ཁ་སང་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་རྒྱ་གཞུང་གིས་རྩུབ་སྤྱོད་མཚམས་འཇོག་དགོས་པ་དང་། བོད་མི་ཚོས་ཀྱང་ཚེ་སྲོག་ལ་གཅེས་སྤྲས་ཀྱིས་ཐབས་ལམ་གཞན་འཚོལ་དགོས་པའི་འབོད་སྐུལ་གནང་འདུག
ཁ་སང་ཕྱི་ཚེས་ ༩ ཉིན་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་བོད་ནང་རང་ལུས་མེ་བསྲེགས་ཀྱི་ལས་འགུལ་སྤེལ་བཞིན་པའི་ཐད་རྒྱ་གཞུང་ལ་འབོད་སྐུལ་ཞིག་གནང་འདུག འབོད་སྐུལ་དེར། རྒྱ་ནག་གཞུང་གིས་བོད་དོན་ཐོག་གཏན་འབེབས་བྱས་པའི་སྲིད་བྱུས་དག་ལ་བསྐྱར་ཞིབ་དང་། བོད་མི་མང་གི་ཁྲིམས་མཐུན་གྱི་རེ་སྨོན་ལ་ཉན་ཏེ། བོད་མི་དང་ལྷན་དུ་དོན་སྙིང་ལྡན་པའི་གྲོས་མོལ་བྱ་རྒྱུ་ལས། རྩུབ་སྤྱོད་ལ་བརྟེན་ནས་བོད་མི་རྣམས་ཀྱི་ཁ་གཅོད་ཐབས་བྱ་མི་རུང་བ་སོགས་བཀོད་འདུག
དེ་བཞིན། ནང་པས་ཚེ་སྲོག་ལ་གཅེས་འཛིན་བྱེད་པ་ཇི་བཞིན་ང་ཚོས་དོན་ལྡན་གྱི་རྒྱལ་ཁ་ལེན་ཆེད། ངེས་པར་དུ་རང་རང་གི་ཚེ་སྲོག་ལ་བདག་གཅེས་བྱ་དགོས་པ་དང་། ང་ཚོ་བོད་ལ་མཚོན་ན་མི་གྲངས་ཉུང་ཉུང་ཡིན་སྟབས། བོད་མི་རེ་རེའི་ཚེ་སྲོག་དེ་བོད་དོན་ལ་རིན་ཐང་གཞལ་དུ་མེད་པ་ཡིན། དེ་བས་བོད་མི་མང་གིས་རང་གི་ཚེ་སྲོག་ལ་གཅེས་སྤྲས་ཀྱིས་ཐབས་ལམ་གཞན་པ་བཙལ་ཏེ། དགེ་མཚན་ལྡན་པའི་ལམ་ནས་བོད་ཀྱི་ལས་དོན་བསྒྲུབ་དགོས་ཞེས་སོགས་གསུངས་འདུག
ཡང་རྒྱལ་བ་ཀརྨ་པ་མཆོག་གིས། “ བོད་ནང་བོད་མི་རེ་རེས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ཐོས་སྐབས་ངའི་སེམས་ལ་ན་ཟུག་ཚད་མེད་སྐྱེ་ཡོང་གི་འདུག བོད་དོན་ཆེད་རང་ལུས་མཆོད་མེར་འབུལ་བཞིན་ཡོད་པའི་བོད་མི་སྐྱ་སེར་ཚང་མ་ལོ་གཞོན་རྐྱང་རེད། ཁོང་ཚོར་འཚོ་སྡོད་ཀྱི་གོ་སྐབས་རིང་པོ་ཡོད་ཀྱང་། བོད་བསྟན་པ་ཆབ་སྲིད་ཆེད་ཞབས་ཞུ་གང་ཞིག་བསྒྲུབ་རྒྱུའི་གོ་སྐབས་རག་སྐབས་ཕངས་མེད་དུ་ཡོད་ཚད་བློས་བཏང་བ་རེད། ” ཅེས་གསུངས་འདུག
གསར་འགོད་པ། དོན་གོ
དྲྭ་འབུ་ཀླད་མེད་ཚོ་དང་ཁ་བརྡ་བྱེད་ཡག་སྔར་ནས་ཞེན་པ་གཏིང་ནས་ལོག་སོང་། ཡིན་ན་ཡང་བསྐྱར་དུ་གཅིག་བྲིས་ན། འགྱུར་མེད་བསྟན་འཛིན་གཙོས་པའི་དྲྭ་འབུ་ཚོས་གཟུར་གནས་ཡིན་མདོག་ཁ་པོ་བྱས་ཏེ་ཆོས་ལུགས་བར་གྱི་་མཐུན་འབྲེལ་དཀྲུག་རྒྱུ་དང་མི་རིགས་ཀྱི་བདེ་སྡུག་ལ་ཐུགས་ཁུར་གནང་མཁན་བླ་ཆེན་ཚོར་མི་མང་ཚོས་ཡིད་བརླགས་ན་ཅི་མ་རུང་སྙམ་ནས་སྐྱོན་བརྗོད་དང་ཟུར་ཟ་ཅི་ཤེས་གང་ཤེས་ཅི་དྲན་གང་དྲན་ཀྱང་ཀྱང་་་་་་་་་་་ཤ་ཚ་སྙིང་རྗེ། སྐུ་ཆེ་ཁྱོད་རང་ཚོའི་གནས་བབ་ལ་བསམ་གཞིག་ཅིག་བྱོས་དང་།
དྲ་གྲོགས་རྣམ་པ་དོན་མེད་རྩོད་པ་མ་གནང་། རང་དོན་དང་ཕྱོགས་རིས་ཁོ་ན་ལ་མ་ཞེན་པ་བོད་སྟན་པ་ཆབ་སྲིད་ལ་ཕན་པའི་བཀའ་མོལ་རེ་གནང་དང་། གོང་ས་༧རྒྱལ་བ་རིན་པོ་ཆེའི་རྩལ་ཆེན་གནང་ས་མཁན་པོ་འཇིགས་མེད་ཕུན་ཚོགས་ཞུ་མཁན་དེའི་རྒྱལ་ཚབ་ལ་ཚུལ་ཁྲིམ་བློ་གྲོས་ཡིན་པ་ཡོངས་གྲགས་རེད། ཁོང་ཨ་ནི་མཁན་པོ་ཡིན་མིན་གང་ཤེས། གང་ལྟར་མཚན་བསྙེན་གང་ས་ཁྱབ་བཞིན་པ་ཡོངས་གྲགས་རེད། མེས་པོའི་བཞག་པའི་ཆོས་དང་རིགས་གཞུང་ལ་བདག་པོ་དང་ཡར་རྒྱས་བཏང་བཞིན་པའང་ཡོངས་གྲགས་རེད། གང་ཟག་སུ་ལའང་་བཟང་ངན་གཉིས་རེ་མེད་པའང་ཆོས་ཉིད་རེད། གོང་ས་༧ ཡིད་བཞིན་ནོོར་བུ་ཞལ་ནས་ཀརྨ་པའི་ཡང་སྲིད་གཅིག་མ་ཏོགས་གཉིས་ཡོངས་མི་ཆོག་གསུང་པའི་ལོ་རྒྱུས་ཡང་གོ་ཡ་མི་འདུག ཀརྨ་པའི་ཡང་སྲིད་གཉིས་གསུམ་ཡོང་གི་རེད་གསུང་པའི་ལོ་རྒྱས་ཡང་གོ་ཡ་མི་འདུག བསྟན་འགྲོ་ལ་ཕན་ན་ཀརྨ་པའི་ཡང་སྲིད་བཅུ་འཕེབས་ནའང་མང་དྲག་རྒྱུ་མི་འདུག ངག་བརྒྱུན་ལ་འཛམ་གླིང་བྱེ་བ་ཕྲག་བརྒྱ་ལ་ཀརྨ་པའི་སྤྲུལ་བ་བྱེ་བ་འཕྲག་བརྒྱ་འཕེབས་ཚུལ་བཞིན་རེད། བསྟན་འགྲོ་ལ་མི་ཕན་པ་གནོད་ན་གཅིག་ཀྱང་མེད་ན་ཡག་ཤོས་རེད།
དྲྭ་གྲོགས་ཆོས་བཟང་། ཁྱེད་ཀྱིས་དྲི་བ་དང་པོ་དེའི་ལན་དེ་གཙོ་བོ་ཁྱེད་རང་གིས་བསམ་ཚུལ་ལམ་རྟོག་ཚོགས་ལ་རག་ལས་ཡོད། དཔེར་ན། བོད་དེ་རང་དབང་ག་དུས་ཐོབ་མིན་སུས་ཀྱང་ཐག་གི་གཅོད་མི་ཐུབ་པ་བཞིན། ཀརྨ་པའི་ཡང་སྲིད་གཅིག་མ་གཏོགས་ཡོང་མི་ཆོག་པ་ནི། འདས་པའི་བྱུང་རབས་དང་ད་ལྟའི་བོད་ཀྱི་གནས་བབས་གང་སྤྱིའི་སྟེང་ནས་ཤེས་ཐུབ་པ་ཞིག་ཡིན། དང་པོ་འདས་པའི་བྱུང་རབས་ལ་གཟིགས་ན་སྐུ་ཕྲེང་དང་པོ་ནས་བཅུ་དྲུག་བར་དུ་རེ་རེ་བྱོན་པ་ལས་ཁ་ཤས་ལ་གཅིག་དང་ཁ་ཤས་གཉིས་གསུམ་ཟེར་བ་ཞིག་གཏན་ནས་མ་བྱུང་བ་ལས་དཔོགས་ཐུབ། དེ་བཞིན་ངས་ཡག་པོ་ཞིག་ཤེས་རྟོགས་མ་བྱུང་སྟེ་གོ་ཐོས་ལ་གཏེར་བཏོན་མཆོག་གྱུར་གླིང་པ་ཞེས་པའི་བླ་མ་ཞིག་གིས་གཏེར་ལས་འཕྱུང་བའི་གུ་རུའི་རྣམ་ཐར་ཞིག་ཡོད་སྐད་དང་། དེའི་ནང་ཀརྨ་པ་སྐུ་ཕྲེང་རེ་རེའི་མཚན་རྣམས་བཀོད་ནས་གསུངས་ཡོད་ཟེར་བ་སྔར་ཐོས་མྱོང་འདུག་པས་ཁྱེད་རང་ཤེས་ལྡན་དང་ཕྱོགས་རིས་མེད་པ་ཞིག་ཡིན་ན་དེ་རྣམས་ལ་དཔྱད་པ་བྱོས་དང་རྣམ་རྟོག་བསངས་ངེས་རེད། ད་ལྟའི་གནས་བབས་ནི་བོད་སྤྱིའི་མགོན་དཔུང་དམ་པ་༧སྐྱབས་མགོན་རིན་པོ་ཆེས་ཐག་གིས་གཅོད་དེ་ཡང་སྲིད་གཏན་འབེབས་ཟིན་པ་མ་ཟད་དེ་ཡང་གཅིག་མ་གཏོགས་གཉིས་གསུམ་ཟེར་བ་སོགས་གང་ཡང་མེད་པའི་བཀའ་ཁྱབ་ཡང་བསྩལ་ཡོད་རབས་འདུག་པས་ཞིབ་དཔྱོད་གྱིས་དང་རྣམ་རྟོག་རྣམས་རང་ཡལ་དུ་འགྲོ་བའི་ཡི་ཆེས་ཡོད། སྔར་ཁྱེད་རང་བཞིན་ང་ཡང་ཡིན་ནའང་རིམ་པའི་ཇེ་གསལ་དུ་ཕྱིན་སོང་བས་ད་ནི་དེའི་སྟེང་ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་ཡིན་པས་དྭོགས་པ་ཕྲ་མོ་ཙམ་ཡང་མེད།
འབྲོང་བུ་སོག་ཚ། དེ་ཡག་བྱུང་། འགྲིག་འགྲིག་འགྲིག། ཐོག་མར་ང་དང་ང་འདྲའི་ཀླ་ཀློའི་བསམ་སྤྱོད་རིགས་ཉེ་བར་ཞི་བར་བྱོས་ལ། དེ་མཚམས་སུ་ལ་རྒྱག་དགོས་མིན་ལྟོས། སླར་ཡང་ང་ཆོས་བཟང་གི་མགོ་ལ་རྒྱག་དགོས་བྱུང་ཡང་དགའ་བསུ་ཡོད།
འོན་ཀྱང་ང་ལ་དྲི་བ་ཞིག་ཡོད་པ་དེ། ང་འདྲའི་ཀླ་ཀློའི་བསམ་སྤྱོད་རིགས་ག་དུས་ཉེ་བར་ཞི་ཐུབ་བམ། ཟེར་བ་འདི་ཡིན། སྒྲུབ་ཐུབ་པ་དང་འགྲུབ་ཐུབ་པ་རེ་གླེང་ན་ལེགས། གཞན་རྨོངས་དད། སྟོང་ལབ་དང་། ཞེན་ཁོག་སྐམ་པོ་བཅས་ཀྱིས་ད་བར་ང་ཚོར་ཕན་མ་སོང་ལ། མ་འོངས་པར་ཡང་ཨ་ཀྱང་ཀྱང་།
བདེན་པ་རེད། རང་རེ་བོད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དམ་པ་༧གོང་ས་༧སྐྱབས་མགོན་ཆེན་པོས་རྡ་སའི་ཀར་ཁོ་ལ་ཐུགས་རེ་ཆེ་བའི་རྒྱུ་མཚན་གྱིས་ང་ཆོས་བཟང་ཚུན་ཆད་ཀྱིས་ཡིན་ཤག་བྱས་པ་རེད། མ་འོངས་པར་དེ་བཞིན་འགྲོ་དགོས་མིན་ཁོང་གི་གནང་ཕྱོགས་ལ་རག་ལུས་ཡོད། འོན་ཀྱང་༧གོང་ས་མཆོག་གིས་ཀར་ཁོ་གཅིག་ལས་གཞན་རྩ་ནས་ཡོད་མི་སྲིད། གསུངས་མེད་པ་འདྲ། ང་ཚོས་ཕྱོགས་ཞེན་སྐམ་པོས་ཅི་ཡང་མི་ཕན་པས། བསམ་བློ་ཡག་པོ་ཐོངས།
ཆོས་བཟང་ལགས། ༧གོང་ས་ལྔ་པ་ཆེན་པོའི་གསུང་དེ་ཁ་བསྒྱུར་རྒྱུའི་ནུས་པ་ཡོད་མེད་ལ་མ་བལྟོས་པར་ཀླ་ཀློའི་ཐ་སྙད་བེད་སྤྱོད་གནང་མཁན་ཚང་མ་རྒྱ་ནག་དམར་པོའི་གཞུང་དང་གཅིག་མཚུངས་སུ་ལྡན་པ་དང་། དེང་སང་ཆོས་ཁས་ལེན་མཁན་དུ་རློམ་པའི་གང་ཟག་ཁྱོད་ལྟ་བུའི་ལྷ་བླར་སྐུར་འདེབས་རིགས་བགྱིས་ཚོད་ལ་གཞིགས་ན་ཆོས་ཁས་མི་ལེན་མཁན་རྒྱ་ནག་དམར་པོ་ལས་ཀྱང་ཆེས་སྡུག་པས། ཐོག་མར་དེ་དང་དེ་འདྲ་བའི་ཀླ་ཀློའི་བསམ་སྤྱོད་རིགས་ཉེ་བར་ཞི་བར་བྱེད་ནས་དེ་མཚམས་སུ་ལ་རྒྱག་དགོས་མིན་ལྟ་རྒྱུ་རེད། དེང་སང་ཀརྨ་པ་ཡིན་ཟེར་མཁན་ཁ་ཤས་འདུག་ན་རང་རེ་བོད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དམ་པ་༧གོང་ས་༧སྐྱབས་མགོན་ཆེན་པོ་ལས་ལྷག་པའི་གང་ཟག་ཞིག་ཁྱེད་རང་མིན་པར་གོང་གསལ་ཁྱེད་ཀྱིས་དྲྭ་གྲོགས་འགྱུར་མེད་བསྟན་འཛིན་ལ་བསྐྱོན་པའི་ལན་དེའི་ནང་ཞིབ་ཕྲ་གསལ་བས། ༧སྐྱབས་མགོན་རིན་པོ་ཆེས་ཀརྨ་པ་ཁ་ཤས་ཡོད་གསུང་ཡོད་ན་ངས་མི་ཤེས། དེ་མིན་བོད་ཀྱི་ལུགས་སྲོལ་དང་མཐུན་པའི་ཀརྨ་པ་གཅིག་ཡོད་པ་ནི་ད་ལྟ་ཁྱེད་རང་གི་མཇལ་བཞིན་པའི་ཀརྨ་པ་ཨོ་རྒྱན་ཕྲིན་ལས་ཁོ་ན་ལས་གཞན་ཞིག་གཞུང་འབྲེལ་བོད་པའི་སྤྱི་ཚོགས་ནང་ཡོད་པ་མིག་ལམ་དུ་མ་ཤར་བས་གལ་སྲིད་༧སྐྱབས་མགོན་རིན་པོ་ཆེས་གཞན་ཞིག་ངོས་འཛིན་གནང་ཡོད་ན་ཁྱེད་རང་གི་དེའི་མཚན་དང་ལོ་རྒྱུས་སོགས་ཕྲ་འགོད་རོགས།
དྲ་གྲོགས་འགྱུར་མེད་བསྟན་འཛིན། བོད་པའི་ལོ་རྒྱུས་ནང་༧གོང་ས་༧སྐྱབས་མགོན་༡༤པ་འདྲ་བའི་འཇོན་མཁན་ཞིག་སུ་གཅིག་བྱུང་མེད། དེའི་ཕྱིར་ཁོང་མི་འཇོན་མཁན་ཚོའི་ནང་ལ་ཚུད་དགོས་དོན་མེད།
རྒྱལ་བ་རིན་པོ་ཆེ་བླ་མ་ཆེ་ཤོས་དེ་ཡིན་པ་གང་ཞིག་དགོང་ལོ་རྒན་པ་ཡིན་པའི་ཕྱིར་བླ་རྒན་རེད་ཟེར་མཁན་ཡོད་ན་ཧ་ཅང་ནོར་འཁྲུལ་ཚབས་ཆེན་རེད། བོད་པ་ཞིག་ཡིན་ན་བོད་སྐད་བེད་སྤྱོད་གཏང་སྟངས་ཤེས་དགོས་པ་རེད།
འབྲོང་བུ་སོག་ཚ་ལགས། ༧གོང་ས་ལྔ་བའི་གསུང་དེར་ཁ་བསྒྱུར་བྱས་པར་ནུས་པ་ཡོད་ན། རྒྱ་དམར་སྲིད་གཞུང་མགོ་མཇུག་ཅིག་བསྒྱུར་དང་། དེ་ནས་ང་ཆོས་བཟང་ལས་སླ་བོ་རེད།
དེང་སྐབས་ཀརྨ་པ་ཡིན་ཟེར་མཁན་ཁ་ཤས་འདུག་པས་ངོ་མ་དེ་སུ་ཡིན་མིན་ངས་མི་ཤེས། རྡ་སའི་ཀར་ཁོ་དེ་ཡིན་པར་སེམས་བཞིན་ཡོད། གཞན་ཀར་བསྟན་ལ་འཚེ་མཁན་རྒྱ་དམར་རེད། དེ་ལ་བསམ་དགོས། ཀར་ཁོ་གཞན་རེ་ཡོད་ཀྱང་སྲིད། སུས་ཤེས།
སུས་ག་རེ་བཤད་ཀྱང་འགྱུར་མེད་བསྟན་འཛིན་ཟེར་བ་ཁོང་ལ་བདེན་ཆ་ཅུང་རེ་འདུག
སྨར་ཀླུང་ལགས། བག་ཆགས་ངན་པའི་ལྟ་ལོགས་ང་ཡིན་ན་འགྲིག འོན་ཀྱང་བོད་རིགས་གླེན་རྒན་འདི་ཚོས་རང་བློར་མ་ཤོང་ན་ལྟ་ལོགས་རེད་ཅེས་མཁས་དབང་དགེ་ཆོས་ཚུན་ཆད་ལ་བརྗོད་རབས་མང་།
ཆོས་བཟང་ལགས་ཀྱིས་བླ་རྒན་ཚོས་མ་འཇོན་ཟེར་ནས་བླ་རྒན་ཟེར་བའི་ནང་དུ་རྒྱལ་བ་རིན་པོ་ཆེ་ཚུད་ཡོད་དམ་་་་་་་་་་་རྒྱལ་བ་རིན་པོ་ཆེ་བླ་མ་ཆེ་ཤོས་དེ་ཡིན་པ་གང་ཞིག་དགོང་ལོ་རྒན་པ་ཡིན་པའི་ཕྱིར་་་་་་་་་་་་དེ་ལ་ཆོས་བཟང་གིས་ལན་གང་ཡོད་་་་་་་་་་་
དེང་སང་དྲྭ་གྲོགས་ཆོས་བཟང་སོགས་ནས་ལྷག་བསམ་ཡིན་ཁུལ་གྱིས་བླ་ཆེན་ཁག་ལ་སྨོད་ངན་དང་། སྐུར་འདེབས་མང་དག་ཞིག་བྱེད་བཞིན་པ་འདི་ལ་༧གོང་ས་ལྔ་པ་ཆེན་པོའི་གསུང་དེ་ཁ་བསྒྱུར་ཞིག་མ་བྱས་ན་ཐབས་མི་འདུག དམ་མིན་དམ་སྲི་མིང་རྫུས་ཆོས་བཟང་ཞེས། སྨོན་ལམ་ལོག་པས་རྒྱལ་བའི་བསྟན་པ་དང་། ཁྱད་པར་ཀར་བསྟན་འདི་ལ་འཚེ་བྱེད་ན། མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་རློགས།
གསང་ལམ་བར་ནས་བཤད་ཚུལ་ལྟར་ན་ཀརྨ་བླ་བྲང་གི་ནང་དུ་འབྲས་ལྗོངས་དང་འབྲུག་པ་རྐྱང་རྐྱང་འཛུལ་ནས་གསར་འབྱོར་དང་བོད་པ་ཡོད་ཚད་ཉེ་ཆར་ཕྱིར་འབུད་བྱས་པ་ཡང་གོ་རྒྱུ་འདུག་་་་་་་་་་་་དེ་ལྟར་ཡིན་ན་བླ་མ་ཀརྨ་པའི་མི་གཞི་དེ་གཞན་གྱིས་གང་ཁྲིད་ཁྲིད་ཤོག་བུ་ནང་བཞིན་མ་རེད་ཟེར་ནས་བཤད་གང་ལ་ཐུབ།
སྨར་ལུང་དཔལ་ཟེར་བ་དེ་རྙིང་བཀའ་གང་རུང་ཡིན་པ་དང་་་་་་་་་་ཆོས་བཟང་ཟེར་བ་དེ་དགེ་ལུགས་ཁོ་ན་མ་གཏོགས་མི་མ་རེད་ཟེར་མཁན་རེད་ཤག་་་་་་་་་་་་་དྲང་མོ་བཤད་ན་བོད་ཀྱི་བླ་རྒན་འདི་ཚོས་བོད་ལ་ཞབས་འདེགས་ཞུ་མྱོང་ཡོད་ཀྱང་་་་་་་་་་་་་དེ་ལས་མང་བའི་ཞབས་འདྲེན་ཡང་བཞགས་མྱོང་ཡོད་་་་་་་དེང་སང་ཚུལ་ཁྲིམས་བློ་གྲོས་ཀྱི་བྱས་རྗེས་དེ་བོད་མི་རིགས་ཀྱི་ལོ་རྒྱུས་ལེའུ་ནང་དུ་སུ་ཀྱང་བསུབ་མི་ཐུབ་པ་ཞིག་བཞགས་ཡོད་པ་དངོས་ཡོད་རེད་་་་་དེ་ལ་དགེ་ལུགས་ཚོས་ཕྲག་དོགས་ཟ་ཡང་སྡུག་གྱོང་རང་རེད་་་རྒྱ་གར་ནས་ཆོས་རིགས་གནས་ཐོག་ལ་དགེ་ལུགས་བྱས་རྗེས་ཆེ་ཤོས་རེད་་་་་་་་འོན་ཀྱང་མ་འཇོན་སའི་ཆ་ཤས་ཀྱང་མང་པོ་རེད་་་་་་་་་་་ཚུལ་ཁྲིམས་བློ་གྲོས་ཀྱང་སྐྱོན་མེད་ཡོན་ཏན་ཀུན་ལྡན་ཞིག་ཡིན་པ་ངས་ཀྱང་ངོས་ལེན་ཞུ་གི་མེད་་་་་སོ་སོས་ཆོས་བརྒྱུད་གང་ཡིན་པའི་ཕྱོགས་རིས་ཀྱི་སྐད་ཆ་རྐྱང་རྐྱང་བཤད་ན་དྲང་པོ་མ་རེད་་་་་་་་་་་་་་ནོར་བ་སུ་ལ་ཡོད་ཅིང་དགེ་མཚན་སུ་ལ་ཡང་ཡོད་པ་གཉིས་ཀ་བཤད་དགོས་་་་་་་་་་་དེང་སང་རྒྱལ་བ་དོན་གྱི་བདག་པོ་ཕུད་ན་བོད་གཞི་བྱས་གཉིས་ནས་བླ་མ་ཀརྨ་པ་འདི་མཚན་སྙན་གྲགས་ཆེ་ཤོས་རེད་འདུག་་་་་་་་་་་་་ནུས་པ་ཡང་ཁོང་ཆེ་ཤོས་རེད་ཤག་་་་་་་འོན་ཀྱང་ཁོ་རང་གིས་ཀྱང་ཕྱག་ལས་ཚང་མ་གཟབ་གཟབ་བྱ་ནས་གནང་དགོས་བ་ལས་རང་སྙང་གང་ཤར་དང་ཞབས་ཞུ་ཚོས་གང་ཞུས་ལ་གསན་ན་ཉིན་ཞིག་བློ་འགྱོད་དགོས་བ་ཡང་ཡོང་ཉེན་ཆེ་་་་་་་གང་ཡིན་ཚེ་ན་ཁོང་ལ་ཞབས་ཞུ་བློ་གཏད་ཡིད་ཆེས་ཐུབ་པ་དང་ཤེས་ཡོན་རྣམ་དཔྱོད་ཡོད་པ་དེ་འདྲ་གཅིག་ཀྱང་མེད་པ་ཡོངས་གྲགས་རེད་ཤག་་་་་་་་་་་་་་་་་ཞབས་ཞུ་་དེ་ཚོ་ནི་དངུལ་མ་གཏོགས་བླ་མའི་མཛད་པ་ལ་བསམ་བློ་གཏོང་མཁན་མེད་པ་སྤྱི་ཚོགས་ཁྱོན་ཡོངས་ནས་བཤད་ཀྱིན་འདུག་་པ་མ་ཟད་ཀརྨ་བླ་བྲང་ལ་གསར་འགྱུར་དང་བོད་པ་འགྲོ་སའི་ལམ་ཁ་ཞིག་མེད་པ་བཟོས་ཡོད་པའི་སྐད་ཆ་གསང་ལམ་བར་ནས་གོ་རྒྱུ་འདུག་་་་་་་་་་་་བློ་ཀྱི་བླ་ཆེན་ཞིག་གི་བླ་བྲང་ལ་བོད་པ་དང་གསར་འགྱུར་འགྲོ་ས་མེད་པ་བོད་ཀྱི་རིག་གཞུང་དང་སྐད་ཡིག་གླེང་ས་མེད་པ་ཆགས་པའི་ཉིན་མོ་མཛད་ཕྲིན་་ཟེར་བ་དེ་ཐག་རིང་པོ་ཆགས་ཚར་བ་རེད།
ཆོས་བཟང་ལགས་སུ། ཁྱོད་རང་ངོ་མ་བོད་ཀྱི་སྤྱི་ཚོགས་ནང་སྡོད་གནང་ཉན་གྱི་མི་ཞིག་རེད་མི་འདུག ད་ངས་གཞི་ནས་ཤེས་སོང་ཁྱོད་ངན་སོང་གསུམ་ལ་སྐྲག་གི་མེད་པ་དང་ལས་འབྲས་ལ་རྩི་མཐོང་མེད་པའི་མི་དཔའ་ཆེན་དེ་འདྲ་ལ་གུས་པས་ཞུ་དགོས་ཡ་མི་འདུག ཁྱོད་སྙིང་རྗེ། དངོས་གནས་ཁྱོད་སྙིང་རྗེ། ཁྱོད་ཀྱི་ཕ་མ་སློབ་དཔོན་དེ་ཚོ་དེ་འདྲ་ལྟ་བ་ལོགས་ནས་ཁྱོད་ལ་བག་ཆག་ངན་པ་བཞག་འདུག བོད་གངས་ལྗོངས་ཀྱི་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་ལས་ཡོངས་སུ་རྒྱབ་ལྟ་བྱས་ཚར་འདུག ཁྱོད་རང་གི་རྒྱ་བོད་བར་གྱི་རྩོད་གཞི་གང་ཡིན་ཡང་མགོ་འཚོས་མི་འདུག (ཆོས་རིགས་སླར་གསོ་འདི་རེད།) ཁྱོད་རང་སེམས་ལ་དཀའ་ངལ་མ་བཟོ་རོག ཁྱོད་རང་ག་རེ་བྱས་ན་ཁྱོད་ཀྱིས་ལྟ་བས་རྒྱ་ཆ་རྒལ་མི་ཐུབ་པ་འདི་བོད་ཀྱི་སེམས་ནང་གི་ཁྲག་རེད། རྒྱ་མིས་ལོ་གྲངས་ག་ཚོད་ལ་ལྟ་ལོགས་དགེ་མེད་སྡིག་སྟོང་སློབ་ན་ཡང་བོད་མི་ནི་རང་སོར་རེད། ཁྱོད་ནི་འཕགས་ཡུལ་ཆོས་ལྡན་གྱི་ཞིང་དུ་སྡོད་ན་ཡང་ལྟ་བ་དེ་འདྲ་ཡ་ང། ཁྱོད་ངར་མ་ལོང་ཞུགས་ནས་ཁྱོད་ལ་ཁ་བརྡ་མེད། ཨ་ཁ་ཁ།
བདེ་པོ།
ཧ་མ་གོ་ན། http://ti.tibet3.com/news/tibet/sc/2011-10/19/content_399250.htm དྲ་བྱང་འདི་གུང་ཁྲན་ཏང་གི་དྲ་བྱང་རེད། འདིར་གཟིགས་དང་གསེར་རྟའི་བླ་རུང་གི་ཁྱབ་ཁོངས་དཀར་མཛེས་ཁུལ་གྱི་འབྲོག་སྡེའི་གནས་སྟངས་རྒྱ་དམར་གྱིས་ཀྱང་ལྟས་ངན་གཡང་ལ་ཁ་བསྒྱུར་ཏེ། ཤོད་བཞིན་འདུག་ཏ། དཀར་མཛེས་ཁུལ་གཅིག་པུ་ཙམ་ལས་མགོ་ལོག་པདྨ་དང་། དར་ལག་སོགས་ཀྱི་འབྲོག་ཕྱོགས་ཉམས་ཉེས་བཏང་བའི་ཨ་ནེའི་མཁན་པོའི་བྱས་རྗེས་གཞན་དུ་འཚོལ་དགོས། བླ་རྒན་ཚོར་ཡིད་ཆེས་བྱས་ན་མཇུག་འབྲས་འདི་འདྲ་རེད།
རྒྱ་དམར་གྱིས་ཀྱང་འབྲོག་བསྐྱུར་རྩྭ་འདེབས་ཞེས་སོགས་ལ་ལྟོས་དང་། འུ་བོད་པ་ཚང་གི་བླ་རྒན་ཚོས་འབྲོག་པས་སྒོ་ཕྱུགས་བེད་སྤྱོད་མི་ཆོག་པའི་ཁྲིམས་དེས་རྒྱའི་སྲིད་ཅུས་ལ་རམས་འདེགས་ཐུབ་མི་འདུག་གམ། http://ti.tibet3.com/news/tibet/sc/2011-10/19/content_399250.htm
དཀར་མཛེས་ཁུལ་ཡོངས་ཀྱི་འབྲོག་བསྐྱུར་རྩྭ་འདེབས་ལས་ཀར་ཕན་འབྲས་གསུམ་ཐོབ་པ།
ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བ། 2011-10-19 09:01
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་འབྲོག་བསྐྱུར་རྩྭ་འདེབས་ཀྱི་ལས་གྲྭ་ལག་བསྟར་བྱས་པ་དང་། ལོ8ལ་འབད་བརྩོན་བྱས་པར་བརྒྱུད་“ཐོན་ལས་འཕེལ་རྒྱས་ཡོང་བར་སྐྱེ་ཁམས་ཅན་དང་སྐྱེ་ཁམས་འཛུགས་སྐྲུན་ལས་ཀ་ཐོན་ལས་ཅན་”དུ་འཛུགས་སྐྲུན་བྱེད་པའི་བསམ་ཕྱོགས་ལ་གཞིགས་ནས། རྣམ་གྲངས་འཛུགས་སྐྲུན་གྱི་ལས་ཀའི་ཐད་ཧ་ཅང་མངོན་གསལ་གྱི་སྐྱེ་ཁམས་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཁེ་ཕན་ཐོབ་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དཀར་མཛེས་ཁུལ་དུ་རང་བྱུང་གི་རྩྭ་ཐང་མུའུ་དུང་ཕྱུར1.42ཡོད་པ་དེ་རྒྱལ་ཡོངས་ཀྱི་འབྲོག་ཁུལ་ཆེན་པོ་ལྔའི་ཡ་གྱལ་དང་སི་ཁྲོན་ནུབ་བྱང་འབྲོག་ཁུལ་གྱི་གྲུབ་ཆ་གཙོ་བོ་ཡིན་ལ། འབྲོག་བསྐྱུར་རྩྭ་འདེབསལས་གྲྭ་ལག་བསྟར་བྱེད་སའི་ས་ཁུལ་གཙོ་གནད་ཞིག་ཀྱང་ཡིན་པ་རེད།
རྣམ་གྲངས་འཛུགས་སྐྲུན་གྱི་སྐྱེ་ཁམས་ཕན་འབྲས་མངོན་གསལ་ཡིན་པ། 2005ལོར་རྒྱལ་ཡོངས་ཀྱི་ཕྱུགས་ནད་སྨན་བཅོས་སྤྱིའི་ས་ཚུགས་ཀྱིས་“3S”ལག་རྩལ་བེད་སྤྱོད་བཏང་ནས་དཀར་མཛེས་དང་གསེར་ཐར་རྫོང་གཉིས་ལ་འབྲོག་བསྐྱུར་རྩྭ་འདེབས་ལས་གྲྭའི་ལྟ་ཞིབ་ཚད་ལེན་བྱས་པ་དང་།དཔེ་འདེམས་ས་ཚུགས་ཀྱི་ལས་གྲྭ་ས་ཁུལ་ཀྱིས་་ལས་གྲྭ་ས་ཁུལ་གཞན་དག་དང་བསྡུར་ན་དཀར་མཛེས་རྫོང་གི་སྔོའི་ཁེབས་ཚད་བརྒྱ་ཆའི་གྲངས་ཀ5འཕར་སྣོན་བྱུང་ཡོད་པ་དང་མཐོ་ཚད་བརྒྱ་ཆ168.9འཕར་བ། སྐྱེ་དངོས་ཐོན་འབོར་བརྒྱ་ཆ62.2འཕར་ཡོད། གསེར་ཐར་རྫོང་གི་སྔོ་ཁེབས་བྱུང་ཚད་བརྒྱ་ཆའི་གྲངས་ཀ25འཕར་སྣོན་བྱུང་ཡོད་པ་དང་མཐོ་ཚད་བརྒྱ་ཆ156འཕར་བ།སྐྱེ་དངོས་ཐོན་འབོར་བརྒྱ་ཆ79.6འཕར་ཡོད། 2009ལོར་《སི་ཁྲོན་ཞིང་ཆེན་གྱི་རྩྭ་ཐང་ཐོན་ཁུངས་དང་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གྱི་སྙན་ཞུ》ཐོག་ནས་མཚོན་རྒྱུར། དཀར་མཛེས་ཁུལ་གྱི2007ལོའི་འབྲོག་བསྐྱུར་རྩྭ་འདེབས་ཀྱི་ལས་གྲྭ་དང་དེ་ལས་གྲྭ་ས་ཁུལ་གཞན་དང་བསྡུར་ན་སྔོ་ཁེབས་ཚད་ཆ་སྙོམས་བརྒྱ་ཆའི་གྲངས8.7མཐོར་འདེགས་བཏང་ཡོད་པ་དང་མཐོ་ཚད་བརྒྱ་ཆ33.8འཕར་བ། ཐོན་འབོར་བརྒྱ་ཆ30.7མཐོར་འདེགས་བཏང་ཡོད་པ་རེད།
རྣམ་གྲངས་འཛུགས་སྐྲུན་ཐད་དཔལ་འབྱོར་གྱི་ཕན་འབྲས་མངོན་གསལ་ཐོབ་པ་ཡོད་སྟེ། གཅིག་ནི་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བཏང་བ། ཁུལ་ཡོངས་སུ2003ལོ་ནས2009ལོའི་བར་རྩྭ་ཐང་འཛུགས་སྐྲུན་བྱེད་མཁན་གྱི་འབྲོག་པའི་དུད་ཚང་ལ་རིམ་བསགས་ཀྱིས་བརྩིས་ན་གཟན་ཆག་གི་མ་དངུལ་སྒོར་དུང་ཕྱུར3.17ལག་བསྟར་བྱས་པ་དང་མི་རེར་ཆ་སྙོམས་སྒོར583ཐོབ་པ་དེས་འབྲོག་མིའི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་བཏང་བ་དང་འབྲོག་ཁུལ་གྱི་བདེ་འཇགས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་པ་རེད། གཉིས་ནི་ཐོན་སྐྱེད་བྱེད་སྟངས་ཐད་འགྱུར་ལྡོག་ངེས་ཅན་ཞིག་བྱུང་ཡོད། འབྲོག་བསྐྱུར་རྩྭ་འདེབས་ལས་གྲྭའི་་སྲོག་ཤིང་ནི་ཕྱུགས་འཚོ་རྒྱུ་བཀག་བསྡོམས་དང་ཕྱུགས་འཚོ་མཚམས་འཇོག་པའི་ལམ་ལུགས་ཁྱབ་སྤེལ་བཏང་བར་བརྒྱུད།ནོར་ཕྱུགས་དང་གཟན་རྩྭ་ཁོད་སྙོམས་གཏོང་རྒྱུར་སྐུལ་འདེད་བཏང་ནས་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་སྐྱེད་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱས་་པ། གསུམ་ནི་གནོད་འགོག་གནོད་སེལ་གྱི་ནུས་པར་ཤུགས་སྣོན་བརྒྱབ་པ། ལས་གྲྭ་འཛུགས་སྐྲུན་བྱས་པར་བརྒྱུད་འབྲོག་པའི་རྩྭ་ཐང་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པའི་ཧུར་བརྩོན་རང་བཞིན་ལ་སྐུལ་མ་བཏང་བ་དང་། རྩྭ་འདེབས་རྒྱུ་དང་རྩྭ་གསོག་ཉར་བྱ་རྒྱུའི་ལས་ཀར་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་ས་ཁུལ་གྱི་གཟན་རྩྭ་་གསོག་ཉར་སྙོམས་པོ་བྱས་པའི་དགུན་རྩྭ་སྐམ་པོ་སྤྱི་རྒྱ52ཐོག་སླེབས་པས། འཛུགས་སྐྲུན་སྔོན་ལས་སྤྱི་རྒྱ15མཐོར་འདེགས་བྱུང་ནས་དགུན་དཔྱིད་གཉིས་སུ་ནོར་ཕྱུགས་ཤི་གྲངས་ཉུང་དུ་ཕྱིན་པ་དང་། ནོར་ཕྱུགས་ལ་གནོད་སྐྱོན་ཐེབས་ནས་ཤི་ཉུང་བའི་ལས་གྲྭ་ལག་བསྟར་བྱེད་སའི་ས་ཁུལ་ལས་ཆ་སྙོམས་བརྒྱ་ཆའི་གྲངས་ཀ2མར་ཆག་ནས་ཤ་ཤེད་ཞན་ཚད་ཆ་སྙོམས་བརྒྱ་ཆའི་གྲངས་ཀ5མར་ཆག་པ་རེད།
རྣམ་གྲངས་འཛུགས་སྐྲུན་ཡག་པོ་བྱས་པ། རྣམ་གྲངས་ལག་བསྟར་བྱས་པར་བརྒྱུད་དཀར་མཛེས་ཁུལ་གྱི་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་དང་མི་རིགས་ཁག་གི་མི་དམངས་ཁྲི109ཡི་འཚོ་གནས་བྱེད་སའི་ཁྱིམ་གཞིས་སྲུང་སྐྱོང་བྱེད་པ་དང་། ཐོན་སྐྱེད་འཕེལ་རྒྱས། འཚོ་བ་ཕྱུག་པོ། སྐྱེ་ཁམས་བཟང་པོ་བཅས་ཀྱི་དམིགས་ཡུལ་མངོན་འགྱུར་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད། འཆམ་མཐུན་སྤྱི་ཚོགས་འཛུགས་སྐྱོང་བྱེད་པ་སོགས་ལ་ཧ་ཅང་གལ་ཆེའི་སྐུལ་འདེད་ཀྱི་ནུས་པ་ཐོན་པ། རྣམ་གྲངས་ལག་བསྟར་གཏིང་ཟབ་བྱས་པ་དང་སྦྲགས་རྣམ་གྲངས་དེས་ཐོན་སྐྱེད་བྱས་པའི་སྐྱེ་ཁམས་དང་།དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཕན་འབྲས་སྔར་བས་མངོན་གསལ་ཐོབ་རྒྱུ་རེད། །
རོ་ལངས་ཡ། རོ་ལངས། ཨ་ནེ་ཚོས་གངས་ལྗོངས་སྨྲ་བའི་དབང་ཕྱུག་གམ། འཛམ་གླིང་མཁས་པའི་གཙུག་རྒྱན་ཞེས་འུད་སྒྲོག་བྱེད་ཡུལ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཟེར་བས་གནམ་སར་མི་ཤོང་བའི་སྡིག་ཉེས་ཚབས་ཆེན་དེ་ནི་བོད་ཀྱི་འབྲོག་ཕྱོགས་ཉམས་ཉེས་བཏང་བ་དེ་ཡིན་པར་བོད་ཕྱི་ནང་གཉིས་ལ་མིག་མཐོང་ལག་ཟིན་གྱི་རྩོམ་ཡིག་རིན་ཐང་ཅན་རེ་ངས་ཕབ་འགོད་བྱས་པ་དེ་ལ་སུ་མ་དགའ་ཡང་སྡུག་གྱོང་རེད། གཞན་རྗེ་རིན་པོ་ཆེར་སྐྱོན་བརྗོད་དེ། དགེ་རྙིང་བར་དཀྲུགས་ཤིང་རྒྱག་མཁན་ཨ་ནེའི་མཁན་པོ་རང་ཉིད་ཡིན་པ་ལས་ང་མིན་པའང་རྩོམ་ཡིག་དེར་གསལ། བོན་རྙིང་བར་དཀྲུགས་ཤིང་རྒྱག་མཁན་ཡང་ཨ་ནེའི་མཁན་པོ་ཡིན་པ་ཡོངས་གྲགས་རེད། ས་བྱི་ཞི་རྒོལ་ཆེན་མོ་དགེ་ལྡན་པ་ཚོས་རང་ལག་གི་བོད་ཀྱི་སྲིད་དབང་སྲ་བརྟན་ཆེད་ཡིན་པར་ཤོད་པོ་ཡང་ཨ་ནེའི་མཁན་པོ་རང་ཉིད་ཡིན་པ་ལས། ང་ཆོས་བཟང་མིན་པ་ཡོངས་གྲགས་རེད་ཏ། ད་བར་ང་ཚོའི་མི་རབས་ནས་མི་རབས་བརྒྱུད་བླ་རྒན་ཚོའི་ངག་ལ་ཉན་པ་རེད། དེ་ནི་གཉིད་སན་རན་ཡིན་པ་ཁྱོད་རོ་ལངས་མ་གཏོགས་ཚང་མས་ཤེས་ཡོད་ཚོད་ཡིན་ཏ།
ཆོས་བཟང་ཟེར་བའི་ཁྱི་ཕྲུག་འདིས་དེ་སྔོན་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ལ་སྨ་འབེབས་དེ་ཙམ་བྱས་སོང་། རྙིང་མ་དང་དགེ་ལུགས་བར་ལ་དཀྲུགས་ཤིང་དེ་འདྲ་རྒྱབ་སོང་། དེ་དུས་ཀྱང་ཚོད་འཛིན་མི་འདུག ད་ཐེངས་གནས་ལུགས་དང་ཆོ་མེད་པའི་སྨོད་ཚིག་རྐྱང་རྐྱང་བེད་སྤྱད་དེ་ག་རེ་བྱེད་བསམ་གྱི་འདུག བོད་མིའི་མཐུན་ལམ་ལ་གཏོར་བཤིག་གཏོང་མཁན་འདི་དག་རྒྱ་དམར་གྱི་གསོས་ཕྲུག་ཡིན་པའི་དོགས་པ་ཆེ། ཡང་ན་དུས་བབ་ཚང་གི་ག་རེ་རེད་དམ།
དུས་ཐོག་ཏུ་སྨན་ཟེར་བ་ལྟར་༧རྒྱལ་བ་ཀརྨ་པ་མཆོག་གི་འབོད་སྐུལ་གནང་བ་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དངོས་མིང་འབྲི་མ་ནུས་པའི་དྲ་འབུ་འདི་ཚོས་བྱེད་སྟངས་ལ་གཟིགས་དང་དུས་རྟག་ཏུ་མདུང་རྩེ་ནང་དུ་གཏོད་པ་ལས་ཕྱིར་ལ་དུས་ནམ་ཡང་འདི་ཚོས་གཏོད་མྱོང་མེད། སྤྱིར་ང་ཚོ་བོད་པའི་གཤིས་ཀ་ཤིག་ལ་འཇོན་ཐང་དང་ཤེས་རིགས་ཏོག་ཙམ་ཡོད་མཁན་གྱི་མི་ཞིག་མིག་ལམ་ནས་མངོན་ཡོང་དུས་དེ་ལ་སྨད་ཅི་ཐུབ་དང་མཚང་འབྱིན་གཏོང་ཅི་ནུས་བྱེད་པ་དང་། དེ་ཉིད་འཇིག་རྟེན་གཞན་ཞིག་ལ་ཆས་ཟིན་དུས་བྱས་རྗེས་ཆེ་རབས་ཀྱི་ལོ་བསྟོད་པ་གནས་ས་ལའང་མི་ཤོང་བར་བྱེད་པའི་ལུགས་སྲོལ་འདི་ནི་ང་ཚོ་བྱེད་སྟངས་ཤིག་རེད། སྐྱོན་བརྫོད་དགོས་ན་རང་གི་མིང་ཐོག་བརྗོད་དགོས་པ་ལས་མིང་རྫུན་འོག་གི་འཆལ་གཏམ་འདི་ཚོ་ནི་ང་ཚོའི་མཐུན་ལམ་ལ་གནོད་པའི་རྒྱུ་རུ་འགྱུར་བས་དྲ་བདག་པས་འདི་ཚོའི་རིགས་ཚོད་འཛིན་བྱེད་དགོས་པ་དེ་གལ་ཆེན་ཞིག་རེད།
ཆོས་བཟང་ལགས་འདིར་གཟིགས་དང་། ( ཕྱི་ལོ་༡༩༦༢ ལོར་ཝིཏི་ནམ་ནང་། ནང་པའི་དགེ་སློང་དགུངས་ལོ་༧༢ ཅན་ཞི་གིས་ཡུལ་དེའི་མི་དམངས་ཀྱི་བདེ་སྐྱིད་དང་དམག་འཁྲུག་གི་དུས་ཡུན་དང་ནང་པའི་ཆོས་དད་རང་དབང་གི་ཆེད་དུ་ཡིན་འདུག
སྐབས་དེར་ཁོང་གིས་སྐུ་ལུས་རེ་རུ་སྲེག་སྐབས། ཡུལ་དེའི་གྲྭ་བ་༣༠༠ ལྷག་དང་ཡུལ་མི་ཚོས་མཐའ་ནས་བསྐོར་ཏེ་ཁོང་གི་དགོངས་དོན་ལྟར་རང་ལུས་ཡོངས་སུ་མེར་ཚིགས་སུ་བཅུག དེ་ཡང་ཁོང་ཚོས་མཐའ་ནས་བསྐོར་དགོས་ནི་ཕྱིའི་དམག་མིས་ཁོང་གི་རང་ལུས་མེར་སྲེག་གི་ལས་འགུལ་དེར་འགོག་རྐྱེན་སྲུང་བའི་ཆེད་དུ་ཡིན་སྐོར་འདི་ལྟར་བྲིས་འདུག ( མེ་བསྒྲོན་གྱི་ཉིན་མོ་དེར་གྲྭ་བ་ ༣༠༠ ལྷག་གིས་ཀོང་དྷུག་མཐའ་བསྐོར་གྱི་སྲང་ལམ་བཀག་ནས་ལས་འགུལ་འདི་ལ་འགོག་རྐྱེན་ཡོང་རྒྱུར་བཀག་འགོག་བྱེད་ཡོད།) དེས་ན། ངས་འདིར་བཤད་འདོད་པ་ནི་ང་ཚོས་ཀྱང་མི་སུ་ཞིག་གིས་རང་ལུས་མེར་སྲེག་གི་ལས་འགུལ་གང་དུ་དང་སུ་ཞིག་གིས་སྤེལ་སྐབས་གོང་གི་ཝིཏ་ནམ་དུ་གྲྭ་བ་༣༠༠ ལྷག་གིས་གནང་བ་ལྟར་ཕྱིའི་དམག་གིས་བཟུང་འཕྲོག་གིས་མནར་གཅོད་ལྷག་དེ་མྱོང་དུ་མི་འདུག་པ་དང་། རང་ལུས་མེར་སྲེག་གཏོང་མཁན་ཁོང་གི་དགོངས་འགྲུབ་པར་རབ་འདེགས་གང་ཡོང་ཞུ་དགོས་སྙམ།) ཞེས་བཀོད་མི་འདུག་གམ་ལས་འགུལ་གཟི་བརྗིད་ག་ཚོད་ཆེ་ན་ཡག་བ་ལས་སྡུག་བ་མིན་པ་ཤེས་དགོས། ཟིན་བྲིས་དེ་ཚོ་མཐོང་མེད་དུ་མ་བཟོ་རོག
སྨར་ཀླུང་དཔའ་ལ་ཟེར་བས༼འཛམ་གླིང་འདིའི་སྒང་ལ་ཕྱི་ནང་སུ་གི་ལྟས་ན་ཡང་སེམས་འགུལ་ཐོན་ཐུབ་པ་ཞིག་བཟོ་དགོས་རྒྱུ་ལས། བོད་མི་བཅུ་གཉིས་གསུམ་ཙམ་གྱི་སྐུ་ལུས་མཆོད་མེར་ཕུལ་ཟིན་ཀྱང། རང་མི་ཕུད་པའི་སུ་ལ་ཡང་གཡོ་འགུལ་དེ་ཙམ་འབྱུང་མི་ཐུབ་པ་འདི་ཐུགས་ཀྱིས་མ་བཟོད་ནས་གསུང་པ་ཡིན་པ་ཤེས་དགོས།༽ཟེར་བ་འདི་རེད། དཔའ་ལས་མགོ་ཁྲིད་ལ་འཛམ་གླིང་འདིའི་སྒང་ལ་ཕྱི་ནང་སུ་གི་ལྟས་ན་ཡང་སེམས་འགུལ་ཐོན་ཐུབ་པ་ཞིག་བཟོ་རོགས་གནང་དང་། ག་རེ་བྱེད་རྩིས་ཡོད་དམ། གསུངས་རོགས་གནོངས། ༼བོད་མི་བཅུ་གཉིས་གསུམ་ཙམ་གྱི་སྐུ་ལུས་མཆོད་མེར་ཕུལ་ཟིན་ཀྱང། རང་མི་ཕུད་པའི་སུ་ལ་ཡང་གཡོ་འགུལ་དེ་ཙམ་འབྱུང་མི་ཐུབ་པ་འདི་ཐུགས་ཀྱིས་མ་བཟོད་ནས་གསུང་པ་ཡིན་པ་ཤེས་དགོས།༽ཞེས་ཟེར། བསམ་བློ་ཡག་པོ་ཐོངས། དེང་སྐབས་འཛམ་གླིང་སྟེང་སླར་ཡང་བོད་དོན་ཚ་རླབས་ཞིག་འཕྱུར་བཞིན་པ་དེ་སུའི་བཀའ་དྲིན་རེད་དམ། རང་ལུས་མཆོད་མེར་ཕུལ་བའི་བཀའ་དྲིན་ལ་བརྟེན། རྒྱ་དཔོན་ཚོ་ངོ་ཚ་དགོས་པ་ཞིག་དང་། བུ་སྐྱེས་ན་སྐྱེས་གོ་ཆོད་པ་དང་། ཤི་ན་ཤི་གོ་ཆོད་ཟེར་བ་དེ་རེད། དེ་གཞན་ཅི་དགོས། གལ་ཏེ་དེ་ལྷག་གི་ཐབས་ལམ་ཡག་ཤོས་ཤིག་ཡོད་ན་ཀརྨ་པས་མགོ་ཁྲིད་ན་འགྲིགས་ངེས་རེད། དཔའ་ལས་མགོ་ཁྲིད་ན་འགྲིགས་ངེས་རེད། དངོས་ཡོད་ལ་སོམས། གཞན་དཔའ་ལས་ཞེན་ཁོག་སྐམ་པོ་དང་། ཀར་ཁོས་སྐད་ཆ་སྐྱིད་པོ་འདི་ཚོས་ཕན་ཐོགས་ཅི་ཞིག་ཡོད།
བློ་གཏོང་གང་ཡང་མེད་པར་རྒྱ་གཞུང་གིས་བོད་དོན་ལ་ལག་པ་འཆང་སྲིད་དམ། སྐུ་གཟུགས་མཆོད་མེར་ཕུལ་གནང་མཁན་ཚོས་སྐུ་སྲོག་མཆོད་མེར་ཕུལ་བ་ལས་ལྷག་པའི་གསོན་པོར་བཞུགས་ནས་བོད་ཀྱི་དོན་དུ་ཆེས་རླབས་ཆེ་བྱས་རྗེས་ག་རེ་འཇོག་རྒྱུ་ཡོད་མེད་ཀརྨ་པ་ནས་དགོངས་བཞེས་རོགས། ང་ནི་ནམ་ཡང་རང་ཉིད་བོད་པར་སྐྱེས་ཟིན་པས་བོད་ཀྱི་དཔའ་བོ་དེ་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ལས་འགྲིགས་མ་འགྲིགས་སྦྲང་བུའི་སྐད་ཙམ་གྲགས་ཕོད་པ་མི་འདུག་གོ །
བླ་མ་ཀརྨ་པ་ལ་ཞབས་ཞུ་འཇོན་པོ་རང་ཡོད་རབ་མི་འདུག་་་་་་་་ལོ་ན་གཞོན་གཞོན་རེད་བཀའ་སློབ་དང་ལས་དོན་གང་ཡིན་ན་གཟབ་གཟབ་བྱ་དགོས་་་་་ཐུགས་ཀྱི་གང་དགོངས་དང་ཞབས་ཞུ་ཚོས་གང་ཞུས་ལ་གསན་ནས་ཕྱག་ལས་དང་བཀའ་སློབ་གནང་ན་གྲུབ་འབྲས་དང་ཕན་གནོད་གང་ཡོང་་གཟིགས་དགོས།
ཀརྨ་མ་བླ་བྲང་ལ་བོད་ཡིག་ཤེས་མཁན་མེད་པའི་མི་ཁ་ཞིག་འདུག་ད་ཐེངས་ཀྱི་གསལ་བསྒྲགས་དེ་དབྱིན་ཇི་ལས་བོད་ཡིག་མེད་པ་ལ་ཚོད་དཔག་ན་སྐད་ཆ་དེ་ཚོ་བདེན་ཚོད་རེད་་་་་་་་་་་་་བླ་་བྲང་མིང་བྱང་རྫིག་པོ་འདི་ཚོ་ལ་བོད་ཀྱི་ཆོས་རིག་གཞུང་ཤེས་མཁན་མེད་པ་མི་ལ་བཀའ་སློབ་དང་ལམ་སྟོན་གནང་རྒྱུའི་ཐོབ་ཐང་ཡོད་མེད་ལྟ་རྒྱུ་རེད།
ཆོས་བཟང་ལགས་སུ། རྒྱལ་དབང་རིན་པོ་ཆེའི་གསུང་པ༼བོད་མི་མང་གིས་རང་གི་ཚེ་སྲོག་ལ་གཅེས་སྤྲས་ཀྱིས་ཐབས་ལམ་གཞན་པ་བཙལ་ཏེ། དགེ་མཚན་ལྡན་པའི་ལམ་ནས་བོད་ཀྱི་ལས་དོན་བསྒྲུབ་དགོས༽གསུང་པ་ལ་ལན་ཡོད་དང་ཡོད། གུས་པས་ཡང་སྔོན་དུ་འབོད་བསྐུལ་ཐུང་ངུ་ཞིག་ཞུས་ཡོད། ཤི་བ་ལ་གཟི་བརྗིད་དང་གསོན་པོ་ལ་བདེ་ཐབས་བཟོ་དགོས་རྒྱུ་འདི་རེད། མི་ཡི་ཚེ་སྲོག་ནི་འཇིག་རྟེན་འདིའི་སྒང་ལ་ཆེས་དམར་ཤོས་དང་ཆེས་རིན་པོ་ཆེ་ཡིན་ཙང་། ཚབ་ཚུབ་ཀྱི་ངང་ནས་ལས་འགུལ་བརླབ་ཆེན་སྤེལ་འདི་ཚོ་བག་ལ་ཞར་ནས་སྡུག་ཐོག་སྡུག་བརྩེགས་ལས་ནུས་པ་ཆེན་པོ་ཐོན་མ་ཐུབ་པ་འདི་ཕྱི་གསལ་ནང་གསལ་རེད། དེར་བརྟེན། ལས་འགུལ་ལ་གྲ་བསྒྲིག འཛམ་གླིང་འདིའི་སྒང་ལ་ཕྱི་ནང་སུ་གི་ལྟས་ན་ཡང་སེམས་འགུལ་ཐོན་ཐུབ་པ་ཞིག་བཟོ་དགོས་རྒྱུ་ལས། བོད་མི་བཅུ་གཉིས་གསུམ་ཙམ་གྱི་སྐུ་ལུས་མཆོད་མེར་ཕུལ་ཟིན་ཀྱང། རང་མི་ཕུད་པའི་སུ་ལ་ཡང་གཡོ་འགུལ་དེ་ཙམ་འབྱུང་མི་ཐུབ་པ་འདི་ཐུགས་ཀྱིས་མ་བཟོད་ནས་གསུང་པ་ཡིན་པ་ཤེས་དགོས། དེང་སང་གྲྭ་བསྒྲིག་ཡག་པོ་བྱེད་ན་སྨྱུ་གུ་དང་། ཚིག་དཀྲིས་རྒྱུད་ནས་བད་སྐྱེད་ཀྱིས་འཛམ་གླིང་ལ་བདེ་སྡུག་གསལ་སྟོན་བྱེད་རྒྱུ་ཡོད་པ་ཁྱོད་ཀྱིས་མཁྱེན་གསལ་རེད། དེར་བརྟེན་བོད་མི་གཞིས་བྱེས་སུ་ཡིན་ཀྱང་སེམས་སྡུག་ལང་པ་དང་སྐུ་ཧྲིལ་པོ་ཞིག་གི་ཚེ་སྲོག་རིན་ཅན་འདི་འདོར་མ་བཞག་རོག་ཞེས་གསུང་གི་དབུགས་དབྱུང་པ་ལས། གཞན་པ་རྒྱལ་དབང་རིན་པོ་ཆེ་ལས་གསུང་པའི་དབང་ཆ་ཡང་མེད་ལ། གཞན་པ་འདི་ལ་སྦས་དོན་རང་གཞན་སུ་ལ་ཡང་གནོད་པའི་གསུང་ཚིག་རྐང་གཅིག་མེད་པ་ཡིད་ལ་ངེས་པར་གྱིས་ཤིག
ད་རེས་དཔལ་རྒྱལ་བ་ཀརྨ་པས་མི་རིགས་འདིའི་ལས་དབང་ལ་ཆེད་དུ་གསུང་འཕྲིན་ཕེབས་པ་སྙིང་ནས་ཡི་རངས་ཞུ། དུས་ནས་དུས་སུ་ལམ་མི་གཡེལ་བའི་གསོལ་བ་འདེབས། འདི་ནི་མི་རིགས་འདིའི་རླབས་ཆེན་གྱི་རུ་དཔོན་ཞིག་གི་སྔོན་བརྡ་རེད། བཀའ་སློབ་དེ་གསར་ཤོག་འདིའི་ངོས་སུ་འདུག་གཟིགས་རོགས་ཞུ།
http://hillpost.in/2011/11/09/china-needs-to-seriously-review-tibet-policy-karmapa-lama/34511/latest-news/baldev
རང་གཞན་སྲོག་ལ་གནོད་པ་ལྟ་ཅི་སྨྲོས། །
རང་གཞན་རྒྱུ་ལའང་མི་གནོད་དམ་བཅས་ནས། །
རྣམ་དཔྱོད་ལྡན་པའི་ཞི་རྒོལ་མཐར་ཕྱིན་དགོས། །
གསུངས་མཁན་༸ཀརྨ་པ་དེ་ཡུན་བརྟན་ཤོག །
བཙན་བྱོལ་ནང་གཞུང་འབྲེལ་མ་ཡིན་པའི་སྣེ་ཁྲིད་མི་སྣ་ཁ་ཅིག་གིས་བོད་ནང་གི་ལས་འགུལ་དེ་མཚམས་འཇོག་དགོས་པའི་ཐོག་འབོད་སྐུལ་བྱེད་མཁན་རེ་ཟུང་འབྱུང་བཞིན་པའི་ཚོད་དུ་འདུག བླ་ཆེན་ཡིན་ནའང་འདྲ། དཔོན་ཆེན་ཡིན་ནའང་འདྲ། གང་ལྟར་བོད་ནང་གི་གནས་སྟངས་དངོས་དེ་མཁྱེན་པ་གནང་རྒྱུ་དེ་གལ་ཆེན་པོ་རེད། རང་ཉིད་རང་དབང་ལུང་པར་ཡོད་མཁན་ཞིག་གིས་དེ་བྱོས་དང་འདི་བྱེད་དགོས་པ་རེད་ལབ་པ་ཙམ་གྱིས་ནུས་པ་ཐོན་རྒྱུ་ཁག་པོ་འདུག བོད་ནང་རང་ལུས་མེ་སྲེག་གཏོང་མཁན་ཚོས་ཚེ་སྲོག་ལ་གཅེས་འཛིན་མ་བྱས་པར་བཏང་པ་ཞིག་གཏན་ནས་མ་རེད། དེ་ལས་ལྷག་ཁོང་ཚོར་ཐབས་ལམ་དེ་མ་གཏོགས་མེད་པར་ཨ་ཆ་འུ་ཐུག་ནས་གཅེས་པའི་རང་སྲོག་བློས་བཏང་ནས་རང་ལུས་མེར་སྒྲོན་པ་ཞིག་རེད། དཔེར་ན་ཁོང་ཚོར་སྐད་འབོད་གྱི་ལམ་ནས་རང་གི་བདེ་སྡུག་བརྗོད་པའི་རང་དབང་མེད། ཟས་བཅད་ཀྱི་ལམ་ནས་རང་གི་མངོན་འདོད་མཚོན་པའི་རྣམ་འགྱུར་བསྟན་པའི་རང་དབང་ཡང་མེད། ཞི་བའི་ལམ་གོམ་བགྲོད་བྱེད་པའི་རང་ཡང་མེད། རང་གི་སེམས་ནང་གི་བདེ་སྡུག་ཡིག་ཐོག་ཏུ་ཕབ་ནས་གོང་རིམ་ལ་ཞུ་གཏུགས་བྱེད་པའི་ཐོབ་ཐང་ཡང་དེ་བས་ཀྱང་མེད། མདོར་ན་རང་ཉིད་ཤི་བསམ་ཡང་འཆི་འཇུག་གི་མེད་པའི་གནས་སུ་གྱུར་འདུག་པ་དེ་མཁྱེན་དགོས་པ་ལས་ང་ཚོས་བཙན་བྱོལ་ནང་ནས་ཁ་སྟོང་པ་བཤད་པས་གང་ཡང་མི་ཕན། བོད་ནང་གི་བོད་མི་ཚོའི་བདེ་སྡུག་གི་ཐོག་ནུས་པ་ཐོན་ཐུབ་པའི་ལམ་སྟོན་འདྲ་ཡོད་ན་དགའ་བསུ་ཡོད། དེ་མེད་པར་སྤྱི་སྦོམ་ཙམ་བཤད་ནས་ཕན་པ་ལས་གནོད་ཆེ་བས། ཚང་མས་ཡིད་གཟབ་གནང་རོགས། དེ་རེ་སྐུལ་ཡིན།
ད་ཡང་བླ་རྒན་འདི་ཚོས་འཇོན་མདོག་བྱེད་གྲབས་རེད། ལྟོས་དང་༼བོད་མི་མང་གིས་རང་གི་ཚེ་སྲོག་ལ་གཅེས་སྤྲས་ཀྱིས་ཐབས་ལམ་གཞན་པ་བཙལ་ཏེ། དགེ་མཚན་ལྡན་པའི་ལམ་ནས་བོད་ཀྱི་ལས་དོན་བསྒྲུབ་དགོས༽ཞེས་གསུངས་མོད། འོ་ན་ཐབས་ལམ་གཞན་གང་རེད་དམ། དགེ་མཚན་ལྡན་པའི་ལམ་ནས་ལས་དོན་བསྒྲུབ་སྟངས་གང་འདྲ་རེད་དམ། རང་ལུས་མེ་བསྲེགས་ཀྱི་ལས་འགུལ་འདི་དགེ་མཚན་ལྡན་པའི་ལས་དོན་བསྒྲུབ་པ་མིན་ནམ། ཞེས་དྲིས་ན་བླ་མ་ཚང་ལ་ལན་གང་འདྲ་ཡོད།
ཁོང་གིས་དུས་དང་མཚམས་པའི་འབོད་བསྐུལ་གནང་བ་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཁོང་ལྟ་བུར་མཚོན་ན་མ་འོངས་པར་འུ་ཅག་བོད་མི་རིགས་ཀྱི་རེ་ལྟོས་བྱེད་ས་ཞིག་ཏུ་ངོས་འཛིན་བཞིན་ཡོད། དེས་ན་བོད་མི་རིགས་ཀྱིས་རེ་སྒུག་བྱེད་པའི་གསུང་ངོ་མ་དེ་དེ་རིང་གོ་སོང་། བྱས་ཙང་བཀའ་དྲིན་དེ་བས་ཆེ་ཞེས་ཞུ་རྒྱུ་ཡིན།
རྒྱལ་བ་ཀརྨ་པ་སྐུ་ཕྲེང་ན་རིམ་གྱིས་བོད་མི་རིགས་ཀྱི་ཆོས་རིག་གཞུངས་ཐོག་ལ་རླབས་ཆེན་གྱི་བྱས་རྗེས་བཞགས་མྱོང་ཡོད།
སྐུ་ཕྲེང་འདི་གཞན་དང་མ་འདྲ་བའི་སྐུ་ཡོན་རྣམ་དཔྱོད་དམིག་བསལ་ཡོད་མཁན་ཞིག་རེད།
ཐུགས་རྗེ་ཆེ་་་་་་་་་་་འོན་ཀྱང་ཀརྨ་མ་རིན་པོ་ཆེ་ན་ཞབས་ཞུ་ཚོ་ལ་ཞབས་འདྲེན་རྐྱང་་རྐྱང་མ་གཏོགས་ཡོད་རབ་མི་འདུག་་་་་་་་་་་་ ཁོང་གི་བློ་གཏད་ཡིད་ཆེས་ཐུབ་པའི་ཞབས་ཞུ་ཡག་པོ་དེ་འདྲ་བཞགས་དགོས་རྒྱུ་གལ་ཆེན་པོ་རེད་་་ཞབས་ཞུ་ཞབས་འདྲེན་་ཕན་མ་ཐོགས་པ་དེ་ཚོ་ཕྱིར་འབུད་བྱ་ནས་ཕན་ཐོགས་པའི་མི་བཀོད་བཞགས་བྱ་དགོས།
སྐུ་ལུས་མཆོད་མེ་རུ་ཕུལ་ཐུབ་པའི་བོད་བསྟན་པ་ཆབ་སྲིད་ཀྱི་ལས་འགན་དང་དུ་ལེན་མཁན་གྱི་རྒྱལ་གཅེས་དཔའ་བོ་དེ་འདྲ་གཅིག་མེད་པར་གྱུར་ན་དངོས་གནས་ཕང་བ་ལ་ཚད་མེད་པ་རེད། རྒྱལ་གཅེས་དཔའ་བོ་དེ་འདྲའི་ཆོད་སེམས་ཡོད་པའི་ཁར་སུས་ཀྱང་གེགས་རྐྱེན་མི་བྱེད་པར་སྔོན་དུ་གྲ་བསྒྲིག་ཨང་སང་ཞིག་བཟོ་མ་ཐུབ་པ་འདི་ཡང་ཤིན་ཏུ་ཕང་པོ་འདུག དེང་སང་གི་འཛམ་གླིང་འདིའི་གོ་ཐོས་ཡོད་ཚད་ལ་ཡིད་མི་བརྟན་པར་མངོན་སུམ་ཚད་མས་མཐོང་བཞིན་པའི་བརྙན་དཔར་ཚད་མ་ལ་ཕྱོགས་པའི་སྐབས་འདིར་ལས་འགུལ་བརླབ་ཆེན་འདི་ཚོའི་བརྙན་པར་ཚད་ལྡན་མ་རག་པ་དེ་བས་ཕང་པོ་རེད། རྗེས་སུ་ཅུང་ཟད་རག་ཡོང་ཤེས་ཆེ་ཀྱང་ཅུང་འཕྱི་དྲག་པ་རེད། དེང་སང་ནི་ཚ་ཚ་འུར་འུར་གྱི་ལས་འགུལ་ཡོད་ཚད་གསར་པ་རྐྱང་རྐྱང་ཡིན་ཙང་ཟླ་གཅིག་གཉིས། ཞག་མ་བཅུ་ཉི་ཤུའི་ལས་ཀ་ཡོད་ཚད་རྙིང་པ་ཆག་སོང་བའི་རྒྱུ་མཚན་གྱིས་ནུས་ཤུག་དེ་བས་ཆུང་བར་འགྱུར་གི་འདུག་པ་འདི་ལ་གཞིག་ཚེ་ཡོད་ངེས་པ་དེ་ཚོ་ལག་ཐོག་ཏུ་འབྱོར་མ་ཐུབ་འདི་ཡང་ཤིན་ཏུ་ཕང་པོ་འདུག རྗེས་སུ་གལ་སྲིད་དེ་འདྲའི་ཆོད་སེམས་ཅན་གྱི་བོད་མི་རྒྱལ་གཅེས་ཚོ་ལས་འགུལ་སྤེལ་སྟང་ནུས་ཅན་ཞིག་ཏུ་རེ་བ་འཆང་རོག་ཞུ། ང་ཚོ་སྡུག་ཡུས་ཁོ་ནས་རང་ལུས་མེ་བསྲེག་བཏང་ནས་བྱས་རྗེས་མེད་ན་སྡུག་ཐོག་སྡུག་བརྩེགས་ཡིན་པ་ལས་བརླབ་ཆེན་གྱི་གྲུབ་འབྲས་ཐོན་ཐུབ་ཀྱི་མི་འདུག་པ་ཀུན་གྱིས་མཁྱེན་གསལ་ལ་བློ་ཡང་དཀྱེལ་ཆེ་གནང་རོག་ཡང་ཡང་ཞུ་བསྐུལ་བྱེད་ཀྱི་ཡོད།
སྤྱིར་ཉི་མ་དེ་རིང་ནས་བཟུང་འདི་འདྲ་བསྲེག་ལས་བྱེད་མི་དགོས་པར་བོད་རྒྱ་ཞི་འགྲིག་དང་གཞིས་བྱེས་མཉམ་འཛོམ་ཡོང་བའི་སྨོན་འདུན་ལན་བརྒྱར་ཞུ་གི་ཡོད།
རྒྱལ་བ་ཀརྨ་མཆོག་ལ་སྔོན་མ་ནས་རེ་བ་ཆེན་པོ་ཡོད། དགུང་ནའི་བབ་དང་སྣེ་མང་གི་མཁྱེན་ཡོན་སོགས་གང་ལ་གཞིགས་ཀྱང་ཁོང་ནི་བོད་ཀྱི་བླ་ཆེན་རྣམས་ཀྱི་ཁྲོད་ང་ཚོས་མ་འོངས་པར་རེ་བ་ཆོན་པོ་བྱེད་ས་ཞིག་ཡིན། དེར་བརྟེན་བླ་བྲང་གི་ཞབས་ཅི་ཚོས་ཁོང་གི་ཞབས་ནས་མི་འཐེན་པའི་རེ་སྨོན་ཞུ་བཞིན་ཡོད།
དམ་པ་ཁོང་ནི་བླ་ཆེན་ཁག་གི་ནང་ནས་ཆེས་རེ་བ་ཤོས་ཏེ་ཡིན་པས། འདི་ལྟར་བཀའ་སློབ་ལམ་སྟོན་གནང་བར་སེམས་རྩ་ཤིན་ཏུ་དྲོ་སོང་། སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག
དཔལ་རྒྱལ་བ་ཀརྨ་པ་སྐུ་ཚེ་ཁྲི་ལོ་ན་ཁྲི་ལོར་བརྟན་པར་ཤོག
བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་ཚོ་ཆོས་ཁྲི་མཐོན་པོའི་སྒང་དུ་སྐྱིད་བསྡོད་བྱེད་པ་ལས་མི་རིགས་ཀྱི་རྩ་དོན་གར་ཡོད་ཆ་མེད་ཡིན་རྒྱུ་རེད། ཁོང་ཚོའི་རྗེས་འབངས་ཀྱི་རྒྱུ་སྦྱོར་བསམ་པ་ལས་མི་རིགས་ཀྱི་བདེ་སྡུག་བསམ་མཁན་དཀོན་པོ་རེད། བོད་མི་རིགས་ཀྱི་འཐབ་རྩོད་ཆེད་གདོང་ལེན་གནང་མཁན་རྒྱལ་བ་པན་ཆེན་རྣམས་གཉིས་ལས་སུ་ཡོད་ད་ལྟའི་བར་དུ་་་་་་་།
རང་ལུས་མཆོད་སྦྱིན་གྱི་དཔལ་གྱི་སྒྲོན་མེ་རེར་གཟི་བྱིན་ལྡན་པར་གཟིགས་ཚུལ་དང་བཅས་པའི་ལམ་སྟོན་འདིས་གཞིས་བྱེས་བོད་མི་ཡོངས་ལ་བློ་སྤོབས་སྔར་ལྷག་རྒྱས་པར་འགྱུར་ངེས། རྒྱལ་བ་བགྲེས་གཞོན་རྣམ་གཉིས་ནི་བོད་ཀྱི་ཉི་ཟླ་རྣམ་གཉིས་ཆགས་ཡོད། ཉི་ཟླའི་འོད་ཁྱིམ་འོག་བོད་འབངས་ཀྱི་རྒྱུ་སྐར་ཀུན་ཡང་འོད་ཟེར་གྱིས་འཚོ་ངེས། ཉི་ཟླ་སྐར་གསུམ་གྱི་འོད་ཀྱིས་མུན་པ་མ་ལུས་མཐར་སྤྲད་ནས་འཇིག་རྟེན་འོད་ཀྱིས་སྒེག་པར་འགྱུར། བདེན་པ་ཉིད་རྒྱལ་བར་ངེས།
སྙིང་རྗེ་རྒྱལ་གཅེས་དཔའ་བོ་དེ་ཚོ། དངོས་གནས་བལ་ཡུལ་གཞུང་ནི་རྒྱ་དམར་པོའི་སྲིད་གཞུང་དང་འདྲ་བོ་རེད། ཁྱི་རྒན་དེ་ཚོ།
རྒྱལ་གཅེས་དཔའ་བོ་ཁོང་གི་སྐུ་སྲོག་ལ་གནོད་སྐྱོན་མི་འབྱུང་བ་དང་མི་རིགས་ཀྱི་རྩ་དོན་ཆེད་དུ་རང་ལུས་ཕུལ་བ་ལས་ལྷག་པའི་སྲིད་ཞུ་སྒྲུབ་ཐུབ་པའི་རེ་བ་དང་སྨོན་ལམ་ཞུ།
ཁྱི་རྒན་དེ་ཚོ་རྒྱལ་གཅེས་དཔའ་བོ་ཁོང་གང་དུ་ཡོད་ན་ད་ལྟ་རང་ཁྲིད་ཤོག །
ཐེངས་འདིའི་༸རྒྱལ་དབང་ཀརྨ་པ་མཆོག་གིས་བཀའ་གསུང་གསེར་གྱི་རྩི་ལྟ་བུ་འདི་ཉིད་བོད་མི་རིགས་ཀྱི་ལོ་རྒྱུས་དཀྱོགས་མཚམས་ཀྱི་རྡོ་རིང་ལྟ་བུ་ཞིག་དང་། མཐུན་སྒྲིལ་རྡོག་ལ་བསྒྲིལ་བའི་སྟོབས་ཤུགས་གསོན་པོ་ཞིག ༸གོང་ས་ཐམས་ཅད་མཁྱེན་པས་སྐུ་ངལ་དཔག་དཀའ་བ་ཁྱད་དུ་བསད་པའི་རླབས་ཆེན་གྲུབ་འབྲས་ཀྱི་མཚོན་བྱེད་ཅིག་ཏུ་འགྱུར་བའི་རེ་བ་ཆེ།
དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་འདི་ལྟར་གསུང་གི་དབུགས་དབྱུངས་པར་དགའ་གུས་སྟོང་གིས་ངོ་སོ་བསྟོད། བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་དང་མི་རིགས་ཀྱི་ཆག་འཇིག་ནི་༸གོང་ས་རྒྱལ་བ་རིན་པོ་ཆེ་དང་། འབངས་མི་ཚོའི་འགན་ལྟ་བུར་མ་བཞག་པར་བོད་གངས་ཅན་གྱི་ཆོས་སྲིད་གང་ལ་ཡང་འགན་འཁྲི་བླ་ན་མཐོ་བའི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་རྣམ་པ་གཙོས་པའི་རིས་མེད་བླ་སྤྲུལ་ཆེན་པོ་རྣམས་ཀྱིས་འབོད་སྐུལ་ཙམ་དུ་མ་བཞག་པར་བསྟན་སྲིད་སླར་གསོའི་འཐབ་རྩོད་འདིའི་སྣེ་ཁྲིད་དུ་བཞེངས་པར་འབོད་སྐུལ་ཞུ་བ་ལགས།
༸དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་བོད་མི་མི་རེ་ངོ་རེའི་གཅེས་པའི་ཚེ་སྲོག་ལ་རིན་ཐང་མེད་སྟབས་གཅེས་སྤྲད་བྱེད་དགོས་པའི་འབོད་བསྐུལ་གནང་བ་དེར་བསྔགས་བརྗོད་ཞུ།
ད་ཆ་ང་ཚོས་བོད་དོན་ལས་འགུལ་གྱི་རྣམ་པ་གསར་པ་ཁ་ཤས་ཤིག་གི་ཐབས་ཇུས་ལྡན་པའི་རང་བཞིན་བེད་སྤྱད་དགོས་པའི་དུས་ཚོད་ཅིག་རེད།
༸ རྒྱལ་བ་བསྟན་འཛིན་རྒྱ་མཚོས་གཙོས་པའི་བོད་བརྒྱུད་ནང་བསྟན་གྱི་སྐྱེས་ཆེན་དམ་པ་དག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་མི་རིགས་ཁྲི་ལོར་བརྟན་པར་ཤོག
འབོད་སྐུལ་གང་བའི་ཡི་གེཆ་ཚང་བ་འདིར་བཀོད་ན་དེ་བས་ཕན་རླབས་ཆེ་བར་མཐོང་ངོ་།།
རྒྱལ་བ་རྐམ་པ་མཆོག་གི་རྒྱ་ནག་ལ་འབོད་སྐུལ་དང་གཞིས་བྱེས་བོད་མི་རྣམས་ལ་བཀའ་སློབ་གནང་བར་རྙིག་ཐག་པ་ནས་ཡི་རངས་དང་ངག་བརྗོད་ཡོད།
ཡིན་ན་ཡང་རིན་པོ་ཆེ་མཆོག་ནས་ཆོས་ལུགས་དང་ཆོལ་ཁ་བླ་མ་དང་སློབ་མ།
གཞིས་རིམ་མི་དམངས་རྣམས་ཕན་ཚུན་མཐུན་ལམ་དང་
གཅིག་སྒྲིལ་དགོས་མཁོ་དང་གལ་ཆེ་ཡིན་པའི་སྐོར་བཀའ་སློབ་གནང་མི་འདུག་ལ་དེ་སྔོན་ཡང་རིན་པོ་ཆེའི་བཀའ་སློབ་དེ་འདྲ་གོ་མྱོང་མེད།
མ་འོང་པར་བཀའ་སློབ་དེ་འདྲ་མང་ཙམ་གནང་ཐུབ་ན་སྤྱིར་བཏང་དགེ་མཚན་དང་དགོས་པ་ཡོད་པ་མ་ཟད་བོད་ཀྱི་རྩ་་དོན་ལ་ཡང་ཕན་པ་ཆེ།
“ བོད་ནང་བོད་མི་རེ་རེས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ཐོས་སྐབས་ངའི་སེམས་ལ་ན་ཟུག་ཚད་མེད་སྐྱེ་ཡོང་གི་འདུག བོད་དོན་ཆེད་རང་ལུས་མཆོད་མེར་འབུལ་བཞིན་ཡོད་པའི་བོད་མི་སྐྱ་སེར་ཚང་མ་ལོ་གཞོན་རྐྱང་རེད། ཁོང་ཚོར་འཚོ་སྡོད་ཀྱི་གོ་སྐབས་རིང་པོ་ཡོད་ཀྱང་། བོད་བསྟན་པ་ཆབ་སྲིད་ཆེད་ཞབས་ཞུ་གང་ཞིག་བསྒྲུབ་རྒྱུའི་གོ་སྐབས་རག་སྐབས་ཕངས་མེད་དུ་ཡོད་ཚད་བློས་བཏང་བ་རེད། ”འདི་ནི་གཞིན་སྐྱེས་དག་གི་སྙིང་རྩ་སྒུལ་བའི་ལས་འགུལ་དང་ལུས་སྲོག་བསྲེགས་པའི་མཆོད་མེ་ལ་གངས་ཅན་པའི་བླ་ཆེན་གཞོན་ནུ་ཞིག་གི་ཐུགས་ཀྱི་ཚོར་རླབས་རེད། བོད་མའི་སེབས་ཁོང་གི་སྒྲོན་མེ་༧དཔལ་རྒྱལ་དབང་ཀརྨ་པ་སྐུ་ཚེ་ཡུན་དུ་བརྟན་པར་སྨོན།