རྒྱ་ཆེའི་ཀློག་པ་པོ་རྣམས་ལ་གསལ་བསྒྲགས་ཞུ་རྒྱུར། སྤྱི་ནོར་༧གོང་ས་མཆོག་གིས་ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༣༡ ཉིན་ནས་དབུ་འཛུགས་ཀྱིས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༢ པ་གནང་འཆར་ཡོད་པ་ལྟར། འདི་ག་བོད་ཀྱི་དུས་བབ་གསར་ཁང་གིས་ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ནས་བཟུང་རྡོར་གདན་མཆོད་རྟེན་ཆེན་མོའི་ཉེ་འགྲམ་དུ་འཕྲལ་སེལ་ལས་ཁུངས་བཙུགས་ཏེ། ཉིན་རེའི་གནས་ཚུལ་མཁོ་སྒྲུབ་དང་བོད་ཀྱི་དུས་བབ་ཚགས་པར་མངགས་ཉོ་ཐོ་འགོད་བྱ་རྒྱུ་ཡིན་ལ། དེ་དང་མཉམ་དུ། བོད་ཀྱི་དུས་བབ་ལས་ཁུངས་ནས་དཔར་སྐྲུན་བྱས་པའི་དཔེ་དེབ་ཁག་དང་། བོད་ཀྱི་དུས་བབ་ཚགས་པར་འདོན་སྤེལ་བྱས་ཏེ་ལོ་ངོ་བཅོ་ལྔ་འཁོར་བའི་( ༡༩༩༦ — ༢༠༡༡ )ལོ་རེའི་ཚགས་པར་ཕྱོགས་བསྒྲིགས་འགྲེམས་ཚོང་བཅས་བྱ་རྒྱུ་ཡིན།
རྒྱལ་བལ་འབྲུག་གསུམ་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་བོད་ཀྱི་དུས་བབ་ཚགས་པར་མངགས་ཉོ་གནང་བ་དང་། དུས་བབ་ཚགས་པར་དང་དྲ་རྒྱ་གཉིས་སུ་གླ་ཡོད་གསལ་བསྒྲགས་གཏོང་བ། དེ་བཞིན། བོད་ཕྱི་ནང་གི་གནས་ཚུལ་དང་རྩོམ་ཡིག་རིགས་ཀྱང་ཐད་ཀར་འདི་ལ་མཁོ་སྤྲོད་བྱེད་ཆོག་པས་དེ་དོན་དགོངས་འཇགས་ཡོང་བ་ཞུ།།
༼ འབྲེལ་བ་གནང་ཡུལ། ༽
གསར་འགོད་པ། ཁ་པར། ༩༤༡༨༠༢༤༡༠༧ གློག་འཕྲིན། – dunduptashi@yahoo.co.in
འགྲེམས་སྤེལ་བ། ཁ་པར། ༩༨༨༢༥༩༦༡༨༣ གློག་འཕྲིན། – circulation@tibettimes.net
བོད་ཀྱི་དུས་བབ་ལས་ཁུངས་ནས་ ༢༠༡༡ ཟླ་ ༡༢ ཚེས་ ༢༠ ཉིན་ལ།