མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་གསར་ལམ་ཁག་ན་འབར་བའི་བོད།

བོད་ཀྱི་དུས་བབ།
༢༠༡༢/༠༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

ས་དཀར་བཀྲ་ཤིས། 

རྒྱལ་སྤྱིའི་གསར་ལམ་གྲགས་ཅན་ཁག་གིས་བོད་མི་ཚོའི་རང་ལུས་མེར་བསྲེག་བཏང་བའི་སྐོར་གྱི་གནས་ཚུལ་སྤེལ་བ་ལས་ཁོལ་ཏུ་ཕྱུངས་པ།

དབྱིན་ཇིའི་གསར་ཤོག་གྲགས་ཅན་(The Guardian)གྱིས་ཕྱི་ལོ་ ༢༠༡༡ ཟླ་ ༡༠ པའི་ཚེས་ ༡༩ ཉིན་མགོ་བརྗོད་དུ་༼ རྒྱ་ནག་གིས་གསོན་བཞིན་པའི་བོད་མི་ཚོར་སྐྲག་བཞིན་པ་ལས་རང་ལུས་མེར་སྲེག་མཁན་ཚོ་ལ་སྐྲག་གི་མེད་པ་རེད་༽ཅེས་བའི་རྩོམ་ཡིག་ཅིག་སྤེལ་ཡོད་ལ།  རྩོམ་ཡིག་དེར་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་ནི་བོད་ཀྱི་སྣང་ཚུལ་གསར་བ་ཞིག་རེད་ལ། ཕལ་ཆེར་ཉིན་རེ་གཞོན་སྐྱེས་རེ་ཡིས་རང་ལུས་མེ་རུ་སྤར་ཏེ་རྒྱ་ནག་གིས་བོད་ཐོག་འཛིན་པའི་དམ་དྲག་སྲིད་ཇུས་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།  ཡིན་ནའང་རྒྱ་ནག་སྲིད་གཞུང་དང་བཙན་བྱོལ་བོད་མིའི་མགོ་ཁྲིད་ཕྱོགས་གཉིས་ནས་མིའི་རིགས་ཀྱི་སྐྱོ་གར་དེའི་ཐད་ཕན་ཚུན་སྐྱོན་འཛུགས་བྱེད་པ་ལས་གཞན་ཅི་ཡང་མེད།

བཙན་བྱོལ་བོད་གཞུང་དང་བོད་དོན་ལས་འགུལ་བ་ཚོའི་རང་ལུས་མེར་བསྲེགས་ཀྱི་གནད་དོན་དེ་ནི་རྒྱ་ནག་གིས་བོད་ཐོག་དྲག་གནོན་བྱེད་པ་ལས་བྱུང་བ་དང་།  བོད་མི་ཚོར་གདམ་ཀ་གཞན་མེད་པར་རང་ལུས་མེ་བསྲེགས་ཏེ་འཛམ་གླིང་ལ་ཁོ་ཚོའི་དཀའ་ངལ་ཞུ་བཞིན་པ་རེད་ཅེས་བརྗོད།  རྒྱ་ནག་ཕྱོགས་ནས་ཏྰ་ལའི་བླ་མ་དང་བཙན་བྱོལ་བོད་གཞུང་གིས་རང་ལུས་མེ་བསྲེགས་ཀྱི་ངོ་རྒོལ་རྣམ་པ་འདི་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་།  རྒྱ་ནག་གི་བརྟན་ལྷིང་ལ་གཏོར་བཤིག་བཏང་སྟེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྙིང་རྗེ་རག་ཆེད་བསླུ་བྲིད་བྱེད་ཀྱི་ཡོད་པ་རེད་ཅེས་བརྗོད།  ཕན་ཚུན་སྐྱོན་འཛུགས་ཀྱི་ཆབ་སྲིད་རྩེད་མོ་འདི་ནི་ ༡༩༥༩ ནས་བྱུང་བ་དང་།  དེ་ནི་བོད་རྒྱ་འབྲེལ་བའི་མཚོན་རྟགས་ཤིག་ཡིན་ལ་མིག་སྔར་བར་ཏུ་ཡར་རྒྱས་ཅི་ཡང་ཕྱིན་མེད།

དོན་དངོས་སུ་བོད་ཀྱི་གནད་དོན་དེ་བསྐྱར་ཏུ་རྒྱལ་སྤྱིའི་གསར་ལམ་ཁག་གི་མདུན་ངོས་སུ་སླེབས་ཆེད། རྒྱ་གར་དང་ནུབ་ཕྱོགས་ཀྱི་བཙན་བྱོལ་བོད་མི་ཚོས་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་ལ་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་པ་དེས་ནུས་བ་ཐོན་ཡོད་པ་རེད།  འོན་ཀྱང་།  དེའི་བོད་ནང་གི་བོད་མི་ཚོའི་ཏྰ་ལའི་བླ་མ་བོད་དུ་ཕྱིར་ཕེབས་དགོས།  བོད་མི་ཚོར་ཐོབ་ཐང་དགོས་ཟེར་བའི་དགོས་འདུན་དེ་དང་ཐག་ཉེ་རུ་ཕྱིན་ཡོད་དམ།

རང་ལུས་མེར་བསྲེགས་ནི་འཚེ་མེད་ཞི་བའི་ལས་ཤིག་མ་རེད། དོན་དངོས་སུ་དེ་ནི་རང་གིས་རང་ལ་འཚེ་བའི་ལས་ཤིག་རེད།  རང་ཉིད་ཀྱིས་རང་གི་གཟུགས་པོ་ལ་འཚེ་བ་བརྩམས་པ་ནི་ནང་ཆོས་ཀྱི་དགོངས་དོན་དང་འགལ་ཡོད་པ་རེད་ལ།  དེ་ནི་ཏྰ་ལའི་བླ་མ་དང་བོད་བརྒྱུད་ནང་བསྟན་མི་སྣ་ཚོའི་དཀའ་བ་སྤྱད་དེ་བོད་བརྒྱུད་ནང་བསྟན་དེ་འཚེ་མེད་ཞི་བ་དང་གདན་ཐོབ་གཅིག་མཚུངས་སུ་སླེབས་པ་དང་འགལ་ཡོད།  འཚེ་བ་དང་འཚེ་མེད་ཅེས་པ་ནི་བོད་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཡིན་ལ།  ཏྰ་ལའི་བླ་མ་སྐུ་ཕྲེང་ ༡༤ ཡིས་བོད་ཀྱི་གནད་དོན་དེ་བཞིན་འཚེ་མེད་ཞི་བའི་ལྟ་གྲུབ་དང་གཞི་གཅིག་ཏུ་འབྲེལ་བའི་ཐད་གྲུབ་འབྲས་སོན་ཡོད།  གལ་སྲིད་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་དེ་རྩ་སྐྱ་མེ་སྤར་བ་བཞིན་ཁྱབ་ཡོང་ཚེ་ཁོང་གིས་མི་ཚེ་གཅིག་རིང་སྒྲུབ་པའི་ལས་དོན་དེ་འཕྲོ་བརླག་ཏུ་གཏོང་བ་མ་རེད་དམ།  རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ཐད་ལ་བོད་མིའི་སྤྱི་ཚོགས་ཁྲོད་བཟོད་སྒོམ་ཐུབ་མཁན་མེད་པ་རེད།  ཡིན་ནའང་བཟོད་སྒོམ་ནི་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་ཆ་རྐྱེན་གཅིག་རེད།

རྒྱལ་སྤྱིའི་གསར་ལམ་ཁག་གིས་བོད་མིའི་མེར་བསྲེགས་ཀྱི་གསར་འགྱུར་ལ་དོ་སྣང་ག་ལེར་ཡལ་འགྲོ་ངེས་རེད་ལ།  ཁོ་ཚོ་ལ་མཚོན་ན་ཡང་བསྐྱར་མེར་བསྲེགས་ཀྱི་གནས་ཚུལ་བཀོད་པར་གསར་འགྱུར་གྱི་རིན་ཐང་དེ་ཙམ་མེད་པར་མཐོང་།  སྟོབས་ཆེན་རྒྱལ་ཁབ་ཁག་ལ་མཚོན་ནའང་སོ་སོའི་རྒྱལ་ནང་གི་དཔལ་འབྱོར་གནས་སྟངས་ཉེན་ཁར་ལྷུང་བཞིན་ཡོད་པས་རྒྱ་ནག་ལ་ཕོག་ཐུག་གཏོང་མི་འདོད།

གནས་སྟངས་ཅི་འདྲ་ཞིག་གི་འོག་ཏུའང་རྒྱ་ནག་སྲིད་གཞུང་གིས་རྒྱ་ནག་མི་མང་གི་ཚོར་བ་ལ་དོ་སྣང་གལ་ཆེར་འཛིན་བཞིན་ཡོད་ལ། གསར་འགོད་བརྒྱུད་ལམ་ཡོངས་ལ་ཞིབ་བཤེར་དང་། རྒྱ་ནག་རྒྱལ་ཡོངས་སུ་རྒྱ་ནག་མི་རིགས་རིང་ལུགས་རྒྱ་ཁྱབ་ཏུ་གནས་ཡོད་པའི་རྐྱེན་ལས་རྒྱ་མིའི་སྣང་ངོར་བོད་པ་ནི་སྤུན་ཆུང་ལང་ཤོར་ཅན་ཞིག་ཡིན་པས་སྔོན་ཐོན་ཅན་གྱི་རྒྱ་རིགས་གཅེན་པོའི་གཉོར་སྐྱོང་དགོས་བར་འདོད་ཀྱི་ཡོད།  བོད་མི་མེར་བསྲེགས་དོན་རྐྱེན་གྱིས་བས་མཐར་ལྷུང་བའི་གྲངས་ཉུང་མི་རིགས་རྣམས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་མི་ཐུབ་ལ།  དེ་ལས་ལྡོག་སྟེ་རྒྱ་ནག་སྲིད་གཞུང་གིས་བོད་མི་རྣམས་ནི་དཔྱོད་ཤེས་མེད་པར་ཆོས་ལུགས་རྗེས་འབྲངས་མཁན་ཧོལ་རྒྱུགས་ཅན་དུ་སྒྱུར་བའི་གོ་སྐབས་སྐྲུན་པ་དང་།  བོད་ཀྱི་ལས་འགུལ་དེ་བཞིན་རྒྱལ་སྤྱིའི་དོ་སྣང་དང་རྒྱལ་ཁ་ཐོབ་པར་གྱོང་གུད་ཐེབས་སྲིད་པ་རེད།

དེར་བརྟེན།  དཀའ་རྙོག་དེར་གདོང་གཏད་པར་བཙན་བྱོལ་མགོ་ཁྲིད་ཚོར་གདམ་ཀའི་ལམ་གཉིས་ཡོད་དེ།  ངོ་རྒོལ་ལས་འགུལ་འདི་ལ་བརྟེན་ནས་འཛམ་གླིང་ཕྱོགས་གང་སའི་བོད་མི་ཚོ་དང་བོད་དོན་རྒྱབ་སྐྱོེར་བའི་སྟོབས་ཤུགས་ཉམས་གསོ་བྱ་དགོས་བ་དེ་རེད།  འོན་ཀྱང་དེ་ལྟར་སྒྲུབ་ཚེ་ཐད་ཀར་མ་ཡིན་པའི་སྒོ་ནས་རྒྱ་ནག་ནང་ཁུལ་གྱི་བོད་མི་གཞོན་སྐྱེས་ཚོའི་ཚེ་སྲོག་འབུལ་བར་སྐུལ་འདེད་བྱེད་པ་མཚོན།  ཡང་ན། རྒྱ་ནག་ནང་ཁུལ་གྱི་བོད་མི་ཚོ་མུ་མཐུད་དྲག་གནོན་བྱེད་བཞིན་པ་གཙོ་བོར་བཟུང་ནས།  ཡོངས་ཁྱབ་དང་མངོན་གསལ་མ་ཡིན་པའི་སྒོ་ནས་བོད་མི་རིགས་ཀྱི་གསོན་གནས་ཆེད་དུ་བོད་མི་ཚོའི་སོ་སོའི་ཚེ་སྲོག་ལ་གཅེས་སྤྲས་གནང་དགོས་བའི་འབོད་སྐུལ་དང་ལས་དོན་སྒྲུབ་དགོས། དུས་ད་ལྟའི་བར་བཙན་བྱོལ་གཞུང་གི་སྲིད་བློན་བློ་བཟང་སེང་གེ་ཡིས་དབུ་ཁྲིད་པའི་བཀའ་ཤག་གསར་བའི་ལམ་སྔ་མ་དེ་བདམས་ཡོད།

ཡིན་ནའང་བཙན་བྱོལ་གྱི་ཆོས་ལུགས་དབུ་ཁྲིད་ཚོའི་ངེས་བར་ཏུ་ལམ་ཕྱི་མ་དེ་འདེམ་དགོས།  བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་གསུམ་གྱི་གྲས་རྒྱལ་བ་ཀརྨ་བ་ཡིས་རང་ལུས་མེ་བསྲེགས་མཚམས་འཇོག་དགོས་བའི་འབོད་སྐུལ་གནང་ཡོད་ལ།  ད་རུང་བླ་མ་ཁ་ཤས་ཀྱིས་ཁོ་ཚོའི་སེམས་ཚབས་བརྗོད་ཡོད།  ང་ཚོའི་ད་རུང་ཏྰ་ལའི་བླ་མའི་དགོངས་འཆར་ལ་སྒུག་ཡོད་ལ།  ཁོང་གིས་ད་ལྟའི་ཆབ་སྲིད་དབུ་ཁྲིད་ཚོའི་རང་ལུས་མེར་བསྲེགས་ལ་རྒྱབ་སྐྱོར་གྱི་སྲིད་ཇུས་འཛིན་བཞིན་པར་མོས་མཐུན་བྱ་ངེས་སམ།  ཡང་ན་བོད་མི་ཚོའི་རང་ལུས་མེར་བསྲེགས་གཏོང་བར་མཚམས་འཇོག་དགོས་བའི་འབོད་སྐུལ་གནང་ངེས་སམ།  གང་ལྟར་མི་ཡོད་ཚད་ཀྱི་ཁྲོད་ནས་ཁོང་གིས་གསལ་བོ་མཁྱེན་གྱི་ཡོད་ལ།  རྒྱ་ནག་གིས་དབུགས་ཆད་ལ་ཉེ་བའི་གྲྭ་བ་ཚོར་སྐྲག་གི་མེད་པར་གསོན་བཞིན་པའི་བོད་མི་ཚོར་སྐྲག་གི་ཡོད་པ་རེད། 

དབྱིན་ཇིའི་གསར་འགྱུར་བརྒྱུད་ལམ་(BBC)ཡིས་ ༢༠༡༡ ལོའི་ཟླ་ ༡༡ ཚེས་ ༩ ཉིན་མགོ་བརྗོད་དུ་༼ བོད། སུ་ཡིས་མེ་རུ་སྒྲོན་གྱི་ཡོད་དམ།༽ ཞེས་བའི་རྩོམ་ཡིག་ཅིག་སྤེལ་ཡོད་ལ། རྩོམ་ཡིག་དེར་རང་ལུས་མེ་བསྲེག་གི་དོན་རྐྱེན་ནི་སྔོན་ཆད་བྱུང་མ་མྱོང་བ་ཞིག་ཡིན་པས།  བོད་ཀྱི་ས་ཁུལ་འདི་དག་ལ་དོན་ངོ་མའི་ཅི་ཞིག་བྱུང་བ་ཡིན་ནམ། སུ་ཞིག་གིས་མེ་རུ་སྒྲོན་གྱི་ཡོད་དམ།  རྒྱ་ནག་གིས་ཕྱི་རྒྱལ་གསར་འགོད་པ་ཚོ་ས་ཁུལ་འདི་དག་ལ་འགྲོ་བར་བཀག་སྡོམ་བྱེད་ཀྱི་ཡོད།  བཙན་བྱོལ་བོད་མིའི་མགོ་ཁྲིད་བློ་བཟང་སེང་གེ་ཡིས༼་རང་ལུས་མེ་སྲེག་མཁན་ཚོའི་མཐའ་འཇུག་གི་འབོད་སྒྲ་ནི་ཏྰ་ལའི་བླ་མ་སྐུ་ཚེ་བརྟན་པར་ཤོག  ཏྰ་ལའི་བླ་མ་བོད་དུ་ཕྱིར་ཕེབས་དགོས། བོད་ལ་རང་དབང་དགོས་ཅེས་བ་ཡིན་ལ། ཁོང་ཚོའི་རང་སྲོག་བློས་གཏོང་སྟེ་རྒྱ་ནག་གིས་བོད་ལ་དྲག་གནོད་བྱེད་བཞིན་པ་འཛམ་གླིང་ལ་བསྒྲག་བཞིན་ཡོད།  བཙན་བྱོལ་བོད་གཞུང་གིས་རང་ལུས་མེ་བསྲེགས་པར་སྐུལ་མ་བྱེད་ཀྱི་མེད་ཅེས་བརྗོད།༽ ཏྰ་ལའི་བླ་མའི་ཉི་ཧོང་ནས་༼རྒྱ་གཞུང་གིས་བོད་ཀྱི་རིག་གཞུང་རྩ་མེད་བཟོ་བཞིན་པའི་རྐྱེན་གྱིས་བོད་མི་ཚོ་ཐབས་ཟད་ཨུ་ཐུག་ནས་སྐྱོ་གར་དེ་བྱུང་བ་རེད་༽ཅེས་བརྗོད། རྒྱ་ནག་ཞིན་ཧ་གསར་ཁང་གིས་ཨ་ནེ་དཔལ་ལྡན་ཆོས་འཚོས་རང་ལུས་མེ་བསྲེགས་པའི་ཐད་བརྟག་དཔྱད་བྱས་རྗེས། དེ་ནི་ཏྰ་ལའི་རུ་ཚོགས་ཀྱིས་ཇུས་བཀོད་དང་སྐུལ་སློང་བྱས་པ་ཞིག་རེད་ལ། ཁོང་ཚོའི་ཁ་བྲལ་གྱི་དམིགས་ཡུལ་མངོན་ཏུ་གྱུར་ཆེད་འདས་ཟིན་པའི་ཟླ་ཤས་རིང་རང་ལུས་མེར་བསྲེགས་དོན་རྐྱེན་བསྟུན་མར་བཟོས་བ་རེད་ཅེས་བརྗོད། ཨ་རིའི་རྒྱལ་སྲིད་ལྷན་ཁང་གིས་༼ཨ་རིའི་ཡང་དང་བསྐྱར་ཏུ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་བསྐྱར་ཞིབ་བྱེད་དགོས་བ་དང་།  མིག་སྔར་གྱི་སྲིད་ཇུས་དེ་ཡིས་ཛ་དྲག་གི་གནས་ཚུལ་བཟོ་བཞིན་པ་དང་། ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་འབྱུང་བཞིན་པ་རེད༽་ཅེས་བརྗོད། ཁ་འཛིང་འདི་དག་གི་ཁྲོད་གཏན་འཁེལ་བ་ཞིག་ནི་རང་ལུས་མེ་སྲེག་མཁན་གཅིག་རྗེས་གཉིས་མཐུད་ཀྱིས་འགྱེལ་བཞིན་པ་དེ་རེད།

ཐེངས་དང་པོའི་རང་ལུས་མེར་བསྲེགས་དོན་རྐྱེན་དེ་ནི་ད་ལོ་ཕྱི་ཟླ་ ༣ པའི་ནང་བྱུང་བ་དང་།  རང་ལོ་ ༢༠ ཡིན་པའི་གྲ་བ་ཕུན་ཚོགས་ཀྱིས་རང་ལུས་མེ་བསྲེགས་རྗེས།  རྒྱ་ནག་གིས་དྲག་ཆས་དམག་དཔུང་སྟོང་ཕྲག་འགའ་མངགས་ཏེ་དགོན་པ་མཐའ་བསྐོར་བ་དང་།  གྲ་བ་ཚོ་ལ་བཙན་གྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤྲད་པ་དང་།  གྲ་བ་བརྒྱ་ཕྲག་འགའ་དགོན་པ་ལས་ཕྱིར་འཕུད་བཏང་།  རྒྱ་ནག་གི་བྱེད་སྟངས་དེ་ཡིས་རང་ལུས་མེར་བསྲེགས་གཏོང་བ་མཚམས་འཇོག་ཐུབ་མེད་པར་བོད་མི་ཚོ་སྔར་ལས་ཐབས་ཟད་ཨུ་ཐུག་ཏུ་བཅུག  རང་ལུས་མེར་བསྲེགས་པའི་དོན་རྐྱེན་ནི་བཙན་བྱོལ་གཞུང་གིས་ཇུས་བཀོད་བྱེད་པ་ཡིན་ནམ།  ཡང་ན་བོད་མིའི་སེམས་ཀྱི་མི་འདོད་པ་མཚོན་གྱི་ཡོད་དམ།  རྒྱ་ནག་གིས་སྔོན་ཐོན་དང་ཡར་རྒྱས་བོད་ཀྱི་ས་ཁུལ་ལ་ཁྱེར་ཡོང་ཚུལ་བརྗོད་ཀྱི་ཡོད་ལ།  དྲག་གནོན་ལ་བརྟེན་ནས་ཛ་དྲག་གི་གནས་སྟངས་ཞི་འཇགས་ཡོང་བའི་རེ་བ་བཅང་གི་ཡོད།  ཡིན་ནའང་། གལ་སྲིད་ཐབས་ལམ་དེ་དོན་ཕན་མ་བྱུང་ཚེ་ཅི་ལྟར་བྱའམ།  ང་ཚོའི་ངེས་པར་འདྲི་དགོས་བའི་དྲི་བ་ནི་སུ་ཞིག་གིས་བོད་མེ་རུ་སྒྲོན་གྱི་ཡོད་པ་དེ་མིན་པར་ཅི་ལྟར་བྱེད་ཚེ་ད་བཟོད་ཆུ་དྲངས་ནས་མེ་གསོད་ཐུབ་ཅེས་བ་དེ་རེད།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 4

  1. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    ད་ང་ཚོས་གང་ཞིག་དགོས་ཀྱི་འདུག བཙན་བྱོལ་བའི་སྤྱི་ཚོགས་ཆུང་ཆུང་འདིའི་བྱེད་རྒྱུ་ག་རེ་ལྷག་འདུག ང་ཚོ་གཞིས་བྱེས་གཉིས་ལ་དགོས་རྒྱུ་ནི་རང་དབང་དང་རང་སྐྱོང་རེད་ལ། རྒྱ་མིའི་ནི་དེ་གཉིས་ཀ་མི་འདོད། རང་ལུས་བསྲེགས་པ་ནི་ཇེ་མང་རེད་ལ། གནས་ཚུལ་ཁྱབ་སྤེལ་ནི་ཇེ་ཆུང་དང་། གྲགས་པའི་རླུང་འཕྲིན་ཁག་ནང་ཇེ་ཞན་དང་ཇེ་འཇམ་རེད། བོད་གཞིས་བྱེས་གཉིས་ཆར་ལ་དཀའ་ངལ་ནི་ཇེ་ཆེ་རེད་ལ། རྒྱ་མི་དམར་པོས་དམ་དྲག་ནི་དེ་བས་ཇེ་ཆེ་རེད། གོང་ས་མཆོག་གི་གཙོས་པའི་བཙན་བྱོལ་བའི་སྒྲིག་འཛུགས་ཀྱིས། གཞིས་ཀྱི་བོད་མིར་མེར་བསྲེགས་ཀྱི་དོན་རྐྱེན་དགོས་པར་བསྐུལ་མ་བྱེད་དགོས་དོན་མེད་ལ་དེ་ནི་དུས་ནམ་ཡང་བྱེད་མི་སྲིད་པ་ཞིག་རེད། ཡིན་ན་ཡང་། གོང་ས་མཆོག་གི་གཙོས་པའི་བཙན་བྱོལ་བའི་སྒྲིག་འཛུགས་ཀྱི་ནང་དུ་རང་ལུས་མེར་བསྲེགས་ག་ཚོད་བྱས་ཀྱང་དེ་བྱེད་རྒྱུ་མེད་པའི་ཁ་ད་གཅིག་ཀྱང་མེད་པར་རྒྱ་ཡན་དུ་གཏང་བའི་ཇུས་འདི་ལ་གཞིག་དུས། འདི་ལ་མི་སུ་ཡིན་ན་དོག་པ་ཞིག་མི་ཟ་བའི་ངེས་པ་གཏན་ནས་མི་འདུག་ལ། འདི་ལ་དོ་སྣང་དང་རྒྱུད་བསྒྲག་གནད་དུ་ཁེལ་བ་ཞིག་བྱེད་མ་ཐུབ་ན་ད་དུང་ཉན་ཁ་ཆེ་ནས་ཆེ་རུ་འགྲོ་བ་ལས་རང་བཞིན་གྱིས་བག་ལ་ཞར་བའི་གནས་ཚུལ་ཞིག་གཏན་ནས་མིན་པར་སྙམ།

    Reply
  2. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    ལོ་ 14 སྔོན།

    སྐུ་ཉིད་ཀྱི་འདི་ལ་བསྒུགས་ནས་ཡུན་རིང་འགོར། དེ་རིང་གཞི་ནས་མཇལ་ཐུབ་སོང་། མུ་མཐུད་དུ་འདི་འདྲའི་རིགས་སྒྱུར་འགོད་གནང་བའི་རེ་བ་ཞུ།

    Reply
  3. རིག་རང་སྐྱེས། says:
    ལོ་ 14 སྔོན།

    རང་སེམས་སྟོན་ཁའི་བཏང་ན་དགའ་སྤྲོ་སྤྲོ

    རྒྱལ་སྤྱིའི་གསར་ལམ་ཁག་ན་འབར་བའི་བོད་ཟེར་བ་ལས་རྒྱལ་སྤྱིའི་གསར་ལམ་ཁག་ན་བོར་བའི་བོད་བཏགས་ན་ཡག་ཤོས་རེད།
    གལ་ཏེ་རྒྱལ་ཁབ་གཞན་ཞིག་ནས་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་འདྲ་ཞིག་སྤེལ་བ་ཡིན་ན་རྒྱལ་སྤྱིའི་གསར་ལམ་ཁག་ནས་འབར་ཐག་ཆོད་རེད། ཡིན་ནའང་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་རྒྱལ་སྤྱིའི་གསར་ལམ་ཁག་ན་བོར་གྱིན་ཡོད།
    ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་(RFA ) དང་ཨ་རིའི་རླུང་འཕྲིན་ནས་(VOA) འབར་ཡོད་ན་མ་གཏོགས། འཛམ་གླིང་ནང་གི་གསར་འགྱུར་གྲགས་ཅན་BBC དང་CNN ནང་དུ་འབར་མ་སོང་།

    Reply
  4. བསྟན་འཛིན་འཕགས་པ། says:
    ལོ་ 14 སྔོན།

    གཏམ་བཟང་དའི་དགའ་བོས་པ་ཞིག་རེད་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese