མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསྔོ་སྨོན་གསུངས་པ།

བོད་ཀྱི་དུས་བབ།
༢༠༡༡/༡༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་སྒར་ལུགས་ཟུང་བསམ་འགྲུབ་གླིང་གཞིས་གྲོང་དང་པོའི་བྱང་ཆུབ་མཆོད་བརྟེན་མདུན་ཐང་དུ། གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་གོ་སྒྲིག་འོག བོད་ནང་བསྟན་སྲིད་མི་རིགས་ཀྱི་བདེ་རྩའི་ཆེད་རང་ལུས་མཆོད་འབུལ་བྱས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་དག་གི་ཆེད་དུ་བསྔོ་སྨོན་གསུངས་པའི་ལས་འགུལ་ཞིག་སྤེལ་ཡོད་འདུག

ལས་འགུལ་དེའི་ཐོག་བཀའ་ཟུར་ཚེ་རིང་ཕུན་ཚོགས་མཆོག་དང་བོད་མི་མང་སྤྱི་འཐུས་བློ་བཟང་སྙན་གྲགས་ལགས་མཆོག སྤྱི་འཐུས་འཇིགས་མེད་འབྱུང་གནས་མཆོག སེ་ར་བྱེས་སྨད་གཉིས་ཀྱི་མཁན་པོ་དང་སེར་བྱེས་དགེ་བསྐོས། གཞན་ཡང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དེ་མིན་གདན་ས་ཁག་གི་དགེ་འདུན་པ་དང་མི་མང་འདུ་འཛོམས་ཀྱིས་སྐུ་ལུས་མཆོད་འབུལ་བྱས་ཟིན་པ་དག་ལ་གདུང་སེམས་མཉམ་སྐྱེད་དང་མྱ་ངན་གུས་འདུད་ཞུས་ཡོད་འདུག  

སྐབས་དེར་མོན་གྷོ་ས་གནས་དྲུང་ཆེ་བློ་བཟང་ཕུན་ཚོགས་ལགས་ནས་མི་མང་ལ་འབུད་རྡུང་དཀྲོལ་གསུམ་གྱི་ལས་འགུལ་གྱི་དགོས་པ་རྒྱུ་མཚན་ངོ་སྤྲོད་དང་། གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཚེ་དབང་ལགས་ཀྱིས་རྒྱ་ནག་སྲིད་འཛིན་ཧུའུ་ཅིན་ཐའོ་གཙོས་རྒྱ་དམར་དཔོན་རིགས་ཚོར་རྒྱ་བོད་དབྱིན་གསུམ་ཐོག་༼ རྒྱ་ནག་དམར་པོའི་གཞུང་ལ་ཞི་རྒོལ་གྱི་ལས་འགུལ་ཉིན་རེ་ལས་ཉིན་རེ་ཇེ་ཆེར་འགྲོ་བཞིན་པའི་གནད་དོན་གང་ལ་ཐུག་ཡོད་དམ།༽ ཞེས་པའི་ཡི་གེ་ཞིག་འབུལ་རྒྱུའི་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ་མ་ཟད། བོད་མི་མང་སྤྱི་འཐུས་བློ་བཟང་སྙན་གྲགས་ལགས་དང་། སྤྱི་འཐུས་འཇིགས་མེད་འབྱུང་གནས་མཆོག་རྣམ་གཉིས་ཀྱིས་ལས་བོད་ནང་གི་གནས་སྟངས་དང་འབྲེལ་བའི་གཏམ་བཤད་གནང་ཡོད་འདུག

འདི་ནི་སྐབས་གསུམ་པའི་གངས་ལྗངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་རྒྱུན་ལས་གསར་པས་གོ་སྒྲིག་སྣེ་འཁྲིད་འོག བོད་པའི་རྩ་དོན་ཐོག་ལས་འགུལ་སྤེལ་ཐེངས་དང་པོ་དེ་ཆགས་ཡོད།

གནས་ཚུལ་གཏོང་མཁན། སྦེལ་ཀོབ་བློ་དར།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཡིག་གི་ཚེག་དང་ཚེག་ཚབ་བཅད་སྟོང་གི་ནུས་པ་གླེང་བ།

ཆུ་ཚོད་ ༡༥ སྔོན་ལ།
སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུ་བཞིན་པ། ༢༠༢༦།༦།༡ དུས་བབ་གསར་ཁང་གི་པར།
Mobile App

སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༢༠ སྔོན་ལ།
Front Slider

སྐབས་བཅོ་བརྒྱད་པའི་ཚོགས་གཙོ་སྦྲེལ་པོའི་དམ་འབུལ།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

སྒྲོལ་མ་ཚེ་རིང་ལགས་བོད་མི་མང་སྤྱི་འཐུས་ཀྱི་བུད་མེད་ཚོགས་གཙོ་དང་པོར་འོས་འདེམས་བྱུང་།

༢༠༢༦/༠༥/༣༡
TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩

མཆན། 5

  1. བསྟན་འཛིན་དཔལ་མོ། says:
    ལོ་ 15 སྔོན།

    རྗེས་སུ་ཡེད་རང་ཡོད།

    Reply
  2. དགེ་བཤེས་བྱམས་པ་བློ་བཟང་། says:
    ལོ་ 15 སྔོན།

    སོ་སོར་སྒེར་གྱི་ཁེ་ཕན་དང་མ་འབྲེལ་དབར་བོད་མི་ས་ཡ་དྲུག་གི་བདེ་དོན་ལ་དམིགས་ནས་ལས་འགུལ་སྤེལ་མཁན་ཡོངས་ལ་དམིགས་བསལ་གྱི་རྗེས་སུ་ཡི་རང་ཞུ་རྒྱུ།

    Reply
  3. སུ་རུ་མེ་ཏོག། says:
    ལོ་ 15 སྔོན།

    རྗེས་སུ་ཡིད་རང་ཞུ་རྒྱུ་རང་རེད།

    Reply
  4. ཁ་བའི་བུ། says:
    ལོ་ 15 སྔོན།

    རྗེས་སུ་ཡི་རང་ཡོད། ལས་འགུལ་གྱི་སྐུ་མགྲོན་མང་ཆེ་བ་ཡང་། གནད་ཡོད་མི་སྣ་ཤ སྟག་གདན་འདྲེན་ཞུས་ཡོད་པ་འདྲ། གཞུང་འབྲེལ་མིན་པའི་ཚཽགས་པ་རྟག་ཏུ་རྒྱས་པར་ཤོག

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    རྗེས་སུ་ཡི་རང་ཞུ། མྱ་ངན་དང་གསོལ་སྨོན་ཐམས་ཅད་བོད་བསྟན་པ་ཆབ་སྲིད་ཀྱི་བདེན་མཐའ་མྱུར་དུ་གསལ་བའི་རྒྱུར་གྱུར་ཅིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese