མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་སོག་ཡུ་རྒྱ་བཞིའི་ཚོགས་འདུ།

བོད་ཀྱི་དུས་བབ།
༢༠༡༡/༡༡/༢༢
Share on FacebookShare on TwitterShare on EmailShare on Whatsapp
ཁ་སང་འཇར་མན་དུ་རྒྱ་སོག་མི་རིགས་དང་དམངས་གཙོའི་གནད་དོན་སྐོར་གྱི་ཚོགས་འདུ་ཞིག་ཚོགས་ཏེ། རྒྱལ་སྤྱིའི་ཐོག་ལྷོ་སོག་པོའི་གནས་སྟངས་ཐད་དོ་སྣང་ཡོང་ཐབས་ལ་བགྲོ་གླེང་གནང་འདུག
ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ལྷོ་སོག་པོའི་མི་དམངས་ཚོགས་པ་དང་ཡུ་རོབ་ཀྱི་བོད་སོག་ཡུ་རྒྱ་བཞིའི་མཛའ་འབྲེལ་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག འཇར་མན་གྱི་ཀོ་ལོ་ནའེ་མངའ་སྡེའི་གྲོང་ཁྱེར་ལིས་ཝར་ཁའོ་སིན་དུ་རྒྱ་སོག་མི་རིགས་དང་དམངས་གཙོའི་གནད་དོན་བགྲོ་གླེང་ཚོགས་འདུ་ཞེས་པ་ཚོགས་ཡོད་པ་དང་།  ཚོགས་འདུའི་མཛད་སྒོའི་ཐོག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཡུ་རོབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་བློ་བཟང་ཉི་མ་ལགས་ཀྱིས་༸གོང་ས་མཆོག་གིས་ཚོགས་འདུར་བསྩལ་བའི་ཕྱག་ཡིག་སྒྲོག་སྦྱང་གནང་ཡོད་པ་རེད། 
ཚོགས་འདུའི་སྟེང་ལྷོ་སོག་པོའི་མི་དམངས་ཚོགས་པའི་ཚོགས་གཙོ་ཞིས་ཧའེ་མིན་དང་། འཛམ་གླིང་ཡུ་གུར་འཐུས་ཚབ་ཚོགས་པའི་དྲུང་ཆེ་ཏའོ་ལིས་ཧྲིན། རྒྱ་ནག་དམངས་གཙོ་ཚོགས་པའི་ཚོགས་གཙོ་ཧྥའེ་ལིང་ཡུང་། སྤྱི་དམངས་སྟོབས་ཤུགས་རྩ་འཛུགས་གནང་མཁན་ཡཱང་ཅན་ལིས་བཅས་ཀྱི་གཏམ་བཤད་གནང་ཡོད་པ་དང་།   རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་གནོད་འཚེ་ཕོགས་ཡུལ་མི་རིགས་མཐུན་ཚོགས་ཀྱི་འགན་འཛིན་སྒྲེ་ལའོ་སི་(Delius)ལགས་ཀྱིས་ཚོགས་འདུ་དེར་རྒྱབ་སྐྱོར་གྱི་གཏམ་བཤད་སྤེལ་ཡོད་འདུག
ལྷོ་སོག་པོའི་མི་དམངས་ཚོགས་པའི་ཚོགས་གཙོ་ཞིས་ཧའེ་མིན་གྱིས། ད་ལོ་ཕྱི་ཟླ་ ༥ པའི་ནང་ལྷོ་སོག་པོའི་ཁུལ་དུ་གཞི་རྒྱ་ཆེ་བའི་མི་མང་གི་ངོ་རྒོལ་ལས་འགུལ་བྱུང་བ་ནས་བཟུང་། འཛམ་གླིང་ཐོག་ལྷོ་སོག་པོའི་གནད་དོན་ཐད་དོ་སྣང་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་བརྒྱུད་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་འཛམ་གླིང་མི་མང་གིས་སྔར་ལས་ལྷག་པར་ལྷོ་སོག་པོའི་གནས་སྟངས་ཤེས་རྟོག་ཡོང་བ་དང་། ལྷོ་སོག་པོའི་མི་དམངས་ཀྱིས་རྩོད་ལེན་གནང་བཞིན་པའི་སོག་པོ་མི་རིགས་ཀྱི་རིག་གནས་དང་རང་བྱུང་རྩྭ་ཐང་སྲུང་སྐྱོབ། མི་རིགས་ཀྱི་བདག་དབང་དང་དམངས་གཙོའི་ལས་འགུལ་བཅས་ལ་རྒྱབ་སྐྱོར་གནང་རྒྱུར་རེ་སྐུལ་ཞུས་ཡོད་འདུག 
ཐེངས་འདིའི་བགྲོ་གླེང་གི་གླེང་གཞི་གཙོ་བོ་ནི་སོག་པོ་མི་རིགས་ཀྱི་རིག་གནས་དང་ལོ་རྒྱུས། དེང་དུས་དཔལ་འབྱོར་འཕེལ་རྒྱུས་ཁྲོད་སོག་པོའི་སྐྱེས་ཁམས་ཁོར་ཡུག་གི་ཉམས་ཆག   དེ་བཞིན། ད་ལྟའི་རྒྱ་དམར་གྱི་མི་སེར་དབང་སྒྱུར་གྱི་སྲིད་ཇུས་འོག་སོག་པོའི་རིག་གནས་དང་ཆོས་ལུགས་དད་མོས་རང་དབང་གི་གནས་སྟངས། ཉེ་ཆར་འཛམ་གླིང་སྟེང་འབྱུང་བཞིན་པའི་དམངས་གཙོའི་ལས་འགུལ་གསར་བའི་ཁ་ཕྱོགས་བཅས་ཀྱི་སྐོར་ལ་བགྲོ་གླེང་གནང་ཡོད་འདུག 
 
གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༢༡ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 5

  1. དྲང་བདེན་གྱིས་བསླུས་པའི་མུ་ཏོ་བ། says:
    ལོ་ 15 སྔོན།

    འཆམ་མཐུན་གྱིས་འཁྲུག་རྩོད་ཞི་ཞིང་རང་རང་གི་འདོད་དོན་གེགས་མེད་འགྲུབ་པའི་སྨོན་འདུན་གྲངས་མེད་ཡོད། དེ་མིན་བོད་མི་མང་པོ་ཞིག་ཤི་འགྲོ་ས་རེད།

    Reply
  2. གྲྭ་རྐྱང་། says:
    ལོ་ 15 སྔོན།

    འདི་འདྲ་བའི་ཚོགས་འདུ་ལ་རྒྱབ་སྐྱོར་ཡོད་པར་མ་ཚད་ད་དུང་ཕྱོགས་གང་ས་ནས་འདི་འདྲ་ལ་འབད་རྩོལ་བྱས་ནས་བོད་སོག་ཡུ་རྒྱའི་མི་རིགས་འཆམ་མཐུན་དང་ཁོར་ཡུག་སྲུང་སྐྱོབ་སོགས་ལ་ལས་འགུལ་སྣ་མང་སྤེལ་དགོས་པ་གལ་ཆེ་བ་མཐོང་།

    Reply
  3. འཇམ་བཟང་། says:
    ལོ་ 15 སྔོན།

    ཆབ་བྲག་ཀྱིས་གསུང་པ་ལྟར་རྒྱབ་སྐྱོར་ཡོད།
    ད་དུང་མ་འོངས་པ་ཡང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་གོ་སྒྲིག་ཀྱིས་འདི་འདྲ་བའི་མི་རིགས་མཉམ་འབྲེལ་ཚོགས་འདུ་ཚོགས་རྒྱུ་ལ་ཤིན་ཏུ་གལ་ཆེ། འདིས་གྲུབ་འབྲས་ཆེན་པོ་ཐོན་པའི་ཡིད་ཆེས་བྱས་ཆོག
    རབ་ཏུ་བྱུང་ན་རྒྱ་སྤྱིའི་མཁས་དབང་ཁག་དང་དམངས་གཙོ་ལ་དགའ་བའི་དྲང་བདེན་ཀྱི་མི་དག་གདན་འདྲེན་ཞུས་ན་ཕན་ནུས་ཐོན་གྱི་རེད་སྙམ།

    Reply
  4. བརྩོན་རྒྱམ། says:
    ལོ་ 15 སྔོན།

    དམར་གཞུང་གི་དྲག་གནོན་འོག་ཏུ་ཡོད་བའི་མི་རིགས་ཀྱི་མཉམ་འབྲེལ་གྱི་བགྲོ་གླེང་ཚོགས་འདུ་ཞིག་རེད།  འདི་ནི་ངོ་མ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཞིག་ཡིན་དུས་ངེས་པར་གླེང་རིན་ཡོད་ཞིག་ཡིན། མ་ཟད་ངེས་པར་འདི་འདྲ་གནང་དགོས་པ་ཞིག་རེད།  ཚོགས་པ་འདི་རྒྱ་སྐྱེད་དང་བྱས་ནས་དྲང་བདེན་ཕྱོགས་ལ་ཞེན་གྱི་གལ་ཆེན་པོ་ཡིན་པས་རྒྱབ་སྐྱོར་ཞུ་རྒྱུ་ཡིན།

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    མི་རིགས་མཉམ་འབྲེལ་གྱི་གདུང་སེམས་མཉམ་སྐྱེད་དང་གནད་དོན་བགྲོ་གླེང་གི་ཚོགས་འདུ་འདི་རིགས་ཧ་ཅང་བཟང། མཉམ་འབྲེལ་ཚོགས་པ་འདི་རྒྱ་སྐྱེད་རྒྱུ་གལ་ཆེན་པོ་རེད། བཀའ་དྲིན་ཆེ་ཞུ་དང་འབྲེལ་མུ་མཐུད་ལས་དོན་རྒྱ་ཆེར་སྤེལ་རྒྱུར་རེ་སྐུལ་དང་རྒྱབ་སྐྱོར་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese