མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་ལུཊ་འདྲ་མིན་གྱིས་སྨོན་ལམ་གསུངས།

བོད་ཀྱི་དུས་བབ།
༢༠༡༡/༡༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

རེས་གཟའ་ཟླ་བའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཡེ་ཤུ་ཆོས་ཚོགས་བསྟི་གནས་ཁང་གི་གོ་སྒྲིག་དང་། ཨ་རིའི་སྐུ་ཚབ་དོན་གཅོད་ཁང་དང་བཞུགས་སྒར་ནས་ཆེད་དུ་ཕེབས་པའི་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་བཅས་ཀྱིས་རོགས་འདེགས་འོག ཆོས་ཚོགས་དེའི་ཚོགས་ཁང་དུ་ཁ་ཆེ་དང་ཡེ་ཤུ། རྗེའུ། ཧིན་རྡུ། ནང་བཅས་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་ལྷན་འཛོམས་གནང་སྟེ། བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་ལ་མྱ་ངན་གུས་འདུད་ཀྱི་སྨོན་ལམ་ཞིག་ཚོགས་ཡོད་འདུག

སྨོན་ལམ་དབུ་འཛུགས་ཐོག་བསྟི་གནས་ཁང་དེའི་ཆོས་དཔོན་ཁཱ་ཐི་ལེན་སི་ཊོན་(Kathleen Stone)མཆོག་གིས་བོད་མི་སེར་སྐྱ་བཅུ་གཅིག་གིས་འུ་ཐུག་གི་ལམ་ཁ་ཞིག་བདམས་དགོས་བྱུང་བའི་ཁྲོད། འདས་གྲོངས་སུ་ཕྱིན་པ་རྣམས་ཀྱི་ཆེད་དུ་དེ་རིང་འདིར་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་དང་བོད་མི་ཚོ་མཉམ་ཞུགས་ཀྱིས་སྨོན་ལམ་གནང་གི་ཡོད་པས། བྱེད་སྒོ་འདིའི་ཆ་ཤས་ལེན་མཁན་ཡོངས་ལ་འཚམས་འདྲི་ཞུ་བཞིན་ཡོད་ཅེས་གསུངས་འདུག

སྐབས་དེར་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་མཆོག་གིས་བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་དག་གི་སྐུ་པར་ཞལ་འབྱེད་ཀྱིས་ཁོང་ཅག་གི་གནས་ཚུལ་ངོ་སྤྲོད་དང་། བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་ཆོས་ལུགས་ཁག་གི་སྐུ་ཚབ་རྣམ་པས་བོད་ནང་བདེན་དོན་འཐབ་རྩོད་ཆེད་རང་ལུས་མཆོད་འབུལ་གནང་མཁན་དག་ལ་མྱ་ངན་གུས་འདུད་ཀྱི་སྨོན་ལམ་གསུངས་པར་ཐུགས་རྗེ་ཆེ་ཞུས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

ཆུ་ཚོད་ ༦ སྔོན་ལ།
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

ཆུ་ཚོད་ ༦ སྔོན་ལ།
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

ཆུ་ཚོད་ ༩ སྔོན་ལ།
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦
དཀར་མཛེས་རྫོང་འབྲུང་རྔ་གྲོང་གི་དཀར་མཛེས་ད་དགོན་པའི་དགེ་རྒན་དཔལ་ལྡན་ཡེ་ཤེས་ལགས། ནོར་ཝེ་རླུང་འཕྲིན་ཁང་གི་པར། 
Mobile App

རྒན་དཔལ་ལྡན་ཡེ་ཤེས་ལགས་ཀྱི་སྤུན་མཆེད་ཀྱང་བདུན་ཕྲག་གཅིག་ལྷག་རིང་བཀག་ཉར་གྱིས་གཅར་རྡུང་བྱས་འདུག 

༢༠༢༦/༠༣/༠༦

མཆན། 9

  1. ནད་པ says:
    ལོ་ 14 སྔོན།

    བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་ནི་ཨ་མདོ་ཙམ་མ་ཟད་བོད་མི་ཡོངས་ཀྱི་སྤོབས་པ་བྱེད་འོས་པའི་ཆེས་བོད་བརྒྱུད་ནང་བསྟན་གྱི་སྐྱེས་བུ་དམ་པ་ཞིག་དང་། ཡང་སྒོས་༸ གོང་ས་མཆོག་གི་ཐུགས་རྗེའི་ཞབས་འབྲིང་དུ་བོད་མི་རིགས་དང་། བོད་ཀྱི་བསྟན་སྲིད་སླད་སྲི་ཞུ་རྣ་དག་བསྒྲུབས་དང་སྒྲུབ་བཞིན་པའི་དམ་པ་ཞིག་ཡིན།

    ཆོས་ལུགས་འདྲ་མིན་གྱི་ཐུགས་སྨོན་མཚམས་སྦྱོར་གནང་བ་སོགས་བཀའ་དྲིན་ཆེ། སྐུ་ཁམས་བཟང་བའི་སྨོན་ལམ་ཞུའོ།

    Reply
  2. གྲྭ་རྐྱང་། says:
    ལོ་ 14 སྔོན།

    གུ་ཡངས་དང་རྟེན་འབྱུང་གི་ལྟ་གྲུབ་ལ་གཞི་བཅོལ་བའི་སངས་རྒྱས་པའི་ཆོས་ལུགས་ཀྱི་ཕན་ནུས་དར་ཁྱབ་ཧ་ཅང་ཇེ་འཕེལ་དང་ཇེ་རྒྱས་འགྲོ་བཞིན་པའི་སྐབས་འདིར། ང་ཚོས་ཆོས་ལུགས་མི་འདྲ་བའི་ཆོས་བརྒྱུད་འཛིན་མཁན་ཚོ་དང་ལྷན་དུ་འདི་འདྲ་བའི་གདུང་སེམས་མཉམ་བསྐྱེད་ཀྱི་ཚོགས་འདུ་འཚོགས་ཐུབ་པ་ནི་ང་ཚོ་བོད་པའི་རྒྱབ་སྐྱོར་བླ་ན་མེད་པ་ཞིག་དང་། ༧གོང་ས་༧མཆོག་གི་ཆོས་ལུགས་རིས་མེད་ཀྱི་མཛད་འཕྲིན་བསྐྱངས་བའི་གྲུབ་འབྲས་ཞིག་དང་། རྒྱལ་གཅེས་དཔའ་བོ་རྣམས་ཀྱི་སྙིང་སྟོབས་ཀྱི་ཕྱག་རྗེས་བླ་ན་མེད་པ་ཞིག་ཏུ་གྱུར་འདུག་པས། མ་འོངས་པར་ཡང་འདི་འདྲ་བ་འཚོགས་ཐུབ་ན་དགེ་མཚན་ཆེ་བ་མཐོང་།

    Reply
  3. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    འདིར་འཛོམས་ཆོས་ལུགས་ཀུན་གྱི་སྐུ་ཚབ་ལ་གུས་འདུད་ཞུའོ།

    Reply
  4. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཆོས་ལུགས་མི་མཐུན་པ་ཁག་གིས་གདུང་སེམས་མཉམ་སྐྱེད་ཀྱི་སྨོན་ལམ་འདི་འདྲ་ཧ་ཅང་དཀོན། འདི་ནི་རྒྱལ་གཅེས་དཔའ་རྒོད་ཁོང་ཚོའི་འགུགས་ཤུགས་ཁོ་ན་མིན་པར་ཡིད་བཞིན་ནོར་བུས་ད་བར་ལ་ཆོས་ལུགས་རིས་མེད་ཀྱི་དྲང་བདེན་སྐྱོང་བའི་ཕན་ནུས་ཡིན། ད་ལྟ་བོད་ལ་ཚན་རིག་པ་དང་ཆོས་ལུགས་པ་ཁག། ཚབ་སྲིད་པ་ཁག མི་རིགས་ཁག མདོར་ན་ལས་རིགས་འདྲ་མིན་གྱི་མི་སྡེ་སྣ་ཚོགས་ཀྱིས་དོ་སྣང་དང་ཡིད་ཆེས། གདུང་སེམས་མཉམ་སྐྱེད་དང་རོགས་ཕན་ཅི་རིགས་གནང་དང་གནང་བཞིན་པ་འདི་ཀུན་ཡིད་བཞིན་ནོར་བུའི་ཐབས་མཁས་ཐུགས་རྗེ་ཁོ་ནའི་མཐུ་ཅི་ལ་མིན། གང་ལ་གང་འདུལ་དེ་ལ་དེར་སྟོན་པའི་སྤྱན་རས་གཟིགས་དབང་ལ་བསྟོད་དོ། འདུད་དོ། སྐྱབས་སུ་མཆིའོ།
    ཡིན་ན་ཡང་ང་རང་ཚོའི་ནང་ན་ཁོང་གི་མཛད་པ་ལ་ཡིད་མ་རངས་པ་དང་འདོད་པ་མ་ཁེངས་པ། ཐ་ན་ལོག་པར་མཐོང་མཁན་མི་ཉུང་བ་ཞིག་ཡོད་པ་མིན་ནམ། དམ་པ་དམ་པར་ངོས་མི་ཟིན་པའི་གླེན་རྟགས་འདི་རིགས་ནམ་ཞིག་ལ་མཇུག་རྫོགས་སམ།
    བྱང་ཆུབ་སེམས་མཆོག་རིན་པོ་ཆེ། རྨོངས་པ་མ་ལུས་སད་པར་ཤོག བདེན་པ་མ་ལུས་རྒྱལ་བར་ཤོག དམ་པའི་འགྲོ་དོན་མཐར་ཕྱིན་ཤོག།

    Reply
  5. དོན་འགྲུབ། says:
    ལོ་ 14 སྔོན།

    སྔོན་བྱུང་མ་མྱོང་བའི་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་མང་པོ་མཉམ་འཛོམས་ཀྱིས་སྨོན་ལམ་ཞིག་ཚོགས་ཐུབ་པ་ནི་ང་ཚོའི་བོད་མིའི་གཟི་བརྗིད་རེད་ལ། འདས་གྲོངས་སུ་ཕྱིན་ཟིན་པའི་བོད་ཀྱི་དཔལ་བོ་དཔལ་མོ་རྣམས་ཀྱི་ཕྱག་རྗེས་ཡིན་པས། ཁོང་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་ཁོང་རྣམས་ཀྱི་ཕྱག་རྗེས་ལ་ཡིད་རང་མི་བྱེད་པའི་བོད་མི་སུ་ཞིག་ཡོད།

    Reply
  6. བསྟན་འཛིན་ཤེས་རབ། says:
    ལོ་ 14 སྔོན།

    ཡང་ན་གཞུང་འབྲེལ་དང་ཚོགས་པ་གང་རུང་གིས་རྒྱ་གར་གཞུང་ལ་བོད་ནས་ཕེབས་མཁན་ཚོའི་ཆེད་དུ་དམིགས་བསལ་གྱི་ཆོག་མཆན་གང་ཡང་རུང་བ་ཞིག་ཞུ་དགོས་པ་རེད། གང་ལྟར་བོད་ནས་ཕེབས་མཁན་ཚོར་ཡིད་ཆད་དུ་མ་འཇུག

    Reply
  7. བསྟན་འཛིན་ཤེས་རབ། says:
    ལོ་ 14 སྔོན།

    བོད་ནས་ཕེབས་མཁན་རྣམ་པས་གཅིག་ནས་སྐད་མ་གོ གཉིས་ནས་ས་མཚམས་ཁག་ཏུ་དངུལ་ཁྱེར་སྟངས་སོགས་མ་མཁྱེན་པའི་དབང་གིས་ཁ་ཤས་ཀྱིས་རྒྱ་གར་གྱི་ཤོག་དངུལ་ལྔ་བརྒྱ་དང་སྟོང་ལོ་མང་པོ་ཁྱེར་ནས་ས་མཚམས་ནས་རྒྱ་བལ་གྱི་ཉེན་རྟོགས་པས་འཕྲོག་བཅོམ་བྱེད་པ་དང་། ཁག་ཅིག་གིས་བལ་ཡུལ་ནང་ནས་དངུལ་བརྗེས་རྒྱུ་མ་རགས་པར་རྒྱ་བལ་གྱི་ས་མཚམས་སུ་སླེབས་སྐབས་བལ་ཡུལ་གྱི་མི་རྣམས་ཀྱི་ལག་ནས་དངུལ་བརྗེས་ནའང་། ཚུར་ལྔ་བརྒྱ་དང་སྟོང་ལོ་སྤྲད། དེ་ཁྱེར་ནས་ས་མཚམས་ཀྱི་འགག་སྒོར་སླེབས་སྐབས། ཉེན་རྟོག་པས་བསྔོགས་གཤེར་བྱས་ནས་མཐོང་ན་འཕྲོག་བཅོམ་བྱས། དེ་ཡང་དངུལ་བརྗེས་ས་དང་ས་མཚམས་ཀྱི་ཉེན་རྟོག་པ་ཁོག་སྡོངས་ནས་འཕྲོག་བཅོམ་བྱས་པའི་གནས་ཚུལ་ཐབས་སྡུག་དེ་འདྲའང་འབྱུང་བཞིན་པ་རེད། ཡང་བོད་ནས་ཕེབས་མཁན་ཁག་ཅིག་གིས་བོད་ནས་ཕེབས་སྐབས་འབྲེལ་ཡོད་སོ་སོས་༧གོང་ས་༧སྐྱབས་མགོན་རིན་པོ་ཆེར་བསྔོ་རྟེན་དང་སྐྱབས་རྟེན་བསྐུར་བཞག་པ་དེ་ཚོ་རྒྱ་ནག་གི་དངུལ་རང་བརྗེས་བོ་མ་རྒྱབ་པར་ཁྱེར་ནས་དེ་ཡང་ས་མཚམས་ནས་ཉེན་རྟོག་པས་འཕྲོག་བཅོམ་བྱས་བཞག་པ་དེ་འདྲ་འདུག གོ་ཐོས་ལྟར་ན་ཉེ་ཆར་རང་ཕ་ཡུལ་མདོ་སྨད་ཕྱོགས་ནས་ཡིན་པའི་ཨ་མ་ཞིག་གི་ལག་ནས་རྒྱ་མིའི་སྒོར་མོ་ཁྲི་གཅིག་ས་མཚམས་ནས་ཉེན་རྟོག་པས་བཅོམ་འདུག་ཟེར་པ་སོགས་ཐབས་སྐྱོ་བོའི་གནས་ཚུལ་བྱུང་དང་འབྱུང་བཞིན་པ་རེད། དེས་ན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སམ་ཡང་ན་ཚོགས་པ་སྤྱི་སྡུག་གང་རུང་གིས་འདི་ཚོའི་ཐོག་ཐུགས་འགན་བཞེས་ནས་བོད་ནས་ཕེབས་མཁན་རྣམ་པའི་དཀའ་ངལ་སེལ་བའི་ཐབས་ཤེས་རེ་ཡོད་ན་འདོན་རན་པའི་དུས་ལ་སླེབས་འདུག

    རྐྱང་ཕྲུག་གི་ཟིན་བྲིས་ལས་བཤུས།

    Reply
  8. བསེ་རུ། says:
    ལོ་ 14 སྔོན།

    གོ་སྒྲིག་གནང་མཁན་དང་། རོགས་མགོན་མཛད་མཁན། མཉམ་ཞུགས་གནང་མཁན་ཚང་མར་བཀའ་དྲིན་ཆེ་ཞུ་རྒྱུ་དང་།
    སླད་མར་ཡང་བོད་དང་བོད་མི་རྣམས་ཀྱི་དཀའ་སྡུག་དང་ཉག་ཕྲའི་གནས་སྟངས་སོགས་ཐུགས་བརྩེ་བས་གཟིགས་ཏེ། མགོན་དང་སྐྱབས་དང་དཔུང་གཉེན་མཛད་པར་མཛོད་ཅིག་ཅེས་རེ་འབོད་ཀྱང་ཞུ་བར་ཐལ་ལོ།།

    Reply
  9. རྐང་གསུམ། says:
    ལོ་ 14 སྔོན།

    དོན་སྙིང་ལྡན་པའི་ལས་འགུལ་འདི་ལ་སྙིང་ནས་བཀའ་དྲིན་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese