ཡོ་རོབ་ནང་ཡོད་བོད་རིགས་མི་ཉུང་ཞིག་དངུལ་སྤྲད་ནས་ཡོང་པ་རེད། འགྲོ་ལུགས་ཀྱི་ཆ་ནས་ལུགས་མཐུན་མིན་པ་ཁྱེད་རང་གིས་ཤེས་ཀྱི་ཡོད་ལ་ཚང་མས་ཤེས་གསལ་རེད། ཁོང་གིས་བོད་རིགས་དེ་རིགས་ཁྲིམས་འགལ་རེད་ནམ་ཡང་གསུངས་མེད། དེ་བས་འགྲོ་ལུགས་ཀྱི་ཆ་ནས་ཡང་དག་མིན་པའི་བྱ་སྤྱོད་དེར་བོད་གཞུང་གིས་རྒྱབ་གཉེར་དགོས་ལབ་ན་འགྲིག་གི་རེད་དམ། ང་ཚོའི་གཞུང་དེ་བོད་མི་རིགས་གཅིག་གི་གཞུང་མ་གཏོགས་ང་ཚོ་སྐྱབས་བཅོལ་བ་ཁོ་ནའི་གཞུང་མིན་པ་ཁྱེད་རང་གིས་ཀྱང་ཤེས་ངེས་ཡིན། དེས་ན་བོད་རིགས་ཁ་ཤས་ཀྱི་གནས་སྐབས་ཀྱི་དཀའ་ངལ་སེལ་སླད་རང་གཞུང་གི་མཚན་སྙན་དང་ཆེ་མཐོང་ཆུ་ལ་སྐྱུར་དགོས་སམ། དེ་ལྟར་བྱས་ཚེ་བོད་གཞིས་བྱེས་གཉིས་ཀྱི་ཚབ་མཚོན་སྲིད་གཞུང་ཞིག་ཇི་ལྟར་ཆགས་ངེས་ཙམ། མ་འོངས་པར་བཀའ་མོལ་གནང་སྐབས་འུར་གཏམ་ལས་རྒྱུ་མཚན་སྔོན་དུ་བརྗོད་ན་ཁྱེད་རང་གི་བཀའ་མོལ་རིན་ཐང་ཡོད་མིན་བལྟ་ངེས་ཡིན། དེ་མིན་མ་ཡིན་སྒྲོ་འདོགས་ཀྱི་སྐད་ཆ་བཤད་ན་ཕན་ནུས་གང་མེད་ཁར་ལྡོག་ཕྱོགས་ཀྱི་ནུས་པ་མཐོན་ངེས་ཡིན། དེ་ནི་ཁྱེད་ཀྱི་ཀུན་སློང་ཡིན་མི་སྲིད། གནས་སྐབས་དེ་ཙམ་ཡིན།
རྒན་ཆབ་བྲག་ལགས་ཀྱིས་གསུང་བ་བཞིན་འཐབ་རྩོད་བྱེད་ཐབས་མ་འདྲ་བའི་ཁྱད་ཆོས་ཞིག་འབུར་དུ་ཐོན་ནས་འདུག དེ་བཞིན་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་བ་དང་མུ་མཐུད་དེ་ཐབས་ལམ་སྣ་མང་སྒོ་ནས་འབད་བརྩོན་ཀྱིས་གདུང་སེམས་མཉམ་བསྐྱེད་འདིའི་དགོས་བ་དམིགས་ཡུལ་འགྲུབ་རེག་བར་དུ། འུ་ཅག་གིས་རང་ཉིད་ལ་གུ་ཡངས་བྱེད་པའམ་རྒྱལ་སྤྱིའི་རོགས་འདེགས་ལ་རེ་ཞིང་སྒུག་ནས་སྙིང་རྗེ་བསྐྱེད་ཡོང་བསམ་པའི་མནོ་བསམ་གཏོང་མི་རུང་། རང་ཉིད་མཁོ་བའི་དགོས་དམིགས་དག་རང་སྟེང་གི་ནུས་བ་དེ་བསྐྱེད་ནས་འགྲུབ་དགོས་བའི་གནས་ལུགས་ཞིག བོད་གངས་ཅན་པའི་ཡུལ་གྱར་གྱི་་དུས་ཚོད་འདིའི་ནང་རྟོགས་ཡོད་ལ། རྒྱུས་མངའ་ཆེ་ཤོས་དེ་ཡིན་ལབ་ནའང་སྐྱག་རྫུན་བཤད་པའི་ཚོད་ལ་ལྷུང་མི་སྲིད། ཞོར་དུ་རྩེ་ཆུ་མིག་འབོད་པ་ལ་ཞུ་རྒྱུ། ཁྲིམས་དང་མཐུན་མིན་མི་ཤེས་བཞིན་དུ་བསམ་ཚུལ་རྒྱང་སྒྲོགས་བྱེད་སྟངས་འདི་རིགས་དཀའ་ལས་ཐེབས་པ་རེད། དགོངས་འགལ་མེད་པ་ཞུ།
དུས་བབ་རྩོམ་སྒྲིག་པ་དང་ཐེངས་འདིའི་གསར་འགོད་པ་ཚེ་རིང་རྒྱལ་སོགས་ལགས།
གསར་འགྱུར་བསྡུ་འགོད་བྱས་པར་བཀའ་དྲིན་ཆེ་མོད། མ་མཐའ་ཡང་ཁ་བྱང་ཙམ་ལ་གཟབ་གཟབ་གནང་རོགས་ཞུ། དཔེར་ན་༼རྒྱའི་གཞུང་ཚབ་ཐོག་ཁང་སྟེང་བོད་ཀྱི་རྒྱལ་བསྒྲེངས་འདུག༽ཅེས་པ་དེར་གཟིགས་དང་།
ཁོ་བོས་ཀྱང་དེ་བཞིན་ཐེངས་ཤིག་བྱས་མྱོང་། རང་རང་གི་ཕྲག་ཏུ་བབ་པའི་ལས་འགན་རེད། གཟི་བརྗིད་རེད། ཐུགས་རྗེ་ཆེ་ལན་བརྒྱ་ཞུ་རྒྱུ་དང་ཆབས་ཅིག ངའི་ཁྱོད་ལ་བོད་ཀྱི་ཕོ་རྒོད་དང་བོད་ཀྱི་དཔའ་བོ་ཞེས་བརྗོད་འདོད་སྐྱེས། ཁྱོད་ཀྱང་བོད་ཀྱི་དཔའ་པོ་ཡིན། ཐུགས་རྗེ་ཆེ།
ལས་འགུལ་འདི་ཡང་སྤྱིས་བོད་དོན་དོ་སྣང་ཡོང་བའི་ཐབས་ཤེས་ཡག་པོ་ཞིག་ཡིན་པས་ལས་འགུལ་སྤེལ་མཁན་ཚོར་བོད་མི་ས་ཡ་དྲུག་གི་ཚབ་བྱས་ནས་ཐུགས་རྗེ་ཆེ་ཞུ།
ཟབ་གདོང་བླ་མས་ཁྲིམས་འགལ་ཉེས་ཅན་པ་བརྩི་སའི་ཡོང་རོལ་བོད་མི་འདི་ཚོས་གོང་ཁྲན་ཏང་ལ་ངོ་རྒོལ་བྱེད་སྟངས་འདིས་ཅི་ཞིག་མཚོན་གྱི་འདུག་གམ།
ཁྲིམས་འགལ་ཉེས་ཅན་པ་འདི་ཚོའི་ལག་ནས་དང་བླངས་དཔྱ་ཁྲལ་ཀྱང་ལེན་གྱི་ཡོད།
ཡུང་རོལ་ནང་བོད་མི་༡༠༠༠༠ཡོད་ཀྱང་་་དང་བླང་དཔྱ་ཁྲལ་སྤྲད་མཁན་༤༠༠༠མ་གཏོགས་མི་འདུག་ཟེར་བ་འདི་ཡང་བདེན་པ་ཞིག་མ་རེད། རྫུན་བསྒྲགས་ཁོ་ན་རེད།
བོད་མི་མིག་ཡོད་ཞིག་ཡིན་ན་་་་་་་་་་་་་ཡོང་རོལ་བོད་མི་རྣམས་སུ་ཁྲིམས་འགལ་ཉེས་ཅན་བརྩིས་ན་བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་ནུས་པ་ཉམས་འགྲོ་བར་ཤེས་ཀྱི་གལ་ཆེ།
ཧྥ་རིན་སུའི་རྒྱལ་ཁབ་ནང་གི་བོད་མི་ཚོ་ཁྱེད་ཚོའི་སྙིང་སྟོབས་དང་ལྷག་བསམ་ལ་སྔགས་བརྗོད་དང་བསྟོད་སྔགས་ཡོད། དུས་ནམ་ཡིན་ཡང་དེ་དང་དེ་ལྟ་བུ་ཞིག་ལས་འགུལ་ཅིག་སྤེལ་ན། ང་ཚོའི་བོད་མི་རིགས་གི་ལས་འགན་མྱུར་ཏུ་འགྲུབ། རྒྱ་མའི་བཙན་གནོན་ཇི་ལྟར་ཆེ་རུང་མགོ་མི་སྒུར་བ་ནི་བོད་མི་རིགས་འདིའི་དཔའ་བོའི་གདུང་རྒྱུད་ཡིན་པའི་རྟགས་མཚན་ཡིན། ཐུགས་རྗེ་ཆེ་ལགས། བོད་རྒྱལ་ལོ།
བོད་པའི་ན་གཞོན་ཚོའི་སྙིང་སྟོབས་ལ་ཡིད་ཆེས་ཡོད་ལ། ཁྱེད་ཚོའི་ཕུག་བསམ་ལ་རེ་བས་ཁེང་ཡོད། བཙན་གནོན་ཇི་ལྟར་ཆེ་རུང་མགོ་མི་སྒུར་བ་ནི་བོད་མི་རིགས་འདི་དཔའ་བོའི་གདུང་རྒྱུད་ཡིན་པའི་རྟགས་མཚན་ཅི་ལ་མིན།
འདི་འཇབ་རྒྱུག་གི་ཐབས་ཤེས་རེད། རྒྱལ་ཁབ་གཞན་དག་ནས་ཀྱང་ཐབས་ཚུལ་འདི་སྤྱོད་ཐུབ་ན་བཟང། འཆར་འགོད་དང་གྲ་སྒྲིག་བཟང་ན་འདི་འདྲའི་རིགས་མང་ཙམ་སྤེལ་ཐུབ་ངེས་རེད།
ཁྱེད་ཀྱི་ལྷག་བསམ་དང་། སྙིང་སྟོབས་ལ་མངོན་པར་བསྟོད་དོ།
གཟིགས་འདོད་ན།
http://www.youtube.com/watch?v=evBYa3vezLo&feature=player_embedded
རྒྱ་ནག་གཞུང་ཚབ་ཁང་གི་ཁང་ཐོག་ལ་བོད་ཀྱི་རྒྱལ་དར་བསྒྲེགས་པ་ཡག་པོ་རེད། ཡིན་ན་འང་རྒྱ་ནག་གི་རྒྱལ་དར་མར་ཕབ་པ་དེ་ཁྲིམས་མཐུན་ཞིག་ཡིན་མིན་མི་ཤེས།
རྒྱལ་ས་ཕ་རི་ཡི་ཕ་བཟང་བུ་རྒོད་དག།
ཕ་ས་ཕ་ཡུལ་གྱི་རང་དབང་རྩོད་མཁན་ཡིན།།
རྒྱ་མིའི་དོན་གཅོད་ཀྱི་དར་ཐག་གཅོད་མཁན་ཡིན།།
བོད་པའི་རྒྱལ་ཁབ་ཀྱི་རྒྱ་དར་འཕྱར་མཁན་ཡིན།།
རྒྱའི་གཞུང་ཚབ་ཐོག་ཁང་སྟེང་བོད་ཀྱི་རྒྱལ་བསྒྲེངས་འདུག
མགོ་བརྗོད་ནོར་འདུག
ཐུགས་རྗེ་ཆེན།
ཡག་པོ་འདུག