མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་སྒོར་ས་ཡ་ ༣༠༠ ཡི་ས་རིན་སྤྲོད་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༡/༡༢/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་མཚོ་སྔོན་པོའི་མཐར་རྒྱལ་ཡོངས་ཀྱི་རིམ་པ་མཐོ་གྲས་ཀྱི་ཡུལ་སྐོར་སྤྲོ་འཆམ་ལྟེ་གནས་ཤིག་འཛུགས་སྐྲུན་བྱ་རྒྱུ་ཡིན་ཚུལ་བཤད་དེ། ས་གནས་དེ་གའི་བོད་པའི་འབྲོག་སྡེ་རྣམས་ས་གཞན་ལ་གནས་སྤོར་བྱ་དགོས་པའི་བཙན་བཀའ་བཏང་ཡོད་ཀྱང་། སྡེ་བའི་མགོ་ཁྲིད་ཚོས་ཞིང་ཆེན་དང་རྒྱ་ནག་དབུས་གཞུང་ལ་ཞུ་གཏུག་གིས་ད་ཆར་གནས་སྐབས་རིང་ཕྱིར་འཐེན་བྱས་ཡོད་འདུག

འདི་གར་འབྲེལ་ཡོད་མི་སྣ་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། འདས་པའི་ལོ་གསུམ་ལྷག་གི་ཡར་སྔོན་ནས་བཟུང་རྒྱ་ནག་གཞུང་གིས་མཚོ་སྔོན་པོའི་ཉེ་འཁྲིས་སུ་ཡུལ་སྐོར་སྤྲོ་འཆམ་གྱི་བསྟི་གནས་ཤིག་གསར་འཛུགས་བྱ་རྒྱུའི་ལས་གཞི་ལག་བསྟར་བྱ་ཆེད་ཉེ་འཁོར་སྡེ་བ་ཡོངས་ལ་ཉེན་བརྡ་ཐེངས་མང་བཏང་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༥ པའི་ནང་མཚོ་སྔོན་ཞིང་ཆེན་དང་མཚོ་ལྷོ་ཁུལ། རྐང་ཚ་རྫོང་། རྟ་ནག་མ་ཞང་བཅས་ཀྱི་ས་གནས་དཔོན་རིགས་ཁག་ཅིག་ཡོང་སྟེ། ཉེ་འཁོར་གྱི་སྡེ་བ་དག་གི་མགོ་ཁྲིད་རྣམས་བསྡུ་སྐོང་གིས། གཞུང་ཕྱོགས་ནས་མཚོ་སྔོན་པོའི་ཤར་ཕྱོགས་ནས་བྱང་ཕྱོགས་བར་རྒྱ་ནག་རྒྱལ་ཡོངས་དང་འཛམ་གླིང་སྟེང་གཞི་རྒྱ་ཆེ་བའི་ཡུལ་སྐོར་སྤྲོ་འཆམ་གྱི་ས་ཁུལ་ཞིག་འཛུགས་བསྐྲུན་བྱ་རྒྱུ་ཡིན་པ་དང་། ས་ཁུལ་དེ་གསར་རྒྱག་བྱས་པར་ཉེ་འཁོར་གྱི་སྡེ་བ་ཡོངས་ལ་གཞུང་ཕྱོགས་ནས་རྒྱ་སྒོར་ས་ཡ་ ༣༠༠ དང་། ཁྱིམ་ཚང་རེར་རྒྱ་སྒོར་ཁྲི་ ༨༠༠ རེ་སྤྲད་དེ་མཚོ་ལྷོ་ཁུལ་རིག་སྨོན་ཞང་དང་སྟོང་སྐོར་རྫོང་གཉིས་ཀྱི་བར་མཚམས་སུ་ཡོད་པའི་ས་གནས་སུ་གནས་སྤོ་བྱ་དགོས་སྐོར་བརྗོད་ཡོད་འདུག་ལ། གནས་སྤོ་བྱ་ཡུལ་དུ་ཁྱིམ་ཚང་རེར་ཐོག་ཁང་ཉིས་ཐོག་དང་རྭ་བསྐོར་ཡོད་པའི་ཁང་པའི་མཐུན་རྐྱེན་བསྐྲུན་རྒྱུ་ཡིན་ཚུལ་བཤད་ཡོད་ཀྱང་། སྡེ་བ་དེ་དག་གི་བོད་མི་ཚོས་ཁོང་ཚོ་ས་གནས་རང་དུ་འདུག་རྒྱུ་ལས་ས་གནས་གཞན་གང་ལའང་གནས་སྤོར་བྱ་རྒྱུ་མིན་པའི་བརྡ་ལན་སྤྲད་ཡོད་འདུག

ཉེ་སྔོན་ས་གནས་འབྲེལ་ཡོད་དཔོན་རིགས་ཚོ་ཐེངས་མང་པོར་སྡེ་བ་ཁག་ཏུ་ཡོང་སྟེ་འཇིགས་སྐུལ་དང་དྲག་གནོན་རིམ་པར་བྱས་ཏེ་ཐབས་ཟད་འུ་ཐུག་གི་ལམ་དུ་བསྐྱལ་མཐར། སྡེ་བ་ཁག་གི་ངོས་ནས་མཚོ་ལྷོ་ཁུལ་དང་ས་གནས་འབྲེལ་དཔོན་རིགས་ལ་སྙན་ཞུ་བྲིས་ཏེ། སྡེ་བའི་རྒན་པ་ཁག་ཅིག་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་སྒོ་འགྲམ་དུ་སོང་སྟེ་ཉིན་ ༣ རིང་བསྡད་དེ་ཞུ་གཏུག་བྱས་མཐར། མཚོ་སྔོན་ཞིང་ཆེན་གྱི་དཔོན་རིགས་ཚོས་གནས་ཚུལ་དེ་མཚོ་སྔོན་ཞིང་ཆེན་གྱི་ཐག་གཅོད་ཅིག་མིན་པར། ཀྲུང་དབྱང་དམག་དོན་ཅུའུ་ཡི་ཐག་གཅོད་བྱས་པའི་ལས་གཞི་ཞིག་ཡིན་ཚུལ་བཤད་ཡོད་འདུག ཕྱིས་སུ་སྡེ་བ་ཁག་གི་ལས་འཁྱུར་ངལ་གསོ་བྱས་ཡོད་པའི་རྒན་རབས་པ་ཁག་ཅིག་གི་སྣེ་འཁྲིད་འོག་རྒན་པོ་ ༣༢ རྒྱ་ནག་གི་རྒྱལ་ས་པེ་ཅིན་ལ་ཞུ་གཏུག་ཏུ་ཕྱིན་ཡོད་ཅིང་། སྐབས་དེར་པེ་ཅིན་གྱི་འབྲེལ་ཡོད་ལས་ཁུངས་ཤིག་གིས་ཁོང་ཚོར་སྣེ་ལེན་བྱས་ཡོད་པ་མ་ཟད། ཁོང་ཚོར། “ཏང་ཀྲུང་དབྱང་གི་ངོས་ནས་མཚོ་སྔོན་པོའི་ཉེ་འགྲམ་གྱི་བོད་རིགས་མི་མང་གི་འཚོ་བ་ཡར་རྒྱས་སུ་གཏོང་ཆེད་ལས་གཞི་དེ་ལག་བསྟར་བྱེད་ཀྱི་ཡོད། ཁྱེད་རང་ཚོ་དགུན་གསུམ་གྱི་ཙག་དང་དབྱར་གསུམ་གྱི་ཚ་བ་ཆེན་པོའི་ནང་འཚོ་བ་སྐྱེལ་བཞིན་པའི་ཐད་ལ་སེམས་ཁུར་བྱེད་ཀྱི་ཡོད། གལ་སྲིད། ཁྱེད་ཚོར་མོས་མཐུན་མེད་པ་ཡིན་ན་རྗེས་ཕྱོགས་ལས་གཞི་འདི་ལག་བསྟར་མཚམས་འཇོག་ཆོག་གི་རེད། ”ཅེས་བཤད་དེ་སྣེ་ལེན་དང་ལམ་གྲོན་སོགས་ཀྱང་མཁོ་སྤྲོད་བྱས་ཡོད་འདུག  

ཉེ་ཆར་སྡེ་བའི་རྒན་རབས་པ་ཚོ་པེ་ཅིན་དུ་ཕྱིན་ཏེ་ཞུ་གཏུགས་ཀྱིས་ལོ་ ༣༠ རིང་ལས་གཞི་ལག་བསྟར་མི་བྱ་རྒྱུའི་སྐད་ཆ་བྱུང་ཡོད་ཀྱང་། ད་ལྟའི་ཆར་སྔ་མོ་ནས་ཡོད་པའི་དམག་སྒར་ཁག་རྒྱ་བསྐྱེད་དུ་གཏོང་གི་ཡོད་པ་མ་ཟད། རྒྱ་མི་སྟོང་ཕྲག་མང་པོ་མཚོ་སྔོན་པོའི་ཉེ་འཁོར་དུ་གནས་སྤོར་གྱིས་མཚོའི་ཉེ་འགྲམ་གྱི་ཚོང་ཁང་དང་ཟ་ཁང་། མགྲོན་ཁང་སོགས་ཚོང་ལས་དང་འབྲེལ་བའི་རིགས་ཆ་ཚང་བདག་བཟུང་གིས་བོད་མི་ཚོར་དཀའ་ངལ་ཆེན་པོ་འཕྲད་ཀྱིི་ཡོད་ཅིང་། ས་གནས་རང་དུ་འཚར་ལོངས་བྱུང་བའི་བོད་མི་ཚོ་ཡང་ཉེ་འཁོར་གྱི་ཡུལ་སྐོར་སྣེ་ལེན་ས་ཁུལ་སོགས་སུ་འགྲོ་མི་ཆོག་པར་བཟོས་ཡོད་པ་དང་། འདས་པའི་ལོ་ངོ་དུ་མའི་རིང་རྒྱ་ནག་གཞུང་གིས་མཚོའི་ཉེ་འཁོར་གྱི་ས་ཆ་བདག་བཟུང་དང་བོད་མི་ཚོར་བཙན་གནོན་བྱའི་པས་དབང་གིས། ས་གནས་བོད་མི་ཚོས་རྒྱ་ནག་གཞུང་གིས་བོད་མི་གནས་སྤོར་གྱི་ལས་གཞི་དེ་རེ་ཞིག་མཚམས་འཇོག་བྱས་པ་ཙམ་ལས་སྔ་ཕྱི་གང་ཡིན་ཡང་ལག་ལེན་བསྟར་ངེས་པའི་དོགས་གཞི་དང་འཇིགས་སྣང་བྱེད་ཀྱི་ཡོད་འདུག 

གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་པོ་འམ་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ཉེ་འཁྲིས་སུ་རྐང་ཚ་དང་རྟ་ནག་མ། རིག་སྨོན་བཅས་ཞང་གསུམ་ཡོད་འདུག་ལ། ཐེངས་འདིའི་རྒྱ་ནག་གཞུང་ཕྱོགས་ཀྱིས་ཡུལ་སྐོར་བསྟི་གནས་འཛུགས་བསྐྲུན་བྱ་ཡུལ་མཚོ་སྔོན་པོའི་ཉེ་འཁྲིས་ཀྱི་ཤར་བྱང་ས་ཁུལ་རྨོག་རུ་འཚོ་བ་གཉིས་དང་རྒྱ་ཡེ། ཟླ་ཚང་། དཔོན་སྐོར། གཡོན་རུ་ཞོལ་མ། སྤྲེལ་ནག བདུལ་ཆུ། བཅས་སྡེ་བ་ ༧ ལྷག་དང་། གཉའ་ནག་འཚོ་བ་གཉིས། ཝ་འབྱོན། མདའ་བཞི་བཅས་བསྡོམས་པའི་སྡེ་བ་ ༡༠ འདུས་ཡོད་འདུག

 

གསར་འགོད་པ། དོན་གོ

༼བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད།༽

 
 

འབྲེལ་ཡོད་གསར་འགྱུར།

བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་སྐབས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོ་དེབ་ནས་བླངས།
Mobile App

ཨ་རིར་ཉིན་གྲངས་གཉིས་རིང་བོད་དོན་ཞུ་གཏུག་བྱས། 

སྐར་མ ༣༡ སྔོན་ལ།
Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

༢༠༢༦/༠༦/༡༠
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
Front Slider

དགོན་སྡེ་ཁག་གཉིས་ཀྱི་གཞི་རྩའི་ཐོབ་ཐང་འཕྲོག་པའི་གནད་དོན་དང་འབྲེལ་ནས་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
Front Slider

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨

མཆན། 6

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    གཞུང་ལ་ཞུ་གཏུགས་བྱས་པ་བཟང་གི དེ་ཐབས་ཤེས་གཅིག་རེད། ད་གནད་འགག་ལ་ཐུག་ན་ཞི་བའི་ངོ་རྒོལ་བྱེད་ཐུབ་དགོས།
    དངུལ་གྱི་བསླུ་བྲིད་འོག་ལ་སོང་ན་ད་ཚར་བ་རེད།

    Reply
  2. བསྟན་འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    ཧ་བོ་མ་བོ་ཟེར་བས་ཅི་ཕན་ནམ དེ་ལས་མིསེར་སྤེལ་བའི་རྒྱ་དམར་ལ་གདོང་ལེན་གང་བྱེད་དགོས་སམ སྔོན་ལ་སྐྱེས་སྒྲ་འཛིན་རྣ་བ་ལས་རྗེས་སྐྱེས་ར་ཅོ་བཙན་པོའི་ངང་ཚུལ་འདི་ལ་ཁ་གཏད་གཅོག་ཐབས་ཞིག་གསུང་རོགས་ཡོད་པ་མཛོད

    Reply
  3. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    ཤ་ཁྲ་གཅིག་པའི་གངས་ཅན་བོད་རིགས་སྤུན་ཟླ་ཡོངས་ལ་སྙིང་ནས་གསོལ་བ་འདེབས་རྒྱུར། སྔར་རང་རེའི་མེས་པོ་ཁག་ཅིག་གིས་སྣང་མེད་ཐོག་བོད་མཐོ་སྒང་གི་མཛེས་ལྗོངས་འདི་རྒྱ་ནག་དམར་པོའི་ལག་པར་བླུགས་ཤིང་། ཡ་ང་སྙིང་རྗེ་དང་བྲལ་བའི་བྱ་ཐབས་སྣ་ཚོགས་ཤིག་གིས་བོད་མི་རྣམས་ལ་དམྱལ་བ་མི་ཡུལ་དུ་མྱོང་དགོས་པ་ལྟ་བུ་བྱུང་དང་འབྱུང་བཞིན་པ་འདི་ལྟར་ལགས། ད་དུང་ཡང་རང་རེ་ཆུང་ཚར་ཚོའི་སྔ་མ་ལ་བསམ་བློ་རེ་གཏང་ནས་ཕྱི་མ་འཚོ་སྡོད་ཀྱི་ཞིང་ས་དང་། འབྲོག་ས་གང་ལྷག་རྣམས་ལ་སྲུང་སྐྱོབས་ཀྱིས་མི་རབས་རྗེས་མ་རྣམས་ཀྱི་ལག་པར་བླུག་ཐུབ་པ་ཞིག་བཟོས་མ་ཐུབ་ན་ཕྲུ་གུ་ཚོའི་འཁང་ར་དང་། དམའ་འབེབས་སྣ་ཚོགས་ཤིག་བྱ་རྒྱུར་ཐེ་ཚོམ་མེད་དོ།།

    Reply
  4. གངས་འོད། says:
    ལོ་ 14 སྔོན།

    སྤུན་ཟླ་ཚོ། ང་ཚོར་ཤ་གསེང་ན་རུས་པ་དང་རུས་གསེང་ན་རྐང་དམར་ཞིག་ཡོད་ན་སྡོད་ས་ཞིག་ཡོད་ཀྱང་། སྡོད་སྟངས་ཤིག་ཨེ་ཡོད་འདིར་ལྟོས་དང་ཁྱོད་ལ་འགྲེལ་བཤད་གསལ་བོ་ཞིག་བྱས་ཡོང་། རྒྱ་གཞུང་གི་རྒྱུ་འབྲས་མེད་པའི་བྱ་ལས་དང་། སྙིང་རྗེ་མེད་པའི་དྲག་སྤྱོད་འདིས་བོད་མི་རྒྱུ་ཟོག་གསུམ་རྩ་མེད་བཟོས་ཚར་སོང་།
    ད་ང་ཚོས་རང་རང་ས་ནས་ཧུར་ཐག་གིས་འཆར་གཞི་ཞིག་བཟོས་ཏེ། དམིགས་ཡུལ་ཡོད་པའི་རང་ས་མི་གསུམ་སྲུང་སྐྱོབ་ཀྱི་ལས་ཤིག་བྱ་རན་རེད།
    འོག་གི་དྲ་ཐག་འདི་ལས་མཚོ་སྔོན་པོའི་སྐོར་ཀྱི་ཡིད་སྐྱོ་བའི་དངོས་བརྙན་སྙིང་དམར་པོ་ཐང་མར་བརྡལ་ནས་ངེད་ཅག་གི་མདུན་དུ་བཤམས་ནས་འདུག་ན། ངེས་པར་དུ་བསམ་གཞིགས་ཡག་པོ་རེ་བྱ་རན་རེད།

    http://www.cultureunplugged.com/documentary/watch-online/filmedia/play/4774/Kokonor/?pp=contribute

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ས་ཁུལ་དེ་གསར་རྒྱག་བྱས་པར་ཉེ་འཁོར་གྱི་སྡེ་བ་ཡོངས་ལ་གཞུང་ཕྱོགས་ནས་རྒྱ་སྒོར་ས་ཡ་ ༣༠༠ དང་། ཁྱིམ་ཚང་རེར་རྒྱ་སྒོར་ཁྲི་ ༨༠༠ རེ་སྤྲད་དེ་མཚོ་ལྷོ་ཁུལ་རིག་སྨོན་ཞང་དང་སྟོང་སྐོར་རྫོང་གཉིས་ཀྱི་བར་མཚམས་སུ་ཡོད་པའི་ས་གནས་སུ་གནས་སྤོ་བྱ་དགོས་སྐོར་བརྗོད་ཡོད་འདུག་ལ། ས་ཡ་གསུམ་བརྒྱ་དང་། ཁྲི་བརྒྱད་བརྒྱ་ཟེར་རམ། ཡང་ན་། དེ་ལས་ཉུང་བིའ་གྲངས་ཅིག་སྟོན་ནམ། ཡིད་ཆེས་དཀའ་ལ་ཡིག་དང་གྲངས་མཉམ་བསྲེས་བྱས་ནས་ཧ་གོ་རྒྱ་ཁག་པོ་མི་འདུག་གཆ་དྲ་གྲོགས་ཚོ། ད་ང་བོད་པ་གཅིག་གིས་བོད་སྐད་འདི་ལ་འཐོམས་སོང་ངོ་། གསལ་བཤད་ཅིག་གནོངས་དང་།

    Reply
  6. ཁྱམས་འཇུགས་ says:
    ལོ་ 14 སྔོན།

    བོད་མི་ཚོ་རང་ས་ཡི་དོན་དུ་སེམས་ཤུགས་སྐྱེད་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese