ད་ནངས་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་མདུན་དུ་གྲྭ་བ་ཞིག་གིས་བོད་རང་དབང་ཆེད་རང་ལུས་མེར་བསྲེགས་བཏང་འདུག
དེ་རིང་ཞོགས་པའི་ཆུ་ཚོད་ ༧ པའི་སྟེང་། བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་མདུན་དུ། རང་ལོ་ ༣༠ ཡས་མས་ཡིན་པའི་བོད་ཀྱི་དགེ་འདུན་པ་ཞིག་གིས་ལག་ཏུ་བོད་རྒྱལ་དར་འཕྱར་བཞིན། “ བོད་ལ་རང་དབང་དགོས་ ” ཞེས་པའི་འབོད་ཚིག་སྒྲོག་བཞིན་རང་ལུས་མེར་བསྲེགས་བཏང་ཡོད་འདུག་ལ། སྐབས་དེར་མི་མང་གིས་ཁོང་གི་གཟུགས་པོའི་མེ་གསོད་ཐུབ་ཙམ་བྱུང་ཡོད་ནའང་། གློ་བུར་དུ་ས་གནས་བལ་ཡུལ་ཉེན་རྟོག་པ་དང་དམག་མི་འབོར་ཆེན་བསླེབས་ཏེ་མང་ཚོགས་རྣམས་ཕྱིར་འཕུད་བཏང་སྟེ། མཆོད་རྟེན་གྱི་མཐའ་ཡོངས་སུ་བསྐོར་ཡོད་སྟབས། ད་ལྟ་དགེ་འདུན་པ་ཁོང་གི་གནས་སྟངས་ཤེས་རྟོགས་ཐུབ་མི་འདུག
ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཡང་བལ་ཡུལ་དུ་བོད་རིགས་བུད་མེད་ཅིག་རང་ལུས་ལ་ས་སྣུམ་བཤོལ་ཏེ། རང་ལུས་མེར་བསྲེགས་གཏོང་རྩིས་བྱས་སྐབས་བོད་མི་ཁག་ཅིག་གིས་བཀག་འགོག་གནང་ཡོད་འདུག
གསར་འགོད་པ། དཔལ་ལྡན།
སེམས་བསམ་པའི་ངོས་ནས་གདུང་སེམས་མཉམ་བསྐྱེད་རྣམ་དག་ཞུ།
སྐུ་པར་ཞིག་ད་དུང་ལག་སོན་མ་བྱུང་ངམ། སྐྱོ་བ་ལ། བརྙན་འཕྲིན་ཡག་པོ་ཞིག་བླངས་ན་ཅིས་མི་ཆོག མི་སྲོག་གསོན་པོའི་མཆོད་པ་འདི་དག་མངོན་སུམ་བཞིན་དུ་སྙང་ཐུབ་ན་ཅི་འདྲའི་ནུས་པ་ཆེ་ཨང།
བདེན་པའི་དཔལ་གྱི་སྒྲོན་མེ་འདི་དག་གིས་བདེན་མཐའ་གསལ་བའི་འོད་སྣང་འགྱེད། བདེན་པའི་སྐྱ་རེངས་མྱུར་དུ་འཆར་བར་སྨོན། ཁྱེད་ཉིད་སྐུ་ལ་བར་ཆད་མེད་པར་འཚོ་གནས་ཐུབ་པར་སྨོན། བསམ་དོན་ཆོས་བཞིན་འགྲུབ་པར་སྨོན།
སྲོག་ལྡན་གྱི་སེམས་ཅན་ཞིག་ལ་མཚོན་ན་ཚེ་སྲོག་ནི་ཧ་ཅང་རིན་ཐང་ཅན་གྱི་དངོས་པོ་ཞིག་ཡིན་པར་ཤོད་དགོས་དོན་མེད། ཚེ་སྲོག་གི་འགྲོ་གྲོན་བཏང་བའི་དོན་ཅན་དེ་ཅི་ཞིག་དང་འབྲེལ་ཡོད་པར་ཐུགས་སྣང་འཇོགས་དགོས་པར་དེ་བས་ཤོད་དགོས་དོན་མེད། ཡིན་ནའང་བོད་མི་རིགས་ཀྱི་ལོ་རྒྱུས་སུ་ཕྱིར་མིག་རེར་ལྟོས་སྐབས་ཚེ་སྲོག་གི་འགྲོ་གྲོན་གཏོང་འོས་ཅི་མིན།
སྤྱིར་ཁོའི་ལུས་སྟེང་ནས་མེ་ཤུགས་ཆེན་འབར་འདུག། འོན་ཀྱང་དེ་རིང་ཚེས་བ་བཅོ་ལྔར་མཆོད་རྟེན་ལ་སྐོར་བ་བྱེད་མཁན་མང་པོ་ཡོས་པས་ལམ་སེང་མི་འཛོམས་པ་དང་མེ་གསོད་ཐུབ་པ་བྱུང་འདུག།
གཅན་བཟོད་རྒྱམ་ལགས་དང་རྣམ་པ་ཚོར། དགེ་འདུན་པ་ཁོ་ཁམས་དཀར་མཛེས་ནས་ཡིན་པ་བོད་ཕྲུག་ལགས་ཡིན་པ་དང་། ཁོང་གི་དཔུང་པ་གཉིས་གང་མཚམས་འཚིག་ཡོད་པ་ལས་གཞན་སྐྱོན་ཆེན་པོ་མེད་པ་རེད།
རང་ལུས་མེར་བསྲེགས་ཀྱི་ལུས་འགུལ་སྤེལ་སྟངས་སྐོར་ལ་ཁ་བརྡ་དྲ་བར་བསྒྱུར་རྩོམ་ཞིག་བཀོད་འདུག དེ་ནི་ཕྱི་ལོ་༡༩༦༢ ལོར་ཝིཏ་ནམ་ནང་ནང་པའི་དགེ་སློང་དགུངས་ལོ་༧༢ ཅན་ཞི་གིས་ཡུལ་དེའི་མི་དམངས་ཀྱི་བདེ་སྐྱིད་དང་དམག་འཁྲུག་གི་དུས་ཡུན་དང་ནང་པའི་ཆོས་དད་རང་དབང་གི་ཆེད་དུ་ཡིན་འདུག
སྐབས་དེར་ཁོང་གིས་སྐུ་ལུས་རེ་རུ་སྲེག་སྐབས། ཡུལ་དེའི་གྲྭ་བ་༣༠༠ ལྷག་དང་ཡུལ་མི་ཚོས་མཐའ་ནས་བསྐོར་ཏེ་ཁོང་གི་དགོངས་དོན་ལྟར་རང་ལུས་ཡོངས་སུ་མེར་ཚིགས་སུ་བཅུག དེ་ཡང་ཁོང་ཚོས་མཐའ་ནས་བསྐོར་དགོས་ནི་ཕྱིའི་དམག་མིས་ཁོང་གི་རང་ལུས་མེར་སྲེག་གི་ལས་འགུལ་དེར་འགོག་རྐྱེན་སྲུང་བའི་ཆེད་དུ་ཡིན་སྐོར་འདི་ལྟར་བྲིས་འདུག ( མེ་བསྒྲོན་གྱི་ཉིན་མོ་དེར་གྲྭ་བ་ ༣༠༠ ལྷག་གིས་ཀོང་དྷུག་མཐའ་བསྐོར་གྱི་སྲང་ལམ་བཀག་ནས་ལས་འགུལ་འདི་ལ་འགོག་རྐྱེན་ཡོང་རྒྱུར་བཀག་འགོག་བྱེད་ཡོད།) དེས་ན། ངས་འདིར་བཤད་འདོད་པ་ནི་ང་ཚོས་ཀྱང་མི་སུ་ཞིག་གིས་རང་ལུས་མེར་སྲེག་གི་ལས་འགུལ་གང་དུ་དང་སུ་ཞིག་གིས་སྤེལ་སྐབས་གོང་གི་ཝིཏ་ནམ་དུ་གྲྭ་བ་༣༠༠ ལྷག་གིས་གནང་བ་ལྟར་ཕྱིའི་དམག་གིས་བཟུང་འཕྲོག་གིས་མནར་གཅོད་ལྷག་དེ་མྱོང་དུ་མི་འདུག་པ་དང་། རང་ལུས་མེར་སྲེག་གཏོང་མཁན་ཁོང་གི་དགོངས་འགྲུབ་པར་རབ་འདེགས་གང་ཡོང་ཞུ་དགོས་སྙམ། སྐར་ཁྲི་བཙན་གྱིས་བཤད་པ་བཞིན་(ལུས་པོའི་མེ་བསད་པ་དང་མཆོད་རྟེན་གྱི་རྒྱབ་ཕྱོགས་སུ་ཁྲིད་སོང་ཟེར། )བ་དེ་བདེན་ན་འགྲིག་འདུག་མོད། འོན་ཀྱང་གསར་འགོད་པས་བཤད་པ་བཞིན་ཡིན་ན། མེར་སྲེག་གཏོང་མཁན་གྲྭ་བ་དེའི་གནས་སྟངས་ཅི་ཡིན་ད་དུང་སུས་ཤེས་ཐུབ། གང་ལྟར་བོད་ནང་དུ་རང་ལུས་མེར་སྲེག་གཏོང་མཁན་ཚོ་ནང་བཞིན་རང་ལུས་མེས་ཚིགས་པའི་སྡུག་བསྔལ་གྱི་སྟེང་དུ་རྒྱ་དམར་གྱི་དམག་མིས་གཅར་རྡུང་སྐོར་གསུམ་དེ་མྱོང་མི་དགོས་པའི་རེ་བ་ཆེ། ཁོང་གི་གནས་སྟངས་ཁ་གསལ་གང་མགྱོགས་གོ་ཐོས་ཡོང་བར་ས་གནས་མི་མང་གིས་འབད་རོགས་ཞུ། བོད་རྒྱལ་ལོ།།
མར་སྣུམ་རྒྱ་མཚོས་ཡོངས་སུ་འཁྱིལ་བའི་དབུས། །ཕུན་ཚོགས་འོད་སྟོང་བསྟན་སྲིད་སྒྲོན་མེ་སྤར། །བོད་ཡུལ་མུན་པའི་དུས་ངན་བསལ་ཞིང་འབྱེད། །བསྐལ་བཟང་སངས་རྒྱས་དངོས་སུ་བྱོན་པར་འགྱུར། །
༸གོང་ས་ཡིད་བཞིན་ནོར་བུ་སཀྭ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་མི་རིགས་ཁྲི་ལོར་བརྟན་པར་ཤོག
༼ འདི་ག་དུས་བབ་དྲ་བའི་སྐར་ཁྲི་བཙན་ལགས་ཀྱི་ཟིན་བྲིས་ནང་བཀོད་དོན། ༽
དེ་རིང་ཞོགས་པ་ཆུ་ཚོད་དྲུག་དང་བདུན་གྱི་བར་དུ་བལ་ཡུལ་མཆོད་རྟེན་བྱ་རུང་ཤ་ཁོར་གྱི་སྐོར་ལམ་དུ་གྲྭ་བ་ཞིག་གིས་གཟུགས་པོ་མེ་བསྲེགས་བཏང་འདུག གནས་ཚུལ་དེ་གོ་མ་ཐག་ང་སྐོར་ལམ་དུ་སོང་ནས་རྒྱས་ལོན་བྱས་ཚེ། འགའ་རེས་མཐོང་བ་ལ ལག་ཏུ་རྒྱལ་དར་བཟུང་བའི་གྲྭ་བ་ཞིག་གིས་འབོད་སྒྲ་སྒྲོག་གིན་མི་ཚོགས་ནང་དུ་བརྒྱུགས་སོང་བ་མཐོང་བ་ལས་ངག་ནས་འབོད་ཚིག་རྒྱལ་བ་རིན་པོ་ཆེ་ཅིག་ཅིག་མ་གཏོགས་གསལ་བོར་ཐོས་མི་འདུག འགའ་རེས་ལུས་པོ་ཡོངས་སུ་མེ་ཡིས་བཏུམས་ཡོད་ཀྱང་ངག་ཏུ་རྒྱལ་བ་རིན་་པོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོགས་ཅེས་པའི་འབོད་སྒྲ་སྒྲོག་པ་ཐོས་འདུག་བོད་པ་འགའ་ཞིག་གིས་ལུས་པོའི་མེ་བསད་པ་དང་མཆོད་རྟེན་གྱི་རྒྱབ་ཕྱོགས་སུ་ཁྲིད་སོང་ཟེར། ང་དེར་སླེབས་དུས་ཁོང་གི་ན་བཟའི་ཚིག་རོ་འགའ་མ་གཏོགས་ཅི་ཡང་རྙེད་མ་སོང་།