མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མེ་མདའ་དང་མེ་ལྕེ། མྱི་ནག་ཚང་།

བོད་ཀྱི་དུས་བབ།
༢༠༡༢/༠༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

             — བོད་ནང་དུ་མེ་ལྕེ་རེ་མཆེད་གིན་འདུག་ལ། མེ་ལྕེ་དེ་དག་མེ་མདའ་བརྒྱབ་ནས་གསོད་གིན་འདུག

གལ་སྲིད་མིའི་རིགས་ཀྱིས་དཀར་ནག་དང་བདེན་རྫུན་གྱི་དབྱེ་བ་ཅུང་ཕྱེ་ནས་ད་ལྟའི་བོད་ནང་ལ་བལྟ་དུས་མ་མཐར་ཡང་འདི་ལྟ་བུ་ཞིག་མཐོང་དགོས་པར་འདུག རྒྱ་ནག་གི་ཉེན་རྟོག་པ་དང་དྲག་ཆས་མི་སྣ། བཅིངས་འགྲོལ་དམག་མི་དག་གིས་གོ་མཚོན་ལྗིད་པོ་དག་བོད་ནང་དུ་ཁྱེར་ཡོང་ནས། མི་དམངས་ཀྱི་དཀྱིལ་ལ་རང་འདོད་ལྟར་མེ་མདའ་རྒྱག་པ་དང་། ཆབ་སྲིད་ཀྱི་དོགས་གཞི་ཡོད་པའི་རིགས་ལ་ཡང་མེ་མདའ་བརྒྱབ་ནས་གསོད་ཀྱིན་ཡོད་པ་རེད། ཁོང་ཚོ་ནི་རི་དྭགས་རྔོན་དུ་ཡོང་བ་ལྟ་བུ་ཞིག་ཡོད་པ་རེད།

ཁོང་ཚོས་ད་བར་དུ་བསད་པའི་བོད་མི་དེ་དག་སུ་གཅིག་གི་ལག་ཏུ་མེ་མདའ་ཕར་ཞོག ཐ་ན་གྲི་ཆུང་རེ་བཟུང་ནས་རྒྱུག་མཁན་དང་ངོ་རྒོལ་ཁྲོམ་སྐོར་བྱེད་མཁན་བྱུང་མྱོང་མེད། འདས་པའི་ལོ་ ༣༠ ནས་ ༤༠ བར་དུ་བོད་པ་མེ་མདའ་བཟུང་མཁན་ཞིག་ཁྲོམ་ལ་འབུད་མྱོང་མེད་ལ། རྒྱ་ནག་གི་ཉེན་རྟོག་པ་དང་དམག་མི་སུ་གཅིག་ཀྱང་བོད་པ་ཞིག་གིས་བསད་པའི་གནས་ཚུལ་བྱུང་མེད། ཡིན་ཡང་། རྒྱ་ནག་གཞུང་གིས་དུག་རྫས་དང་གོ་མཚོན་གང་བདེ་སྤྱད་དེ་བོད་པ་ཚོ་གསོད་ཀྱིན་པའི་གནས་ཚུལ་དེ་ཡོངས་གྲགས་ནས་རྒྱུན་ལྡན་དུ་གྱུར་ཡོད། འདས་པའི་ཉིན་དྲུག་གི་རིང་ལ་དོན་རྐྱེན་དེ་འདྲ་ཐེངས་གཉིས་ལ་བྱུང་ཞིང་། གཅིག་ནི་མདོ་སྨད་བླ་བྲང་ཨ་མཆོག་ཚོ་བ་དང་། ཅིག་ཤོས་དེ་མདོ་སྨད་རྔ་བ་རྫོང་རེད།

རྒྱལ་སྤྱིའི་སྟེང་ནས་ཀྱང་བོད་རྒྱའི་བར་གྱི་དཀའ་རྙོག་འདི་སེལ་དགོས་པར་བཤད་མཁན་དང་། བོད་པ་ཚོ་ཡང་འགྲོ་བ་མིའི་རིགས་སུ་བརྩིས་ཏེ་ཁོང་ཚོའི་གཞི་རྩའི་ཐོབ་ཐང་ལ་བརྩི་བཀུར་བྱ་དགོས་ཚུལ་བཤད་མཁན་ཡོད་རུང་། འདི་ལྟར་མི་དམངས་ཀྱི་ཞི་བའི་ངོ་རྒོལ་དང་གཞུང་གི་དྲག་པོའི་བཙན་གནོན་བར་ན་ཆ་མི་སྙོམས་ལ། རྣམ་འགྱུར་མི་མཚུངས་པ། ངོ་ཡ་བྱེད་སྟངས་ཀྱི་ངོ་བོ་མི་གཅིག་པའི་འགལ་བ་ཆེན་པོ་ཞིག་ཡོད་པ་དེ་གླེང་མཁན་མི་འདུག

སྲིད་གཞུང་ཞིག་གི་ངོས་ནས་མི་དམངས་ཀྱི་ངོ་རྒོལ་ལ་འགོག་རྒོལ་དང་སྟངས་འཛིན་བྱེད་པ་ནི་རྒྱལ་ཁབ་ཚང་མའི་ལུགས་སྲོལ་ཡིན་རུང་། རྒྱ་ནག་གཞུང་གིས་བོད་པ་ཚོ་དམིགས་བཀར་གྱིས་གསོད་ཆོག་ཆོག་ཅིག་ཏུ་ལྟ་གིན་ཡོད་ལ། བོད་ས་ཁུལ་ལ་བཀྲམས་པའི་དམག་དཔུང་དེ་དག་ནི་སྤྱི་ཚོགས་བརྟན་ལྷིང་དང་ཞི་བདེ་ལ་སྒྱུར་མཁན་མིན་པར། བོད་པ་ཚོ་ཚར་གཅོད་མཁན་དང་། དཔུང་ངོམ་བྱེད་མཁན་ཁོ་ནར་གྱུར་ཡོད།

ཉིན་ཤས་གོང་ངས་རླབས་གསུམ་པར་ཉན་སྟངས་ཞེས་པའི་ཟིན་བྲིས་ཐུང་ཐུང་ཞིག་བྲིས་པ་ཡིན། དེའི་རྗེས་ནས་ངས་བོད་པ་གང་འཚམ་ཞིག་ལ་ཁ་བརྡ་བྱས་སྐབས། ཁོང་ཚོའི་བརྒྱ་ཆ་ ༩༠ ལྷག་གི་སེམས་ན་རླབས་གསུམ་པ་ཞིག་གཡོ་གིན་འདུག་ལ། ད་ནི་འུ་ཐུག་སོང་ཟེར་མཁན་དང་། ད་ནི་དངོས་གནས་སྡོད་འཇུག་གི་མི་འདུག་ཟེར་མཁན། གོ་སྐབས་ཤིག་ཡོད་རྒྱུ་ན་ཟེར་མཁན། གཏོར་རྒོལ་རེ་སེམས་ལ་མི་ཤར་རང་ཤར་རེད་ཟེར་མཁན་སོགས་འདུག

ད་ནངས་ཞོགས་པར་དྲ་རྒྱ་ཁ་ཕྱེ་དུས་སླར་ཡང་ཛ་དྲག་གི་གནས་ཚུལ་ཞིག་མདོ་སྨད་རྔ་པ་རུ་བྱུང་ཞིང་། རྒྱ་ནག་གི་ཉེན་རྟོག་པ་ཚོས་མང་ཚོགས་ཀྱི་དཀྱིལ་ལ་མེ་མདའ་སྐོར་བ་སོགས་རེད། སྔོན་ཆད་ཕ་ཡུལ་གྱི་གྲོགས་པོ་ཚོས་ ༼བོད་སེམས་བོད་ཀྱིས་ཤེས།༽ ཞེས་བཤད་མྱོང་བ་ལྟར། ད་ནི་བོད་མི་རིགས་ཀྱི་སེམས་ཁམས་དེ་གང་ཞིག་ཏུ་གཡོ་བཞིན་པ་ནི་ཅུང་ཚོད་དཔག་ཐུབ་པ་ཞིག་རེད།

རྒྱ་ནག་གཞུང་གིས་བོད་རྒྱའི་བར་ན་ཞི་བའི་གྲོས་མོལ་ཟེར་བ་ཞིག་ཡོང་ཐབས་མེད་པར་བཤད་ལ། དགོས་གལ་ལ་ཐུག་དུས་དྲག་པོའི་རྒོལ་རྡུང་ནི་གཡོལ་ཐབས་མེད་པ་ཞིག་ལ་ལྟ་གིན་ཡོད། རྒྱ་གཞུང་གི་ལྟ་ཚུལ་ལྟར་ན། བོད་པ་ཞིག་གིས་རྒྱ་མི་རིགས་ཤིག་ལ་གནོད་པ་ཕྲན་བུ་ཙམ་བྱས་ཚེ་བོད་པ་དེར་ཆབ་སྲིད་ཀྱི་ནག་ཉེས་ཤིག་ཡོད་ལ། རྒྱ་མི་ཞིག་གིས་བོད་པ་ཞིག་བསད་ཚེ་ཉེས་པ་དེ་སླར་ཡང་བོད་པ་དེའི་མགོ་ན་ཡོད། དེའི་རྒྱུ་མཚན་ནི་ཁྱོད་༼བོད་པ་༽ཡིན་པའི་རྐྱེན་ཁོ་ནར་ཐུག་ཡོད།

དེ་བས་བྱང་ཆུབ་ཀྱི་སེམས་སྦྱངས་མཁན་གྱི་སྐྱེ་བུ་དམ་པ་ཞིག་ཡིན་ན་གནས་ཚུལ་ཐ་དད་ཡིན་རུང་། བོད་རིགས་མི་དམངས་དཀྱུས་མ་ཚོའི་སེམས་ན་གནོན་མི་ཐུབ་པའི་ཁོང་ཁྲོ་ཞིག་འབར་བཞིན་པ་ནི་མངོན་གསལ་རེད། ཁྱེད་ཀྱིས་ཟིན་བྲིས་འདི་བཀླགས་རྗེས་སོ་སོའི་སེམས་ལ་ཡང་བརྟག་དཔྱད་ནན་མོ་ཞིག་ཐོངས་དང་། མ་མཐར་ཡང་ཁྱོད་ཀྱི་སེམས་ན་འགལ་འདུ་དང་ཐེ་ཚོམ་གྱི་བསམ་ཚུལ་སྣ་ཚོགས་ཤིག་འཕྱོ་བཞིན་པ་གོར་མ་ཆགས་པར་འདོད། ལྷག་པར་དུ། བོད་ནང་གི་ཞི་བའི་མེ་ལྕེ་དེ་དག་ལ་ཁོ་ཚོས་མེ་མདའ་བརྒྱབ་ནས་གསོད་བཞིན་པའི་སྐབས་འདིར་སེམས་ཁམས་དེ་རྒྱུན་ལྡན་ལ་འབབ་ཐུབ་གི་མེད།

རྒྱལ་སྤྱི་དང་རྒྱ་ནག་གི་སྲིད་དོན་པ་དང་ཤེས་ཡོན་པ་དག་གིས་ད་སྐབས་རྒྱ་གཞུང་ལ་ངེས་པར་དུ་གནོན་ཤུགས་སྤྲོད་རྒྱུ་དེ་ནི། ས་གནས་སོ་སོར་བོད་རིགས་མི་དམངས་ཀྱི་ཞི་བའི་ངོ་རྒོལ་ཅི་ཙམ་ཡོད་རུང་། དེ་དག་གི་སྟེང་ལ་དྲག་པོའི་གོ་མཚོན་ནམ་ཡང་བཀོལ་མི་ཆོག་རྒྱུ་འདི་རེད།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༠ སྔོན་ལ།
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

ཆུ་ཚོད་ ༡༦ སྔོན་ལ།
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠

མཆན། 6

  1. མྱི་ནག་ཚང་། says:
    ལོ་ 14 སྔོན།

    མགྲིན་པ་ཟབ་མོ་ལགས་ཀྱིས་འདིར། ༡། རྒྱལ་སྤྱིའི་གནས་སྟངས་དང་། ༢། བོད་མི་རིགས་རང་གི་ནང་ཁུལ་གྱི་གནས་སྟངས། ༣། ཏཱ་ལའི་བླ་མ་དང་ནང་ཆོས་ཀྱི་ཤུགས་རྐྱེན་ལས་བྱུང་བའི་རྒྱལ་སྤྱིའི་མིག་ནང་གི་བོད་དོན་གྱི་གནས་སྟངས། ༤། ད་ལྟའི་དུས་རབས་ཀྱི་གནས་སྟངས་དང་འཕེལ་ཕྱོགས། ༥། ད་ལྟའི་ལས་འགུལ་གྱི་ཤུགས་རྐྱེན། ༦། ལོ་རྒྱུས་ཀྱི་རྒྱབ་ལྗོངས། ༧། བཙན་བྱོལ་བོད་མིའི་གནས་སྟངས་སོགས་གཞིར་བཞག་ནས་བཤད་འདུག་སྟབས་ཐུགས་རྗེ་ཆེ།

    Reply
  2. མྱི་ནག་ཚང་། says:
    ལོ་ 14 སྔོན།

    གསལ་ལེ་ལགས། ཁ་ཉིན་གྱི་མེ་མདའི་དོན་རྐྱེན་དེ་དཔེར་ན། ཁྱེད་ཚང་གི་ཁྱིམ་ཚང་ནང་ལ་མེ་མདའ་བརྒྱབ་པ་རེད། ཁྱོད་ཀྱིས་བཟོད་ཨེ་ཐུབ། གཞན་པ་དེ་ནི་དཔེར་ན། ཁྱེད་ཀྱི་སྡེ་མིའི་ནང་དུ་མེ་མདའ་བརྒྱབ་པ་རེད། ཁྱེད་ཀྱིས་བཟོད་ཨེ་ཐུབ།

    ཁྱོད་ཀྱིས་ད་དུང་འཚེ་མེད་ཞི་བ་བཤད་ནས་འདུག་ཨེ་ཐུབ། ཁྱེད་ཀྱིས་ད་དུང་ཞེ་བདེའི་མི་རིགས་ཡིན་པའི་ངོ་སོ་ཞིག་ལ་བསྒུག་ནས་འདུག་ཨེ་ཐུབ། མི་ཐུབ་ན་གནས་སྟངས་ངོ་མ་དེ་འདྲ་རེད། འདི་ཚོ་ཁྱོད་ཀྱིས་ད་སྐབས་བཤད་ཀྱིན་པའི་གནས་ལུགས་རྒྱུ་མཚན་གྱི་གྲས་སུ་འགྲོ་གི་མེད་ཀྱང་སྲིད།

    Reply
  3. མགྲིན་པ་ཟབ་མོ། says:
    ལོ་ 14 སྔོན།

    ཕྱིའི་རྒྱབ་སྐྱོར་ལ་རྣ་བ་མ་གཡར། ནང་གི་དམ་ཚིག་ལ་བློ་རྩེ་གཏོད།

    ༡། དེང་སང་ཁ་ཆེ་དུང་ཕྱུར་གཅིག་ཨ་རི་བ་ཚོའི་སྒང་ལ་ཁོང་ཁྲོ་ལངས་ནས་བསྡད་ཡོད་པ་རེད། འདིའི་ཐོག་ལ་ཨ་རི་ཡིས་སླར་ཡང་སྔོན་ཆད་ཀྱི་གྲང་དམག་གི་སྔ་ཕྱི་ལྟར། རྒྱ་རིགས་དུང་ཕྱུར་གཅིག་ལྷག་གི་ཁོང་ཁྲོ་ཉོ་ཐུབ་ཀྱི་རེད་དམ། 

    ༢། ཡོ་རོབ་ལ་སོ་སོ་མགོ་མ་འདུམ་པའི་དཀའ་ངལ་གྱི་ཐོག་ལ། ཨ་རིའི་མཉམ་དུ་དགྲ་བོ་མང་ཙམ་བསགས་ཡོད་པ་རེད། དེས་མ་འདང་བར་ཡོད་པ་རེད་དམ།

    ༣། བོད་ཕྱི་ནང་ནས་བླ་མ་དཔོན་པོ་སྐོར་ཞིག་རྒྱ་ཕྱོགས་ལ་འཁོར་ཡོད་པ་རེད། བླ་མ་དཔོན་པོ་སྐོར་ཞིག་ནུབ་ཕྱོགས་ལ་འཁོར་བསྡད་ཡོད་པ་རེད། མང་ཚོགས་ཀྱང་ཕྱེད་ཀ་གཉིས་སུ་གྱུར་ཡོད་པ་རེད། སྐབས་འདི་འདྲ་ཞིག་ལ་འཛམ་གླིང་གིས་ཁ་གྲག་ཤེས་ཀྱི་རེད་དམ།

    ༤། ནུབ་ཕྱོགས་པ་ཚོཏཱ་ལའི་བླ་མར་དགའ་བོ་ཡོད་པ་བདེན་སྲིད། རེད་དེ། ཁོང་ཚོ་བོད་པ་ལ་དགའ་ཟེར་བ་རྫུན་རེད། བོད་ཀྱི་ནང་ཆོས་ལ་དགའ་ཟེར་བ་ཡང་རྫུན་རེད། གཙོ་བོ་ཁོ་རང་ཚོ་སོ་སོའི་ཆོས་ལུགས་དང་སྤྱི་ཚོགས་ལ་མ་དགའ་བའི་དབང་གིས་བོད་ཀྱི་སྐོར་བཤད་ཁུལ་དང་དགའ་ཁུལ་བྱེད་ཀྱིན་ཡོད་པ་རེད།

    ༥། ད་ལྟའི་འཛམ་གླིང་འདི་སླར་ཡང་(ཁོང་ཁྲོའི་དུས་རབས་ )ལ་བསླེབས་ཡོད་པ་རེད། གོ་ལ་གོར་གོར་འདི་ཁོང་ཁྲོས་ཁེངས་བསྡད་ཡོད་པ་རེད། སྐབས་འདི་འདྲ་ཞིག་ལ་བགྲོ་གླེང་དང་གྲོས་མོལ་ཞེས་པ་ཞིག་ཡོང་སྲོལ་མེད་པ་འདྲ་བོ་རེད། 

    ༦། དུས་རབས་ ༢༡ པ་འདི་ལ་རེ་བ་བྱས་ཀྱང་། དེ་ནི་ཉམས་རྒུད་ཀྱི་དུས་རབས་ཤིག་ཏུ་གྱུར་བ་རེད། དམངས་གཙོ་ཉམས་པ་རེད། དཔལ་འབྱོར་ཉམས་པ་རེད། ཁོར་ཡུག་ཉམས་པ་རེད། དེའི་ཉེར་ལེན་ནི་སླར་ཡང་རྒྱལ་སྤྱིའི་ཟིང་ཆ་ཆེན་པོ་ཞིག་ཏུ་གྱུར་བ་རེད།

    ༧། མེར་སྲེག་གི་ལས་འགུལ་ནི་རླབས་ཆེན་རེད། འོན་ཀྱང་། རླབས་ཆེན་གྱི་ལས་དོན་རིགས་ལ་ཤུགས་རྐྱེན་དགོས་པ་རེད། ཤུགས་རྐྱེན་ནི་གྲུབ་འབྲས་ཀྱི་སྔོན་འགྲོ་རེད། དེང་གི་མེར་སྲེག་ལ་ཤུགས་རྐྱེན་ཞིག་མཐོང་ཁག་པོ་རེད། དེར་བརྟེན་གྲུབ་འབྲས་ཀྱང་ཁག་པོ་རེད། ཤུགས་རྐྱེན་ཅི་ཡང་མེད་པའི་ལས་དོན་ནི་རླབས་ཆེན་ཡིན་ཡང་བློ་གྲོས་ལྡན་པ་ཞིག་ཡིན་ཁག་པོ་རེད།

    ༨། མིའི་རིགས་ཀྱི་ལོ་རྒྱུས་མགོ་བརྩམས་པ་ནས་བཟུང་ཁྲག་དང་མིག་ཆུ་ཆད་མྱོང་ཡོད་པ་མ་རེད། ད་དུང་ཡང་ཆད་འགྲོ་རྒྱུའི་གོ་སྐབས་ཤིག་ཡོད་སྲིད་ཀྱི་མ་རེད། 

    ༩། སྲིད་གཞུང་དང་རྒྱལ་ཁང་ཆེན་པོ་དག་ནི་རང་བྱུང་གི་གོད་ཆག་ཁོ་ནས་སྒྱུར་ཐུབ་གི་རེད། དཔེར་ན། ས་ཡོམ་དང་ཆུ་ལོགས། ཐན་པ། ནད་ཡམས་སོགས་འཇིགས་པ་འདི་དག་གི་སྐབས་ལ་སྲིད་གཞུང་ཡང་འཐོར་གི་རེད། རྒྱ་ནག་ལ་ཡང་རེ་བ་འདི་འདྲ་ཞིག་ལས་བརྒྱབ་ཡ་ཡོད་པ་མ་རེད།

    ༡༠། རྒྱལ་ཁབ་དང་མི་རིགས་བར་གྱི་ཆབ་སྲིད་དང་ཆོས་ལུགས་ཀྱི་འཐབ་རྩོད་ལ་མགོ་འདོགས་ཁོ་ན་མ་གཏོགས། ཞུ་བ་འཐེན་ནས་རྒྱལ་ཁ་ཐོབ་ས་ཞིག་མེད་ལ། ཐོབ་མྱོང་ཡང་ཡོད་པ་མ་རེད། འོན་ཀྱང་། རྒྱུ་འབྲས་དང་ལས་དབང་ཅེས་པ་ནི་སོ་སོར་ཐུག་ཡོད་པ་ཞིག་རེད། 

    ༡༡། དཔའ་བོ་ལ་གུས་འདུད་དང་གཟེངས་བསྟོད་བྱ་དགོས་མོད། དཔའ་བོའི་རྗེས་སུ་མི་འགྲངས་མཁན་དག་ནི་སྡར་མ་དང་གཡོ་འཚོང་མཁན་ཡིན་ངེས་ལ། དེ་དག་གི་བསྟོད་བསྔགས་ནི་སླར་ཡང་གཞན་པ་གཡོ་འཚོང་བྱ་ཐབས་ཤིག་ཡིན།

    ༡༢། མི་རིགས་ཁ་འཐོར་གྱི་ཉེན་ཁ་ཆེ་ཤོས་ནི་བསམ་བློ་ཁ་འཐོར་ཏུ་ཕྱིན་པ་དེ་ཡིན། བསམ་བློ་ཁ་འཐོར་དུ་ཕྱིན་ན་གཅིག་གྱུར་གྱི་དབུ་ཁྲིད་འཐོན་མི་ཐུབ་ལ། འཐབ་བྱུས་ཀྱང་གཅིག་གྱུར་མི་ཡོང་། རླབས་ཆེ་བའི་ཏཱ་ལའི་བླ་མ་མཆོག་གིས་ཀྱང་མི་རིགས་འདིའི་བསམ་བློའི་ཁ་འཐོར་དེ་ཕྱོགས་གཅིག་ཏུ་འཁྲིད་ཐུབ་མེད།

    ༡༣། སོ་སོའི་ཕ་ཡུལ་ནས་བཙན་བྱོལ་དུ་བྲོས་ཤིང་། མིའི་ལུང་པ་ནས་སོ་སོའི་ཕ་ཡུལ་བརྩད་དེ་རྒྱལ་ཁ་བླངས་པའི་ལོ་རྒྱུས་ཤིག་ད་བར་དུ་བྱུང་མྱོང་མེད་པས། བོད་པ་ཚོས་ཀྱང་འདི་གསལ་བོར་ཤེས་དགོས་པ་རེད།

    ༡༤། རྒྱ་བོད་གཉིས་ཀྱི་གནད་དོན་འདི་སེལ་མི་ཐུབ་པའི་གནས་སྟངས་ཁྱད་མཚར་ཞིག་ནི་འདི་ལྟ་སྟེ། འཛམ་གླིང་སྟེང་དམག་མི་ཆེས་མང་ཤོས་ནི་རྒྱ་ནག་ཡིན་ལ། འཛམ་གླིང་སྟེང་ཆོས་བྱེད་དགེ་འདུན་པ་ཆེས་མང་ཤོས་ནི་བོད་པ་ཡིན། དམག་མི་མང་ཤོས་དེས་མུ་མཐུད་ནས་རྒྱལ་ཁབ་རྒྱ་སྐྱེད་ཀྱིན་ཡོད་ལ། དགེ་འདུན་པ་མང་ཤོས་དེས་སོ་སོའི་མི་རིགས་ཀྱི་གྲངས་ཀར་ཡང་ཚོད་འཛིན་ཐེབས་ཀྱིན་ཡོད།

    Reply
  4. གསལ་ལེ་རྒྱལ། says:
    ལོ་ 14 སྔོན།

    མི་ཞིག་གིས་ཁྱོད་ལ་འགྲམ་ལྕག་གཅིག་བྱིན་ན་ཁྱོད་ཀྱིས་བཟོད་ཨེ་ཐུབ། དེ་ནས་ཁྱོད་ཀྱི་ཐོག་ལ་གཅིན་པ་གཏོང་གི་ཡིན་ལབ་ན་བཟོད་ཨེ་ཐུབ། དེ་ནས་ཁྱོད་ཀྱི་ཁ་ནས་ལ་སྐྱག་པ་འཇོག་གི་ཡིན་ལབ་ན་བཟོད་ཨེ་ཐུབ། དེ་ནས་་་་་དེ་ནས་་་་་བཟོད་ཨེ་ཐུབ། ཁྱོད་ཀྱིས་བཤད་པའི་རླབས་གསུམ་པ་དེའང་འདི་ལྟར་ཡོང་གིན་ལོས་ཡོད་འདོད།

    Reply
  5. གསལ་ལེ་རྒྱལ། says:
    ལོ་ 14 སྔོན།

    བདེན་པ་རེད། དཔའ་ལུང་གི་བོད་པ་ཚོར་གཅར་ན་སྐྱོན་མེད། བར་སྐབས་ཤིག་ལ་ཨ་ཤི་གོ་ཟེར་གི་རེད། དེ་དུས་གཅར་མི་ཉན་ཞེས་བའི་སྐད་ཆ་ཞིག་ཡོད་བ་རེད། མི་ཟེར་བ་འདིར་ཐུབ་ཚོད་བྱེད་རྒྱུ་མང་དྲག་ན་བར་སྐབས་ཤིག་ནས་བཟོད་པ་སྒོམ་ཐུབ་ཀི་མ་རེད། ད་ཅི་ཡིན་ན་ཡིན། ཐབས་ཤེས་མི་འདུག་ཅེས་འུ་ཐུག་ནས་བ་ན་མི་བ་ན་སྲོག་གི་སྟེང་དུ་བབས་ཀྱང་གྲ་སྒྲིག་བྱེད་ཀྱིན་ཡོད་བ་རེད།

    Reply
  6. མྱི་ནག་ཚང་། says:
    ལོ་ 14 སྔོན།

    གོང་གི་བསམ་ཚུལ་འདིའི་རིགས་ནི་གསང་བ་མིན་པར་ཤོག སེམས་ཀྱི་དཀའ་ངལ་ངོ་མ་དང་གནས་སྟངས་ཐབས་རྡུགས་དེ་ཚོ་ངེས་པར་དུ་བཤད་དགོས་པ་ལས། ༼ཁོག་ན་མེ་འབར་གིན་ཡོད་རུང་། ཁ་ནས་དུ་བ་མི་ཐོན་པར་སྡོད་རྒྱུ་༽དེ་གདམ་ག་ཡག་པོ་ཞིག་མིན་པར་འདོད་པས་སེམས་ལ་གང་ཤར་བྲིས་པ་ཡིན། ཀློག་མཁན་སོ་སོར་བསམ་ཚུལ་མི་འདྲ་བ་དང་། རེ་བ་དང་འཇིགས་པ་མི་འདྲ་བ་ཡོད་ན་དེ་དོན་བཤད་རྒྱུ་ལས། ངས་གང་བྲིས་པ་དག་དེ་ལྟར་དུ་ཡིན་དགོས་པ་དང་འབྱུང་ངེས་པའི་ཁྱབ་པ་མེད་པ་སེམས་ལ་འཛིན་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese