མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚེ་འདིར་རྒྱལ་དབང་རིན་པོ་ཆེར་མཇལ་ཐུབ་མ་སོང་།

བོད་ཀྱི་དུས་བབ།
༢༠༡༡/༡༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

བོད་ནས་དུས་འཁོར་དབང་ཆེན་ལ་ཕེབས་མཁན་བོད་རིགས་ཨ་མ་རྒན་མོ་ཞིག་སྙིང་ནད་ཀྱི་རྐྱེན་པས་རྒྱལ་ས་ལྡི་ལིའི་སྨན་ཁང་ཞིག་ཏུ་གློ་བུར་གྲོངས་ཡོད་འདུག  

ད་ལོའི་ལོ་མཇུག་ཏུ་༧གོང་ས་མཆོག་གིས་རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཐེངས་ ༣༢  པ་དེ་བསྩལ་འཆར་ཡོད་པ་ལྟར། ཉེ་ལམ་བོད་ནས་ཆོས་ཞུ་བ་བརྒྱ་ཕྲག་མང་པོས་དཀའ་ངལ་ལ་མ་འཛེམས་པར་བཞུགས་སྒར་ངྷ་རམ་ས་ལར་འབྱོར་བཞིན་ཡོད་ནའང་། གནས་བསྐོར་བ་གང་མང་ཞིག་ལ་ས་ཆུ་མ་འཕྲོད་དང་། ཟ་མ་དང་འཐུང་ཆུ་མ་འཕྲོད་པ་བཅས་ཀྱིས་ལུས་པོའི་འཕྲོད་བསྟེན་ཐོག་དཀའ་ངལ་འཕར་མ་ཞིག་འཕྲད་ཀྱིན་ཡོད་པ་རེད། ཟླ་འདིའི་ཕྱི་ཚེས་ ༨ ཉིན་བོད་མདོ་སྨད་བླ་བྲང་མཛོད་དགེ་ནས་ཡིན་པའི་རང་ལོ་ ༧༢ སོན་པའི་ཨ་མ་སྒྲོལ་མ་འཚོ་ལགས། བལ་ཡུལ་ནས་ལྡི་ལིར་འབྱོར་མཚམས་སྙིང་ནད་ཀྱི་རྐྱེན་པས་གློ་བུར་དུ་འདས་གྲོངས་སུ་ཕྱིན་ཡོད་འདུག་ལ། དེ་བཞིན་མདོ་སྨད་རྨ་ཆུ་ནས་ཡིན་པའི་རང་ལོ་ ༧༢ ཡིན་པའི་གྲྭ་སྐལ་བཟང་ལགས་ཀྱང་ཁྲག་ཤེད་དང་ཕོ་བའི་ནད་གཞིའི་རྐྱེན་པས་ད་ཆར་ལྡི་ལིར་སྨན་ཁང་ཞིག་ཏུ་ཛ་དྲག་ཐོག་སྨན་བཅོས་བྱེད་བཞིན་ཡོད་འདུག

གནས་ཚུལ་དེའི་ཐད་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ལྡི་ལིའི་མདོ་སྨད་ས་གནས་རྒྱུན་ལས་ཚོགས་གཙོ་རིག་འཛིན་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་བརྗོད་དོན། “ དུས་འཁོར་དབང་ཆེན་ལ་ཕེབས་མཁན་བླ་བྲང་མཛོད་དགེ་ནས་ཡིན་པའི་བགྲེས་སོང་སྒྲོལ་མ་འཚོ་ཞུ་བ་ཞིག་ཕྱི་ཚེས་ ༨ ཉིན་གློ་བུར་དུ་ལྡི་ལིའི་སྨན་ཁང་ཞིག་ཏུ་གྲོངས་པ་རེད། སྨན་ཁང་གི་སྨན་པས་བཤད་ན་བགྲེས་སོང་དེའི་སྙིང་ལ་ཆུ་བསགས་ཏེ་གྲོངས་པ་རེད་ཟེར། ཁོ་མོས་འདས་གྲོངས་སུ་མ་ཕྱིན་གོང་ཉལ་ཁྲིའི་སྟེང་ “ ཚེ་འདིར་རྒྱལ་དབང་རིན་པོ་ཆེར་མཇལ་ཐུབ་མ་སོང་ ” ཟེར་ནས་མིག་ཆུ་ཡང་ཡང་གཏོང་གི་འདུག  ཕྱི་ཚེས་ ༩ ཉིན་ཁོ་མོའི་བུ་གཉིས་དང་མདོ་སྨད་ས་རྒྱུན། ས་གནས་གཞོན་ནུ། གཞིས་ཆགས་བརྒྱ་དཔོན་བཅས་ཀྱིས་ལྡི་ལིར་མཱ་ཇིན་ཊི་ལར་ཁོ་མོའི་ཕུང་པོ་ཞུགས་འབུལ་ཞུས་པ་ཡིན། སྐབས་དེར་བོད་ནས་ཕེབས་པའི་བུ་དེས་ངས་ཨ་མ་རྒྱལ་དབང་རིན་པོ་ཆེའི་དུས་འཁོར་དབང་ཆེན་ལ་ཁྲིད་ཡོང་བ་ཡིན། ད་ལྟ་ང་ལ་ཨ་མ་ཕྱིར་ཁྲིད་རྒྱུ་ཡོད་པ་མ་རེད་ཟེར་ནས་ངུས་སོང་ ” ཞེས་བརྗོད་བྱུང་། 

ད་ལྟ་ལྡི་ལིའི་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་པའི་བགྲེས་སོང་སྐལ་བཟང་ལགས་ཀྱི་གནས་སྟངས་ཐད། ཁོང་གིས་ “ བོད་ནས་ཕེབས་པའི་གྲྭ་སྐལ་བཟང་ཞུ་བ་དེ་ལོ་ ༧༢ ཡིན་པ་དང་།  ཁོང་ལ་ཁྲག་ཤེད་ན་ཚ་དང་ཕོ་བའི་ན་ཚ་ཡོད་སྟབས།ནད་གཞི་ཚབས་ཆེན་པོ་འདུག  ཟ་མ་གང་ཟས་ཀྱང་ལམ་སེང་སྐྱུག་ཡོང་གི་འདུག  ད་ལྟ་མདོ་སྨད་ས་རྒྱུན་དང་དེ་མིན་འབྲེལ་ཡོད་མི་སྣ་ཁག་ཅིག་གིས་ཁོང་ལ་ལྟ་རྟོགས་བྱེད་ཀྱི་ཡོད། རྒྱ་གར་སྨན་པས་སྨན་ཁང་དུ་སྨན་བཅོས་བྱ་དགོས་འདུག་ཟེར ” ཞེས་བརྗོད་བྱུང་།

བོད་ནས་གསར་དུ་ཕེབས་མཁན་གང་མང་ཞིག་ལ་ས་ཆུ་འཕྲོད་མིན་གྱི་དབང་གིས་ནད་གཞི་འདྲ་མིན་ཕོག་སྟེ། ཉིན་རྟག་པར་གངས་སྐྱིད་བདེ་ལེགས་སྨན་ཁང་ནང་སྨན་བཅོས་བྱེད་དུ་འགྲོ་དགོས་ཀྱི་ཡོད་ཅིང་། དེ་དག་ལས་རིགས་ཁ་ཤས་བདེ་ལེགས་སྨན་ཁང་དུ་དྲག་སྐྱེད་མ་བྱུང་བར་ས་གནས་རྒྱ་གར་སྨན་ཁང་ཆེ་ཁག་ཏུ་འགྲོ་བཞིན་ཡོད་སྟབས།  འཕྲོད་བསྟེན་ལས་ཁུངས་ཀྱི་འཆར་འགོད་འགན་འཛིན་བསྟན་འཛིན་དབྱིན་གཉེན་ལགས་སུ་བཀའ་འདྲི་ཞུས་པར། འཕྲོད་བསྟེན་ལས་ཁུངས་ཀྱིས་དབུས་སྣེ་ལེན་ཁང་བརྒྱུད་བོད་ནས་ཕེབས་མཁན་ཚོར་འཕྲོད་བསྟེན་དང་ཁ་ལག་སྐོར་གོ་རྟོགས་རིམ་པར་སྤེལ་བཞིན་ཡོད་པ་དང་། ནད་པ་ཚོར་དུས་ཡུན་ཟླ་དྲུག་རིང་རིན་མེད་ཐོག་སྨན་བཅོས་བྱེད་ཀྱི་ཡོད་པ། བདེ་ལེགས་སྨན་ཁང་དུ་དྲག་སྐྱེད་མ་བྱུང་བའི་རིགས་ལ་རྒྱ་གར་སྨན་ཁང་དུ་སྨན་བཅོས་ཀྱི་མཐུན་འགྱུར། ལྷག་པར་དུ་གནས་མཆོག་རྡོ་རྗེ་གདན་དུ་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག་གསར་འབྱོར་བ་ཚོེར་དམིགས་བསལ་མཐུན་འགྱུར་གནང་རྩིས་ཡོད་སྐོར་བརྗོད་སོང་།

བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་དབྱངས་འཛོམས་ལགས་སུ་གསར་འབྱོར་བའི་ན་ཚའི་གནས་སྟངས་སྐོར་བཀའ་འདྲི་ཞུས་སྐབས། ཉེ་ལམ་བདེ་ལེགས་སྨན་ཁང་དུ་ཉིན་ལྟར་བོད་ནས་ཕེབས་པའི་ནད་པ་མང་པོ་ཡོང་གི་ཡོད་པ་དེ་ཚོ། ཕོ་བའི་ན་ཚ་དང་ཆམ་པ། ཟ་མ་མ་འཕྲོད་པའི་སྟབས་ཀྱིས་ཡིན་སྐོར་དང་། དུས་དབང་ལ་ཕེབས་མཁན་ཚོར་ཆ་བཞག་ན། རྡོ་རྗེ་གདན་གྱི་ཁོར་ཡུག་གཙང་མ་མེད་པར་ས་རྡུལ་གྱིས་ཁེངས་ཡོད་པ་དང་། དེའི་ཐོག་མི་མང་པོ་འཛོམས་ན་ན་ཚ་འདྲ་མིན་འགོས་རྒྱུའི་ཉེན་ཁ་ཡོད་སྟབས། ནམ་རྒྱུན་ཆུ་གཙང་མ་འཐུང་རྒྱུ་དང་ཁ་རས་གོན་རྒྱུ། ཟ་མ་གང་བྱུང་མི་ཟ་བ་བཅས་ལ་དོ་སྣང་སྤྲོད་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་བརྗོད་ཡོད།

བོད་ནས་ཕེབས་པའི་གནས་བསྐོར་བ་ཞིག་ལ་བཀའ་འདྲི་ཞུས་པར། “ ང་རང་རྒྱལ་བ་རིན་པོ་ཆེར་མཇལ་ཐུབ་པ་སྐལ་བ་བཟང་པོ་བྱུང་། ཡིན་ནའང་། ངྷ་རམ་ས་ལ་ན་རྐུན་མ་ཡོད་ས་རེད། བདུན་ཕྲག་སྔོན་མར་ང་རང་གིས་ངྷ་ས་མེག་གྷན་རླངས་འཁོར་འབབ་ཚིགས་ཀྱི་མ་ཎི་འཁོར་ལོ་སྐོར་སྐབས། མི་ཚོགས་ཁྲོད་ཅི་ཡིན་འདི་ཡིན་མེད་པར་ངའི་སྒོར་ཁུག་བརླགས་སོང་། སྒོར་ཁུག་ནང་རྒྱ་ནག་ཐོབ་ཐང་ལག་འཁྱེར་དང་ཧིན་སྒོར་ ༢༠༠ ལས་བཅུག་མེད། ཐོབ་ཐང་ལག་ཁྱེར་གལ་ཆེན་ཡིན་སྟབས་ཕྱི་ཉིན་སྔ་མོ་ནས་ས་དེར་སྒོར་ཁུག་འཚོལ་དུ་འགྲོ་སྐབས། སྒོར་ཁུག་སྟོང་པ་དེ་མ་ཎི་འཁོར་ལོའི་གྱང་ངོས་ཞིག་ཏུ་བཀལ་འདུག  སྒོར་ཁུག་ཁ་ཕྱེ་སྐབས་ཐོབ་ཐང་ལག་འཁྱེར་མ་གཏོགས་སྒོར་མོ་ཁྱེར་ཚར་འདུག ” ཅེས་བརྗོད་སོང་།  དེ་བཞིན་མི་གཞན་ཞིག་གིས་བཤད་ན་ཟླ་སྔོན་མའི་ནང་བོད་ཀྱི་བདེ་རྩ་ (Tibet Charity) ཚོགས་པའི་མ་བྱན་ཚེ་སྐྱིད་ལགས་ཀྱི་ཧིན་སྒོར་ ༢༠༠༠ ཙམ་ཡང་རླངས་འཁོར་འབབ་ཚིགས་ཀྱི་མ་ཎི་འཁོར་ལོ་སྐོར་སྐབས་གཞན་གྱིས་རྐུ་འཁྱེར་བྱས་འདུག 

དབུས་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱིས་གསུངས་བ་ལྟར་ན། ད་ལོར་བོད་ནས་དུས་དབང་ལ་ཕེབས་མཁན་ ༧༠༠༠ ལྷག་ཡོད་འདུག

གསར་འགོད་པ། དཔལ་ལྡན།  

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པ་མའོ་ལིན་དང་རྒྱ་གར་གྱི་ཕྱི་འབྲེལ་མགྲིན་ཚབ་པ་སྐུ་ཞབས་རན་དྷིར།
Mobile App

ཨ་རུ་ན་ཅལ་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་གྱི་ཧམ་བཤད་ལ་རྒྱ་གར་གཞུང་གིས་རྒོལ་གཏམ་ནན་པོ་བསྒྲགས།

ཆུ་ཚོད་ ༣ སྔོན་ལ།
tibettimes
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཁཱལ་མུག་གི་སྲིད་འཛིན་ཟུར་པར་མཇལ་ཁ་སྩལ།

༢༠༢༥/༡༡/༢༥
(File image) Jean-François Humbert and other French Parliamentarians with His Holiness the Dalai Lama in Toulouse, France, on 15 August 2011
Mobile App

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཧམ་བྷར་ཊི་ལགས་སྐུ་གྲོངས་བར་མྱ་ངན་ཞུས། 

༢༠༢༥/༡༡/༢༥
ཨ་རུ་ན་ཅལ་གྱི་བུད་མེད་པདྨ་དབང་འཛོམས་ལགས་རྒྱ་ནག་ཧྲང་ཧེ་གནམ་ཐང་ནས་བཀག་འགོག་བྱས། ༢༠༢༥།༡༡།༢༡ དྲ་ལམ་གྱི་པར།
Mobile App

ཧྲང་ཧེ་གནམ་ཐང་ནས་པདྨ་དབང་འཛོམས་ལ་བཀག་འགོག་དང་སྡིགས་དམོད་བྱས།

༢༠༢༥/༡༡/༢༤
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་ ༡༠ པ་འཚོག་བཞིན་པ། ༢༠༢༥།༡༡།༢༤ དུས་བབ་ཀྱི་པར།
གསར་འགྱུར།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་སྲིད་སྤྱི་འོས་བསྡུའི་སྐོར་སོགས་ལ་བགྲོ་གླེང་གནང་གི་འདུག

༢༠༢༥/༡༡/༢༤
Indo-Tibetan Border Police (ITBP) personnel show skills during the police force’s 64th Raising Day, in Udhampur, Jammu and Kashmir, on November 22, 2025 | Photo Credit: PTI
Mobile App

འཕགས་བོད་ས་མཚམས་སུ་བུད་མེད་ཀྱི་དམག་དཔུང་ས་ཚིགས་གསར་འཛུགས་གནང་།

༢༠༢༥/༡༡/༢༤

མཆན། 12

  1. འཇམ་བཟང་། says:
    ལོ་ 14 སྔོན།

    བརྩེ་བའི་ཡུམ་ཆེན་ཨ་མ་སྒྲོལ་མ་ལགས།
    ཁྱེད་རང་སེམས་པ་བདེ་ཐང་ངང་ནས་ཕེབས་དང་། ཁྱེད་ཀྱིས་བུ་ཕྲུག་ང་ཚོའི་ཁྱེད་ཀྱིས་ཆེད་དུ་ཕྱག་བསྐོར་སྒྲུབ་བྱང་དང་ཁ་འདོན་དགེ་སྒྲུབ་ཀྱིས།
    ཚེ་ཕྱི་མ་བོད་ཆོས་ལྡན་གྱི་མི་ལུས་ཡོངས་བསྐྱར་ལེན་ནས་༸གོང་ས་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་ཞལ་མཇལ་ཡོང་བའི་སྨོན་ལམ་ཡོང་ཡོང་འདེབས་བཞིན་ཡོད།
    བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག།།
    སྐྱེས་པ་ཉམས་པ་མེད་པ་དང་། །གང་ནས་གང་དུ་འཕེལ་བར་ཤོག།
    འཕགས་མཆོག་སྤྱན་རས་གཟིགས་ལ་གསོལ་བ་འདེབས། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།

    Reply
  2. མཚོ་པདྨ། says:
    ལོ་ 14 སྔོན།

    ད་རང་སྔ་དྲོའི་ཕྱག་མཆོད་འབུལ་བྱས་པའི་བསོད་ནམས་དེའི་སྟོབས་ཀྱིས་མ་རྒན་མོ་ཁྱེད་བདེ་འགྲོའི་ལུས་རྟེན་རིམ་པར་བདེ་བླག་རྙེད་པའི་ཐོག་ནས་མཐར་ཐུག་རྣམ་མཁྱེན་གོ་འཕང་གང་མྱུར་ཐོབ་པར་བསྔོ་སྨོན་ཡོད། ཨོཾམཎིཔདྨེཧྰུཾ།
    དུས་འཁོར་དབང་ཆེན་ཞུ་བའི་སླད་བོད་ནས་གསར་དུ་ཕེབས་པ་རྣམས་ཀྱིས་ངེས་པར་དུ་རང་གི་འཕྲོད་བསྟེན་ལ་གཅེས་སྐྱོང་གནང་རོགས། རྐྱེན་ངན་གོད་ཆགས་དེ་འདྲ་སླར་ཡང་མ་འཕྲད་པའི་གཟབ་ནན་དགོས་གལ་ཆེན་པོ་ཡིན།

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཆོས་སྦྱིན་དམ་པའི་ཞིང་ས་འདི་འདྲ་ལ། དད་པའི་སྟོབས་ཀྱིས་གོམ་གང་སྤོས་པ་ཡང། དགེ་སྟོབས་ཤིན་ཏུ་ཆེ་ཞེས་གསུངས་པས་ན། དངོས་མཇལ་ལས་ལྷག་བསོད་ནམས་ཆེ་ཡང་སྲིད།
    གཙོ་བོ་ཡིད་བཞིན་ནོར་བུའི་སྙན་ལ་སླེབས་པ་བྱེད་དགོས།

    Reply
  4. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    གསར་འབྱོར་བ་ཟེར་ནའང་བོད་མི་རེད། བྱས་ཙང་། རྨོ་ལགས་ཁོང་འདས་གྲོངས་སུ་སོང་བ་ལ་མྱ་ངན་ཞུ། སྐྱེ་བ་རྗེས་མར་ཁོང་སླར་ཡང་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་སྐྱེས་ནས་རྒྱལ་བ་རིན་པོ་ཆེ་མཇལ་རྒྱུར་སྨོན་འདུན་ཞུ།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཡིད་སྐཡོའི་གནས་ཚུལ་འདིས། 2009འི་རྗེས་ས་ལ་བོད་འབྱོར་འཕྲོད་བསྟེན་གནས་སྟངས་འདི་ལས་མེད་ན། 1959འི་ལོ་རབས་ལ་ང་ཚོའི་ཕ་རྒན་མ་རྒན་ཚོས་གྲོངས་སྟངས་མ་བརྗེད་པ་བྱེད་དགོས་པའི་བསྐུལ་མ་ཅིག་ཐེབས་བྱུང་ལགས། སངས་རྒྱས་སྨན་བླ་མཁྱེན་ནོ། །

    Reply
  6. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 14 སྔོན།

    ཨོམ་མ་ཎི་པདྨེ་ཧཱུ། ཨོམ་མ་ཎི་པདྨེ་ཧཱུམ། ཨོམ་མ་ཎི་པདྨེ་ཧཱུ། ཨོམ་མ་ཎི་པདྨེ་ཧཱུ།
    སྐྱེ་བ་ནས་སྐྱེ་བ་ཚེ་རབས་ནས་ཚེ་རབས་ཀུན་ཏུ་ཨ་མ་རྒན་མོ་དེ་འཕགས་མཆོག་ཕྱག་ན་པདྨོས་རྗེས་སུ་འཛིན་པར་ཤོག

    Reply
  7. ཤིང་ལོ། says:
    ལོ་ 14 སྔོན།

    བོད་ནས་ཕེབས་མཁན་ཚོར་ངེས་པར་དུ་བདག་སྐྱོང་བྱེད་རྒྱུར་འབྲེལ་ཡོད་ཚང་མར་འགན་ཡོད་པར་མ་སད། རྒྱ་གར་དུ་སྔོན་ལ་ཡོང་ཡོད་མཁན་ཚོས་ཉམ་མྱོང་གི་ཐོག་ནས་བདག་སྐྱོང་བྱེད་དགོས། དེ་ཡང་ངའི་བསམ་ཚུལ་ལ།
    ༡ ཆུ་ཁོལ་མ་མང་བོ་བཏུང་དུ་འཇུག་དགོས་པ་དང་།
    ༢ ཟས་རྙིང་བ་བཟའ་མི་ཉན་པ།
    ༣ གོས་ཀྱི་སྟེང་གི་ཚུལ་དྲེགས་ལེན་པ།
    ༤ སྐྱ་ཟས་མང་བོ་བཟས་ན་སྐྱོན་ཞེད་དྲག་མེད།
    ༥ ཡང་གནས་སྐོར་ལ་ཁྲིད་མཁན་ཚོས་བསྟུད་མར་མི་འཁྲིད་པར་ངལ་གསོ་རྒྱག་བཞིན་འཁྲིད་རྒྱུ་གལ་ཆེ།

    Reply
  8. nyiser says:
    ལོ་ 14 སྔོན།

    ཨ་མ་རྒན་མོ་དེ་ལྟར་བཞུད་པ་ཐོས་ནས་ངོ་མ་སྙིང་ལ་ན་ཟུག་ཆེན་པོ་ཞིག་ལྡང་སོང་། འདས་པོ་གང་ཉིད་ལས་མྱ་ངན་གྲངས་མེད་ཞུ།
    ཨོ་མ་ཎི་པད་མའི་ཧུ།

    Reply
  9. རྟེན་འབྱུང་། says:
    ལོ་ 14 སྔོན།

    འབྲེལ་ཡོད་ཞབས་ཞུ་གནང་མཁན་ལྷན་རྒྱས་ལ་ཞུ་རྒྱུ། བོད་ནས་གསར་དུ་འབྱོར་མཁན་ཚོའི་དཀའ་ངལ་ནི་རྒྱ་གར་ནང་འཕྲོད་བསྟེན་གནང་མ་ཤེས་པའི་རྐྱེན་གྱིས་རེད། གཙོ་བོ་ནི་ཆུ་འཐུང་ཡ་དང་། ཁ་རས་ཡག་པོ་མ་བརྒྱབ་པ་དེ་གཉིས་རེད། དེའི་ཐོག་ལ་ལམ་སྟོན་ཡག་པོ་གནང་རོགས། བོད་ནང་ཆུ་གྲངས་མོ་འཐུང་ཡ་གོམས་གཤིས་མེད་དུས་རྒྱ་གར་ཚ་བ་ལུང་པ་སླེབས་ན་ཡང་ཆུ་ཚ་བོ་དང་ཇ་ཚ་བོ་མ་གཏོགས་འཐུང་གི་མི་འདུག། གལ་སྲིད་ཆུ་འཐུང་ན་ཡང་ཆུ་གཙང་མ་ཉོ་མ་ཤེས་པའམ་ཉོ་ཐུབ་པར་རྐ་ལའི་ཆུ་འཐུང་སྐབས་དེས་མ་འགྲིག་པ་བཟོ་གི་འདུག། སྔོན་མ་ཨ་མ་ར་ཝ་ཏིའི་དུས་དབང་སྐབས་ངའི་ནང་མི་ལྔ་ཡོང་བ་རེད། དེ་དུས་ཆུ་གཙང་མ་ལི་ཊར་༢༠་ཅན་གྱི་འགྱིག་དམ་ཆེན་པོ་རྐྱང་ཉོས་ནས་ཆུ་ཚ་བོ་དང་ཇ་ཚ་བོ་འཐུང་མ་བཅུག་པར་ཆུ་དེ་མང་ཙམ་འཐུང་བཅུག་པ་ཡིན། ཁ་རས་ཀྱང་ཡག་པོ་བརྒྱབ་བཅུག་པས་གཅིག་ཀྱང་ན་མ་སོང་། གཞན་ཚོ་ཚ་བ་ནང་ཁ་སྐོམ་སྐབས་ཇ་དྭངས་བསྐོལ་ནས་ཚ་བོ་རྐྱང་འཐུང་། ཕྱི་ལོག་ལ་འགྲོ་དུས་ཁ་རས་མ་བརྒྱབ་པའི་རྐྱེན་གྱིས་མང་པོ་ན་གི་འདུག། སྐུ་མཁྱེན་དེའི་ཐོག་རིག་པ་བསྒྲིམ་རོགས་ཐུགས་རྗེས་གཟིགས། ཁ་རས་ཀྱང་བྱུང་ན་ཡག་པོ་ཡོད་མཁན་གཉིས་བརྩེགས་བརྒྱབ་ན་ཡག་པོ་འདུག།

    Reply
  10. མིག་གསུམ་པ། says:
    ལོ་ 14 སྔོན།

    ཨ་མ་རྒན་མོ་དེ་ཚེ་འདིར་རྒྱལ་དབང་ཐམས་ཅད་མཁྱེན་པར་མཇལ་མ་ཐུབ་མོད། ཁོ་མོ་ལྟ་བུའི་ཚེ་འདས་རྣམས་ཁོང་གི་བྱམས་བརྩེའི་འོག་ཏུ་ནམ་ཡང་འདོར་གྱི་མེད། སྐྱེ་བ་ཕྱི་མར་རྒྱལ་དབང་མཁྱེན་པའི་ཉེ་འཁོར་ཞིག་ནས་སྐྱེ་བར་ཤོག་་་་་་་་་་་ཨ་མ་རྒན་མོ་དེའི་ཆེད་དུ་ཨོ་མ་ནི་པདྨེ་ཧཱུ

    Reply
  11. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    ཁར་སྔོན་ནས་འབོད་བསྐུལ་རབ་དང་རིམ་པ་ཞུས་ཡོད། ད་ཡང་དུས་བབ་གསར་ཁང་དང་བོད་ཀྱི་བང་ཆེན་གསར་ཁང་ཨ་རི་ཨེ་ཤ་ཡ་གསར་འགྱུར་ཁང་བཅས་ལ་སྙིང་ཐག་པ་ནས་ཐལ་མོ་སྙིང་ཁར་སྦྱར་ནས་ཞུ་གསོལ་འདེབས་སྙིང་། བོད་ནང་དུ་ནང་རྐུན་ཚབ་ཆེ་བ་ནང་བསད་ཚབ་ཆེ་བ་འདི་རིགས་ལ་༧གོང་ས་མཆོག་གི་བཀའ་སྩལ་དང་ཕྱག་བྲིས་ནན་མོ་ཞིག་གནང་ཐུབ་པའི་འབོད་བསྐུལ་དང་། ཁྱེད་གསར་འགོད་པ་དང་རྒྱུད་བསྒྲག་པ་ཡོངས་ཀྱི་དེའི་དོན་རྐྱེན་དེ་ངེས་པར་དུ་མེད་པ་བཟོ་དགོས་པའི་ཁ་ད་སློབ་གསོའི་ཡིག་ཆ་དང་། ངག་བརྒྱུད་རྒྱང་གྲགས་ཀྱི་ཐོག་ནས་ད་ལན་དོན་འབྲས་དུས་ཐོག་དུ་སྨིན་པ་ཞིག་བཟོ་དགོས་པ་ནི་ཁ་ཚ་དགོས་གཏུག་གི་ཕྱག་ལས་གལ་ཆེན་ཞིག་ཡིན་པ་མཁྱེན་བཞིན་ལ་ཅི་ནས་ཀྱང་རེ་བསྐུལ་ཆུད་ཟས་སུ་མི་བཏང་བའི་འབོད་བསྐུལ་ནན་མོ་ཞུ་གི་ཡོད།།།

    Reply
  12. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    ཨ་མ་རྒན་མོ་སྙིང་དབུས་ནས་མ་ཎི་རེ་འགའ་འདོན་གྱིན་ཡོད། སྐྱེ་བ་ཕྱི་མར་༧རྒྱལ་དབང་རིན་པོ་ཆེ་མཇལ་ཐུབ་པར་སྨོན། གཞིས་ལུས་རྒྱ་ཆེའི་མི་མང་༧རྒྱལ་དབང་རིན་པོ་ཆེ་མྱུར་ཏུ་མཇལ་ཐུབ་པར་ཤོག ༧རྒྱལ་དབང་རིན་པོ་བསམ་གྱིན་བསམ་གྱིན་ཨ་མ་རྒན་མོ་འདི་ལྟར་བཞུད་སོང་བ་ཚོའི་ཆེད་དུ་ཨོམ་མ་ཎི་པདྨེ་ཧཱུམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese